—སྐྱོ་བྲག་དགའ་དབང་།
ནང་པ་སངས་རྒྱས་པའི་འབྱུང་ཁུངས་ནི་རྒྱ་གར་འཕགས་པའི་ཡུལ་ཡིན་ཅིང། འཕགས་ཡུལ་གྱི་དབུས་ཀྱི་ཆ་རྣམས་ཚ་བ་ཆེ་བས་གོས་དཀར་པོ་གྱོན་པའི་ལམ་སྲོལ་གནའ་རབས་ནས་མཆིས་ལ། སངས་རྒྱས་ཀྱི་རྗེས་འཇུག་ཁྱིམ་པ་རྣམས་ཀྱིས་ཀྱང་གོས་དཀར་པོ་རང་སྤྱད་པས་ཁྱིམ་པ་གོས་དཀར་ཅན་ཞེས་གྲགས། འཕགས་ཡུལ་ནས་ནང་ཆོས་དར་བ་སེང་ག་ལའི་གླིང་དང་། ཐེ་ལནྡྲ་སོགས་ཀྱི་ཁྱིམ་པ་དགེ་བསྙེན་རྣམས་ཀྱིས་ད་ལྟའང་གོས་དཀར་པོ་གྱོན་ནས་གནས་བསྐོར་དུ་འགྲོ་བ་མཇལ་དུ་ཡོད། རང་རེ་བོད་དུ་ནང་ཆོས་དར་བ་ནའང་ཁྱིམ་པ་དགེ་བསྙེན་རྣམས་ལ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཞེས་བཏགས་པ་ཡིན།
སྔོན་གྱི་དར་སྲོལ་གྱི་ལོ་རྒྱུས་ཡོད་པ་ལ་བརྟེན་ནས། འདི་ལོའི་བཀའ་བརྒྱུད་སྨོན་ལམ་དུ་ཕེབས་པའི་ཁྱིམ་པ་དག་གིས་གོས་དཀར་པོ་གྱོན་དགོས་པའི་བསྐུལ་མ་ཞུས་པ་བཞིན་ཕལ་མོ་ཆེས་གྱོན་གདའ། གོས་དཀར་གྱོན་པས་ནི་རྒྱུད་ལ་གསོ་སྦྱོང་དང་དགེ་བསྙེན་གྱི་སྡོམ་པ་ཡོད་པ་དང་། བསམ་པ་དཀར་པོས་ལྷ་ཆོས་དགེ་བའི་ཕྱོགས་ལ་འབད་ཀྱིན་ཡོད་པ་མཚོན་ཞིང། མིག་སྔར་ཧ་ཅང་མཛེས་པའི་ཆས་གོས་ཤིག་ཀྱང་རེད།
འོན་ཏེ་རྗེ་བཙུན་མི་ལ་རས་པ་སོགས་སྒྲུབ་བརྒྱུད་འཛིན་པ་མང་པོ་ཞིག་གིས་རས་དཀར་གྱོན་པ་ནི། གསང་སྔགས་བླ་མེད་ཀྱི་ལུགས་ཏེ། གཏུམ་མོའི་ཉམས་ལེན་གྱིས། གྲང་ངར་ལ་མི་འཇིགས་པ་མཚོན་པས་ན། ཁྱིམ་པ་དགེ་བསྙེན་གོས་དཀར་ཅན་གྱི་མཚོན་དོན་ལས་ཀྱང་ལྷག་པ་ཡིན་ནོ། །
གོས་དཀར་གྱོན་མཁན་སྟོང་ཕྲག་ནང་ནས་མོ་གདམས་དགོས་དོན་གང་ཡིན་ན། ང་ལ་དོགས་པ་ཞིག་བྱུང་། ཡང་མིན་ན་དེང་སང་གྲྭ་པ་རྣམས་རྩ་ཤུགས་ཆེ་བའི་ཨེ་ཡིན།
ཕ་མི་ལ་རས་དཀར་གྱི་བདག་པོ་ཡིན་ན་ན་ཆུང་ཞིག་གི་དཔར་བེད་སྤྱོད་པ་ལས་སོ་སོས་གྱོན་ཤོག་ཨ།
གོས་དཀར་གྱོན་དང་།
རྒྱ་གར་ནང་པས་གོས་དཀར་གྱོན། །
ནང་པའི་དགེ་བསྙེན་གོས་དཀར་གྱོན། །
ལྕང་ལོ་སྡེ་པས་྇གོས་དཀར་གྱོན། །
རས་ཀྱང་རས་པས་གཏུམ་མོ་གྱོན། །
འོ་ལགས་སོ།
ཤཀྱ་ཐུབ་པའི་རྗེས་འཛིན་ཞིག་ཡིན་ན་གོས་དཀར་གྱོན་མཁན་མཐོང་མ་མྱོང་། སྔགས་པ་ཕོ་མོའི་སྡེ་ཡིན་ན་གོས་དཀར་གཅིག་པུ་གྱོན་ན་ག་ལ་འདྲིག། སྔགས་ཀྱི་དམ་ཚིག་གཙོ་བོ་འཛིན་དགོས་པ་ལས་གྱོས་དཀར་གཙོ་བོ་མིན། སྔགས་ལ་འབུམ་སྡེ་ས་མ་ཡ་ཡི་དམ་ཚིག་ཡོད། དེ་དག་རབ་བྱུང་བའི་དམ་ཚིག་ལས་སྲུང་དཀའ་བ་ཡོད། དར་དཀར་གྱོན་པ་ནི་རྩ་རླུང་རྣལ་བྱོར་པ་རླུང་སེམས་རང་དབང་ཐུབ་དག་གི་གྱོན་པ་རེད།
གོས་དཀར་ལྕང་ལོའི་སྡེ་ཟེར་བ་དེ་སྔགས་པ་ལ་གོ་རབས་ཤོད་བཞིན་འདུག་མོད། འོན་ཀྱང་སྔགས་གཞུང་ཁག་གི་ནང་་་ལྕང་ལོ་་་ཞེས་པ་དེ་སྔགས་པའི་དབུ་སྐྲའི་ཁྱད་ཆོས་ཡིན་རབས་ག་བར་གསུངས་འདུག་གམ།
རལ་པ། ཐོར་ལྕོག ཐོར་གཙུག ཡང་ན་་་དབུ་སྐྲ་སིལ་མ་རྩེ་རྒྱལ་་་དེ་ཚོ་སྔགས་པའི་དབུ་སྐྲའི་ཁྱད་ཆོས་ཡིན་པ་འདྲ། །
བོད་ཀྱི་སྔགས་པས།
སྔགས་པས་ལྕང་ལོ་གོས་དཀར་གྱོན། །
སྔགས་པས་འབྲས་ཆང་དཀར་པོ་འཐུང་། །
སྔགས་པས་དམ་ཚིག་དཀར་པོ་བསྲུང་། །
སྔགས་པས་མགོ་དཀར་མོ་ལའང་རྒྱོ། །