བྱ་མདོ་སྐལ་རྒྱམ།
རྒོད་པོ་དེ་འཕུར་སོང
མི་ཚོས་བཤད་ན ཁོ་རང་འཇའ་རིས་ཀྱི་ལམ་བུ་བརྒྱུད་དེ
ཉི་ཟླའི་གུར་ཁྱིམ་དུ་ཕེབས་སོང་ཟེར
ད་དུང ཁོ་རང་འཕུར་ཤུལ་དུ
གནས་མལ་གྱི་བྲག་ཐེམ་ལས
མིག་ཆུ་ལྟ་བུའི་ཆུ་མིག་བརྡོལ་སོང་སྐད
ནགས་ཚལ་གྱི་ལག་པ་མྱ་ངན་གྱིས་རླུང་བུས་གཏོར་སོང་ཟེར
ལོ་རྒྱུས་ནི་མིས་བསྐྲུན་པ་ཡིན་ཡང
མིས་བསུབ་མི་ཆོག་ལ་བསུབ་མི་ནུས་པའི་ཆོས་ཉིད་འདིས
རྒོད་པོ་དེ་ཕྱི་མིག་དང་འགྱོད་སེམས་མེད་པར་འཕུར་ཡང
བཤད་མི་རུང་བའི་གཏམ་རྒྱུད་མག་མོག་དེ་ཚོ
ནམ་ཞིག་ལོ་རྒྱུས་ཀྱིས་བདེན་པར་སྒྲོག་ངེས
རིགས་བརྒྱུད་ཅིག་གི་བྱུང་རབས་ལ
གཡོ་ཟོལ་དང་བཙན་གནོན་གྱིས་རྒུད་པ་འཁོར་དུས་འདིར
བསམ་བཞིན གངས་འདབས་སུ་གཏོར་བའི་ཁྲག་གི་ཐིགས་པ་དེ་དག
སྐྱེས་ཆེན་ཞིག་གིས་སེམས་ལ་ཉེར་ཡོད་ལ
མི་རིགས་ཤིག་གི་མིག་གིས་མཐོང་ཡོད
2014/10/31
ག་རེ་ཤོད་ཀྱི་ཡོད་པ་དེ་ཧ་གོ་སོང་།