སྐྱོ་བྲག་དགའ་དབང་།
གོང་ས་མཆོག་གིས་ཁོང་རིང་མིན་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་ཐུགས་འདུན་ཡོད་པའི་བཀའ་ནན་སྔ་རྗེས་སུ་བསྩལ་བ་དེས། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་སྐྱབས་མེད་མགོན་མེད་ཀྱི་ཚོར་སྣང་ལྟ་བུ་སྐྱེས་ཏེ། ཚོགས་སྒེར་མང་པོས་གཏན་བཞུགས་གནང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་ཀྱིན་ཡོད་ནའང་། སྔ་རྗེས་སུ་བསྩལ་བའི་བཀའ་སློབ་རྣམས་དང་། ལྷག་པར་ཉེ་དུས་ཝཱ་རཱ་ཎ་སཱིར་ཆོས་ཞུ་བ་རྣམས་ལ། ངོས་རང་ཕྱེད་རྒན་ཡོལ་ཞེས་པ་དེ་ཕྱི་ལོ་ ༢༠༠༡ ནས་ཡིན་ལ། ད་ཆར་ད་དུང་ངོས་ཀྱིས་སྲིད་འཛིན་གྱི་མིང་འཛིན་ལྟ་བུ་བྱས་ཏེ། ཡིག་ཆ་དེ་འདྲ་ལ་མིང་རྟགས་འགོད་རྒྱུས་མཚོན་པའི་ལས་འགན་འགའ་རེ་ཡོད་པ་དེ་དག་བསྒྱུར་བཅོས་གཏོང་དགོས་ཀྱི་འདུག །ཅེས་བསྩལ་བ་དང་། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས། བོད་ནས་གསར་དུ་འབྱོར་བ་རྣམས་ལ། འབྱུང་འགྱུར་ཕྱི་ཟླ་ ༣ པའི་ནང་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་གནས་བབ་ཐོག་༧གོང་ས་མཆོག་གིས་ཐུགས་འགན་བཞེས་མི་དགོས་རྒྱུའི་བཀའ་བསྩལ་ཡོད། ཅེས་གསུངས་པ་རྣམས་ལ་བལྟས་ན་ཏན་ཏན་ཁོང་བགྲེས་ཡོལ་དུ་ཕེབས་གནང་གི་རེད།
ཁོང་བགྲེས་ཡོལ་དུ་ཕེབས་པའི་དགོས་དམིགས་ཡེ་ཤེས་དབྱིངས་དཔྱད་ཡིན་པའི་རྒྱུ་མཚན་གྱིས་ང་ཚོས་དཔྱིས་ཕྱིན་ཤེས་པར་དཀའ་ནའང་། ཕར་བལྟས་ཚོད་ལ། རྒྱ་ནག་གཞུང་གི་ཕྱི་ནང་གསང་བའི་བྱེད་བབས་གང་ཐད་ནས་གནས་སྐབས་རིང་བོད་དོན་ཐག་གཅོད་མི་ཡོང་བ་མངོན་གསལ་དུ་གྱུར་པས། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདི་ཡུན་གནས་ཡོང་ཆེད་གཞོན་སྐྱེས་རྣམས་ལ་སྤྱི་ཡོངས་ནས་བརྒྱུད་སྤྲོད་བྱས་ཏེ་འགན་འཁུར་གྱི་སྦྱོང་བརྡར་བྱ་བཅུག་པ་དང་། རྒྱ་རིགས་གདུལ་བྱའི་གཙོ་བོར་བྱས་པའི་ཤར་ནུབ་ཀྱི་ཡུལ་གྲུ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཁོར་སྔར་ལྷག་གིས་བསྐོར་ཏེ་གོང་ས་ལྷ་མིའི་རྣམ་འདྲེན་གྱི་མཚན་གནས་མཐར་ཕྱིན་པ་ཞིག་དང་། ཆབ་སྲིད་ཀྱི་རྙོག་མིང་འདྲ་མིན་མེད་པའི་གོ་སྐབས་དང་བསྟུན་ཏེ་ཕ་ཡུལ་བོད་དང་རྒྱ་ནག་གི་ས་ཆ་རྣམས་སུ་ཆིབས་སྒྱུར་བསྐྱང་ཐུབ་པའི་འབད་འབོངས་གནང་བ་མ་ཚད། རི་བོ་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་རི་སུལ་ཡས་མས་རྣམས་སུ་ཕེབས་བཞུགས་ཀྱིས་མདོ་སྔགས་ཀྱི་ཉམས་ལེན་དཔྱིས་ཕྱིན་གནང་བས་ཉམས་རྟོགས་གོང་འཕེལ་དུ་མཛད་དེ། དེང་སྐབས་འཛམ་གླིང་ཐོག་གླེང་སློང་ཆེ་གྲས་ཡིན་པའི་ཁོང་གི་ཡང་སྲིད་གོང་ས་བཅོ་ལྔ་པའང་གང་ཟག་གཞན་པའི་ཐག་གཅོད་ལ་ལྟོས་འདུག་མི་དགོས་པ། ཀརྨ་པ་སྐུ་ཕྲེང་ན་རིམ་རྣམས་ཀྱི་ལུགས་ལྟར། འདའ་ཁའི་ཞལ་ཆེམས་རང་གིས་ཁྲི་ལ་འཁོད་ཐུབ་པ་ཞིག་གནང་བ་སོགས་ཡིན་སྲིད།
ཁོང་བགྲེས་ཡོལ་དུ་ཕེབས་རྗེས་ནམ་རྒྱུན་གྱི་འཛིན་སྐྱོང་ལ་ཇུས་གཏོགས་དང་། གླེང་རྙོག་ཆུང་ཚེགས་ཐག་གཅོད་མི་དགོས་པ་དེས། བོད་མི་སྤྱི་ཡོངས་ཀྱི་ངོས་ནས་གུས་མཐོང་སྔར་བས་ཆེ་རུ་འགྲོ་ངེས་ཤིང་། ཁོང་གིས་གཞི་རྩའི་བོད་མིའི་བདེ་སྡུག་ནམ་ཡང་བློས་གཏོང་གནང་མི་སྲིད་པའི་ཕྱིར་ན། ཁོང་གི་སྐུ་ཚེ་ཞབས་པད་བརྟན་རིང་ང་ཚོའི་མགོན་སྐྱབས་ཀྱི་ལྷ་དང་། ལམ་སྟོན་གྱི་ཉི་མ་མེད་པ་ཡོང་གི་མ་རེད།
ཁོང་བགྲེས་ཡོལ་དུ་ཕེབས་པའི་སྐུ་ཚབ་ནི། ཁོང་གིས་བོད་དོན་ཐད་ཡུན་རིང་སྐུ་ལས་བསྐྱོན་པའི་གྲུབ་འབྲས་གཙོ་བོ། ཆོས་སྲིད་ཟུང་འབྲེལ་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཡིན་ཅིང་། འདི་ཉིད་བོད་མི་ཁག་གཅིག་ལྟར་བོད་དོན་ཁ་ལ་ཁྱེར་ཞོར་དགྲ་གྱོད་ཀྱི་ནང་དུ་གཡུག་མ་བཞག་པར། བོད་དོན་གྱི་རྩ་བའི་སྲོག་གནད་དུ་ཤེས་པའི་རྩི་མཐོང་གིས་ཡུན་གནས་དང་ཡར་རྒྱས་ཡོང་ཐབས་ལ་འབད་ན་དེ་གས་ཆོག་བསྡད་ཡོད། འདི་ལས་ལྷག་པའི་སྐུ་ཚབ་ཅིག་རྙེད་ཐབས་མེད་ལ་དགོས་དོན་ཀྱང་མེད་དོ།
བདེན་པ་རེད། ༸གོང་ས་མཆོག་སྐུ་ཚེ་ཡུན་བརྟན་ཤོག །
དེང་སྐབས་གླེང་བཞིན་པའི་གོང་ས་མཆོག་གི་བགྲེས་ཡོལ་སྐོར་སྔ་ཕྱི་རིམ་པས་བཀླགས། དེ་རིང་ཡང་༼ཁོང་གི་སྐུ་ཚེ་ཞབས་པད་བརྟན་རིང་ང་ཚོའི་མགོན་སྐབས་ཀྱི་ལྷ་དང༌། ལམ་སྟོན་གྱི་ཉི་མ་མེད་ན་ཡོང་གི་མ་རེད་༽ཞེས་པའི་ཀློག་མཚམས་དེར་སླེབས་དུས་སེམས་ནང་དངངས་སྐྲག་དང༌། མིག་ལ་མཆི་མའང་འཁོར་བྱུང༌། བོད་ཀྱི་བདེ་དོན་གང་མགྱོགས་གསལ་བ་དང་གོང་ས་མཆོག་སྐུ་ཚེ་ཡུན་རིང་གནས་ཐུབ་པའི་སྨོན་ལམ་གྲངས་མེད་ཞུ།་ སྐུ་ཚེ་བརྟན་ཤོག་ བོད་རྒྱལ་ལོ།
གོང་ས་མཆོག་རང་ཉིད་ཀྱི་བགྲེས་ཡོལ་དང་ད་ལྟའི་གནས་སྟངས་ལ་གཟིགས་ཏེ་བོད་བསྟན་པའི་སྲིད་འཛིན་གྱི་འགན་འཁུར་མི་མང་ཚོར་གནང་འདོད་གྱི་དགོངས་པ་ལ་ང་ཚོའི་བསམ་མནོ་གཏིང་གཟབ་ཀྱིས་དེ་ལ་ལག་བསྟར་བྱེད་ན་ཅི་མ་རུང་སྙམ། ཡིན་ཡང་བོད་མི་སྟོང་ཕྲག་མང་པོས་གོང་ས་མཆོག་ལ་ནན་གྱིས་གསོལ་བ་འདེབས་པ་ནི་ཡ་རབ་སྤྱོད་བཟང་ཡིན་པར་མངོན། ད་ལྟ་ལོ་ན་གཞོན་པའམ་སྐུ་ཚབ་སུ་ཡིན་རུང་གོང་ས་མཆོག་གི་གནང་བཞིན་པའི་ལས་དོན་དེར་ལྷག་བསམ་དཀར་པོའི་སྙིང་ཁོངས་ཀྱིས་གོང་ས་མཆོག་ལ་བཀའ་བསྡུར་གྱིས་ལས་ལ་འཇུག་ན་ཕྱིས་སུ་དཀའ་རྙོག་ཆེན་པོ་ཞིག་བསལ་ཐུབ། དགོང་ས་མཆོག་ཉིད་ཀྱི་ལོ་ངོ་ཉི་ཤུ་རྗེས་བོད་བསྟན་པའི་ཆབ་སྲིད་དེ་བོད་མི་མང་རང་གི་རང་ཐག་ཆོད་པ་དང་། རྒྱ་མིས་བོད་པར་གོང་ས་མཆོག་མེད་ན་བོད་ཀྱི་རྩ་དོན་སྟོང་ཟེར་བའི་གཏམ་བཤད་རྗུན་དུ་འགྱུར་བ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་པ་ཀུན་གྱིས་མཐོང་ཐོས་སུ་འགྱུར་བ་ནི་དོག་མ་ཚལ། བསམ་ཚུལ་འདི་ནི་གུས་པ་གོང་ས་མཆོག་ལ་དད་པ་མེད་པ་དང་གུས་བརྩི་མེད་པ་རྩ་བ་ནི་མ་ཡིན་པ་ཀུན་གྱིས་མཁྱེན་པར་མཛོད། །
རེད། དཔྱད་པ་ཞིབ་ཚགས་རེད།
སྐྱོ་བའི་ངག་གི་ལྷང་ལྷང་སྒྲ། །
བྲག་རི་ལྟ་བུའི་བརྟན་ཅིང་བརྗིད། །
དགའ་བའི་ངག་གི་འབོད་པའི་སྒྲ། །
དབང་རྣོན་ཁྱེད་ཀྱི་བཤད་པ་བདེན། །
གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ན་ཧ་ཅང་ཡག་པོ་འདུག
བོད་ཀྱི་གནད་དོན་ཕྲལ་མར་མི་འགྲུབ་ཀྱང་བོད་ཕྲུག་ཕ་ཚ་བུ་རབ་བརྒྱུད་ནས་བོད་དོན་ལ་སྔར་བས་གྲུབ་འབྲས་ཐོན་ཆེད་བཙན་བྱོལ་གཞུང་འདི་བརྟན་གནས་བྱེད་ཐུབ་པའི་ཐབས་ལམ་ཡག་ཤོག་ཞིག་རེད། གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་ནས་བོད་ཀྱི་དབུ་འཁྲིད་དེ་ཁོང་མིན་པ་ཞིག་གི་གནང་ཐུབ་ན། གོང་ས་མཆོག་ཞི་བར་གཤེགས་ཀྱང་བོད་མི་རིགས་འདི་ཉིད་ཁ་ཐོར་དང་ནང་འཁྲུག་མི་ཡོང་བར་མཆམ་མཐུན་ངང་གནས་ཐུབ་པའི་དགེ་མཚན་ཤིན་ཏུ་ཆེ། དེ་མིན་གོང་ས་མཆོག་སྐུ་མྱ་ངན་ལས་མ་འདས་བར་དུ་བོད་ཀྱི་དབུ་འཁྲིད་གནང་ནས་གློ་བུར་དུ་སྐུ་གཤེགས་པ་ཡིན་ན། བོད་ཕྱི་ནང་གཉིས་སུ་གཏན་གཏན་མཇུག་འབྲས་ངན་པ་ཞིག་ཡོང་སྲིད།
སྐྱོ་བྲག་ལགས། གོང་ས་མཆོག་ཅེས་པ་ ༧གོང་ས་མཆོག་ཅེས་པར་བཅོས་རོགས། ༧གོང་ས་མཆོག་བགྲེས་ཡོལ་དུ་མ་ཕེབས་གོང་ནས་མཚན་ཐོབ་དེ་བགྲེས་ཡོལ་དུ་མ་བཏང་རོགས།
ག་དུས་ཡིན་ནའང་༸གོང་ས་མཆོག་ལ་ཁལ་ལྕི་མོ་རེ་བཀལ་དགོས་དོན་ཅི་ཡིན་ནམ།
འདའ་ཁའི་ཞལ་ཆེམས་ལྟར་ཨེ་་ཧཧཧཧཧ
༧སྟོན་པ་ཉིད་ལ་༧བསྟན་པ་འཛིན་སྟངས་སློབ་རྒྱུ་ཡིན་པཱེ ཧཧཧཧ
སྐྱོ་བྲག་ལགས་ཀྱིས་ཀརྨ་པ་བཅུ་དྲུག་པའི་ཞལ་ཆེམས་དེ་ངོས་འཛིན་གནང་སྟངས་གཉིས་ཞྭ་དམར་དང་རྒྱལ་ཚབ་གཉིས་ཀས་བྱས་དོན་ཅིག་གསུངས་དང། འདི་ཡང་བོད་དམངས་ཁྲོད་ནས་ཡོངས་གྲགས་ཀྱིས་བགྲོ་གླེང་བྱེད་ཐུབ་རྒྱུ་ན། མཛད་པ་འཕྲིན་ལས་ཕན་གྱི་རེད།
ད་ལོའི་ལོ་སྟོད་དུ་༧གོང་ས་མཆོག་གིས་ཞྭ་དམར་པ་ཆེད་དུ་བོས་དེ་སྔོན་གྱི་ཞལ་ཆེམས་སི་ཏུ་རིན་པོ་ཆེས་དགོས་པ་རྒྱུ་མཚན་ལ་བརྟེན་ནས་བཟོས་པ་དང་། སི་ཏུ་དང་ཞྭ་དམར་པ་གང་ཡིན་ནའང་ཀརྨ་བཅུ་དྲུག་པའི་ངོས་འཛིན་ཡིན་པ་མཉམ་པ། ད་ལྟའི་ཆར་སྤྲུལ་སྐུ་གཉིས་ཀ་མཛད་འཕྲིན་རྒྱས་པ་དང་མ་འོངས་པར་རྩོད་གླེང་མེད་པར་རྒྱལ་བསྟན་སྤྱི་དང་བྱེ་བྲག་མཉམ་སྐྱོང་བྱས་ན་བོད་དང་ནང་པའི་བསྟན་པར་ཕན་ཚུལ་སོགས་གསུང་ཡོད་ཚུལ་རྙིང་མིའི་བླ་མ་འཁྲུལ་ཞིག་རིན་པོ་ཆེའི་ཞལ་ནས་གསུངས་ཞེས་གོ་བས་དེའི་སྐོར་ལ་རྒྱུས་ཡོད་མཁན་བཞུགས་ཚེ་ཞལ་གསལ་གནང་རོགས་ཞུ། །།
ངས་ཁ་སང་གནས་གསར་ཞིག་བཏང་ཡང་གར་སོང་ཆ་མེད་དུ་སོང།
ངས་མགྱོག་ཕྲིན་ཁ་བྱང་ནོར་བའི་རྒྱུ་རྐྱེན་ཡིན་ནམ།
བསྟན་འཛིན་ནས།
༸རྒྱལ་དབང་ཀརྨ་པ་༡༦པའི་ཞལ་ཆེམས་སྐོར་ཞིག་དམངས་གཙོ་ཚགས་སྤར་འཇུག་མ་དྲིལ་ཙམ་ལ་གཅིག་མཐོང་ཆུང་སྙམ་པ་ཅིག་སབ་བེ་སོབ་བེ་དྲན་ཡུལ་འདུག ཀརྨ་པ་རྣམས་ཀྱིས་འཇོག་གནང་མཛད་བཞིན་པའི་ཞལ་ཆེམས་སྐོར་གསང་སྔགས་ཀྱི་དམ་ཚིག་གིས་གསང་དགོས་དོན་ཅིག་མེད་ན། ངེས་པར་དུ་ཉམས་ཞིབ་གནང་བ་ཡིན་ན། བོད་བསྟན་དར་རྒྱས་ཕན་པ་མ་གཏོགས་གནོད་མི་སྲིད།
སྙིང་མའི་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་སོགས་ནི། ང་རང་རང་གིས་ཕྱི་རྒྱལ་དུ་ཕྱི་མི་ཚོའི་བཅར་དྲི་སྐབས་ལ། ༸གོང་ས་མཆོག་གིས་ང་ལ་དགེ་བཤེས་གཉེན་བཅུ་ཕྲག་འགའ་ཤས་ཡོད་གསུངས་སོང་། སྙིང་མའི་བླ་ཆེན་འདི་གཉིས་ནི། ༸གོང་མཆོག་དང་གསུང་ཚུར་ཞུ་ཕར་བསྩལ་གནང་ཡུལ་པར་ཡིད་ཆེས་བྱེད་བགྱིད་ཡོད།
དེར་བརྟེན་ངས་གོ་ཐོས་ལ་ཀརྨ་པ་རྫུན་མ་མཐའ་ཡས་རྡོ་རྗེས་ཡབ་ཡུམ་གྱིས་༸གོང་ས་མཆོག་ལ་ཇི་དགེའི་བཀའ་སློབ་ཞུ་དུས། བཀའ་ལན་དུ་འབྲས་ལྗོངས་རུམ་སྟེགས་བཞུགས་ཁྲིར་རག་ཐབས་ལ་མ་རྩོད། དེ་མིན་རང་གི་བུར་ཆོས་ལ་སློབ་གཉེར་གནང་ནས། འོས་སྤྲུལ་ལྟ་བུའི་བླ་མ་བཟང་མོ་ཅིག་བཟོ་ཨ་ཐུབ་གནང་དགོས། ཞེས་དང་།
ཞྭ་དམར་རིན་པོ་རིན་པོ་རང་ཉིད་ཀྱང་འགྱོད་ནས་༸གོང་ས་མཆོག་བཅར་སྐབས་དེ་མཚུངས་བཀའ་སློབ་བྱུང་ནས་ཁས་བླངས་གནང་ཡང་། དེ་མ་ཐག་འཛམ་གླིང་ཕྱོགས་ཀུན་ནས་ཡིག་འབྲེལ་བརྒྱུད་ནས། བླ་མ་ཞྭ་དམར་ལ་ངོ་རྒོལ་དང་སྡིག་ར་བསྐུལ་བ་སོགས་ལ་བརྟེན་ནས་དེ་མུར་ལུས་པ་རེད།
ཉེ་ཆར་ཀ་ལོན་སྦུག་༧གོང་ས་མཆོག་གི་གསུང་ཆོས་ལ་ཞྭ་དམར་རིན་པོ་ཆེད་བཅར་གནང་བ་གོ་བྱུང་ན། དེ་ཡང་བདེན་པ་ཡིན་མིན་སོམ་ཉི་དྲ་བ་གྲོལ་བ་ལས་སྒོལ་མཛད་ཐུབ་མཁན་ཡོད་ན། གསལ་བཤད་གནང་ན། བཀའ་དྲིན་ཆེ་ཞེས་དང་ཐོག་ནས་ཞུ་བ་ལགས།
དམངས་གཙོ་ཚགས་སྤར་ནང་ལ། སྐྱབས་རྗེ་སི་ཏུ་རིན་པོ་ཆེ་མཆོག་གི་ཕྱག་ལ་སོན་པའི་ཞལ་ཆེམས་ཕྱག་བྲིས་འདི་ནི། ༡༦པའི་ཞལ་སློབ་དཀྱུས་མ་རྣལ་འབྱོར་པ་ཅིག་ལ་སྲུང་མདུད་ཀྱིས་ཚུལ་དུ་འདི་གལ་ཆན་པོ་ཡིན་གདའ་ཞེས་གསུང་ནས་བསྩལ་བ་རེད་ཅེས་གསུང་སྲོལ་ཅིག་གོ་མྱོངས་བས་དེ་དོན་ཡིན་མིན་ཚམ་མས་དཔྱད་པ་མཐར་ཕྱིན་གྱིས་དཀར་དཀར་ནག་ནག་གསལ་གསལ་མི་དགོས་སམ། བདེན་པ་གསལ་ཐོན་བྱུང་ན་བོད་བསྟན་རྒྱས་པར་མི་ཕན་སམ། དགེའོ། །