གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཞི་མོལ་ཐེངས་བདུན་པ་གནང་ཆེད་པེ་ཅིན་དུ་ཕེབས་ཡོད།
གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་དབུ་འཁྲིད་འབྲེལ། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དྭགས་པོ་བསོད་ནམས་ནོར་བུ་དང༌། བུ་ཆུང་ཚེ་རིང༌། བཀའ་དྲུང་ཡིག་ཚང་ཁོངས་བོད་རྒྱ་ཞི་མོལ་སྡེ་ཚན་གྱི་ལས་བྱེད་འཇིགས་མེད་པ་སངས་བཅས་བོད་རྒྱའི་བར་འབྲེལ་མོལ་བཀའ་བསྡུར་ཐེངས་བདུན་པ་གནང་ཆེད་ཟླ་ ༦ ཚེས་ ༢༩ ཉིན་རྒྱ་ནག་པེ་ཅིན་དུ་འབྱོར་ཡོད་པ་དང༌། ཟླ་ ༧ ཚེས་ ༡ དང་ ༢ ཉིན་གཉིས་རིང་འབྲེལ་མོལ་གནང་རྒྱུ་ཡིན་པ་རེད།
བོད་གཞུང་གི་དྲ་གནས་ནང་གསལ་བསྒྲགས་སྤེལ་གསལ་ལྟར་ན། གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཚབ་རྣམ་གཉིས་ལ་གཞིས་ལུས་བོད་མི་ཚོས་རང་གི་ཡུལ་ལུང་ནང་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གནས་སྟངས་དེར་མངོན་གསལ་ཆེ་བའི་ཡར་རྒྱས་ཡོང་བའི་དོན་དུ་ཐབས་ཤེས་ཡོད་རྒུ་སྤྱོད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་ཡོད་པ་དང༌། ད་རེས་ཀྱི་འབྲེལ་མོལ་བཀའ་བསྡུར་འདིས་ཡུན་རིང་ནར་འགྱངས་སུ་ལུས་པའི་བོད་ཀྱི་གནད་དོན་འདི་དག་ཞི་མོལ་བྱས་པ་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་མི་རིགས་ཡོངས་རྫོགས་ཀྱི་བརྟན་ལྷིང་དང༌། ཆིག་བསྒྲིལ། འཆམ་མཐུན་བཅས་ཀྱི་ཁེ་ཕན་ཁག་རྩ་བཟུང་གི་ཐོག་ནས་གཙང་སེལ་ཐུབ་པའི་ཕྱོགས་སུ་ལེགས་སྐྱེས་འབུལ་ཐུབ་པར་ང་ཚོས་རེ་བ་བྱེད་ཀྱི་ཡོད། ཅེས་འཁོད་འདུག
ད་རེས་ཀྱི་འབྲེལ་མོལ་བཀའ་བསྡུར་ཐེངས་བདུན་པ་འདི་བཞིན། འདི་ལོའི་ཟླ་ ༥ ཚེས་ ༤ ཉིན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང༌། རྒྱ་ནག་གཞུང་གི་སྐུ་ཚབ་སོ་སོའི་བར་རྒྱ་ནག་ཧྲིན་ཀྲིན་དུ་་སྟབས་བདེ་ནང་ལུགས་ཀྱི་ཚོགས་འདུ་བསྐྱངས་སྐབས་སུ། དེ་སྔ་ཕྱི་ལོ་ ༢༠༠༢ ལོར་འགོ་འཛུགས་བྱུང་བའི་འབྲེལ་མོལ་གྱི་ལས་རིམ་རྒྱུན་སྐྱོང་བྱ་རྒྱུ་དང༌། ཕྱོགས་གཉིས་བར་གྱི་འབྲེལ་མོལ་བཀའ་བསྡུར་ཐེངས་བདུན་པ་དེ་བཞིན་གཉིས་མོས་ཀྱི་དུས་ཚེས་ཤིག་གི་ཐོག་གང་མགྱོགས་བསྐྱང་རྒྱུ་བཅས་ཀྱི་གྲོས་འཆམ་བྱུང་དོན་བཞིན་འཚོགས་འཛོམས་གནང་གི་ཡོད་པ་ཡིན་འདུག
ཟླ་ ༦ ཚེས་ ༢༩ ཉིན་རྒྱ་ནག་ཞིན་ཧྭ་དྲ་བས་རྒྱ་ནག་དབུས་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བས་བསྟན་དོན་བཀོད་པའི་ནང༌། ཀྲུང་དབྱང་གིས་ཏཱ་ལའི་ཕྱོགས་ལ་བཟུང་བའི་སྲིད་བྱུས་ནི་སྔར་བཞིན་འགྱུར་བ་ནེད་ཅིང་གསལ་པོ་ཡིན་ལ། ང་ཚོས་ཏཱ་ལའི་དང་བཀའ་མོལ་བྱེད་པའི་སྒོ་མོ་དུས་ནམ་ཡང་ཡངས་པོར་ཕྱེས་ཡོད། ཏཱ་ལའི་ཕྱོགས་ཀྱིས་གོ་སྐབས་འདི་དམ་འཛིན་བྱས་ནས། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཀྲུང་དབྱང་གིས་བཏོན་པའི་བླང་བྱར་ལན་ལེགས་པོ་ཞིག་འདེབས་པའི་རེ་བ་བྱེད་བཞིན་ཡོད་ཅེས་བཀོད་འདུག
ཉྭ
ལྷན་རྒྱས་ཚོ། འདྲི་བ་ཞིག་ཡོད་པས་ལན་གནང་རོགས་གནང་།
དེ་སྔོན་བཀའ་ཤག་ནས་༼གྲོས་མོལ་༽མ་རེད། ༼འབྲེལ་མོལ་༽རེད། གསུངས་ཀྱི་འདུག
ཡང་ཁ་ཤས་ཀྱིས་༼ཞི་མོལ་༽གསུངས་མཁན་འདུག ཚིག་གི་སྦྱོར་བ་ཇི་འདྲ་ཡིན་མིན་མ་བལྟོས་པར་རྒྱ་བོད་གཉིས་ཐུག་འཕྲད་བྱེད་ཀྱི་ཡོད། ཕྱོགས་གཉིས་ཕན་ཚུན་ཐུག་ནས་སྐད་ཆ་བཤད་ན་དེར་བཀའ་མོལ་ཟེར་གྱི་མེད་དམ། དེར་བརྟེན་རྒྱ་བོད་གཉིས་ཀྱི་བཀའ་མོལ་ཟེར་ན་ཇི་འདྲ་འདུག
གུས་པ་ནི་པེ་ཅིང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཆེན་སློབ་མ་ཞིག་ཡིན། ད་ཆ་་རང་མི་རིགས་དེ་ལ་ཉེན་ཁ་ཧ་ཅང་ཆེན་པོ་འདུག གཅིག་ནས་ཆབ་སྲིད་ཐོག་ང་ཚོ་ལ་དབང་ཆ་་གང་ཡང་མེད་པ་དང་།གཉིས་ནས་ངེད་ཚོའི་སློབ་གསོ་དེ་ད་ཆ་་ཆབ་སྲིད་ཀྱི་སློབ་གསོ་དང་ཁྱད་མིན་འདུག
ལོ་ཆུང་བྱིས་པ་རྣམས་ཀྱི་ཀླད་པ་ཕལ་ཆེར་བཀྲུས་ཟིན་འདུག
བཞི་མོལ་ཡིན་ཟེར་ཀྱང་གུང་ཁྲན་ཏང་ལ་ལྷག་བསམ་དེ་འདྲ་མིན་འདུག