ཙོང་ཁ་ཚེ་བརྟན་རྒྱལ།
1
ཕོ་བྲང་གི་མིང་ནི།
གོ་ན་མ་གོ་ན།
དྲན་པ་གང་ཞིག
གདུང་བ་ཅི་ཞིག
མུན་པའི་ཕྱོགས་དང་མཚམས་ནི།
ཕྱིར་ལོག་སའི་ལམ་བུ་ཨེ་ཡིན།
2
སྡུག་བསྔལ་གྱི་བདག་པོ་ཀྱེ།
ཁྱེད་ཀྱི་ངུ་སྐད་དང་མིག་ཆུ།
མིག་ཟུང་ངོས་ལ་འབྱར་བའི་འཇིག་རྟེན་ལ་བྱོ་ཡང་།
སེམས་ཀྱི་འཇིག་རྟེན།
རྙེད་པའམ་མ་རྙེད་པ།
གྲང་ཤར་ཤུར་ཞིག
3
ཕོ་བྲང་དེ།
ཉི་འོད་དེ།
ཕོ་བྲང་དེ།
རྣམ་ཤེས་དེ།
མཚན་མོའི་མངལ་ན་ལུས་པས།
ཞེད་སྣང་ཞིག་གམ་སྐྱོ་སྣང་ཞིག
མི་ཚེར་བཅོལ་ནས།
ས་མཐའ་ནས་ས་མཐར་འཁྱམས།
4
གཏམ་རྒྱུད་ཀྱི་ཁྲུང་ཁྲུང་དེ་ཚོ།
མཛེས་སྡུག་དེ་ཚོ།
མེ་དང་སྦྲེལ་བའི་རྣམ་ཤེས་དེ་ཚོ།
ལོ་ཟླ་དེ་ཚོ།
མར་མེ་རྐང་གཅིག་ཐོགས་པ་ལས།
ང་ཐག་རིང་ལ་མ་ཁྲིད་ཟེར་རམ།
ཡང་ན་ང་རང་གཞན་ཞིག་ཏུ་གྱུར་ན།
ང་ལ་སང་ཉིན་ཡོད་དམ།
2016’3’19–26
ཕྲོ་བྲང་ཨ་ཡིན། ཕོ་བྲང་མིན་འགྲོ
སྙན་ངག་ཡག་མོ་འདུག ཨ་མདོ་ནང་དུ་ཁོ་འདྲ་ཤེས་ཡོན་ཅན་མང་ཡང་། སྤེན་ཚེ་དང་ཐུབ་ལུང་སོགས་ཀྱིས་བདག་པོ་མི་རྒྱག
པར། དེ་ལས་དགྲ་དགའ་གཉེན་སྡུག་གི་མི་ཁྲམ་་ཁ་ཤས་བསྐྱངས་ནས་བསྡད་ཡོད་རེད།
གོ་རྒྱུ་མེད་པ།
འགྲེལ་རྒྱུ་ཡོད་པ།
ཁྲམ་པའི་ངག
འདི་སྙན་ངག་རེད་དམ།
ཡང་ན་རྫུན་གཏམ་རེད།