ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
གྲོགས་པོ་་་་་
ཁྱོད་འདི་ལྟར་ཕྱིན་སོང་།
ཡོད་ཚད་སྟོང་བསམ་འབའ་ཞིག་གི་ལྷན་དུ
ཁྱོད་འདི་ལྟར་ཕྱིན་སོང་།
གྲོགས་པོ་་་་
ཁྱོད་འདི་ལྟར་ཕྱིན་སོང་།
ཡོད་ཚད་སད་ཀྱིས་བཅོམ་བའི་མེ་ཏོག་དང་ལྷན་དུ
ཁྱོད་འདི་ལྟར་ཕྱིན་སོང་།
ཁྱོད་དང་འགྲོགས་བའི་འདས་དོན་ཡོད་ཚད
མེ་ལོང་བཞིན་སེམས་ངོགས་སུ་འཆར་པས་ན
ཁྱོད་ད་དུང་ཡང་ངའི་ཉེ་འཁྲིས་སུ་ཡོད་པར་སྣང་ལ
ཁྱོད་ཀྱི་རེ་སྒུག་དང་ཕུགས་བསམ་གྱི་མེ་ཏོག་དམར་པོ
ད་དུང་ཡང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་ལྷན་དུ་འཛོམ་གྱིས་ཁེངས་པར་བསམ
གྲོགས་པོ་་་་་
ཁྱོད་འདི་ལྟར་ཕྱིན་སོང་།
ཁྱོད་ཀྱི་སྙིང་སྟོབས་ལས་སྨིས་བའི་མདུག་ཕྱོགས་ཀྱི་གོམས་སྒྲ་དེ་དག
ཅང་ཤེས་ཁྱུ་མཆོག་གི་རྨིས་སྒྲ་བཞིན
ད་དུང་ཡང་ངའི་རྣ་ལམ་ཏུ་གྲགས་ལ
ཁྱོད་ཀྱི་མི་ཚེ་ལ་བཅོལ་བའི་རེ་བ་དེའང་།
ད་དུང་རི་རྒྱལ་བཞིན་འགྱིངས་བཞིན་ཚོར
གྲོགས་པོ་་་་་
ཁྱོད་འདི་ལྟར་ཅིའི་ཕྱིར་ཕྱིན་པ་ཡིན་ནམ
ཁྱོད་ཀྱི་ཕུགས་འདུན་ལ་ལོ་ཏོག་སྨིན་མེད་པར
ཁྱོད་ཀྱི་འགྲུལ་བཞུད་ལ་ད་དུང་ཡང་བབས་ཚུགས་ཤིག་ཀྱང་མ་རྙེད་པར
ཁྱོད་འདི་ལྟར་བྲེལ་ལ་ངང་ཅིའི་ཕྱིར་ཕྱིན་པ་ཡིན་ནམ
གྲོགས་པོ་་་་་
ཁྱོད་འདི་ལྟར་ཕྱིན་སོང་་་
(ཕྱི་ལོ་༢༠༡༤ ཟླ་༤ བའི་ཚེས་༢༠ ཉིན་འཛིན་གྲོགས་ཆོས་འཕེལ་ལུང་རྟོགས་ལགས་གློ་བུར་ཏུ་འདས་གྲོངས་སུ་ཕྱིན་བའི་གནས་ཚུལ་གོ་མ་ཐག་བྲིས་པའི་སེམས་ཚོར་ཞིག)