ཤར་ཕྱོགས ཁུག་རྟ།
————
ཟླ་གཟུགས་གོར་གོར་ཡིན་པས
འདྲ་གཟུགས་ཀྱང་གོར་གོར་རེད
མཚན་མོ་རེ་ན འདྲ་གཟུགས་རེ
འདྲ་གཟུགས་རེ་ན མཚན་མོ་རེ
མཚན་མོ་བུད་སོང་
གོར་གོར་དེའང་ སུབས་སོང
མཛུབ་རྩེ་གཉིས་བསྣོལ་ནས་གོར་གོར་བཟོས
མིག་ཡ་གཅིག་དེ་ལ་བཙུགས་དུས
ཟོར་གཟུགས་ཟླ་བ་འང གོར་གོར་རེད
མཛུབ་རྩེ་རེ་ན རི་མོ་རེ
རི་མོའི་སྟེང་ན་ མཛུན་ཤུལ་རེ
མར་མེ་གཟིམ་སོང
རི་མོའང་ག་ལེར་ཡལ་སོང
རྒྱང་རིང་ན་རི་མོ་ལྟ་བུའི་གོར་གོར་ཡོད
ཐག་རིང་ཡིན་ཡང་ཐག་ཉེ་ལྟ་བུའི་གོར་གོར་ཡིན
རྨི་ལམ ཐག་ཉེ་རེད
ཐག་ཉེ རྨི་ལམ་རེད
ནམ་སྟོད་ཀྱི་ཁེར་བཤད་འཇགས་སོང
གོར་གོར རྦབ་རྡོ་བཞིན་
མིག་ཆུ་བཞིན་ རྨི་ལམ་ལ་ཐིམས་སོང
མིད་པའི་ཆུ་ཧྲད་སོང ཧྲད་སོང་རུང
གོར་གོར་ལྟ་བུའི་ཁ་ནང་ན
གོར་གོར་ངོ་མའི་སྣང་བརྙན་ཡོད
སྣང་བརྙན་ཡལ་སོང
མིད་པའི་ཕྲེང་ནས་ཡལ་སོང
ཞབས་རྗེས་བསྐྱུར་ནས གླུ་དབྱངས་བླངས་ནས
བུད་སོང་བས བྲང་ཁོག་ཏུ་
གོར་གོར་ལྟ་བུའི་ནག་ཐིག་ལོས་འབབ
མཐོང་ས་ཡོད་ཚད་གོར་གོར་ཡིན་པས
བསམ་བྱ་ཡོད་ཚད་གོར་གོར་ལོས་ཡིན
ཟླ་བ གོར་གོར་མིན
གོར་གོར ཟླ་བ་ཡིན
་ ༠༨། ༦། ༡༧།མཚན་གུང་བྲིས།
very very nice poem and here i am much glad with your peom my dear.
a lots of thanks for the auther.
DÞG-d-¾GÅü Ç+Ý-ZÛh-ˆÛ-Nå-¯¾-ljm-PG-¤-¤fôP-mÅ-¾ô-ºIô-ÅôP.ü hï-¼ÛP-ºhÛ-mÅ-fïPÅ-GTÛG-¤fôP-zÅ-hGº-vô-Vïm-qô-‚ãP.ü ¤-GŸÛ-mÅ-¤±¤Å-¼ï¼-ljm-PG-fÞP-fÞP-¼ï-ƒÛÅ-mÅ-i-PôÅ-ÅÞ-ŸôG-hP-m-¤Z¤-±P-¤¼-Åï¤Å-ˆÛ-¸Å-ÅÞ-ºIô-Mã-¼ïhü fÞGÅ-Xï-Vïü
choejor,
what is the similarity and contrat difference between moon and its shap.
I will be happy to know about that.
De mo
འཇམ་དབྱངས་གྲགས་པས་འདི་ལྟར་བྲིས་འདུག
ཁུག་རྟ་ལགས། སྐུ་ཉིད་ཀྱི་སྒྱུ་རྩལ་སྙན་ངག་མ་མཐོང་ནས་ལོ་འགྲོ་སོང་། དེ་རིང་འདི་ནས་ཐེངས་གཅིག་མཐོང་བས་དགའ་སྤྲོ་ཆེན་པོ་བྱུང་། མ་གཞི་ནས་མཚམས་རེར་སྙན་ངག་ཐུང་ཐུང་རེ་བྲིས་ནས་དྲ་ངོས་སུ་ཞོག་དང་ན་མཉམ་ཚང་མར་སེམས་ཀྱི་ཟས་སུ་འགྲོ་རྒྱུ་རེད། ཐུགས་རྗེ་ཆེ།
བོད་ཡིག་ཟིན་བྲིས་འདེབས་སར་དབྱིན་ཡིག་གི་བཙན་འཛུལ་ཐེབས་པ་འདི་ནི་ཅི་འདྲའི་མི་མཛེས་པ་ཞིག་རེད། བོད་ནང་དུ་རྒྱའི་བཙན་འཛུལ་སླེབས། བོད་ཡིག་གི་དྲ་ཚིགས་དུ་དབྱིན་ཡིག་གི་བཙན་འཛུལ་ཐེབས་པ་ཡིན་ན་ནི་དངོས་ནས་སེམས་པ་སྐྱིད་པོ་ཞིག་མ་རེད། དྲ་ཚིགས་འདི་ལ་དཀའ་ལས་རྒྱག་མཁན་དག་གིས་དབྱིན་ཡིག་གི་ཟིན་བྲིས་འདེབས་ས་མེད་པར་བོད་ཡིག་གི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ཞིག་གཏན་ནས་མ་ཡིན་ནོ། རྗེས་ཕྱོགས་དྲ་གྲོགས་དག་གིས་སེམས་སུ་འཛིན་རོགས་ཞུ། རབ་ན་དབྱིན་ཡིག་གིས་བཙན་འཛུལ་མ་བྱེད་རོགས། སྡུག་ན་དབྱིན་ཡིག་ལས་འབྲི་མི་ཤེས་པའི་བོད་པ་ཞིག་ཡིན་ན་ནི། བོད་པས་བོད་ཡིག་ཤེས་དགོས་པ་དེ་སེམས་སུ་བཟུང་།
མེ་ལྕེ་ནི་བསྐལ་བ་འཇིག་པའི་ཐོག་མདའ་འདྲ། །
མི་ཚོགས་ནི་རྡོ་ལེབ་འོག་གི་གྲོག་ཚང་འདྲ།
Ae/ d. g.ogs/ bod Lh gko A/ g.ogs po/
what you tolking about bol laluninsam lak. don’t worry about i write with English
དྲ་གྲོགས། བོད། ལྷ་༸ཐྲྤཀླུ་གཉན་གསུམ་ལགས། ངས་ཐེངས་གཅིག་ལ་ད’ིན་ཡིག་གི་མཆན་བཏབ་པར་ཁྱོད་རང་སྐུ་རླུང་དྲག་པོ་དེ་ཙམ་བཞེངས་དོན་ཅི་ཡིན་ནམ། ངེད་གཉིས་ཀྱི་བར་ལ་གཏིང་སེམས་ནག་པོ་དེ་འདྲ་‘ེད་དགོས་དོན་ཅང་མེད་ཀ། ཡིན་ནའང་ངའི་ཁྱོད་ལ་གུས་བརྩི་‘ེད་ཁོ་ཐག་ཡིན་ལགས།
སེམས་ལ་ཁོང་ཁྲོ།
ངས་མཆན་བཞག་ཆོག་གམ།
ངས་་ཚོས་བོད་ཡིག་གི་བར྄ྒྱུད་ལམ་འདི་ལ྄ྟ་བུ་ཞིག་ལ་རེ་ས྄ྒུག་ཡུན་རིང་བྱས་ཏེ་གཟོད་གྲུབ་ར྄ྗེས། དགའ་ས྄ྤྲོས་ངང་བོད་ཡིག་བེད་ས྄ྤྱོད་བྱེད་པ་ལས། བོད་ཡིག་གི་དྲ་ལམ་འདིར་བོད་ཡིག་འབྲི་ར྄ྒྱུ་གལ་ཆེན་པོ་རེད་ས྄ྙམ། དེ་བས་དྲ་གྲོགས་ཚོས་བོད་ཡིག་བྲི་བར་འབད་བར྄ྩོན་གནང་རོགས།
གྲོགས་རབ་གསལ་ལགས། སྐུ་ཉིད་དང་སྐུ་ཉིད་ཀྱི་བརྩམས་ཆོས་མ་མཇལ་བར་དུས་ཡུན་རིང་པོ་སོང་། སྙན་ངག་འདི་ཀློག་སྐབས་ཚོར་བ་དམིགས་བསལ་ཞིག་སྤྲོད་ཀྱིན་འདུག དྲ་གྲོགས་སྐར་ཆེན་ལགས་ཀྱིས་གསུངས་པ་བཞིན་དངོས་གནས་ན་མཉམ་ཚོའི་སེམས་ཀྱི་ཟས་སུ་འགྲོ་ངེས་རེད། མུ་མཐུད་ནས་ཤུགས་རྒྱག་རོགས་གནང་།
hahhaha ma jal yun ring