ཨེ་མ་ཧོ།
སྐུ་འགྱུར་མེད་བསྐལ་བརྒྱར་ཞབས་བརྟན་ཅིང་།།
གསུང་འགགས་མེད་དམ་ཆོས་རྟག་ཏུ་སྒྲོག །
ཐུགས་མཚུངས་མེད་ཡིད་བཞིན་ནོར་བུ་ཉིད།།
ཚེ་གྲངས་མེད་བཞུགས་པའི་སྨོན་ལམ་འདེབས།།
གཞི་བདེན་པའི་མདོ་སྔགས་བསྟན་པ་འཛིན།།
ལམ་དབུ་མའི་མཛད་པས་རྒྱལ་ཁམས་སྐྱོང་།།
དོན་ཀུན་བཟང་རྒྱལ་བའི་དགོངས་པ་སྤེལ།།
ཕྱོགས་ཀུན་ལས་རྣམ་པར་རྒྱལ་གསོལ་འདེབས།།
རྗེ་འཁྲུངས་པའི་རྟེན་འབྲེལ་བཟང་དང་གཅིག །
ཆོས་འཛམ་གླིང་ཁྱབ་གདལ་སྤེལ་དང་གཉིས།།
དགུང་གྱ་སྟོན་བདེ་ལེགས་འགྲུབ་དང་གསུམ།།
བོད་རྒྱལ་ཁམས་སྐྱིད་པའི་སྨོན་ལམ་འདེབས།།
ཞེས་པ་རབ་གནས་ཤིང་ལུག་སྣྲོན་ཟླའི་རྒྱལ་བ་གསུམ་པར་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་སྔ་འགྱུར་རྒྱལ་ཡོངས་རིག་འཛིན་དགྱེས་པའི་དགའ་ཚལ་ནས་གུས་པས་སྨོན་ལམ་འདེབས་པར་དགེའོ།། །།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
དིལ་མགོན་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ།།