—-རྔ་བ་རྒྱལ་ཁམས་པ།
དིང་སང་ངའི་ཁྱིམ་དུ་འབུ་གྲོག་མས་བཙན་འཛུལ་བྱས་ཏེ་དཀའ་ངལ་ལ་འཕྲད་བཞིན་པའི་སྒང་ཡིན། གྲོག་མ་ནི་སའི་གོ་ལའི་སྟེང་གི་སྲོག་ཆགས་ཆུང་ངུའི་གྲས་ཤིག་ཡིན་པ་དང་། ད་ཕན་ངོས་འཛིན་བྱུང་བའི་གྲོག་མར་རྣམ་གྲངས་མི་འདྲ་བ༡༢༠༠ལྷག་ཅིག་ཡོད་པར་བཤད་ལ། ས་གཞིའི་ཐོག་གི་གྲོག་མ་དང་མི་འབོར་ཧྲིལ་བོའི་བོངས་ཚད་གཉིས་དོ་མཉམ་པར་གྲགས། གྲོག་མས་རང་གི་གཟུགས་པོ་ལས་ལྡབ་ཉི་ཤུའི་ལྗིད་ཚད་ཀྱི་དངོས་པོ་འདེགས་ཐུབ་པ་དང་། གྲོག་མའི་རྒྱལ་མོ་རིགས་ཁ་ཤས་ཀྱི་ལོ་ཚད་ནི། མི་ལོ་བཅུ་ནས་ཉི་ཤུ་བར་ཡིན་པ་མ་ཟད། རང་གི་རིགས་རྒྱུད་ཀྱང་ས་ཡ་ཁ་ཤས་རེ་སྤེལ་ཐུབ་པོ་ཟེར། གྲོག་མ་ལ་རྣ་བ་མེད་ཅིང་རྐང་པས་ཚོར་བ་ལ་བརྟེན་ནས་སྒྲ་ཐོས་ཐུབ་ཀྱི་ཡོད། གྲོག་མ་ལ་གློ་བ་མེད་པས་ལུས་པོ་ཧྲིལ་བོའི་ཕྲ་ཁུང་དག་བརྒྱུད་ནས་དབུགས་འབྱུང་རྔུབ་བྱེད། གྲོག་ཚང་ཅིག་གི་རྒྱལ་མོ་ཤི་སོང་ན། གྲོག་ཚང་དེ་ཟླ་ཤས་ལས་འཚོ་མི་ཐུབ། གྲོག་མ་ཚོས་ཁ་ཟས་འཚོལ་སྐབས། སོང་ཤུལ་དུ་རྟགས་བཀོད་ནས་ལམ་ཁ་ངོས་འཛིན་པར་བྱེད། གྲོག་མའི་རྒྱལ་མོ་རྣམས་ལ་གཤོག་པ་ཡོད་ཅིང་། གྲོག་ཚང་བཅའ་ཚར་རྗེས་གཤོག་པ་འཐོར་བཞིན་ཡོད། སྤྱིར་བཏང་གྲོག་ཚང་གཅིག་གི་ནང་། གྲོག་མའི་རྒྱལ་མོ་དང་། ལས་ཀ་བྱེད་མཁན་གྱི་མོ་རིགས་གྲོག་མ། གྲོག་མ་ཕོ་རིགས་བཅས་གྲོག་མ་སྣ་ཁ་མི་འདྲ་བ་གསུམ་ཡོད་པ་ལས། རྒྱལ་མོ་དང་ཕོ་རིགས་གྲོག་མ་གཉིས་ཀར་གཤོག་པ་ཡོད་ལ། སྒོ་ང་འཇོག་ཐུབ་མཁན་ནི་གྲོག་མའི་རྒྱལ་མོ་གཅིག་པུ་དེ་ཡིན་པར་བཤད། གྲོག་ཚང་རེ་ལ་གྲོག་མའི་དམག་ཡོད་ཅིང་། དེ་དག་གི་ལས་ཀ་ནི་རྒྱལ་མོ་སྲུང་སྐྱོབ་དང་། དགྲ་འགོག་པ། ཁ་ཟས་འཚོལ་བ་སོགས་ཡིན། གྲོག་མ་ཚོས་ནང་འཁྲུགས་ཚབས་ཆེན་རྒྱག་སྐབས། ཕན་ཚུན་མ་ཤི་བར་དུ་གསོད་རེས་བྱེད་ཅིང་། ལྷག་པར་གྲོག་ཚང་དང་གྲོག་ཚང་འཁྲུགས་སྐབས། གྲོག་ཚང་གང་ཞིག་ཕམ་ཉེས་ཕྱིན་པ་དེས། རྒྱལ་ཁ་ལེན་མཁན་གྱི་གྲོག་ཚང་དེའི་བྲན་གཡོག་བྱེད་དགོས་པར་བཤད། མིག་སྔར་ངའི་ཁྱིམ་དུ་གྲོག་མ་གཤོག་ཐོགས་དང་། གཤོག་མེད་གྲོག་མ་ཆེན་པོ། གྲོག་མ་ཆུང་ཆུང་དམར་ཞེད་ཅན་བཅས་རིགས་གསུམ་འདུག གྲོག་མ་གཤོག་ཐོགས་དང་གཤོག་མེད་གྲོག་རྒན་གཉིས་ཚིགས་འོག་མའི་གཙང་སྤྱོད་ཀྱི་གྲུ་ག་ཞིག་ནས་ནང་དུ་འཛུལ་ཡོང་གི་འདུག ངས་འཛུལ་ལམ་ཇི་རྙེད་ཁ་བཅད་མོད། ད་དུང་སྟངས་འཛིན་བྱེད་ཐུབ་ཀྱི་མི་འདུག ཉིན་རེ་བཞིན་གྲོག་མ་བརྒྱ་ཕྲག་མང་བོ་གཙང་སྤྱོད་ནས་ཕྱི་ལ་འདོན་བཞིན་ད་ལྟ་བར་ཉིན་ལྔ་སོང་ཟིན། ད་དུང་རྫོགས་རྒྱུ་ཞིག་མི་འདུག གྲོག་བུར་ཆུང་ཆུང་དེ་ཚོ་ནི། ངའི་ཆུང་མའི་གྲོག་མོ་ཞིག་གིས་བཏབ་སྟེ་ཕུལ་བའི་ཞོག་ཁོག་མངར་མོའི་སྡོང་བུ་ས་ལུད་དང་འདྲེས་ནས་ཁུར་བྱུང་བ་ཞིག་གམ། ཡང་ན། ངའི་ཁྱིམ་མཚེར་རྒྱ་གར་མི་ཚང་ཞིག་གསར་དུ་སྤོས་བྱུང་བ་དེ་གཉིས་གང་རུང་ལས་བྱུང་བ་ཞིག་ཡིན་པ་འདྲ་སྟེ། གྲོག་བུར་འདི་འདྲ་ད་ཕན་ངའི་ཁང་བའི་ཕྱི་ནང་དུ་ཡོད་པ་མིག་གིས་ཀྱང་མཐོང་མ་མྱོང་། ངས་ཞོག་ཁོག་མངར་མོ་གདབ་སའི་སྣོད་ནང་དུ་གྲོག་བུར་ཤིན་ཏུ་མང་བོ་ཞིག་ཡོད་པ་མཐོང་སྟེ་ཞོག་ཀོག་སྣོད་བཅས་ཕྱི་ལ་གཡུགས་པ་ཡིན། ད་དུང་གྲོག་བུར་དེ་འདྲ་ཁང་བའི་ཕྱི་ངོས་ཀུན་དགའ་ར་བའི་ནང་ལོགས་གང་ཡིན་སར་མཐོང་རྒྱུ་ཡོད་པ་མ་ཟད། ཁང་བའི་ནང་ངོས་ཐབ་ཚང་གི་ཐོག་ཏུའང་ཐར་ཐོར་རེ་རྒྱུ་བཞིན་འདུག གྲོག་མས་ཁང་བ་འཕྲོ་བརླག་ཏུ་བཏང་བའི་ལོ་རྒྱུས་མང་བོ་ཞིག་གོ་ཐོས་བྱུང་། གྲོག་མ་འདི་ཚོ་ཤིང་སྐོན་གྱི་འབུ་རིགས་སུ་མི་གཏོགས་པའི་ཡིད་ཆེས་བྱེད་བཞིན་ཡོད། ངས་ནི་གསོད་ཐུབ་ཀྱི་མི་འདུག ད་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད། ཁྱིམ་བདག་མར་ཁྱོད་ཀྱིས་གྲོག་མ་འདི་ཚོ་ཇི་ལྟར་ཐག་གཅོད་མིན་ང་ལ་གྲོས་འདེབས་འགངས་ནས་མ་གནང་རོགས། ང་ལ་དེ་སྐོར་ཐབས་ཤེས་ཅིའང་མེད་ཅེས་བཤད་ཡོད། གུ་རུ་རིན་པོ་ཆེ་མཁྱེན་གྲོག་མ་དེ་ཚོ་རང་གནས་སུ་ལོག་པར་སྨོན། 7/15/16
འབུ་གསོད་བཤན་པ་གདན་འདྲེན་ཞུ་ཡ་རེད།
གྲྭ་ལོག་ཚོ་འདྲ་ས་མི་འདུག་དཱ། ཆོས་ཀྱི་ཞག་རྩི་ཟེར་ན་འདི་རེད
ལས་སླ་ཤོས་གྲོག་མའི་ཡོང་ལམ་ཚང་མར་ལི་མོན་(lemon) བྱུག་དགོས་པ་རེད། དེ་ལྟར་བྱས་ན་གྲོག་མ་སྐྱུར་ལ་རྩ་མས་དགའ་བོ་ཡོད་མ་རེད། གྲོག་མ་ཁྱིམ་ནས་གནོད་མེད་ངང་དབྱུང་ཐབས་ཡག་ཤོས་དེ་རེད།
འདི་འདྲའི་གོ་སྐབས་འཐོབ་ཁག་པོ་རེད། ངའི་ཉལ་ཁང་ནང་གྲོག་མས་ཁེངས་བསྡད་ཡོད། རྒྱུ་མཚན་ནི་ངས་ཁོ་ཚོར་ཆུ་ཀུབ་སྤྲད་པས་ཡིན། ཆུ་ཀུབ་ནི་གྲོག་མ་ཆེས་དགའ་བའི་ཟས་མཆོག་དེ་རེད། ཆུ་ཀུབ་སྤྲོད་བཞིན་ཆོས་སྦྱིན་ཡང་གཏོང་བཞིན་ཡོད།
བོད་ཀྱི་བུ་ལགས། ཤན་པ་འབོད་ཐུབ་ཀྱི་མི་འདུག དངོས་གནས་ཅིག་སྐྲག་གི ས་སྲོད་ལགས། ངས་ཚྭ་སྒོག་གཡེར་མ་སྐྱུར་འབྲས་སོགས། མི་ཚོས་ངོ་སྤྲོད་དང་། དྲྭ་ངོས་ནས་རྒྱུས་ལོན་བྱུང་བའི་གྲོག་མ་འགོག་ཐབས་འགའ་རེ་བེད་སྤྱོད་བྱས་པ་ཡིན། ཉིན་འགའ་རེར་ཕན་ཡང་། རྗེས་ནས་བེད་སྤྱོད་མེད་པར་འགྱུར་འགྲོ་གི་འདུག ཀླུ་སྨྱོན་ལགས། ཁྱེད་ཀྱི་བྱམས་བརྩེའི་ཀུན་སྤྱོད་ལ་སེམས་གཏིང་ནས་ཡི་རང་ཞུས་པ་ཡིན། ཁྱེད་རྣམ་པ་ཕེབས་ནས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ།
ཆུ་ཀུབ་ཀྱི་དོན་ཅི་ལགས་སམ། ཁྱེད་རྣམ་པ་ལས་བདག་ནི་སྙིང་རྗེས་དབེན་པ་ཞིག་ཡིན། ལོ་གཉིས་སྔོན་དུ་ནང་གི་ཉལ་གོས་དང་སྔལ་བོལ་དག་ཏུ་གྲོག་མ་མང་པོ་འོངས། མཚན་མོར་ཤིག་གིས་ཟ་བ་བཞིན་སོ་དྲག་ཏུ་བརྒྱབས། གྲོག་མ་དག་ངོས་སུ་མ་བསད་ཀྱང་སྔས་བོལ་ཞིག་ཕྱི་ལོགས་སུ་དབྱུག་དགོས་བྱུང་། གྲོག་མ་རྣམས་མ་འོང་སྔོན་དུ་འབུ་འགོག་གི་རྫས་སྤྱོད་པར་བྱེད། དེ་ཡིས་གྲོག་མ་ནང་ལོགས་སུ་འཛུལ་ཐུབ་དཀའ། རྐང་འོག་ཏུ་གྲོག་མ་ཤི་བ་ལ་སྙིང་རྗེ་ངང་ནས་སྨོན་ལམ་འདེབས་པ་ཕན་ཡང་། སྙིང་རྗེ་དངོས་མ་སྐྱེ་དཀའ།
་
དེ་དག་ལས་སོ་སོ་རང་གིས་བྱེད་ཐུབ་པ། རོགས་ལ་གྲོགས་དང་། ཡོང་ལ་འོང་། ཡོད་པ་མ་ཟད་ལ་ཡོད་པར་མ་ཟད་སོགས་འབྲི་ཐུབ་ན་སྔོན་གྱི་མཁས་པ་དག་གི་རྗེས་སུ་འབྲང་གི་བོད་མི་ཞིག་གི་གྲངས་སུ་འགྲོ་བར་སེམས་སོ།
བོད་པས་གྲོག་མ་ལ་ཞིབ་འཇུག་བྱེད་ཐུབ་ཀྱི་མ་རེད། དེ་ཚོའི་གྲངས་མང་ལ་ཕྲ་བའི་འབུ་རིགས་ཡིན་པས་རེད། རྒྱུ་མཚན་ནི་བོད་པས་ཁང་པ་ལྟ་བུའི་གཟུགས་ཆེན་གྱི་གཡག་ལྟ་བུ་ལའང་བོད་པས་ཞིབ་འཇུག་བྱས་པར་མཐོང་རྒྱུར་དཀོན་པས་རེད། བཙན་བྱོལ་གྱི་བླ་སྤྲུལ་མི་དཔོན་མཁས་པ་ང་ཡིན་ཁོ་ཡིན་ཟེར་མཁན། ཨ་ཡོད་ནང་གི་ད་ཡོད་ཡིན་ཟེར་མཁན་དེ་ཚོས་བཙན་བྱོལ་དུ་ཐོག་མར་གཞིས་རིམ་སློབ་གྲྭའི་སློབ་དེབ་བཟོས་པའི་ནང་དུ། གཡག་མོ་ལ་འབྲི་ཟེར་ཞེས་བྲིས་ཡོད། དེའི་མར་ལ་གཡག་མར་ཟེར་ཅེས་བྲིས་ཡོད། ད་གཟིགས་དང་བོད་པས་ཕྲ་བའི་གྲོག་མ་ལ་ཞིབ་འཇུག་བྱེད་རྒྱུ་ཕ་རིའི་སྤང་རྒྱན་རེད། ཆེ་ལོང་གཡག་དང་འབྲི་ཡི་དབྱེ་བ་བྱེད་པའི་རྣམ་དཔྱོད་ཀྱང་མི་འདུག རྔ་བ་རྒྱལ་ཁམས་པ་དང་ཀླུ་སྨྱོན་ལ་ཞུ་རྒྱུ། ད་དངོས་གནས་ཨ་རི་ལ་འགྱུར་བ་ཆེན་པོ་ཕྱིན་འདུག སྔོན་མ་ཡིན་ན་ཨ་རིའི་ཁང་པའི་ནང་དུ་གྲོག་མ་གང་ནས་ཡོད་དེ་ལས་ཀྱང་ཉལ་སར་གྲོག་ཚང་བཅའ་བ་གོ་རྒྱུ་མེད། དེང་སང་ཤར་ལྷོའི་མིའི་རིགས་དེ་དག་ཨ་རིར་སླེབས་པ་དང་གཙང་སྦྲ་མེད་ཁྲིམས་ལ་མི་བརྩི་བ་ལ་བརྟེན་ནས་ཨ་རིའི་རྒྱལ་ཁབ་དེ་གྲོག་ཚང་ཞིག་ལ་བསྒྱུར་ཡོང་གི་འདུག དེ་འདྲ་མ་གནང་རོགས་གཙང་སྦྲ་བྱས་པ་ཡིན་ན་གྲོག་མ་བཀྲོག་དགོས་ཀྱི་མ་རེད་ལ་གསོད་ཀྱང་དེ་བས་དགོས་པ་མེད།
གྲོག་མ་ནང་ལ་འཛུལ་ན་གསོད་མི་ཉན། གྲོག་མ་འོངས་ས་སྒོའི་གསེང་ངམ་། ཨི་ཁུངས་གཅིག་ཡོད་ཡོད་ངེས་པས། འོངས་ས་དེ་རྙེད་པ་བྱས་ནས། དེ་བཀག་མ་ཐུབ་ན་ཡང་། དེའི་གཡས་གཡོན་དུ་འགོག་རྫས་གཏོར་ནས། གྲོག་མ་ནང་དུ་འོངས་ཟིན་པ་རྣམས་བཟོད་བསྲན་ཆེན་པོས་རིམ་གྱིས་ཕྱགས་མས་ཕྱགས་ནས། ཕྱི་རོལ་དུ་འཕེན་ཐབས་བྱེད་དགོས།
གྲོག་མ་ནང་ལ་འཛུལ་ན་གསོད་མི་ཉན་ང་ཚོ་ནང་པ་ཀུན་གྱིས་ཤེས། གྲོག་མའི་འགོག་རྫས་ཚོང་ཁང་ནས་ཉོ་བར་དཀའ་ངལ་འཕྲད་ན། ཐབ་ཚང་ནང་གི་སྐྱུར་རྡོག་གམ། ཙོང་ངམ། cucumber ག་གོན་ནམ་ཁི་རའི་ཁུ་བ་བཙིར་ནས་གྲོག་མ་འོངས་མཚམས་སུ་བྱུག་དགོས།
ཡང་། ཕྱགས་མས་གྲོག་མ་དམངས་རྣམས་ཕྱགས་ཐུབ་ཀྱང་། འགའ་ཤས་མིག་གི་མཐོང་སར་གསིང་གསིང་གསིང་ལ་འཛུལ་རྩིས་ཡོད་མཁན་ཚོར། རང་གི་སྲིན་མཛུབ་ཀྱི་རྩེ་མོར་ཁ་ཡི་མཆིལ་མ་བྱུག་ནས་དེ་ལས་སྦྱར་ནས་སྒེའུ་ཁུང་ནས་ལམ་སེང་གཡུག་ཐུབ་པ་སོགས་ཀྱི་ཐབས་ཤེས་མང་ངོ་།།