འཇམ་གཅེས།
བོད་ཀྱི་གཏམ་དཔེར། གྲི་ངན་ལག་པའི་ཐོག་ཏུ་རྣོ།།ཁྱི་ངན་བདག་པོའི་ཐོག་ཏུ་ངར་ཟེར་སྲོལ་ཡོད་པ་བཞིན། ་རང་རེའི་བོད་པའི་སྤྱི་ཚོགས་ནང་དུའང་དཔེ་དེ་དང་མཚུངས་པའི་མི་བུ་ཁག་གཅིག་ཡོད། ལྷག་པར་དུ་ཡང་ངོ་བོ་དང་། རྣམ་པ། ཐབས་དང་སྒོ་སྣ་ཚོགས་པར་གོ་སྐབས་འཇུས་ཏེ་ནང་ཁུལ་དུ་ངར་ངར་རྒོད་རྒོད་དང་། ཁ་ལྕེ་བདེ་མདོག ལ་རྒྱ་ཆེ་མདོག སྤྱི་སེམས་ཡོད་མདོག་སོགས་མདོར་ན་མདོག་སྣ་ཚོགས་པའི་སྒོ་ནས་ཡོད་ཚད་ཁ་སྟོང་ཚིག་སྟོང་གྱི་ལམ་ནས་སྙུག་གུའི་རྩེ་མོར་ནང་ཁུལ་ཁོ་ནར་གཡུག་པ་ཙམ་ལས། དེ་མིན་བོད་མིའི་རྩ་དོན་ལ་ཕན་པའི་རྒྱལ་སྤྱིའི་གླེང་སྟེགས་ཁག་གམ་ཡང་ན་སྤྱི་སྒེར་ཚོགས་པ་ཁག དེ་བཞིན་ཕ་རོལ་དགྲ་བོ་སོགས་ལ་ཁ་ཕྱོགས་ནས་ཡིག་གེ་ན་གཅིག་བྲིས་མྱོང་མེད་པ་དང་། ཕྱོགས་གཞན་ཞིག་ནས་བསམ་ན། དེ་ལྟར་འབྲི་ནུས་པའི་རྣམ་དཔྱོད་དང་ཤེས་ཡོན་སོགས་ཀྱིས་ཀྱང་ཕོངས་སོ་བ་ལོས་ཡིན།
གཞིས་སུ་བཞུགས་པའི་རང་རིགས་ལྷག་བསམ་ཅན་དང་སྙིང་སྟོབས་ཅན་ཚོས་དཀའ་སྡུག་ནི་དམྱལ་བ་མི་ཡུལ་དུ་འཕོས་པ་ནང་བཞིན་ཡིན་པར་ལོང་བས་ལྟས་ཀྱང་རྒྱལ་ཁམས་རེད་མོད། གོང་གསལ་མི་བུ་དག་གིས་ནི་ཁོང་ཚོའི་བདེ་སྡུག་གི་དོན་དུ་ཉིན་གཅིག་ལའང་བསམ་ཤེས་བྱས་མྱོང་མེད་པ་ཡང་མངོན་སུམ་ཚད་གྲུབ་དུ་གྱུར་ཡོད་ཅེས་བཤད་ན་ཡང་ཧམ་བཤད་ནམ་ཡང་འགྱུར་མི་སྲིད་ལ། ད་དུང་ནང་ཁུལ་དུ་གཞིར་མེད་སྐྱོན་བརྗོད་དང་། དཀྲུག་ཤིང་སློང་གང་ཐུབ། ཆོལ་ཁ་དང་ཆོས་རྒྱུད་ཀྱི་ནད་རྙིང་གདོན་རོས་རྐྱེན་པའི་གནས་ལུགས་ཡོད་མེད་ཆ་ཚང་ལོག་ལམ་དུ་འགྲེལ་ཅི་ནུས།
གཞན་ལ་གཅིག་མ་འགྲིག གཉིས་མ་འགྲིག་ཟེར་ཞོར་དོན་དངོས་སོ་སོའི་གནས་བབ་དང་། ཀུན་སྤྱོད་ཙམ་ཡང་ངོས་འཛིན་མི་ནུས་ཤིང་ད་དུང་མི་རིགས་ཀྱི་ལ་རྒྱལ་ཁ་གཡང་སྒྲོག་བཞིན་པའི་མི་ངན་རང་སྣང་ཅན་གང་མང་ཡོད། མི་བུ་དེ་ཚོས་དུས་ཀུན་ཏུ་འུད་ཤོབ་དང་། འགན་ཁུར་གང་ཡང་མེད་པའི་སྒོ་ནས་འོ་མའི་རྒྱ་མཚོའི་ནང་དུ་ཁྲག་གི་ཐིགས་པའི་དཔེ་ཙམ་ལས་བསྟན་སྲིད་སྤྱི་ལ་ཕན་པའི་བྱ་ཞིག་སྒྲུབ་རྒྱུ་ནི་རྨི་ལམ་གྱི་ཡུལ་དུའང་ཡོད་མ་མྱོང་བ་དང་མེད་པ་ནི་ཁོང་ཚོས་བྱ་སྤྱོད་ལས་ཤེས་པར་ནུས།།
གོང་གསལ་བཞིན། མི་ངན་འདི་དག་གིས་དཔའ་གཏམ་དང་དཔུང་པ་འཕུར་སར་ནང་ཁུལ་དུ་རེད་ལ། ལྷག་པར་དུ་ཡང་བོད་མིའི་བསམ་པའི་གཙོ་འཛིན་༸གོང་ས་ཡིད་བཞིན་ནོར་བུ་མཆོག་ཉིད་དགུང་ལོ་བཅུ་དྲུག་ཙམ་གྱི་ན་ཚོད་དུས་ནས་རྩལ་ཧྲལ་ཅན་དུ་གྱུར་ཟིན་པའི་བོད་མིའི་ཆབ་སྲིད་དེ་བཞིན་ལོ་རྒྱུས་ལ་ཁ་གཡར་ཏེ་ཁོང་ལ་བརྩིས་སྤྲོད་ཞུས་པའི་རྗེས་སུ་༸མགོན་པོ་གང་ཉིད་ནས་ཀྱང་ཆོས་ལུགས་དང་། མི་རིགས་ནང་ཁུལ་མཐུན་ལམ། གུ་ཡངས་ཀྱི་སྲིད་ཇུས་གཏན་འབེབས། རྒྱ་བོད་ཞི་འགྲིགས་ཀྱི་ཐབས་ལམ་སོགས། མདོར་ན་དེང་དུས་མཐོ་སྒང་འཛམ་གླིང་འདིིའི་ཐོག་གི་ཆབ་སྲིད་པ་མཁས་ཅན་དང་། ཉམ་ཞིབ་པ་སོགས། གཟུར་གནས་སྐྱེ་བོ་དག་གིས་སྐབས་དེའི་དུས་སུ་བོད་མིའི་ཆབ་སྲིད་གནས་སྟངས་དང་། རྒྱ་གཞུང་གིས་བྱ་སྤྱོད། རྒྱལ་སྤྱིའི་ནང་དུ་བོད་མའི་གནས་སྟངས་སོགས་གང་ལ་གཞིགས་ཀྱང་། སྐུ་ན་ཧ་ཅང་གཞོན་པའི་༸གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་དབུ་ཁྲིད་གནང་སྟངས་དེ་ལས་ལྷག་པར་ཞིག་སུ་ལའང་མེད་པར་ངོས་འཛིན་བྱེད་ཀྱིན་ཡོད།
ཡིན་ན་ཡང་རྒྱ་དམར་གྱི་མཁྲེགས་འཛིན་དང་ཧམ་བཤད་ཁོ་ན་ལས་ཕན་ཚུན་མཐུན་འཇུག་གི་བྱ་བ་ལས་ལྡོག་སྟེ་དཔུང་དང་སྟོབས་ཀྱིས་ལམ་ནས་ནས་བོད་ས་ཡོངས་རྫོགས་བཙན་གནོན་བགྱིས་མཐར་༸མགོན་པོ་གང་ཉིད་ཀྱང་༡༩༥༩ ལོའི་ཟླ་༣ ཚེས་༡༦ གི་མཚན་མོར་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་ལ། བཙན་བྱོལ་དུ་ཕེབས་འབྱོར་གྲུབ་སྟེ་རིང་པོ་མ་སོང་བར་སྤྱི་ལོ་༡༩༦༠ལོ་ནས་མ་འོངས་བོད་མིའི་རྩ་དོན་ལ་དམིགས་ནས་མ་སོ་རི་སློབ་གྲྭ་གསར་འཛུགས་ནས་རིམ་བཞིན་དགོན་སྡེ་དང་། བཟོ་གྲྭ་སོགས་ཀྱི་མཚོན་པའི་གོམ་པ་རིམ་སྤོ་མཛད་ནས་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུག་མ་ལག་བཅས་པར་ཡོངས་སུ་གྲུབ་ཡོད་པ་འདི་ཡང་༸མགོན་པོ་གང་ཉིད་ཀྱིས་ཐུགས་བསྐྱེད་ཁོ་ན་ལས་བྱུང་བ་ཡིན་པའང་མངོན་སུམ་ལ་བསྙོན་དུ་མི་ནུས་པ་གྱུར་ཡོད། །
དེ་ལྟར་བུའི་བཀའ་དྲིན་གྱིས་ལམ་བསྟོན་དང་གསར་གཏོད། ལམ་ལུགས་སོགས་གང་ཅིའི་ནས་བོད་མིའི་ཆེ་དགུ་སུས་ཀྱང་འགྲ་ཟླ་བྲལ་བའི་མཛད་རྗེས་ལ་བཀའ་དྲིན་ལོག་མཇལ་གྱི་སྤྱོད་ངན་འདི་དག་ནི་ལྷ་ཆོས་མི་ཆོས་གང་ཐད་ནས་མཛུབ་མོ་བཙུགས་ཡུལ་གང་ཡང་མེད པ་དེ་ནི་གོང་གསལ་མི་ངན་དག་གིས་བྱ་སྤྱོད་ཡིན་ལ། རང་ཚུགས་བྲལ་བའི་རི་བོང་བཅལ་རྗེས་འབྲངས་མཁན་དག་གི་རང་གཤིས་ཀྱང་ཡིན། །
གལ་སྲིད་ཁོང་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཞིག་མེད་པ་ཡིན་ཚེ། ད་ལྟ་བོད་མིའི་སྒྲིག་འཛུགས་འདི་ལྟ་བུ་ཞིག་མི་དགོས་བོད་མིའི་མི་ཚང་སྒེར་པ་གཅིག་ཡང་རྒྱལ་གར་དུ་གནས་བཅའ་ས་མེད་པ་དེ་ཡང་བོད་དུ་ཟིང་འཕྲུག་མ་བྱུང་པའི་ཡར་སྔོན་དུ་ཀ་ལིན་པུར་དང་། སྒང་ཏོག་སོགས་སུ་ཚང་ལས་གཉེར་བཞིན་པའི་བོད་རིགས་མི་ཉུང་བ་ཞིག་ལོ་ངོ་ཧ་ཅང་མང་པོའི་རིང་དུ་གནས་ཡོད་པ་དེ་དག་ཡོངས་རྫོགས་ཀྱི་མཐོང་ཆེན་ཡང་རྒྱ་བོད་ཟིང་འཕྲུག་བྱུང་བའི་སྐབས་སུ་ཕྱི་བསྡུར་བྱས་ནས་བོད་དུ་ཕྱི་འབུད་གཏང་རྒྱུའི་སྟ་གོན་དངོས་སུ་བྱས་ཟིན་པ་དང་༸གོང་ས་མཆོག་འབྲས་ལྗོངས་ས་གནས་སུ་བཙན་བྱོལ་དུ་ཕེབས་འབྱོར་གྲུབ་པ་དང་དུས་མཉམ་དུ་ཁེལ། དེ་ནས་སྲིད་བློན་ནེའུ་རི་ལ་གནས་ཚུལ་ཡར་ཞུ་བགྱིས་འབྲས་༸མགོན་པོ་གང་ཉིད་དང་། གང་ཉིད་ཀྱི་རྗེས་འབྲངས་མི་མང་རྣམས་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་རྒྱ་གར་གཞུང་གིས་མཐུན་འགྱུར་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད།།
ང་ཚོས་བྱུང་རིམ་དང་ཡང་ན་རྒྱུད་རིམ་དེ་དག་ལ་ཕྱི་མིག་རེ་དང་། ཕྱི་མིག་རེའི་རྗེས་སུ་རང་སེམས་རྣལ་དུ་ཕབས། ལས་འབྲས་དཔང་དུ་འཇོག་ནས་བསམ་གཞིགས་རེ་བྱེད་ནུས་ཚེ་གཞི་ནས་ལོག་ལམ་དུ་གྱར་དགོས་པའི་གནས་སྟངས་དེ་ཡང་། ཞེན་ལྟས་རློམས་པ་དང་། རང་རྟུག་གསེར་རུ་འཛིན་པའི་ནོངས་པ་དེ་ཡང་རྟོགས་སྲིད། །
༸མགོན་པོ་གང་ཉིད་ཀྱིས་ལོ་མང་རིང་དུ་བཙན་བྱོལ་བོད་མིའི་དབུ་ཁྲིད་གནང་བའི་ཉམ་མྱོང་དང་། རྒྱལ་སྤྱིའི་གནས་སྟངས། བོད་དང་རྒྱ་ནག་གི་འདས་མ་ད་གསུམ་གྱི་གནས་སྟངས་སོགས་གང་གི་ཐད་ནས་ཁོང་ལས་ལྷག་པའི་ཉམ་མྱོང་དང་མཁྱེན་དཔྱོད་ལྡན་པའི་སྐྱེ་བོ་ནི་བོད་རིགས་ཙམ་དུ་མ་ཟད། རྒྱ་ནག་གཙོས་འཛམ་གླིང་ས་སྒང་འདི་ན་མེད་ཅེས་སྐད་སང་མཐོན་པོའི་སྒོ་ནས་བཤད་པར་ཐེ་ཚོམ་དང་ནེམ་ནུར་གང་ཡང་མི་དགོས་པ་ཡིན་ལ། འོན་ཀྱང་གོང་གསལ་མི་བུ་དེ་དག་གི་ནང་ནས་རེ་འགས་ཐབས་ལམ་སྤྱོད་སྟངས་ཤིག་ལ་སློབ་དཔོན་ཆེན་མོ་སྟེ་ངེས་པར་དོན་གྱི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཟུར་ཟ་དང་བསྐུར་འདེབས་དངོས་སུ་བྱེད་ཀྱིན་ཡོད་ལ། དེའི་ཤུགས་ཀྱི་༸གོང་ས་མཆོག་ལ་གོ་རྒྱུ་རེ་ཡོང་ཐབས་བྱེད་ཀྱིན་ཡོད།
ཁོང་ཚོས་དེ་ལྟར་དགོས་དོན་ནི་༸གོང་ས་མཆོག་གི་མཚན་དངོས་སུ་སྨྲོས་ཚེ་རང་ཉིད་སྤྱི་ཚོགས་ནང་ནས་མིང་ཆད་ཡོང་བར་འཇིགས་སྣང་སྐྱེས་ཀྱིན་ཡོད་ལ། ཟམ་གདོང་རིན་པོ་ཆེས་མཛད་རྗེས་ནི་༸མགོན་པོ་གང་ཉིད་ཀྱི་བཀའ་དགོང་དང་མཐུན་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་བཤད་ན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ནི་༸གོང་ས་མཆོག་གི་དགོང་པ་ཇི་ལྟ་བ་བཞིན་ལག་ལེན་བལྟ་ནུས་མཁན་ནི་ཟམ་གདོང་རིན་པོ་ཆེ་ལས་ལྷག་པར་ཞིག་དེ་སྔར་བྱུང་མ་མྱོང་ལ་ཕྱིས་སུ་ཡང་འབྱུང་ཁག་པོ་ཡིན་པས་ཁོང་ལ་ངན་སྨྲས་དང་སྒྲོ་བསྐུར་ནུས་ན་དེའི་ཤུག་ཏུ་༸གོང་ས་མཆོག་ལ་གོ་འགྲོ་བ་ནི་ཆོས་ཉིད་ལྟ་བུར་གྱུར་ཡོད་པས་ལོས་ཡིན།།
དེ་སྔར་ད་བར་དུ་མདོ་དབུས་ཁམས་གསུམ་གྱི་མི་སྣ་ལས་གྲུབ་པའི་ཚོགས་པ་སྒྲིག་འཛུགས་བཅས་མྱོང་ལ། སྒེར་སོ་སོ་དང་ཡང་ན་གཞུང་ཞབས་པ་སོགས། མདོར་ན་ངོ་བོ་དང་རྣམ་པ། ཐབས་ལམ་གང་ཞིག་གི་ལམ་ནས་སྤྱི་པའི་རྩ་དོན་ལ་ཞབས་ཞུ་བསྒྲུབས་མྱོང་བའི་མི་བུ་ཡང་ཉུང་ཉུང་མིན་རུང། ཕལ་མོ་ཆེ་ཞིག་ནི་ཆོལ་ཁ་དང་། ཆོས་ལུགས། མཐར་ན་ལྐོག་ཟ་རུལ་སུང་ཀྱི་གནས་སྟངས་ཡང་ཉུང་ཉུང་མིན་པའི་དེ་དག་རེ་རེ་བཞིན་གསལ་བཤད་ག་ལ་དགོས། །
ད་དུང་ཡ་མཚན་པའི་གནས་སྟངས་ཤིག་ལ། རང་བཙན་དོན་གཉེར་བ་ཁས་ཆེ་བའི་འཇམ་ནོར་ལ་མཚོན་ན་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བཞིན་པའི་དུས་སུ་ཁོ་པས་ཆོས་སྲིད་སོ་སོར་དགོས་པའི་ཐབས་ལམ་བཙལ་ནས་ངན་སྨྲས་དང་། ཟུར་ཟ། བསྐུར་འདེབས་སྣ་ཚོགས་བཟོས་མྱོང་ཡོད་ལ། ༸གོང་ས་མཆོག་གིས་སྐུ་དབང་མི་མང་ཀྱི་འོས་འདེམས་གནང་བའི་དབུ་ཁྲིད་དག་ལ་བརྩིས་སྤྲོད་གནང་ཟིན་རྗེས་སུ་ཡང་དེ་ལྟར་མི་འོས་ཚུལ་བརྗོད་ནས་བསྐུར་འདེབས་བྱས་མྱོང་ཡོད། དེ་བཞིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཡང་སྐྱོན་བརྗོད་དང་ཟུར་ཟ་སྣ་ཚོགས་པ་བྱེད་ཀྱིན་ཡོད།
དོན་དངོས་ཐོག་མང་གཙོའི་རང་དབང་དང་། ཐོབ་ཐང་ལ་ལོངས་སུ་སྤྱོད་པ་ནི་སུས་ཀྱང་དགག་བྱ་ཡོད་མི་སྲིད་ལ་ངས་ཀྱང་དགའ་བསུ་ཞུ་ངེས་ཡིན། འོན་ཀྱང་ཕྱོགས་ཞེན་དང་། སྒེར་ནད་ཁོགས་བཅངས། ཁ་ཕོར་སྒེར་དོན། རང་དང་ལྟ་སྤྱོད་མི་མཐུན་པའི་རྒྱུ་མཚན་གྱིས་སྒྲོ་བསྐུར་སོགས་བྱེད་མཁན་ནི་སྐྱེ་བུ་གཙུག་གཏོར་ཅན་ཞིག་ཡིན་རུང་རྒོལ་བརྡུང་གཏང་ངེས་ཡིན། །
གཞིས་སུ་བཞུགས་པའི་རང་རིགས་ལྷག་བསམ་ཅན་དང་སྙིང་སྟོབས་ཅན་ཚོས་དཀའ་སྡུག་ནི་དམྱལ་བ་མི་ཡུལ་དུ་འཕོས་པ་ནང་བཞིན་ཡིན་པར་ལོང་བས་ལྟས་ཀྱང་རྒྱལ་ཁམས་རེད་མོད། གོང་གསལ་མི་བུ་དག་གིས་ནི་ཁོང་ཚོའི་བདེ་སྡུག་གི་དོན་དུ་ཉིན་གཅིག་ལའང་བསམ་ཤེས་བྱས་མྱོང་མེད་པ་ཡང་མངོན་སུམ་ཚད་གྲུབ་དུ་གྱུར་ཡོད་ཅེས་བཤད་ན་ཡང་ཧམ་བཤད་ནམ་ཡང་འགྱུར་མི་སྲིད་ལ།ཞེས་པའི་སྐད་ཆ་འདི་བདེན་པ་རེད།
དཔེར་ན་་མི་བུ་ཟམ་གདོང་སྤྲུལ་སྐུ་ལྟ་བུ་ཚོས་རྩ་བའི་བླ་མའི་བཀའ་སྒྲུབ་པ་མ་གཏོགས་གཞི་ལུས་རྒྱ་ཆེན་མི་དམངས་ཀྱི་བདེ་སྡུག་ལ་བསམ་བློ་བཏང་མྱོང་མེད་པར་བདེན་པ་ཚད་གྲུབ་རེད། གཞིོ་ལུས་རྒྱ་ཆེན་མི་དམངས་ཀྱིས་རང་ལུས་མེ་སྲེག་བཏང་ནས་བོད་རང་བཙན་འབོད་ཞོར་ཕྱི་མ་ལམ་དུ་ཕྱིན་ཡོད།
ཡིན་ཀྱང་རྒྱལ་བཙོང་བ་ཚོས་རྒྱལ་གཅེས་དཔའ་བོ་དཔའ་བོ་ཚོའི་མངོན་འདོད་རྡོག་རོལ་བཏང་ཡོད་ལ་རྒྱལ་སྤྱི་སྟེང་དུ་རྫུན་བཤད་གང་ཐུབ་བྱས་ནས་བོད་རང་བཙན་དེ་ཉིད་རང་དབང་ལ་བསྒྱུར་ཡོད། རྒྱལ་བཙོང་བ་འདི་དག་ལ་ལས་འབྲས་ངན་པ་ཞིག་འཁོར་ངེས་ཡིན་ནོ།།།
རྒྱལ་བཙོང་བ་འདི་དག་གྲི་ངན་ལག་པའི་ཐོག་ཏུ་རྣོ་ཞེས་པ་ལྟར་དོན་གྱི་བདག་པོ་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་རྡོག་རོལ་བཏང་ཡོད། ཧམ་པ་བཤད་ཡོད། ཁ་ཆེམས་བརྩིས་མེད་བཏང་ཡོད། ད་དུང་་་ཉམ་ཆུང་མི་དམངས་ཀྱི་ཐོག་ཏུ་གྲི་ངན་འཕྱར་བཞིན་ཡོད། དགྲ་བོ་མའོ་ཡི་བུ་ལྟར་ཡིན་ལབ་ཡོད། དགྲ་དགའ་གཉེན་སྡུག་འདི་ལས་ལྷག་ཞིག་ཅང་དགོས་ས་མེད་་་ཡ།
སྒེར་གྱི་ལྟོ་ཕོར་དང་སྒེར་གྱི་མཚན་སྙན་ཁོ་ན་ལ་བསམས་པ་མ་གཏོགས་མྱི་ལོ་ལྔ་བཅུའི་རིང་དུ་བོད་མི་རིགས་ཀྱི་འཚོ་གནས་ལ་ཕན་པའི་ཁྱད་ལས་རིག་གནས་སྣེ་གཅིག་ནང་འདྲེན་བྱས་མྱོང་མེད། གཞི་ལུས་རྒྱ་ཆེན་མི་དམངས་ཀྱི་འཚོ་བའི་གནས་བབ་ལ་བསམས་ན་ཡ་ང་ཡིད་སྐྱོ་བའི་གནས་སུ་ཡོད། མགོ་ཤིག་ཙ་རེ་བསྡད་ཡོད།
གཞི་ལུས་མི་དམངས་ཀྱི་འཚོ་བའི་གནས་བབ་ཡར་རྒྱས་གཏོང་རྐྱེན་གྱི་ཁྱད་ལས་རིག་གནས་སྣེ་གཅིག་ནང་འདྲེན་མ་བྱས་པ་ནི་ང་ཚོའི་སྙིང་ཕོག་པའི་དུག་མདའ་ཡིན་ནོ།། བརྗེད་ཐབས་མེད་པའི་གནད་དོན་ཡིན།
ཁྱི་ཕྲུག་ངུས་ཚར་འདུག ད་ལྟ་བར་དུ་མཐོང་མ་སོང་་་་ཧི་ཧི་་་་་་་
དྲང་བདེན་དང་གནས་ལུགས་དཔང་པོར་འཇོག་པའི་སྒོ་ནས་དཔྱད་མཆན་ནམ་དཔྱད་གཏམ་སུ་ཤིག་གིས་སྤེལ་རུང་དགའ་བསུ་ཡོད་ལ། དེ་བཞིན་ངའི་དྲྭ་ཚིག་ནང་དུ་ཁྱི་ཕྲུག་མི་ཉུང་བ་ཞིག་གིས་ངུ་སྐད་རྒྱག་མཁན་ཡོད་པ་བཞིན་དེ་རིང་ཡང་སྡུག་སྐད་འདོན་སྲིད། ཡིན་ཡང་ཁྱི་ནི་ཁྱི་ཡི་གྲལ་དུ་ནམ་ཡང་འཇོག་གིན་ཡོད་དོ།། །།
རྒྱལ་བཙོང་བ་ཁྱོད་ཚོས་ཉམ་ཆུང་བོད་མི་རྣམས་མྱི་གྲལ་ལ་མི་འཇོག་པར་ཁྱིའི་གྲལ་འཇོག་གི་ཡོད་པར་དངོས་ཡོད་གནས་ཚུལ་རེད། ཡིན་ཀྱང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ང་ཚོ་ལ་མི་ཡི་ལག་ཁྱེར་ཡོད། ཁྱི་གྲལ་འཇོག་ན་ཆོས་འཇིག་རྟེན་གཉིས་ཐོག་ནས་ཁྲིམས་འགལ་རེད། ཤེས་སོང་ངམ།
སུག་བཞི་ས་ལ་བཙུགས་མཁན་རྒྱ་ཕག་མིན།
ཉམ་ཆུང་གཉའ་ནས་གནོན་མཁན་སྒེར་གཅོད་མིན།
ཡུལ་ལུས་ཕུང་ལ་སྦྱར་མཁན་རྒྱལ་བཙོང་མིན།
དམར་པོའི་ལྟ་གྲུབ་ཅན་གྱི་ཀླད་རྙིང་མིན།།
༧ གོང་ས་མཆོག་ཟིང་འཁྲུགས་རྗེས་ནས་ཐོག་མར་མོན་རྟ་དབང་བརྒྱུད་ནས་ཕེབས་ཡོད། འབྲས་ལྗོངས་ནས་ཕེབས་པ་མ་རེད།
ཡང་རྒྱལ་གཙོང་བ་ཅོ་རིས་ངུ་ཟུག་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་ཤ་ཞིག་སྟེར་ཡོད་པ་འདྲ། སྐད་ཆ་མང་པོ་ཞིག་ཡོད་ཀྱང་དེ་རིང་ཁོམ་མ་སོང་། རྗེས་ནས་ཡོད།
ནུབ་ཕྱོགས་གངས་ཕྲུགས་ལགས། སྙིང་ནས་བཀའ་དྲིན་ཆེ།
མོན་དང་འབྲས་ལྗོངས་གཉིས་ནོར་བ་འདི་ལ་དྲྭ་གྲོགས་ཡོངས་ལ་སྙིང་ཁོང་ནས་དགོངས་སེལ་ཞུ།
དྲྭ་འབུ་འཇམ་གཅེས་ལགས། མཁས་པ་འཇམ་ནོར་དང་ཁྱོད་བསྡུར་ཐབས་ཡོད་མ་རེད། ཁྱོད་ནི་ཚོགས་གཙོ་སྤན་ཚེ་དང་ཐུབ་བསྟན་ལུང་རིག་གི་དྲྭ་གཡོག་ཡིན་པར་ངོས་འདིར་གསལ་ཟིན་པས་ངལ་བ་མ་བྱེད།
བོང་ནང་ལ་སྙན་ངག་འདི་འདྲ་ཞིག་རྒྱུད་གཏོང་བྱེད། ཡོངས་ཁུངས་ས་མཐོའི་སྐར་ཆེན།
ཅོ་འདྲིའི་ཐུགས་ཀྱིས་རབ་གཡོས་དྲ་འབུའི་ཝ།
རི་རབ་ངུ་སྒྲས་བཀང་བའི་དོལ་ཚོགས་ཁྱི།
ཉི་མའི་གདངས་ལ་འགྲན་པའི་མེ་འཁྱེར་འབུ།
ལོག་སྨོན་གུང་འཇག་རང་རིགས་ཅོ་རིར་གཟབ།
མདུན་ལ་དམངས་གཙོ་ཁྲབ་ནས་བོད་མིའི་རྫུ།
རྒྱབ་ལ་སྒོར་མོར་བརྔམས་པ་གུང་ཚོགས་འདྲེ།
ལྐོག་ཏུ་དོལ་རྒྱལ་བང་ཆེན་དམ་སྲིའི་གཡོག
བདག་ཅག་གཟབ་པར་གྱིས་དང་དྲ་གྲོགས་ཚོགས།
རོང་པོ་འཇོ་ཟེར་བའི་དོལ་ཕྲུག་ཉོན་ཨ། སྤྱི་ཏང་འདས་ཟིན་པའི་ངའི་མི་ཚེ་ནང་དུ་ཕ་མ་དང་བླ་མའི་ཞབས་ཏོག་ལས་གཞན་བསྒྲུབས་མྱོང་མེད། ཡིན་ཡང་ང་བཙན་བྱོལ་བོད་མི་ཞིག་ཡིན་པའི་ངོས་ནས་བཤད་ན། ཤེས་འཇོན་ལྷག་བསམ་གཉིས་ལྡན་གྱི་བཀུར་འོས་ཚོགས་གཙོ་པེན་པ་ཚེ་རིང་མཆོག་དང་། བཀའ་ཟུར་ཐུབ་བསྟན་ལུང་རིག་གཉིས་ལྟ་བུ་ཡི་དྲྭ་གཡོག་བགྱིད་ན་འོས་ཤིང་འཚམས་པ་དང་། ཡ་རབ་བཟང་སྤྱོད། ལུགས་དང་མཐུན་པ་ལོས་ཡིན། ཁྱེད་རང་ནི་དེ་ལས་ལྡོག་སྟེ་དགྲ་བོས་སྒོ་ཁྱི་གྱུར་ཡོད་པ་མ་ཡིན་ནམ་་་་ངོ་མ་ཡིན་་་་་
འཇམ་གཅེས་ཟེར་བ་འདིས། སྐྱབས་མགོན་རིན་པོ་ཆེ་ལ་དད་པ་ཆེ་མདོག་གིས། ལྟ་བ་མི་མཐུན་པའི་ཚོགས་པ་ཁག་དང་། འཇམ་ནོར་སོགས་ལ་རྩོམ་འཆལ་བྲིས་པ་ལས། རྒྱ་ནག་ཐོག་ཏུ་ཡི་གེ་སྣ་གཅིག་བྲིས་མི་ཤེས་པ་འདྲ། ཤར་ཁུག་དང་། འཇམ་གཅེས་འདི་གཉིས་ཚོགས་པ་གཅིག་པ་ཡིན་པར་འདུག
ངས་ཀྱང་སྲིད་དོན་གྱི་ཆ་ནས་ལྟ་གྲུབ་མི་འདྲ་བའི་རྒྱུ་མཚན་གྱིས་མི་སུ་ལའང་སྐྱོན་བརྗོད་བྱས་མྱོང་མེད་ལ། མི་རིགས་ཤིག་དང་རྒྱལ་ཁབ་ཞིག ལྷག་པར་དུའང་ཡང་དག་པའི་མང་གཙོའི་གཞུང་ཞིག་ཡིན་ཕྱིན་སྲིད་དོན་གྱི་ཤོག་ཁག་དང་། ལྟ་གྲུབ་འདྲ་མིན་ནི་ངེས་པར་དུ་དགོས་གལ་ཆེ་བ་ཡིན། ཡིན་ཡང་འགན་ཁུར་མེད་པ་དང་། གནས་ལུགས་ལ་རྒོལ་བ། ཁ་ཕོར་སྒེར་ཆུས། སྒེར་ནད་ཁོག་བཅངས། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ལྟ་མ་རུང་བ་དེ་དག་ནི་མི་རིགས་ཀྱི་ཆོམ་རྐུན་ནམ་དགྲ་བོ་ངོ་མ་ལ་ངོས་འཛིན་བྱེད་ཀྱིན་ཡོད། མིག་ཡོད་བཞིན་ཆུའི་ནང་འཆོང་མཁན་དག་ནི་ངོ་མ་སྙིང་མ་རྗེ། མཆན་ནག་སྐྱག་ཁུ་་ཛ་རེ་དང་། རྨྱོང་དྲི་ཐུ་ལེ་་གཏོགས་གནས་ལུགས་ནི་མི་གོ ཁག་མེད་ཡ་་་
“མི་མཐུན་རིགས་དྲུག་འགྲོ་བའི་རྒྱལ་ཁབ་འདིར། །
བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་ཅིང་། །
མི་ཡིས་མཐོང་བ་ལྷ་ཡིས་མི་མཐོང་བས། །
བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡིས་ཆོད།།
དགེ་འདུན་ཆོས་འཕེལ།
༧ གོང་ས་མཆོག་གངས་ནས་ཕེབས་ཀྱང་། རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས། འབྲས་ལྗོངས་དང་། མོན་རྟ་དབང་གཉིས་ཀ་རྒྱ་གར་གྱི་ས་ཡིན། ༧གོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་དགོས་པ་ནི། བོད་ཀྱི་རིག་གཞུང་མི་སྟོར་བའི་ཆེད་ཡིན་པར་རྣམ་དཔྱོད་ཅན་ཚང་མས་ཤེས། བོད་ཀྱི་རིག་གཞུང་མི་སྟོར་བ་དེ། བོད་ཀྱི་རིག་གཞུང་གི་སྐད་ལ་རག་ལས། དེས་ན་ཨ་མདོ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དགོས་པ་དུ་མ་གཟིགས་ཏེ། རང་གི་གསུང་རྩོམ་དག་ཏུ་ཁ་སྐད་མ་བཀོལ་བར་རིག་གཞུང་ཡི་གེའི་དག་ཆ་བཞིན་བཀོལ་བ་མཐོང་དུ་ཡོད། དེས་ན་རང་རེས་ཁ་སྐད་ཀྱི་ཡི་གེ་ཟུར་ཆག་པ་མ་བཀོལ་བར་བོད་ཀྱི་མཁས་པའི་དག་ཆ་བཀོལ་ན། བོད་ཀྱི་རིག་གཞུང་མི་བརླག དེ་ཡིས་རང་རང་སོ་སོའི་རྩོམ་བྲིས་ཀྱང་༧་གོང་ས་མཆོག་གི་བཞེད་པ་འགྲུབ་པའི་གྲོགས་སུ་འགྱུར།
ལ་དྭགས་འདི་ལ་བཤད་རྒྱུ་གཅིག་ལས་མེད།
གཅིག་དེ་ཡང་ཡང་བཤད་པས་ཡོད་ཚད་གཙེས།།
རང་རང་མཁས་བ་ཡིན་མདོག་བསྒྲགས་ཙམ་ལས།།
བྲིས་བའི་ཡི་གེར་དེ་ལྟར་གསལ་བ་མེད།
ལྟ་བ་མེད་པའི་སྒྲུང་བ་འཇམ་གཅེས་བས།།
འདྲ་འདྲ་འགྲིག་འགྲིག་བཤད་པའི་སྔ་མ་དེར།།
གླེང་དགོས་ཅི་གང་མེད་པའི་གྱོད་འདྲེ་ཞིག།
དྲ་འབུ་ཁ་ནག་ཆ་ཀར་དམུར་རྒྱུར་གསོལ།།
རྒན་ལ་དྭགས་ལགས། ༡༩༥༩ སྐབས་སུ་འབྲས་ལྗོངས་རང་བཙན་རེད། དེ་དུས་རྒྱ་གར་མ་རེད། ༡༩༧༥ ལོར་འབྲས་ལྗོངས་རྒྱ་གར་གྱི་མངའ་འོག་ཏུ་བསྡུས།
ནུབ་ཕྱོགས་གངས་ཕྲུག་མཆོག ཁྱེད་གསུངས་པ་དེ་མིང་ཙམ་གྱིས་བདེན། རང་བཙན་ཡིན་ཀྱང་། རྒྱ་གར་གྱིས་བསྐྱང་དགོས་པའི་འོག་ཏུ་གནས། དེ་ལྟར་མ་ཡིན་ན། རྒྱ་གར་ཁོངས་སུ་ག་ལ་བླངས་ཐུབ། རྒྱལ་སྤྱི་ལས་ཁུངས་གྱིས་ཀྱང་། དེ་ལྟར་རྒྱ་གར་ལ་བྱེད་དུ་ག་ལ་བཅུག
གནས་ལེགས། ང་ཇི་སྲིད་འཚོ་བའི་བར་དུ་བོད་ཀྱི་རིག་གཞུང་སྐད་སྲུང་བར་དམ་བཅས་པ་ཡིན། རྒྱ་གར་རང་བཙན་ལེན་པའི་ཕྱིར་དུ། མེས་པོ་དམ་པ་གནྡྷིས་བདེན་པའི་ཨུ་ཚུགས། ཞེས་པའི་སྲོལ་གཏོད་པ་དེའི་རྗེས་སུ་འབྲངས་ཏེ བོད་ཀྱི་མཁས་པའི་སྐད་ཀྱི་ཡི་གེའི་དག་ཆ་སྲུང་བ་པོ་ལ། ཁྱོད་ལ་ཁོང་ཁྲོ་ལང་གི་ཡོད་པ་དེ་ཡང་རིང་མིན་མེད་པར་འགྲོ་བའི་རེ་འདུན་ཡིན། བདེན་པ་ཉིད་རྟག་ཏུ་རྒྱལ་བར་ངེས་སོ།
གནས། ཞེས་པ་ས་ཡིག་བྲིས་ནོར་མ་རུ་བཅོས་དཏེ། གནམ། ཞེས་པ་ཡིན་ནོ།
དྲྭ་འབུ་གནམ་ལགས། ང་ལ་ལྟ་བ་དང་ལངས་ཕྱོགས་གཏིང་ཟབ་དེ་འདྲ་མེད་མོད། བྱས་པ་དྲིན་དུ་གོ་ཤེས་ཙམ་དང་། འདུག་སའི་ཕ་མཁར་མེ་བསྲེག་དང་། ཟ་སའི་ཕོར་པར་སྐྱག་པ་གཏང་མཁན་ཞིག་མིན་པར་རློམ་ཡོད།
རྒན་ལ་དྭགས་པའི་ཁ་སྐད་ལ་ངོ་རྒོལ་གནང་བར་མི་དགའ་རྒྱུ་ཅང་མེད་མོད། ཡིན་ན་ཡང་ཁ་སྐད་དེ་གང་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད་མེད་གསལ་པོ་གནང་ན་ཡག་པོ་འདུག་དྲན།
བྱིས་པ་དག་ཡིག་ཁ་ནས་སྐྱོར། མ་དག་ཡི་གེ་ལག་པས་བྲིས། ཞེས་པ་ཅིས་མི་བདེན།
སུ་དང་མཁས་བས་ཐག་གིར་མ་ཆོད་པའི།།
པ་བ་པོ་བོ་གཞི་མེད་གཞུང་ལུགས་ལ།།
མྱི་ཚེར་ཨུ་ཚུགས་བྱེད་པའི་དགེ་དོན་ཞིག།
ཡོད་ལས་མ་མཆིས་རྒན་པ་སྐུ་ཚེ་རིང་།།
མྱི་ཚེ་རིང་བོར་བསགས་པའི་ཤེས་རབ་རེ།།
སྟེར་རྒྱུ་ཡོད་ན་དུད་ནས་ཏོག་པར་བྱ།།
དེ་མིན་རྒན་པ་རྣམ་པའི་ཨུ་ཚུགས་ལ།།
གུས་དང་མ་གུས་ཅི་གང་ཡོད་མ་ཡིན།
་་་་་་་་་་་་་་་ ་་་་་་་་་་་་་་་་་ ་་་་་་་་་་་་་་ ཧ་ཧ་ཧ།
ང་ཡི་མགོ་བོ་ལ་ཡོད་པའི་ཤིག་རྒན་འདིས།
འཚོ་བར་འདོད་པས་ཤ་ཁྲག་ཚད་མེད་འཇུབ།།
ཤིག་རྒན་ཁྱོད་ཀྱིས་ཅི་ཞིག་བྱས་ཞུས་ན།
བདག་པོར་བྱམས་རབས་ཟེར་ནས་ཞུ་བ་འདིའི།
ཉམས་ཆུང་གདངས་དེ་འཇམ་གཅེས་ཁོང་དང་མཚུངས།། ཧ་ཧ་ཧ།
གྲི་ངན་ལག་པའི་ཐོག་ཏུ་རྣོ།
ཁྱི་ངན་བདག་པོའི་ཐོག་ཏུ་ངར་།
རྒྱ་ཁྱི་བོད་པའི་སྟེང་ལ་ཤོར།
རྣོ་ངར་ཤོར་གསུམ་ཁྱོད་ལ་འཛོམས།
གོང་ལ་སྤྲེལ་ལད་ཁྱོད་རང་མཁས།
འོག་ལ་སྟོང་གཏམ་ཆུ་རྒྱུགས་རྒྱུགས།
ཁ་ནས་སྐྱག་དྲི་རྒྱུན་མི་ཆད།
རྒྱ་ལ་བསྐོར་དུས་མཛུབ་མོ་འཇིབས།
བླ་མར་དད་པ་ཆེ་མདོག་བྱེད།
གཞུང་ལ་ལྷག་བསམ་ཡོད་མདོག་སྨྲ།
སྨྱུག་དུག་ནང་ལ་བསྐོར་རྒྱུ་ལས།
རྒྱ་ལ་བསྐོར་བའི་དུས་ཤིག་མེད།
སྙན་མོ་ངག་གི་ལམ་ནས་ཁ་ཡག་དང་། །
བཞིན་རས་འཛུམ་གྱིས་བསུ་ཞོར་སྤྲེལ་ལད་ནི། །
མི་བུ་བདག་གི་གཤིས་ཀ་མ་ཡིན་པས། །
ཁ་སྣ་གང་དུ་འཁེལ་རུང་འགྱོད་པ་མེད། །
དགའ་ནས་ཐལ་མོ་བརྡབ་རུང་དགའ་རྒྱུ་མེད། །
སྡུག་ནས་མིག་ཆུ་འདོན་རུང་སྡུག་རྒྱུ་མེད། །
འདི་ཡང་བཅོས་མིན་རང་གཤིས་ཡིན་པས་ན། །
ཚེ་གཅིག་སྲོག་ལས་གཅེས་པར་འཛིན་ངེས་ཡིན། །
རྣམ་དཔྱོད་གཞུ་མོ་གཟུར་གནས་དཔུང་པས་བཀུག །
རིག་པའི་མདའ་མོས་ལོག་རྟོགས་བྲག་རི་གཤིག །
ཕྲག་དོག་ཅན་ཚོས་མིག་སྔར་མི་མཛའ་མོད། །
བློ་ལྡན་དགྱེས་པའི་མཆོད་སྤྲིན་ཅིའི་ཕྱིར་མིན། །
སྙིང་ལ་གཟན་པའི་ཚིག་གི་མདའ་མོ་འདི། །
གཞན་ལ་འཕེན་འདོད་འདུན་པ་མེད་ན་ཡང་། །
མི་གཞི་གོས་དང་བྲལ་བའི་ཁྲེལ་མེད་དག །
གང་སར་གཅེར་རྒྱུག་མཐོང་དུས་ཤོར་སོང་ངོ་། །
ཁྱོད་ཀྱི་ལྕེ།
ཁ་ཡག་གི་སྦྲང་ཆང་ལི་མ་དང་།
ཚིག་རྩུབ་ཀྱི་དུག་ཆུ་ཁོལ་མ་རུ།
ཡུན་རིང་དུ་ངར་ཁ་བླུད་པ་ཡི།
རྣོ་ངར་གྱི་རལ་གྲི་སོ་གཉིས་མ།
ཁྱོད་ཀྱི་མིག།
བལྟ་འདོད་ཀྱི་དྲན་པ་རིག་རིག་རྒྱུགས།
འཐོབ་འདོད་ཀྱི་རྔམས་སེམས་རོལ་དུ་ཁྲིད།
དཀར་ནག་གི་གདོང་བ་རེས་མོས་ཅན།
བསླུ་ཁྲིད་ཀྱི་བུ་མོ་ཁྲ་རིལ་མ།
ཁྱོད་ཀྱི་རྣ་བ།
མངོན་སུམ་གྱི་གདོང་བའི་ཟུར་དུ་ཡིབས།
དགའ་སྡུག་གི་གཏམ་གྱི་འཕྲིན་པ་སྐྱེལ།
ཆགས་སྡང་གི་ལས་ཀའི་གཡབ་མོ་སློང་།
མགོ་ཟུར་གྱི་རྒན་མོ་དབྱེན་རྒན་མ།
སྙན་མོ་ངག་དང་དྲང་གཏམ་ཁྱོད་ལ་མེད།
བཞིན་རས་འཛུམ་གྱི་བསུ་ཞོར་སྤྲེལ་ལད་ཀྱིས།
ཟམ་གདོང་སྤེན་ཚེའི་ཕོ་རྒྱོ་གཟེད་རྒྱུ་དེ།
བཙུན་ཆུང་ཁྱོད་ཀྱི་ལས་སྐལ་མ་ཡིན་ནམ།
དགའ་ནས་ཐལ་མོ་བརྡབ་ཀྱིན་དགོད་ན་འདྲ།
སྡུག་ནས་སྨྲེ་ངག་འདོན་གྱིན་ངུ་ན་འདྲ།
བསྐོས་པའི་ལས་ལ་དེ་ལས་མེད་གྱུར་ན།
ཚེ་གཅིག་སྡུག་སྒོམ་བརྒྱག་ལས་ཐབས་གཞན་ཅི།
རྣམ་དཔྱོད་གཞུ་མོ་གུག་འདྲའི་གུག་པོ་དེར།
རིག་པའི་མདའ་སྡུག་རྐུབ་ནང་གཏད་གྱུར་པས།
ཕྲག་དོག་བྱེད་པའི་གཞི་ཡང་སྒྲུབ་མེད་ན།
གཟུར་གནས་བློ་ལྡན་ཚོགས་ལ་ངོ་རེ་གནོངས།
སྙིང་ལ་གཟན་པའི་ཚིག་གི་མདའ་མོ་ཞིག།
གཞན་ལ་འཕེན་པའི་ནུས་པ་མེད་གྱུར་ཀྱང་།
ངོ་ཚའི་གོས་དང་བྲལ་བའི་ཁྲེལ་མེད་དག།
གྱ་ཚོམ་སྟངས་སྟབས་བསྐྱུར་ལ་ཞེ་རེ་སུན།
རང་དང་རང་ཉིད་ཕྱོགས་སུ་གཏོགས་པ་ཚོས།།
ཀུན་གྱི་མགོ་བོར་རྐང་པས་རྫི་འདོད་རུང་། །
ཐབས་དང་ནུས་པ་གཞན་གྱིས་གུས་བཀུར་དབེན།།
དེའི་ཕྱིར་མི་འདོད་སྡུག་བསྔལ་འཕར་མ་ཞིག །
ཚེ་གཅིག་ཕྲག་དོག་འོག་ཏུ་འཚོ་བ་རོལ། །
གཞན་གྱི་དཔལ་ཡོན་མིག་གི་ཚེར་མ་འཛིན།།
ཞིབ་ཏུ་བརྟགས་ན་སྙིང་རྗེའི་ཡུལ་ཙམ་ལས།།
དཔྱོད་ལྡན་སྐྱེས་བུ་ཞིག་ལ་འདོད་མཁན་དཀོན།།
ལྟ་བདུན་དབང་པོའི་འོད་ཀྱིས་གླིང་བཞི་གསལ།།
འུག་རྒན་མིག་ཟུང་མུན་པ་ནག་པོས་བསྒྲིབ།།
ལྷ་བྱའི་གསུང་དབྱངས་སྐྱེ་འགྲོའི་རྣ་བར་སྙན།།
ཁྭ་ཏའི་ཨག་སྐད་ཀུན་གྱི་རྣ་བར་གཟན།།
འདི་དག་རང་བྱས་ལས་ཀྱི་རྣམ་སྨིན་ལས།།
གཞན་གྱིས་བཙན་འགེལ་བྱས་པ་མ་ཡིན་པར། །
མ་ཤེས་རང་སྣང་ཅན་གྱི་བླུན་རྒན་ཁྱོད།།
མི་ཡི་གཟུགས་སུ་བོང་བུའི་རྣམ་དཔྱོད་ལྡན།།
རང་གཤིས་མི་གཙང་ཕུང་པོའི་དོང་ནག་ལས།།
དྲི་ངན་གང་ཡོད་རང་སྣས་མ་ཚོར་པར།།
གཞན་སྐྱོན་གླེང་འདོད་ངོ་ཚའི་གོས་བཟང་བྲལ།།
ཞིབ་ཏུ་བརྟགས་ན་བསླར་ཡང་ཡིག་མུག་རྒྱུ།།
ཚེ་གཅིག་ངོ་གདོང་ལྕགས་འབག་མཐུག་པོའི་འོག།
ཕ་རོལ་སྐྱེ་བོར་ངན་སྨྲས་རེ་རེའི་ཤུལ། །
རང་གཤིས་དམར་ཧྲེང་ལྷང་ངེར་ཐེངས་རེ་མངོན།།
ནུས་མེད་དྲྭ་འབུ་ཁྱོད་ཀྱི་གཟི་བརྗིད་འདྲ།།
སྐབས་རེར་གསེར་འབྲུག་ཅན་གྱི་མིང་རྫུན་དང་།།
སྐབས་རེར་ཞོ་གཡག་ཨམ་ཅིག་ཡིན་ནོ་སྐད།།
དོན་དངོས་སྡར་མ་ཝ་སྐྱེས་རྒྱལ་པོ་ཁྱོད།།
རང་ལ་དག་པའི་མུག་ཁ་བདག་པོ་བྱོས།།
ཤུ་རེ་ཁོ། ད་ནི་མུག་ཤི་འདོན་གྱིན་པ་འདྲ། ཧ་ཧ། མི་ངན་འདི་ལ་གནས་ལུགས་བཤད་དུས་མུག་ཤི་འདོན་རྒྱུ་ལས་མེད་པ་ཅི་ཡིན་ནམ། ཧ་ཧ། མ་གཞི་རྨོངས་དད་ཀྱིས་ལྕགས་འབག་གྱོན་བསྡད་ཙང་གནས་ལུགས་མི་མཐོང་བ་ནི་ཅི་ཁག།
ཕག་ཕྲུག་འཇམ་གཅེས་སྣང་བ་མ་འཁྲུལ་ཞིག
གངས་རི་གཡག་ལ་ཕག་པས་འགྲན་མི་ནུས།
དེ་ལས་ཕག་པ་ཕག་ཚང་ནང་དུ་སྡོད།
ལྐོག་ཟ་རུལ་སུངས་སྐྱག་ཁུ་ལྡག་ནས་སྡོད།
མགོ་ལ་རྨོངས་དད་ལྕགས་ཞྭ་གྱོན་ནས་སྡོད།
ཁ་ལ་རྒྱལ་བཙོང་གཏམ་བཤད་བྱོས་ནས་སྡོད།
ནང་གི་བློ་སེམས་དམར་པོའི་ཏང་ལ་གཏོད།
དམར་གླུ་ལེན་ཞོར་རྒྱ་འོག་འགྲོ་ཇུས་བྱོས།།།
ཁྱི་ཕྲུག་ཅོ་རི་ངུ་ཟུག་མ་མང་ཞིག།
གངས་སེང་དཀར་མོར་ཁྱི་ཡིས་འདྲེན་མི་ནུས།།
དེ་ལས་ཁྱི་ཕྲུག་ཁྱི་ཚང་ནང་ལ་སྡོད།།
རྒྱ་དངུལ་དམར་པོའི་སྐྱག་པ་ཟོ་ལ་སྡོད།།
མགོ་ལ་དམར་པོའི་ཤོག་ཞྭ་གྱོན་ལ་སྡོད།།
ཁ་ནས་ཏང་ལ་བསྟོད་གླུ་ལེན་བཞིན་སྡོད།།
སེམས་ནས་དོལ་རྒྱལ་སྙིང་ལ་སྒོམ་བཞིན་སྡོད།།
ངུ་ཟུག་བྱེད་བཞིན་རྒྱ་སྐྱག་ཟ་ཤོམ་གྱིས།།
ཧཧཧ
ཁྭ་ཏ་ལྟོག་དུས་སྐྱག་ཁང་ནང་དུ་འཛུལ།།
མགོ་ལུས་ཡོངས་རྫོགས་སྐྱག་པའི་དྲི་ངན་འཐིལ།།
ས་གཙང་ལྗོན་པའི་རྩེ་ནས་སྐན་ངན་སྒྲོག །
ལྷ་བྱ་ཁུ་བྱུག་སྔོན་མོའི་ལྷིང་འཇག་དཀྲོག །
ཅོ་རི་ལྟོག་དུས་སྐྱབས་བཅོལ་འཚོ་བ་རོལ། །
རྒྱ་བལ་ཨ་རི་ཁྱི་རྐུན་རྒྱུགས་རྒྱུགས་བྱས།།
མི་ཁ་ནག་པོའི་ས་སྟེངས་ཁྱབ་པའི་ཚེ། །
གཉེན་ཉེ་ཕུ་ནུ་མགོ་བོ་སྒུར་དགོས་བཟོས།།
སྐྱབས་བཅོལ་ལག་དེབ་ཨམ་ཕྲག་ནང་དུ་བཅུག །
༸སྐྱབས་མགོན་བཀའ་དྲིན་ཅན་ལ་ལོག་ལྟ་དང་། །
སྐྱབས་བཅོའི་སྒྲིག་འཛུགས་དགྲ་བགེགས་དྭངས་མ་འཛིན། །
སྐྱབས་བཅོལ་ཀུན་གྱི་མྱི་ལུད་ཁྱོད་མིན་སུ། །
མཐུན་སྒྲིལ་གསེར་གྱི་ཨ་ལུང་ལྷུར་ཐག་དེ། །
ཕྱོགས་ཞེན་སྟ་རེས་གཅོད་མཁས་དྲྭ་བའི་འབུ།།
སྤྱི་པའི་ལ་རྒྱལ་ཁ་ཡི་རྒྱན་དུ་སྤྲས། །
སྒེར་ནད་ཁོག་བཅངས་ཞོ་གཡག་བོང་རྒན་རྡུགས།།
ཡོད་ཚད་མགོ་འཇུག་ལྡོག་ནས་ལོག་ལམ་གྱར།།
ད་དུང་འཆད་རྒྱུའི་གནས་ལུགས་ཡོད་སྐད་སྒྲོག །
ངོ་ཚ་བྲལ་བའི་མི་དེ་ཁྱི་ལས་ལོད། །
ཟེར་བའི་གཏམ་དཔེ་བསླུ་མེད་རྒྱལ་བའི་བཀའ།།
དོལ་ཁྱིའི་ངོ་ན་ངོ་ཚ་ཡོད་དུས་མེད།
དགྱ་ཁྱིའི་རྐུབ་ན་རྔ་མ་ཡོད་དུས་མེད།
མགོ་རྔ་མེད་པའི་བོད་ཁྱི་ཁ་འཁོར་འདི།
ཧྥེ་གླིང་ཞིག་ནས་སྐྱེས་ན་ཅི་མ་རུང་།།
གོང་མའི་མགོ་བོ་ཕབས་ནས་གོ་སར་རྔམས།།
ཉམས་ཆུང་ཁ་ལ་ཁྱེར་ནས་ཁག་ངན་འཐེན།
ཁ་ཞེ་གཉིས་ནག་བོད་འདྲེ་ལས་ངན་འདི།
ཁ་ཆེ་ཡུལ་ནས་སྐྱེས་ན་ཅི་མ་རུང་།།
ཁ་བརྡ་དྲ་བ་ཚང་གི་སྤྱོད་ངན་དང་།།
རྒྱུགས་ཁྱི་ཉུང་ཉུང་ཅན་གྱི་དོལ་ཁྱི་ཚོ།།
སྐྱེ་བ་འདི་དང་གཞན་དུ་གངས་ཅན་པའི།།
ར་བ་གངས་རིའི་ཡུལ་ལ་མི་དགོས་སོ།།
ས་སྟེང་འགྲོ་བ་མི་ཡི་གད་རྙིགས་ཚོ།
མིང་ལྷག་འོག་ནས་དཔའ་གླུ་མ་ལེན་ཞིག
ཁོག་ལ་སྙིང་དང་སྙིང་ལ་དཔའ་ཡོད་ན།
རང་གཟུགས་དངོས་སུ་སྟོན་ནས་ཐོན་ལ་ཤོག
ཁ་ཆེའི་དྲག་སྤྱོད་འདྲ་བའི་དཔའ་ཡོད་ན།
སྐེ་གཅོད་རལ་གྲི་ཁྱེར་ནས་མཆོངས་ལ་ཤོག
ལུས་ལ་རྩལ་དྲུག་རྒྱས་པའི་ཤུགས་ཡོད་ན།
བུ་སྡུག་ཅོ་རི་རྡུང་མཁན་རྒྱུགས་ལ་ཤོག
མེད་ན་སྤྲང་ཁ་བཙུམ་ནས་སྡོད་དང་དགའ།
ཤི་གསོན་དམར་འཛིང་བྱེད་པའི་ཆོག་སེམས་འདི།
བུ་སྡུག་ཅོ་རིའི་ལུས་ཀྱི་ཁྲག་དང་འདྲེས།
རང་བཙན་རྡོག་རོལ་བཏང་མཁན་རྒྱལ་བཙོང་ཚོ།
སྤྱི་ན་སྒང་པ་བོད་ཀྱི་དགྲ་བོ་རེད།
སྒེར་ན་བུ་སྡུག་ཅོ་རིས་དགྲ་བོ་ཡིན།
རང་སྲོག་དམར་པོ་དེ་རིང་ཆོད་ནའང།
བློ་འགྱོད་སྤུ་ཙམ་མེད་དཀོན་མཆོག་དཔང་།
ཐོན་ཤོག་ཐོན་ཤོག་སྤྲང་ཕྲུག་རྒྱལ་བཙོང་ཚོ།
ཡོང་རྒྱུ་མེད་ན་ཁྱི་རྒན་ལས་ཀྱང་སྐྱོ།
གོ་ན་་་་རྣ་བའི་དཀྱུས་ལ་ཞོག
མ་གོ་གླུ་ལ་ཡང་་ལནེ་མེད།
སྤྲང་ཕྲུག་ཅོ་རི་སྣ་ཁུང་རྡུང་བ་ལ།།
དཔའ་རྩལ་མཚོན་ཆ་སྤྱོད་ན་ངོ་ཚའི་གནས།།
དཔེ་ན་འདྲེ་ཤིག་སྟ་རེས་གཏུབ་པ་དང་། །
ཀུན་ནས་མཚུངས་ཕྱིར་སྙིང་རྗེའི་ཡུལ་དུ་འཇོག།
ལ་རྒྱལ་སྤྱི་སེམས་དྲི་མའི་མ་གོས་པར།།
ཡོད་མདོག་གཟིག་སྤག་གྱོན་པའི་བོང་རྒན་ལགས།།
རང་ལ་ཁྲེལ་བའི་སྐྱག་ཁང་གཙང་མར་བྱོས། །
དེ་ལས་ལྷག་པའི་འགྱོན་ཐང་ཅི་ཡོད་ཤེས།།
ཡོང་མ་ནུས་ན་དཔའ་སྐད་འཐེན་གྱི་ཞོག
དཔའ་དང་དཔུང་པའི་རང་མགོ་ཐོན་གྱུར་ན།།
དང་པོར་སྐྱག་ཁང་ལས་གཡོག་མཚམས་འཇོག་་དང་།།
གཉིས་པར་ནང་ཁུལ་སྟོང་གཏམ་མཚམས་འཇོག་ཐོག །
ཡབ་མེས་དགྲ་བོར་བརྒོལ་བརྡུང་བྱོས་ཤིག་བུ།།
དེ་ལྟར་ནུས་པའི་ཁ་ཐབས་དབེན་གྱུར་ན།།
ཚེ་གཅིག་གཞན་གྱི་རྐུབ་གཡོག་རྒྱུགས་རྒྱུ་དེ།།
སྔོན་ལས་ངན་པའི་རྣམ་སྨིན་ངོས་འཛིན་ཐོག །
སྔར་བཞིན་སྐྱག་ཁང་ཕྱིས་བདར་བྱོས་དང་མཛེས།།
ཁ་ནང་སྐྱག་པ་གང་འཁྱེར་ཁྭ་ཏ་དེས།
ས་གཙང་འཇོན་པའི་གླིང་དུ་འབད་དེས་འཕྱིས།
མགོ་ལུས་ཡོངས་རྫོགས་སྐྱག་དྲིས་བཏུམས་པ་དེ།
ཏང་གི་ཕག་ཕྲུག་འཇམ་གཅེས་ཁྱོད་མིན་སུ།
སྐྱབས་བཅོལ་འཚོ་བར་རོལ་མཁན་ལྟོག་གྱུར་ན།
ཡུལ་བགྱར་བོད་མི་ཕལ་ཆེར་ལྟོག་བཅོལ་ངེས།
ཨ་རི་ནུབ་ཕྱོགས་ཁྱི་བཞིན་རྒྱུགས་མཁན་དམངས།
བླ་ཆེན་དཔོན་ཆེན་ནང་མི་བཅས་པ་རེད།
འཛམ་གླིང་སྐྱབས་བཅོལ་སྤྲོད་པའི་ཁྲིམས་ལུགས་དེ།
རྒྱལ་ཁབ་མེེད་པའི་སྐྱབས་བཅོལ་ཡོངས་ལ་ཐོབ།
བོད་པར་སྐྱབས་བཅོལ་ལག་དེབ་ཐོབ་པ་ནི།
གུང་ཁྲན་སྐུ་དྲིན་ཅན་ལས་བྱུང་མིན་ཅི།
ཆིག་སྒྲིལ་གསེར་གྱི་ནོར་བུའི་བང་འཛོད་དེ།
ཕྱོགས་ལྷུངས་ཀླད་སྟོང་ཇག་པ་ཁྱོད་ཀྱིས་བཅོམས།
རྨོངས་དད་སྟ་རེ་དགུང་དུ་འཕྱར་ནས་ནི།
བཙན་བྱོལ་བོད་མིའི་དམངས་གཙོའི་སྲོག་དབུགས་ལེན།
ཡོད་ཚད་མགོ་འབུལ་ལུས་འབུལ་རྒྱལ་བཙོང་ལ།
གནས་ལུགས་འཆད་པའི་སྐལ་བ་མི་ལྡན་པས།
ཟམ་གདོང་སྤེན་ཚེའི་ཕོ་རྒྱོ་གཟེད་རྒྱུའི་ལས།
དུས་ལས་མི་གཡོལ་འབད་པས་བསྒྲུབས་ཤིག་ཀྱེ། ཧ་ཧ་ཧི་ཧི།
དཀོན་མཆོག་དཔང་དུ་བཙུགས་པའི་དོལ་ཁྱི་ཁྱོ།
དཔའ་བོ་ཡིན་ན་ང་ལ་དགའ་བསུ་ཡོད།
ཉལ་ས་དྲོན་པོར་མ་ཤི་བུ་རྒོད་པོ།
མགོ་ལུས་དར་དུས་དགྲ་ཕྱོགས་ལྡོངས་ཤིག་གི།
དགྱ་དགྲ་དུང་ཕྱུར་དུང་ཕྱུར་ཡོད་བཞིན་དུ།།
དོལ་འདྲེ་གནོད་བྱེད་སེམས་ལ་མ་ཞུགས་ན།།
ས་ཡ་དྲུག་ནས་ནང་དགྲ་མ་འཚོལ་བར།།
དགྱ་ལ་མདའ་ཁ་བྱེད་དུ་སོང་ཞིག་གི།
གཡོག་ལི་དོལ་ཁྱི་སྐོར་ནི་སུ་ལ་མེད།
དགྲ་བོ་དམུར་བའི་དཔའ་ལས་གཅིག་ལ་མེད།
ཁྱི་ངན་ཆོན་ཐག་དམུར་བའི་རང་གཟུགས་དེ།
དོལ་ཁྱི་འདི་ལ་ཚང་བ་ཟློག་ཅིག་གི།
ང་ཡི་ཕྱོགས་ན་ཁྱོད་ལ་དགྲ་ཞིག་མེད།
མྱི་ལ་མི་སེར་མདའ་ལ་སེར་བ་ཡིན།
མདའ་འདི་ཕྱི་དགྲ་ཆམ་ལ་འབབ་མདའ་ཡིན།།
དོོན་མེད་ཙི་གི་ཞིག་ལ་བཀོལ་འདོད་མེད།