“གོ་གྱ་ཕྱི་གྱ ཕྱིར་ནུར་ན་མྱི་བརྒྱ་ཤོང་། “འདི་ངའི་ཕ་ལགས་ཀྱི་གཏམ་དཔེ་ཞིག་རེད། ད་ནི་ང་ཚོའི་ཁ་བརྡ་བཤད་སའི་གོ་ཁ་དེ་ཆུང་འདུག་པས། གོ་གྱ་ཕྱི་གྱ་ ཕྱིར་ནུར་ནས་མི་བརྒྱ་ཤོང་བའི་འཆར་གཞི་ཞིག་དགོས་ས་རེད། ཁ་བརྡ་ནི།
ང་ཚོ་འཛོམས་སའི་གོ་ཁ་རེད། ང་ཚོ་འཛོམས་ནས་སེམས་ནང་གི་སྡུག་བསྔལ་བཤད་ས། དགའ་དུས་གླུ་ལེན་ས།
སྐྱོ་དུས་ཧོ་འདེབས་ས། སྙན་ངག་པ་ཚོས་སྙན་ངག་སྐྱོར་ས། ཡིང་རྨོངས་བ་དག་གིས་ཡིག་ནོར་འབྲི་ས། བྱིས་བ་ཚོས་གནའ་གཏམ་ལ་ཉན་ས། འདས་བའི་གཏམ་རྒྱུད་གླེང་ས། མ་འོངས་བའི་ལུང་བསྟན་གནང་ས། ཕན་ཚུན་ལ་དགག་སྒྲུབ་བྱེད་ས། བསྟོད་བསྔགས་བྱེད་ས། བློ་འདྲི་ས། ལན་རྒྱག་ས་སོགས་ཐམས་ཅད་ཡིན།
ཁ་བརྡ་བྱེད་འགོ་ཚུགས་ནས་བཟུང་། བོད་ཡིག་གི་ཤེས་ཚད་མཐོ་རུ་སོང་། རྩོམ་ཡིག་འབྲི་མཁན་མང་དུ་སོང་།
བོད་ཕྱི་ནང་གི་གནས་ཚུལ་གསལ་ཏུ་སོང་། རང་གི་རིག་གནས་སྲུང་སྐྱོབ་ཀྱི་གོམ་ཁ་བརྟན་ཏུ་སོང་། མི་རིགས་ཀྱི་ལ་རྒྱའི་དཔུང་བ་སྦོམ་རུ་ཕྱིན། ཁེར་འདུག་དག་གི་བསུན་སྣང་ཆུང་དུ་སོང་། བཟའ་འཁོན་མང་དུ་སོང་བ་སོགས་ང་ཚོའི་འཚོ་བའི་ནང་འགྱུར་བ་ཕན་འབྲས་བརྗོད་དཀའ་བ་ཞིག་བྱུང་ཡོད།
ང་ལྟ་བུར་མཚོན་ན། ཁ་བརྡ་བྱེད་མགོ་ཚུགས་ནས་བཟུང་ད་གཟོད་མི་ཚེ་འདིར་བོད་ཡིག་གི་འབྲི་ྐློག་ཐོག་མར་འགོ་བཙུགས་པ་ཡིན། ངས་ཁ་བརྡ་ལ་ཉན་བཞིན། ང་ཚོ་ཐུན་མོང་ལ་དབང་བའི་ཁ་བརྡ་འདི་ཡར་རྒྱས་སུ་ཇི་ལྟར་གཏོང་བར་བསམ་བློ་ཡང་ཡང་འཁོར། ངའི་བསམ་ཚུལ་ཞིག་ལ། ཁ་བརྡ་འདི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་སྟངས་འཛིན་འོག་ངོ་དེབ་ལྟ་བུ་ཞིག་ལ་བསྒྱུར་ན་ག་འདྲ་འདུག
དེ་ལྟར་བྱས་ཚེ། རྩོམ་པ་པོ་དག་ཁོ་ན་མ་ཡིན་པར་ཚོང་བ་ཞིག་ཡིན་ཡང་རང་ཉིད་ཀྱི་ཚོང་རྫས་ཐད་ལ་ཁ་བརྡའི་ཇི་ལྟར་བཤད་པ་སོགས་ལོགས་སུ་ལྟོས་ཆོག་གི་རེད། དེ་གཅིག་བྱས། གཉིས་ནས་དགོན་སྡེ་དང་སློབ་གྲ་ ཚོང་བ། ཆོས་བ།
ལག་ཤེས་བ། གླུ་བ། མགར་བ་སོགས་སུ་ཡིན་ཡང་། གལ་སྲིད་རང་ཉིད་ལ་དྲ་བ་ཞིག་ཡོད་ཚེ། དྲ་ངོས་དེར་རང་གི་ཁ་བརྡའི་དྲ་རྟགས་བཞག་ནས་རང་ཉིད་ཀྱི་ཚོང་ངམ་ལག་ཤེས་སློབ་གསོ་གང་ཡིན་པ་དེའི་ཐད་། ཁ་བརྡ་ནས་ཇི་ལྟར་བགྲོ་གླེང་གནང་ཡོད་པ་དང་། ཁ་བརྡ་བརྒྱུད་ནས་དེར་དགོངས་ཚུལ་བཏོན་ཆོག་པ་ལྟ་བུ་ཞིག་བྱས་ན་ཁ་བརྡ་འདི་ལྡབ་འགྱུར་གྱི་ཁྱབ་ཆེ་རུ་འགྲོ་བར་བསམ། འདི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ལ་བསམ་ཚུལ་ཡིན།
དེ་རེད་དེ་རེད། ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
དགོངས་ཚུལ་ཡག་པོ་འདུག
གོ་གྱ་ཕྱི་གྱ་ཕྱིར་ནུར་ན་མྱི་བརྒྱ་ཤོང་། ཨ་ཕ་ལགས་ཀྱི་གཏམ་དཔེའི་ནང་གི “གོ་གྱ་ཕྱི་གྱ”འི་དོན་གསལ་ཤེས་རྟོགས་བྱུང་མ་སོང་བས། ཡང་ན་དག་ཆ་གཞན་ཞིག་ཡིན་ནམ་གསལ་སྟོན་བྱུང་ན་ཕན་ཐོགས་ཆེ།
ང་ཚོའི་ཕ་ཡུལ་ནས་”གོར་རྒྱ་ཆེ་ན་མྱི་བརྒྱ་ཆུད་ལ”ཟེར་བ་རེད། གོར་རྒྱ་ཟེར་ན་གོར་གོར་བྱས་ནས་སྡོད་པའི་སྐབས་སུ་གོར་གོར་རྒྱ་ཆེ་ན་མི་མང་པོ་མཉམ་གཅིག་ཏུ་གོར་གོར་དཀྱིལ་གཅིག་ལ་ཤོང་གི་རེད། དེ་བས་”གོར་རྒྱ་ཆེ་ན་མྱི་བརྒྱ་ཆུད་ལ་”ཟེར་བ་རེད།
༼གོ་རྒྱ་ཆེ་ན་མྱི་བརྒྱ་ཆུད་༽ཅེས་པ་མ་རེད་དམ།
གོ་ཁའི་རྒྱ་ཆེ་རུ་བཏང་ན་མི་བརྒྱ་ཤོང་བའམ་ཆུད་པའི་དོན་རེད།
དེ་བས་༼གོ་རྒྱ་ཆེ་ན་མིྱ་བརྒྱ་ཆུད༽་ཟེར་བ་རེད།
གོ་རྒྱ་དཀྱེལ་དང་མི་བརྒྱ་ཤོང་ཞེས་པའི་དོན་ཡིན་པ་འདྲ། གང་ལྟར་བསམ་ཚུལ་དངོས་གནས་ཡག་པོ་བཤད་འདུག
གོ་ས་ཆུང་ཆུང་དེ་”གོ་རྒྱ་ཕྱི་ནུར་བྱས་ན་མི་བརྒྱ་ཤོང་”ཞེས་པའང་ཡིན་སྲིད།
ང་ཚོ་ས་ཆ་ནས་རིག་བཟང་གི་བཤད་པ་ལྟར་རེད། (གོ་རྒྱ་བཀྱེད་ན་མྱི་བརྒྱ་ཤོང་།) འདི་རེད། ཀརྡོ་རབ་འབྱམས་པས་”གོ་རྒྱ་ཕྱི་ནུར་བྱས་ན་མི་བརྒྱ་ཤོང་”ཟེར་བ་གཉིས་དོན་གཅིག་པ་ཡིན་ན་ཡང་། བརྗོད་བདེ་མིན་ཡོད་པ་སྟེ། ན་སྒྲའི་སྔ་རྗེས་གཉིས་སུ་ཡིག་འབྲུ་གསུམ་རེ་ཡོད་པ་འདི། གནའ་རབས་ཀྱི་རྩོམ་རིག་གི་ཁྱད་ཆོས་ཅུང་ཟད་ཡོད་པ། གནའ་མྱིའི་ཁ་རྒྱུན་དུ་ཡོད་པའི་གཏམ་དཔེ་ལྟ་བུ་ཞིག་རེད། གཉིས་ནས་ཚེགས་ཆེ་ཆུང་ཡོད་པ་སྟེ། ཕྱི་མ་ལ་ཚེག་བར་མང་པོ་ཡོད་པ་སྔ་མའི་ནང་གི་༼བཀྱེད༽ཟེར་བའི་ཡི་གེ་གཅིག་གི་ནུས་པས་སྟོན་ཐུབ་པ། གསུམ་ནས་ཡུལ་མིའི་བཤད་སྲོལ་བརྡ་སྤྲོད་དང་མཐུན་གི་འདུག་ན། བསམ་བཟེ་ནས་བཅོས་བསྒྱུར་བྱས་ན་ཕན་ཐོག་གང་ཡང་མེད་པ་བཅས་ཀྱི་བསམ་ཚུལ་ཕུལ་བ་ཡིན།
གོ་རྒྱ་བསྐྱེད་ན་མི་རྒྱ་ཤོང་།
གོ་རྒྱ་བཀྱེད་ན་མི་རྒྱ་ཤོང་།
གཉིས་ཀྱི་གང་བཤད་ཀྱང་ཆོག
ཆུང་དུས་ཀྱི་གཏམ་དཔེ་འདི་འདྲ་རེ་གོ་ན་དངོས་ནས་སེམས་སྐྱིད་ནི་ཞིག་རེད།
རེད། ང་ཚོའི་སྡེ་བ་ནས་་་
ཁོར་རྒྱ་སྐྱེད་ན་ཉིས་རྒྱ་ཤོང་ཟེར་བ་འདྲ་ཞིག་དྲན།
གང་ལྟར། ཆུང་དུས་ཀྱི་རྩེད་མོ་རྩེ་དུས་བྱིས་པ་ཚོས་རྒྱུན་དུ་ཤོད་པའི་གཏམ་དཔེ་ཞིག་རེད།
དེ་ཡང་། བྱིས་པ་བཅུ་གྲངས་ཞིག་འཛོམས་ནས་རྩེད་འཇོ་ལ་རོལ་བའི་སྐབས་སུ་བྱིས་པ་ལྷག་མ་གཞན་འགའ་ཤས་གསར་དུ་སླེབས་ན་ཁོང་ཚོ་ཡང་མཉམ་གཅིག་ཏུ་རྩེད་མོ་རྩེས་སྲོལ་ཞིག་འདུག་པ་དེ་ཡི་ཚེ་གཏམ་དཔེ་འདི་ཏག་ཏག་ཤོད་རྒྱུན་ཡོད་པ་ཞིག་རེད།
གཞོན་ནུ་ཟླ་མེད་ཀྱིས་བཤད་པ་བདེན་པ་རེད།
འོན་ཀྱང་བསམ་གཟས་ནས་བཅོ་མཁན་ནི་རང་ཉིད་ཀྱང་ཡིན་འདུག
མདོ་ཁམས་པ། བྱིས་པ་ཚོ་གོར་གོར་བྱས་ནས་རྩེ་བའི་རྩེད་མོ་དེའི་མིང་ལ་ར་མ་ར་གོར་ཟེར་བ་རེད། བྱིས་པ་གང་ཡོད་ཚང་མ་གོར་གོར་བྱས་ནས་ཙོག་རྗེས། རེས་མོས་ཀྱིས་མི་རེ་རྒྱབ་ལོག་ནས་སྐོར་བ་བྱེད་ཞོར་དུ། བྱིས་པ་གཅིག་གི་རྒྱབ་ལ་དངོས་པ་གཅིག་སྦས་དགོས་པ་རེད། སྦས་པའི་རྗེས་སུ་སྐོར་བ་གཅིག་རྒྱག་དགོས་པ་རེད། སྐོར་བ་གཅིག་ཟིན་ཟིན་བར་དུ་སྦས་ས་དེས་མ་ཤེས་ན། སྦས་ས་དེ་ལ་ཆད་པ་གཅོད་དགོས་པ་རེད། ཡང་སྦས་ས་དེས་ཤེས་ནས་སྐོར་བ་གཅིག་མ་ཟིན་པར་དུ་རྒྱུགས་ནས་སྦས་མཁན་དེ་བཟུང་ཟིན་ན་སྦས་མཁན་དེ་ལ་ཆད་པ་གཅོད་དགོས་པ་རེད།
ཡང་ལུ་གུ་འབའ་འབའ་དང་ཨ་ཕོ་སྤྱང་ཀི་ཟེར་བ་ཞིག་རྩེ་རྒྱུ་ཡོད་པ་རེད། དེ་ནི་བྱིས་པ་ཚོ་གཅིག་གི་རྗེས་སུ་གཅིག་མཐུད་རྒྱབ་ནས་ཡོད་པ་རེད། དེ་ནི་ལུ་གུ་འབའ་འབའ་ཕྱོགས་ལ་རེད། ཤུགས་ཆེ་ཤོས་དེ་སྔོན་ལ་ཡོད། དེ་ནི་ལུ་གུ་འབའ་འབའ་ཕྱོགས་ཀྱི་དཔོན་པོ་རེད། དེ་ནས་བྱིས་པ་རྣམས་ཆུང་རིམ་གྱི་གཅིག་རྗེས་གཅིག་མཐུད་ཡོད་པ་རེད། བྱིས་པ་ཆུང་ཤོས་དེ་རྒྱབ་ལོག་རྒྱབ་ལོག་ལ་འཁེལ་ཡོད། ཡང་སྤྱང་ཀི་གཅིག་ཡོད། སྤྱང་ཀི་སྐོར་བ་རྒྱགས་ནས་རྒྱབ་ནས་ནས་ཆུང་རིམ་བཞིན་དུ་བཟུང་བ་དགོས། འོན་ཀྱང་ལུག་གི་དཔོན་པོ་དེས་སྤྱང་གི་ལ་འཛིང་ཞིང་ལུ་གུ་རྣམས་རྒྱབ་ལ་འགེབ་སྲུང་བྱེད།
ངས་རྩེད་མོ་འདི་དག་ལས། བོད་ཀྱི་གནའ་རབས་ཀྱི་མིའི་སྤྱི་ཚོགས་ཁྲོད་ཀྱི་འགལ་རྐྱེན་མང་པོ་ཞིག་ལ་རྒོལ་ལན་སློག་སྟངས་དང་། རང་སྲུང་བྱེད་སྟངས། ཚོ་བར་འགན་འཁྲི་བྱེད་ཕྱོགས་བཅས་བྱིས་པའི་སྐབས་ནས་སྦྱོང་བརྡར་སྤྲོད་ཀྱི་ཡོད་པའི་ཚོར་སྣང་འོང་། ཁྱོད་ཚོས་བསམ་བློ་ཐོང་དང་། ང་ཚོའི་ཆུང་ཆུང་སྐབས་ཀྱི་རྩེད་རོགས་དེ་ཚོ་དང་ཁ་བྲལ་བ་ཡང་ཡང་ཡིད་ལ་འཁོར་བར་མ་ཟད། ལོ་མང་འགོར་བའི་དེ་རང་ཡང་། རྩེད་རོགས་དེ་ཚོ། ད་ནང་གསར་བ་རྩེ་བ་ལྟར་རང་གི་སེམས་ངོ་ན་གསལ་ལྷང་ངེར་འདུག་ཀ
ཕྱི་ནུར་གྱི་ཚིག་མི་དགོས་ན།
ཕྱི་གོ་རྒྱ་བཀྱེད་ན་ནང་མི་བརྒྱ་ཤོང་།