རྔ་བ་ཀུན་བཟང་སྒྲོལ་མ།
—-སྦྲ་ནག་ལ་བྲིས།
གློ་བུར་དུ་བབས་བྱུང་།
འོད་སྣང་དང་དྲོད་ཁོལ་མེད་པར་བབས་བྱུང་།
རྨི་ལམ་དང་མུན་ནག་གི་ཁམས་ནས་བབས་བྱུང་།
གོ་རིམ་མེད་ལ་ཐོག་མ་མེད་ལ་
ཐ་ན་ཅི་ཡང་མེད་པར་བློ་ལ་བབས་བྱུང་།
གོ་མེད་ཚོར་མེད་དུ་བབས་དོན་ཅི།
ངས་ཡ་ཆུང་སེམས་གཏིང་ནས་བབས་བྱུང་།
གླེན་རྟགས་དང་ལྐུགས་རྟགས་གྱིས་ཨ་མཚར་མིན་ལ
སྒྲོ་འདོགས་དང་ཆགས་གཏམ་དེ་བས་ཀྱང་མིན་པས
བསམ་གྱིན་བསམ་གྱིན་བློ་ལ་བབས་བྱུང།
དྲན་ཞིང་དང་དྲན་ཞིང་སྒྲིག་ཞོར་བློ་ལ་བབས་སོང་།
སེམས་པ་དང་སེམས་པ་བརླན་ཞོར་བློ་ལ་བབས་སོང་།
ལང་ཚོ་མེ་ཏོག་གི་འོད་མདངས་དེ།
མཚན་མོ་རྨི་ལམ་གྱི་སྣེ་མོ་ཟིན་དུས་
དཱངས་གཙང་ལྷད་མེད་ཀྱི་བརྩེ་དུངས་དང་
མཚན་མོའི་རེ་རེའི་སྙིང་གཏམ་གྱི་ན་ཟུག་རེ་རེར་
ངའི་ལྷིང་འཇགས་ཀྱི་བསམ་གཞིགས་ཁྲོད་དུ་བབས་བྱུང་།
དྲན་གདུང་གི་དྲན་གླུ་ལྕི་མོ་ཁྱོད་ཀྱི་རྨི་ལམ་ན་འཐིབས་ལ
ཁྱོད་ཀྱི་དགོད་སྒྲ་ཡངས་པོར་བདག་གི་མིག་ལམ་དུ་བབས་བྱུང་།
ངས་སླར་ཡང་འུ་གཉིས་ཀྱི་བརྩེ་དུངས་ཀྱི་ཁང་མིག་ཆུང་ཆུང་ནས།
ཁྱོད་ཀྱི་འཛུམ་མདང་གི་སློག་ཤ་བསྔོག་ན་འདོད།
སེམས་པ་འདི་སྔ་ས་ནས་བཟི་འདུག་ཡོད་པ་འདྲ་
གང་ལྟར་བདག་གི་བློ་ངོར་ཁྱོད་ཀྱི་འཛུམ་མདང་བཞད་འདུག་པས
ངས་དྲན་གདུང་གི་གློག་སྒྲོན་འོག་ནས་
ཁྱོད་དྲན་པའི་སྙན་ངག་གི་རྐང་ཐུང་རེ་རེར་སྒྲིག་ཞོར་
ཁ་སང་གི་གཏམ་རྒྱུད་ལ་དེ་རིང་གི་དྲན་རྟགས་བསྲིངས་དུས་
ངའི་བློ་ངོར་ཁྱོད་ཀྱི་མེ་ཏོག་ལྟ་བུའི་གཤིས་རྒྱུད་དང་
དུང་ལས་དཀར་བའི་སེམས་པ་འདི་
བདག་གི་བློ་ངོར་བབས་བྱུང་
ངོ་མ་བབས་བྱུང་།
༢༠༡༣ ༡ ༡༥ དགོང་མོ་རང་མལ་ནས་བྲིས
ཀུན་མཐུན་བུ་མོའི་སེམས་ལ་བབས་པས
བཞིན་བཟང་བུ་མོའི་འཛུམ་ལ་ཆགས་པས།
སྒྲོལ་མའི་ཚ་མོ་སྙིང་གི་མཛའ་བོ།།
མ་རབས་མྱི་ཞིག་མིན་ན་བསམ་གི།
ཀུན་ཀྱིས་སེམས་པའི་གཏིང་ན་འཁྲུངས་པས།།
བུ་མོ་བཟང་མོས་སྙན་ངག་ཀློག་དུས།
སྒྲོལ་མ་དཀར་མོས་བྱིན་རླབས་ཅིག་གིས།།
མ་ཤེས་མ་གོ་ཞེས་ནས་རླབས་འདུག།
ཀུན་ཀྱི་ཁྱོད་རང་ཡག་རབ་ཟེར་གི།
བདག་གིས་ཁྱོད་རང་བཟང་རབ་ཚོར་གི།
སྒྲོལ་མས་མིང་གི་ཐ་སྙད་ཅན་པོ།།
རྔ་ཡུལ་བུ་མོ་སྙན་ངག་སྙན་གི།
ཨ་ལ་ཀུ་རེ་ཡིན་་་་་་་་སྙན་ངག་ཡག་པོ་བྲིས་འདུག།
དུངས་སེམས་ཀྱི་ཟུར་ནེ་གཉོམ་པོ
དྲན་གདུངས་ལས་སྨིན་པའི་ཁྱོད་ཀྱི་མིག་ཟུང
ལས་སྐལ་དང་ལས་སྐད་སྣོམ་མའི་འོད་ཁང་དུ
ནམ་ཡང་བཞད་འདུག་ཟེར་ཡང
སུས་ཀྱང་རྫུན་དུ་སྒྲོགས་མི་ཐུབ
འགྲེལ་དཀའ་བའི་དུངས་བ་རེ་རེ་དང
གཡོལ་ཁེགས་པའི་སེམས་པ་ལྷག་མ་ཞིག
སུ་ལ་ཡང་འབུས་ཡོད་ངེས་་་་་་
བཤད་ན་རྣ་བར་སྙན་པ་ཁྱོད་ཀྱི་གསུངས་
མཐོན་ན་མི་ལ་མཛེས་པ་ཁྱོད་ཀྱི་གཟུགས་
རེག་ན་བདེ་བས་ཚེམ་པ་ཁྱོད་ཀྱི་ལུས་
ཆགས་ཅན་མི་ལ་འཁོ་བའི་ནོར་བུ་ཡིན་