ཚེ་རྣམ།
མི་རབས་གསུམ་པ་ཟེར་བ་ཞིག་ཡོད་པ་གོ་མྱོང་ལ། དེ་སྐོར་ལ་རྒྱུས་ལོན་ཡང་ཏོག་ཙམ་བྱས་པ་ཡིན། ང་ལ་འགྲེལ་བཤད་དང་ངོ་སྤྲོད་གནང་མཁན་དག་གིས་ལོག་འགྲེལ་བྱས་པ་མིན་ན། མི་རབས་གསུམ་པ་ནི། ཀ་ངོ་ཡིག་ངོ་ཆོད་ཙམ་ལས་ཅུང་བརྒལ་ཞིང༌། ཚིག་གྲུབ་སྟབས་བདེ་རེ་བཟོ་མགོ་ཐོན་མཁན་ཙམ་ལས། ཤེས་ཡོན་གྱི་རྨང་གཞི་མེད་མཁན་གྱི་གསར་ཐོན་པ་སྐོར་ཞིག་གིས། མཁས་པའི་མིང་དང་སྙན་གྲགས་བརྩོན་ལེན་བྱེད་སའི་སྡིངས་ཆ་ཞིག་ལས་གཞན་གང་ཡང་མ་རེད་ཟེར། འདི་ནི་ང་ལ་ངོ་སྤྲོད་གནང་མཁན་ཚོའི་ལྟ་སྟངས་དང་ངོ་སྤྲོད་བྱས་རིམ་རེད།
དེ་ཙམ་ཞིག་ནི་ཨེ་ཡིན་སྙམ་མུར། ཁོང་ཚོའི་ཚོགས་མི་དག་གིས་སྤེལ་བའི་རྩོམ་ཡིག་མང་པོ་ཞིག་བཀླགས་པ་ཡིན། ལས་བསམ་སར་མི་འགྲོ་གསེག་སར་འགྲོ། རྡོ་གཡའ་མའི་གས་ཁ་ཐད་དུ་འགྲོ། ཟེར་བ་ཅི་མ་བདེན། མི་རབས་གསུམ་པ་ཟེར་བའི་གསར་ཐོན་པ་འདི་དག་ལ་ཧམ་པ་ཆེ་ཙམ་འདུག་པ་བདེན་པ་ལས། གཞན་གྱི་གཞི་འཛིན་དང་ཆ་འཇོག་བྱ་ཡུལ་ཅིག་མཐོང་མ་སོང༌། གཅིག་ཐང་ན། ངས་ལྟ་སྟངས་ནོར་ཡོད་ལས་ཆེ།
མི་རབས་གསུམ་པ་ནི། སྙན་ངག་པའི་ཚོགས་པ་ཞིག་ཡིན་རབས་ཁ་ཡར་གྲག་དང་མར་གྲག་གང་ལའང་ངོམ་སོ་ལྟ་བུ་བྱེད་ཀྱི་འདུག་སྟེ། མ་གཞི་ནས་སྙན་ངག་པ་ནི་ཤེས་ཡོན་པའི་སྡེ་ཞིག་མིན་སྟབས། ཤེས་ཡོན་པའི་སྡེས་སྙན་ངག་པར་ལྟ་སྟངས་ཀྱིས་ཁོང་ཚོར་འབུར་འཇོམས་བྱེད་མི་རུང་བ་སྟེ། གང་གིས་ན། འདི་ཚོ་ནི་བོད་ཀྱི་གཞོན་སྐྱེས་ཡིག་རྨོངས་པའི་ཁྲོད་ཀྱི་མིག་ལྡན་རུ་ཁག་ཅིག་ཡིན་པ་ང་ཚོས་ཁས་ལེན་དགོས། ཡིན་ནའང༌། ཁོང་ཚོས་སྙན་ངག་ཙམ་རེ་འབྲི་བ་ལས། གཞན་གྱི་ཤེས་ཡོན་མེད་སོང་བ་འདིར་ལམ་སྟོན་གནང་མཁན་རེ་ཡོད་ན་ནི། ན་ཐོག་ལ་སྨན་རེད།
ཡང་མི་རབས་གསུམ་པའི་སྐོར་ལ་བསམ་ཚུལ་འདོན་མཁན་ཅིག་གིས། འདི་ཚོའི་ཚོགས་མིའི་ནང་ཕྱིར་སྡོད་བོད་མི་ཡང་ཡོད་སྐོར་བཀོད་ནས་ཧ་ལས་ལས་བྱས་འདུག དེ་ནི་འདི་འདྲ་རེད། ད་ལྟའི་ཆར་ཕྱིར་སྡོད་བོད་མིའི་སྤྱི་ཚོགས་ནང༌། ང་སྙན་ངག་པ་ཡིན་ཞེས་མགོ་གནམ་ལ་འཁྱེར་ནས་སྡོད་མཁན་ཁག་ཅིག་ཡོད་པ་འདི་ཚོར། བོད་ཡིག་འབྲི་ཀློག་རང་མགོ་ཐོན་པ་སོགས་ཀྱི་ཆ་ནས་མི་རབས་གསུམ་པའི་ནང་ཞུགས་པའི་ཆ་རྐྱེན་མང་པོ་ཞིག་ཚང་ནས་ཡོད་ཅིང༌། རྒྱུ་མཚན་འདིས། སྙན་ངག་དང་རྩོམ་རིག་པ་ཡིན་ཟེར་མཁན་གྱི་རྡ་སའི་གསར་ཐོན་པ་སྐོར་ཞིག་གིས། མི་རབས་གསུམ་པ་དང་ཆོས་གཏོར་ཚོགས་པའི་རྗེས་སུ་ཁྱི་ལྡོམ་དྲི་རྗེས་འདེད་འདེད་བྱེད་ཀྱི་ཡོད། འདི་འདྲ་ཡིན་སྟབས། ཕྱིར་སྡོད་བོད་མིའི་སྤྱི་ཚོགས་ནང་མི་རབས་གསུམ་པར་འཛའ་བའི་གཞོན་སྐྱེས་ཁག་ཅིག་ཡོད་པ་དང༌། དེ་ཚོའི་ནང་མི་རབས་གསུམ་པའི་ནང་དངོས་སུ་ཞུགས་ཡོད་མཁན་ཡང་ཡོད་པ་རེད། ངས་བལྟས་ན། མི་རབས་གསུམ་པ་ནི་རང་ཉིད་ལ་མཁས་པའི་མིང་བརྩོན་ལེན་བྱེད་པའི་སེམས་ཁམས་དང་ཧམ་པ་ཡོད་མཁན་ཚོའི་འདུ་ར་ཞིག་དང༌། སྨྱོ་རྟགས་བསྟན་ནས་རང་ཉིད་སྤྱི་ཚོགས་ལ་ངོ་སྤྲོད་བྱེད་པའི་ཁྲོམ་ར་ཞིག ཡང་ན་ནི། ཤེས་ཡོན་གྱིས་ཡོངས་སུ་ཕོངས་པའི་གསར་ཐོན་པའི་རུ་དཔུང་ཞིག་ལས་གཞན་གང་ཡང་མ་རེད་ཅེས་སྡོམ་ཚིག་སྟབས་བདེ་པོ་ཞིག་གིས་ཁོང་ཚོར་དམའ་ཕབ་པ་ཡིན་ན། དེ་ནི་གནས་ལུགས་དང་མཐུན་པ་ཞིག་མ་རེད། མི་རབས་གསུམ་པར་ལྟ་སྟངས་ཧ་ཅང་དམའ་པོ་འཛིན་མཁན་ཞིག་ལ་སྐད་ཆ་དྲིས་པར། ཁོང་གིས་ནི། ང་ཚོས་མི་རབས་གསུམ་པར་དམའ་འབེབས་འདོད་ནས་ལྟ་སྟངས་ཡག་པོ་མ་བཟུང་བ་དང་སྡུག་རིགས་ངན་ཚད་བཤད་པ་ནི་མ་ཡིན་པར། ཁོང་ཚོའི་འདོད་རྔམ་དང་ཁོང་ཚོའི་རྐང་རྗེས་ན་འདི་ཙམ་ལས་གཞན་གང་ཡང་གསལ་མི་འདུག རེ་བ་གཅིག་རྒྱག་ས་ཡོད་པ་ནི། ཁོང་ཚོས་སྐད་ཡིག་གི་འགྲོ་སྟངས་རགས་རིམ་ཙམ་མམ་རང་ཉིད་ལ་དཔག་པས་ཡག་པོ་ཤེས་ཡོད་པའི་རྨང་གཞི་འདིའི་སྟེང་ནས། ཤེས་ཡོན་ཞིག་སྦྱངས་ན་མ་གཏོགས་སྙན་ངག་ཐན་ཐུན་རེ་བྲིས་པས་སྤྱི་ཚོགས་ཀྱི་གདེངས་འཇོག་ཉོ་ཐུབ་ཀྱི་མ་རེད། དེ་ལས་ཚང་མས་ལོ་ན་གཞོན་ཐོག་འདིར་ཤེས་ཡོན་སློབ་སྦྱོང་ལ་འབུངས་ནས་ཤེས་ཡོན་པའི་སྡེ་གྲལ་དུ་ཚུད་པ་ཞིག་གནང་ན་ཡག་པོ་ཡོད་པ་རེད་ཟེར།
ཚེ་རྣམ་ལགས། ཁྱེད་ཀྱིས་མི་རབས་གསུམ་པར་སྒྲོ་སྐུར་བསྙོན་འཛུགས་བྱས་པ་དེ་ཅུང་ཐལ་དྲགས་འདུག ཆོས་གཏོར་ཚོགས་པ་སོགས་དོན་དངོས་ལས་བརྒལ་བའི་སྐྱོན་བརྗོད་བྱེད་པ་དེ་མི་ལེགས། སྤྱིར་བཏང་རང་རེའི་སྤྱི་ཚོགས་ལ་དཀར་པོ་དེ་དཀར་རྐྱང་དང་ནག་པོ་དེ་ནག་རྐྱང་ཞིག་ཏུ་བརྩི་བ་སྟེ་ཕྱོགས་མཐར་ལྷུང་བའི་གོམས་གཤིས་མ་རུང་བ་ཞིག་ཡོད། སངས་རྒྱས་ཀྱི་བསྟན་པ་ནི་ལྷ་དང་བཅས་པ་བདུད་དང་བཅས་པ་སུས་ཀྱང་འཇིག་པར་མི་ནུས་ཀྱི་ང་མིན་ང་དང་འདྲ་བ་བདུད་སྡིག་ཅན་དགེ་སྦྱོང་གི་གཟུགས་བརྙན་འཆངས་བ་དག་གིས་འཇིག་ཚུལ་སྟོན་པ་སངས་རྒྱས་རང་གིས་ཞལ་གྱིས་བཞེས་པ་ལས་མི་རབས་གསུམ་པ་ལྟ་བུ་ཞིག་གིས་འཇིག་པར་གསུངས་མི་འདུག ངས་ཧ་ལས་ལས་ཀྱིས་ཕྱིར་སྡོད་བོད་མི་ཡོད་ཚུལ་བཀོད་པ་ལ་རྒྱུ་མཚན་ཡོད་དེ་ད་བར་དུ་ཕྱི་ནང་བོད་མི་མཉམ་སྦྲེལ་གྱིས་བཙུགས་པའི་ཤེས་ཡོན་ཅན་དང་རིག་གནས་དར་སྤེལ་གྱི་ཚོགས་པ་གཞན་སུ་འདུག་ཁྱོད་ཀྱིས་སྟོན་དང༌། སྙན་ངག་པ་ཤེས་ཡོན་ཅན་ལོས་ཡིན་ཏེ་དབྱུག་པ་ཅན་གྱིས། སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མི། །མཁས་པའི་འདུན་ས་དག་ཏུ་འདུག་ལ་དབང༌། །ཞེས་གསུངས་མི་འདུག་གམ། སྙན་ངག་ཤེས་ཡོན་མིན་ན་སྙན་ངག་རིག་པའི་གནས་བཅུའི་ཡ་གྱལ་དུ་ཅིའི་ཕྱིར་བགྲངས་པ་རེད། མི་རབས་གསུམ་པ་ལ་ཤེས་ཡོན་གྱི་རྨང་གཞི་མེད་ཟེར་བ་དང་ཁོང་ཚོས་བོད་ཡིག་གི་ཚིག་གྲུབ་བཟོ་ཤེས་ཟེར་བ་གཉིས་ནང་འགལ་ཡིན་ཏེ། མཁས་པའི་གསུངས་ལས། འབྲི་ྋཐྲྤཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། ཞེས་པ་དེ་མི་དྲན་ནམ། བོད་ཕྱི་ནང་གཉིས་ཀྱི་ན་གཞོན་ཤེས་ཡོན་ཅན་རྣམས་ནང་བསམ་བློའི་འདུན་པ་གཅིག་ཏུ་གཞོལ་ནས་མི་རིགས་ཀྱི་མདུན་ལམ་ལ་བསམ་གཞིག་བྱེད་པ་དེ་ནི་མི་རིགས་ཀྱི་སྒྲོམ་གཞི་གཅིག་གྱུར་ཡོང་བའི་སྔ་ལྟས་བཟང་པོ་ཞིག་ཡིན་པས་ཆོས་འཇིག་རྟེན་གྱི་སྲོལ་རྒྱུན་གང་ལ་ཕོག་ཐུག་སོང་ཡང་ང་ལ་ནི་འགྱོད་པ་སྤུ་ཙམ་ཡང་མེད་དོ། །
ངས་མི་རབས་གསུམ་པའི་སྐོར་དེ་རིན་པོ་ཆེ་ཚང་ལ་ཅིག་ཞུས་པ་ཡིན། ཁོང་གིས་གསུངས་ན། མི་རབས་གསུམ་པ་ཟེར་བ་འདི་བཙན་དང་གཉན་གྱི་སྐྱེ་བ་རྐྱང་རྐྱང་རེད་ཟེར། དེར་མ་ཟད། བོད་ཀྱི་ལོ་རྒྱུས་ནང་ངན་གསོད་ཐེབས་པའི་མི་སྣ་གྲགས་ཆེན་དེ་འདྲའང་ཁོ་ཚོའི་ནང་སྐྱེས་འདུག་ཟེར། བློན་ཆེན་པོ་སྦས་སྟག་སྣའང་ཁོ་ཚོའི་ཁྲོད་སླེབས་འདུག་ཟེར། ད་རུང་འབྲུག་པ་ཀུན་ལེགས་ཀྱང་འདུག་ཟེར།
སྔོན་ཞིག་ལ་བོད་ནང་འཁོད་པའི་ལྷ་མི་གཉན་བཙན་འདྲེ་སོགས་མང་པོ་ཞིག་ཐབ་གཅིག་ཏུ་འཛོམས་ནས་སྨོན་ལམ་གཅིག་ཏུ་བཏབ་པ་དེ་ད་ལྟ་སྨོན་ལམ་དུས་སུ་ཐེབས་པ་རེད་ཟེར། ད་ཁོང་ཚོའི་དཔུང་དེ་ཇེ་མཐུག་ནས་ཇེ་མཐུག་འགྲོ་གི་རེད་ཟེར།
ད་རིག་གནས་གསར་བརྗེ་གཉིས་པ་ཞིག་ཡོང་གི་རེད་ཟེར། ད་ཐེངས་ཀྱི་རིག་གནས་གསར་བརྗེ་དེ་སྔོན་མ་ལྟར་འཐབ་རྩོད་འཁྲུག་ལོང་དང་གཏོར་བཅོམ་བྱེད་གི་མ་རེད་ཟེར། ད་ཐེངས་ཀྱི་རིག་གནས་གསར་བརྗེ་དེ་ཁོང་ཚོའི་སྙུ་གུ་ལ་བརྟེན་ནས་བྱེད་ཀྱི་རེད་ཟེར། ཁོང་ཚོའི་སྙུ་གུ་ལ་བརྟེན་ནས་བོད་མི་རེ་རེའི་སྙིང་དང་ཀླད་པ་གཤགས་བཅོས་བྱེད་གི་རེད་ཟེར། བོད་མིའི་རང་དབང་ཡང་ཁོང་ཚོའི་ལེན་གི་རེད་ཟེར། ཁྲིམས་གཏུགས་དང་སྙུ་གུ་ལ་བརྟེན་ནས་ལེན་གི་རེ་ཟེར།
གལ་སྲིད་ཁོང་ཚོ་ལས་སུ་གང་ཞིག་ང་ཚོའི་དྲ་ཁང་འདིར་ཕེབས་པ་ཡིན་ན། ང་ནི་འཕྱི་བ་ཁུང་བུར་འཛུལ་གྱི་ཡིན། ང་ལ་གང་ཡང་ལབ་རྒྱུ་མེད། ལབ་ཡང་མི་ཐུབ།
མཐའ་མཇུག་ཏུ་གཅིག་རང་གཅིག་ལབ་རྒྱུ་ཡོད་པ་ནི། ང་ཚོས་ནམ་ཡིན་ན་ཡང་མི་རབས་རྗེས་མ་རྣམས་གཉའ་གོང་དུ་མཐོ་རུ་འདེགས་དགོས་འོས་སུ་མཐོང་།
མི་རབས་གསུམ་པ་ཚོ་ཡག་པོ་འདུག ཁོང་ཚོ་རང་གི་ཡུལ་ལ་བསྡད་ནས་གང་ཐུབ་ཀྱིས་མི་རིགས་འདིའི་ཟུར་གཅིག་འདེགས་གང་ཐུབ་བྱེད་ཀྱི་ཡོད་པའི་འཚོར་སྣང་སྤྲད་ཀྱི་འདུག ཁོང་ཚོའི་བརྗོད་བྱ་རེ་གཉིས་ནང་མི་རིགས་འདིའི་ལས་དབང་བསྟོན་ནས་དེར་ཚང་མའི་སེམས་འཁུར་ཡོང་ཐབས་བྱེད་ཀྱི་འདུག
ཁོང་ཚོ་མུ་མཐུད་རང་ཡུལ་ལ་གནས་ཐུབ་རྒྱུ་དེ་གལ་ཆེ་ཤོས་རེད། ང་ཚོས་བོད་ཕྲུག་དེ་ཚོར་བཙན་བྱོལ་ལ་འགྲོ་རྒྱུ་དེ་མདུན་ལམ་ཞིག་ཏུ་མཐོང་བ་དེ་འགོག་ཐབས་བྱ་དགོས།
ངོ་མ་རིག་པ་གསལ་བོ་དང་རུས་པ་མཁྲེགས་པོ་ཞིག་ཡོད་དུས་སྟབས་ཡག་སོང་བ་རེད། ལོ་ཆུང་ཆུང་དག་ཡིན་ཚེ་ཡར་སྐྱེད་ཡོད་པ་བཤད་ཅི་དགོས།བློ་འདོན་དང་ལམ་སྟོན་ཡོད་ན་འབེལ་འབེལ་ལྷུག་ལྷུག་གིས་ཡོང་རོགས། དོན་མེད་སྡིག་གི་མ་བསྡད་ན་ཡག་གི་རེད། མ་གཞི་ནས་ཁོང་ཚོའི་སེམས་ཁོང་གི་བརྗོད་གཞི་རྒྱ་ཆེ་ཞིང་སྨྲ་བརྗོད་རང་དབང་ལ་ཚད་བཀག་ཡོད་པ་རེད། ཅི་ཁག ཁོང་ཚོའི་ཁ་ཚོད་ན་ཚོད་རྒྱ་ནག་གི་བྱིས་པ་དེ་དག་ལ་ཅིག་ལྟོས་དང་། ཏང་ཕྲུག་དེ་ཚོ། གུང་ཁྲན་ཏང་གི་དར་ཆའི་འོག་ན། རྣ་བཀབ་ཅིང་མིག་བཙུམ་ནས་ཅིག་བཤད་གི་འདུག རྒྱ་ཞེན་ཞིག་གིས་ངར་བསྡད་འདུག་ག
ངས་བསམ་ན་མི་རབས་གསུམ་པ་ཟེར་བའང་མི་རིགས་ཀྱི་དཔའ་སྐད་གདངས་སུ་གྱེར་བའི་ན་གཞོན་གླུ་བ་རྐྱང་རེད་ལ། ཁོང་ཚོར་ཡང་རང་གི་ན་ཚོད་དང་བསྟུན་པའི་རིན་ཐང་ཚད་གཞི་ཞིག་ཅེས་ཀྱང་ཡོད་རེད་བསམ་གི་ འོན་ཀྱང༌། མི་རབས་གསུམ་པའི་བསྒྲགས་གཏམ་སྤེལ་བ་ནས་སྐྱོན་དང་ཡོན་ཏན་གཉིས་ལས་སྐྱོན་འཚོལ་མཁན་གྱི་ཁ་དང་མིག་འཚང་ཁ་འཐེབས་འདུག་པས་ཅི་ཞིག་བསྟན་ནམ། གལ་སྲིད་ཁྱེད་རང་མི་རབས་གསུམ་པ་ལས་ལོ་རྒན་པ་དང་བློ་རིག་པའང་རྒས་ཡོད་ཚོད་ཡིན་ཚེ། ཁོང་ཚོ་ཡར་བསྐྱེད་ཀྱི་ཁ་ཏ་བསླབ་བྱ་རེ་བསྩལ་ན་ཕན་ཐོགས་ཆེ་ཞེས་བརྗོད་པ་ལགས།
མཆན
ངས་ཉུང་མཐར་བོད་ཀྱི་རྒྱལ་རབས་སོ་ལྔ་བར་བརྩི་ཤེས། འོན་ཀྱང་བོད་ཀྱི་མི་རབས་གསུམ་པ་ལས་སླེབས་མེད་པ་ད་བར་ཧ་གོ་མེད། མི་རབས་གསུམ་པ་ཟེར་བར་མིང་ཁོ་ན་ལས་ངོ་ཚ་དང་གུས་ཞབས་མི་མཁོ་ན་ཨ་མར་ཉིན་མོ་ཁྲོམ་ནས་འཛག་པ་ཡིན་ན། འཛམ་གླིང་ཐོག་དེ་འདྲ་བྱེད་མཁན་གྱི་བོད་མི་དང་པོའི་མིང་ཐོབ་ངེས་རེད། གཅེར་བུར་བུད་པ་དང་མཇེ་རྩོམ་བྲིས་པ་ནི་དོན་དག་དཀྱུས་མ་ཞིག་རེད། མ་གཞི་ཡ་རབས་དང་གཉོམ་ཆུང་གིས་འཚོ་བའི་བོད་མི་ཚོའི་སེམས་ཁམས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་ཚང་མར་ཕོག་ཐུག་དང་བརྙས་བཅོས་ག་ཚོད་བྱས་ཀྱང་ལན་མི་སློག་པས་འཛེམ་ཟོན་བྱེད་མི་དགོས། འོན་ཀྱང་རྒྱ་མི་གུང་བྲན་གྱི་ཁྲིམས་ཡག་པོ་མེད་སྐོར་འབྲི་མི་ཐུབ་པ་ཡག་པོ་རེད། མ་གཞི་བྱིས་པ་ཕ་མར་རྒོལ་རྒྱུར་མི་སྐྲགས་ཀྱང་དགྲ་བོ་སྐྲགས་པ་རེད། ངའི་མཇེ་ཡང་མཇེའི་རྩོམ་པ་པོར་སྟོན་འདོད་ཀྱང་ཐག་རང་ནས་རྩེབས་མ་སོང་། གཤམ་གྱི་ཁ་བྱང་ནང་ཁྱེད་རང་གི་མཇེ་ལས་ཆེ་བ་ཡོད་ཀྱང་ཁྱེད་ཀྱི་མཇེ་རྩོམ་གོང་སྤེལ་ལ་ཕན་སྲིད། Full free porn vidoes & DVDs གཟིགས་རོགས།
སྟག་སྨྱོན་ལ།
འཛམ་གླིང་ཐོག་བོད་མི་དང་པོའི་མིང་ཇི་ལྟར་བྱས་ན་ཐོབ་པར་ཁྱེད་རང་ནས་བསམ་བློ་མང་པོ་བཏང་འདུག་པས། ངས་བལྟས་ན། མིང་དེ་ཐོབ་པར་མི་རབས་གསུམ་པ་བ་དང་ཁྱེད་ཚོའི་བར་འགྲན་བསྡུར་བྱས་ན་ཕལ་ཆེར་ཁྱེད་རང་ལ་ཐོབ་གི་རེད་སྙམ། སྟག་མ་མྱོས་ནའང་ཨ་མར་འཛགས་གི་རེད། མི་མྱོས་པ་ཡིན་ན་ཡང་ཨ་མར་འཛགས་གི་མ་རེད།
ད་བར་འཛམ་གླིང་ནང་མིང་ཁོ་ནའི་ཆེད་དུ་བྲིས་པའི་སྙན་ངག་པ་ཞིག་བྱུང་མྱོང་མེད་ཅེས་ངས་བརྗོད་ཐུབ། གལ་སྲིད་མིང་ཁོ་ནའི་ཆེད་དུ་བྲིས་པའི་སྙན་ངག་ཅིག་ཡོད་ན་དེ་ནི་སྙན་ངག་མིན་པ་རེད། དེ་སྙན་ངག་གི་གྲས་སུ་མི་ཚུད།
མགོན་པོ་ཕྱག་གཉིས་པ་ཞབས་གཉིས་དང་།།
བོད་ཀྱི་རྩོམ་པ་པོ་ལ་ཡ་རབས་སེམས།།
སྔོན་མེད་པ་ཡང་ད་ལྟ་སྐྱེས་གྱུར་ཅིག།
ནང་རེ་དགོང་རེ་བོད་དོན་མཛད་པར་ཤོག།
དམར་པོའི་དམག་གིས་བོད་མིའི་ལུས་སྲོག་བཅོམ།།
བོད་ཕྲུག་རེ་འགས་བོད་མིའི་སྲོལ་ལ་རྒོལ།།
ནུབ་ཕྱོགས་མི་ཡིས་བོད་དོན་ཚོང་ལ་སྤྱོད།།
ཁ་བ་ཅན་གྱི་ལས་འདི་སེམས་ལ་ལྕི།།
གཞུང་གིས་མི་གཅེས་བུ་ཚས་མི་གུས་ཤིང་།།
ལག་ན་མཚོན་མེད་རྒྱབ་དཔུང་མེད་པའི།།
གོ་ལའི་དབུ་རྩེའི་མི་རིགས་གཉོམ་ཆུང་འདིས།།
མཐོང་ཐོས་མྱོང་བ་ཡོངས་སུ་མནར་གཅོད་ཉིད།།
སེམས་ཁོངས་དད་པ་རྩ་བའི་བླ་མར་འཐིམ།།
བླ་མ་བཟང་པོ་རྒྱ་ཡིས་ས་མཐར་སྤྱུགས།།
ཡིད་ཀྱི་སྨོན་མདུན་ཡོད་ཚད་བུ་བཅོལ།།
ཀླད་གསར་བུ་འགའ་རྒྱ་ཡི་སྲོལ་ལ་དུང།།
ཤི་བའི་རྗེས་སུ་ཡོན་ཏན་མང་བརྗོད་པ།།
བོད་ཀྱི་མཁས་པའི་ཁྲོད་དུ་དར་སྲོལ་ཆེ།།
དགེ་ཆོས་དབང་བོའི་ཞབས་རྗེས་རེ་རེ་ཡི།།
མཚོན་བཀྲའི་པར་རིས་བརྙེད་ཀྱང་འཕྱི་བའོ།།
…………….