མདའ་མོ་ཚང་རྨོག་རུ་བསྟན་པ།
ངེད་གཉིས་ནི་གྲོགས་པོ་རྙིང་པ་ཞིག་ཡིན་ལ།མི་དང་མིའི་བར་གྱི་བསམ་ཚུལ་དང་།ལྟ་གྲུབ།ལངས་ཕྱོགས་སོགས་ཀྱི་ཐད་གཅིག་མཚུངས་ཡིན་མིན་གྱི་གནད་དོན་གང་མང་ཡོད་སྲིད་ཀྱང་།དེ་ནི་གནད་དོན་ཕྱོགས་གཅིག་ཡིན་ལ།ཕྱོགས་གཞན་པ་ཞིག་ནི་ཕྱི་ལོ་༢༠༠༠ལོར་བོད་ཀྱི་རྩོམ་པ་པོའི་ཚོགས་ཆེན་ཐེངས་དང་པོའི་སྐབས་ཁོང་གིས་སྨྲ་ལྕེ་བདེ་བོའི་འགྱུར་ཁུག་དེས་ཁོ་ལ་དོ་སྣང་སྤྲད་ཅིང་།ཕྱིས་སུ་བསམ་ཚུལ་དང་ལྟ་བ་མང་པོ་ཞིག་གསེལ་བཀྲོལ་བྱས་པ་ལས་ང་དང་ཁོ་གཉིས་ཀྱི་བར་ལ་མཚུངས་ཆོས་མང་པོ་ཞིག་རྙེད་པ་ནི་ངེད་གཉིས་ཀྱི་འབྲེལ་ལམ་གྱི་ཐོག་མ་ཡིན།
དེ་ནས་བཟུང་གྲོགས་པོའི་འབྲེལ་ལམ་ནར་འགྱངས་སུ་བྱུང་ཞིང་ཁོ་བོས་ཨ་ཁུ་ཞེས་པའི་འབོད་སྟངས་དེས་ང་ལ་གདེང་འཇོག་གམ་གྲོགས་པོའི་འདུ་ཤེས་གསོན་པོ་ཞིག་ཉར་ཡོད་པའི་མཐོང་ཚུལ་ཡོད་ལ།ངས་ཀྱང་ཁོ་བོའི་མི་གཤིས་དྭངས་མ་དང་།སེམས་ཀྱི་དྲན་ཚོད་ཁ་ཐུག་ཡིན་པའི་ངེས་ཤེས་ཤིག་གིས་ཁོ་ལ་འདྲིས་གཤིབ་བྱེད་རྒྱུར་དགའ་བ་མ་ཟད།ཁོ་དང་གླེང་མོལ་གྱི་ཁྲོད་དུ་རང་ཉིད་ལ་དགོས་མཁོ་ཅན་གྱི་སྐད་ཆ་བཤད་སྟངས་དང་།དཔེ་མཚོན་རང་བཞིན་གྱི་བློ་འདོན་གསལ་པོ་རེ་ཡོད་པར་དགའ་མོས་བྱེད་ཀྱིན་ཡོད།
ལྷག་པར་མི་ཁ་དང་གླེང་མོལ་གྱི་ཁྲོད་ན་རྩབ་ཧྲུལ་དུ་གྱུར་བའི་བཤད་ཡམས་ཤིག་གིས་ངེད་གཉིས་ལ་ཐུན་མོང་གི་མཚུངས་ཆོས་ཤིག་ཡོད་པས།སྐྱིད་སྡུག་འདྲ་མཉམ་དང་།མཚུངས་དཔེ་རྣམ་དག་་ལས་དབང་ཐོ་ཐུག་གི་ཁྲོད་ནས་ང་ཀླུ་མཁར་ལགས་ཀྱི་དགའ་ས་ནས་ནང་ཚགས་ལྟ་བུར་གྱུར་ཡོད།
ཡིན་ནའང་།ཀུ་རེ་དང་འབྲེལ་ནས་ཇ་ཁའི་དགོད་སྒྲའི་བར་ཕན་ཚུན་གྱི་ལངས་ཕྱོགས་དང་།ལྟ་བ་ལ་དངོས་འབྲེལ་ཡིན་མིན་དང་།གོ་རྒྱུ་ཡོད་མེད་ཀྱི་ཟུར་ཟ་རེ་བྱེད་བཞིན་ཡོད་མོད།དེ་ནི་གཞི་འཛིན་མེད་པའི་བཞད་གད་ཁོ་ནས་ཉམས་འགྱུར་ཙམ་ལ་ངེད་གཉིས་སུས་ཀྱང་ངོས་འཛིན་བྱེད་ངེས་ཡིན།དེ་མིན་པས་དབང་དུ་བཏང་ནའང་ལྟ་གྲུབ་ཕྱོགས་གཅིག་མ་མཐུན་པ་ཙམ་གྱིས་འགལ་འདུ་ཅན་དུ་ལྟ་ག་ལ་རུང་།དེ་ལྟར་འགྱུར་ན་གནམ་འོག་འདིར་གཅིག་གྱུར་རང་བཞིན་གྱི་གོ་ལ་ཞིག་ཡོད་མི་སྲིད།
དེ་ལས་ཀྱང་རྒྱུས་ཡོད་པ་ནི་ཁོ་བོས་ཟ་མའི་ཞིམ་འདུག་དང་།དངུལ་གྱི་གྲངས་འབོར་ཙམ་ལ་མགོ་མི་འཁོར་བར་སྔས་འགྲམ་གྱི་བོད་རྒྱའི་དཔེ་དེབ་མཐུག་པོ་དག་གི་བར་ན་རྟགས་མཆན་བཏབ་པའི་ཤོག་ལེབ་ཀྱིས་ཁེངས་ཡོད་པ་དང་།མི་རིགས་ཤིག་གི་སེམས་ཁམས་ཀྱི་འཕག་འགུལ་གྱིས་རྒྱ་དམར་པོའི་བཙོན་འོག་ནས་ལོ་ངོ་མང་པོ་ཞིག་ལྕགས་སྒྲོག་དང་མཉམ་འདུག་བྱས་ཡོད་པ་ནི་དབུས་གཞུང་ནས་ས་གནས་བར་གྱི་ལོ་རྒྱུས་ཁྲོད་དུ་མ་འོངས་ཡིག་ཚགས་སུ་ཉར་ཡོད།
དཔེ་ཆ་བ་ཚོ་གླེན་དྲགས་པའམ།མི་མང་ཚོ་གུ་དོགས་དྲགས་པ་གང་ཡིན་བཤད་དཀའ་ནའང་།གནམ་འོག་གི་ལོ་རྒྱུས་དག་དང་།དེ་རིང་སང་གི་གནས་བབ་མང་པོ་ཞིག་ཏུ་དཔེ་ཆ་བ་དང་མི་མང་ལ་གདོང་ཐུག་ཡོང་བཞིན་པ་ནི་དངོས་ཡོད་ཡིན་མོད།དོན་དངོས་འདིའི་ཁྲོད་ནས་རྙེད་དགོས་པ་ནི་ཕྱོགས་གཉིས་ཀྱི་བཟོད་བསྲན་དང་།དགོངས་སེལ།བསམ་ཤེས་ཐུབ་པ་བྱས་ཏེ་འཁོན་འཛིན་དང་།རྩོད་རྙོད་རིགས་ཆེ་ས་ནས་ཆུང་ས་དང་།ཆུང་ས་ནས་མེད་པ་བཟོ་དགོས་པ་ནི་སྨྲ་ཤེས་དོན་གོ་བ་ནས་མིའི་མཚན་ཉིད་ལ་གདེང་འཇོག་བྱེད་པའི་རྒྱུ་རྐྱེན་ཡང་འདི་ལ་ཐུག་པར་སྙམ།
འགྲོ་བ་མི་ནི་ཚོར་བའི་རྗེས་འབྲངས་བ་ཡིན་ལ།ཚོར་བ་ལ་བརྟེན་ཏེ་བསམ་ཚུལ་དང་།ཁོང་ཁྲོ།ཉོན་མོངས་དུག་གསུམ་གྱི་འཕར་རྩ་ལྡིང་བཞིན་ཡོད་མོད།འགྲོ་བ་རིགས་དྲུག་གི་སྐྱིད་སྡུག་དང་ལེགས་ཉེས་ལ་གཟིགས་ཞིབ་ཐུབ་མཁན་གྱི་ནང་པ་བ་ཚོས་རིགས་མཐུན་མིའི་རིགས་ཀྱི་ཚོར་བ་གློ་བུར་བ་ཙམ་ལ་བཏང་སྙོམས་བྱེད་མི་ཐུབ་པའི་གནས་ལུགས་ཤིག་གང་ན་ཡོད།གལ་སྲིད་ཡོད་པའི་དབང་དུ་བཏང་ན་དེ་ནི་གནས་ལུགས་ལ་ཁ་གཏད་པའི་འགལ་ཟླ་ཞིག་ཅིའི་ཕྱིར་མིན།
མི་ཐ་མལ་བའི་ཁེངས་བའི་གནམ་འོག་འདིར་ཐ་མལ་བའི་འགྲོ་འདུག་སྤྱོད་གསུམ་ལ་ང་ཚོ་སུ་ཡང་རྒྱུས་ཡོད་པས།ལྟོས་ས་ལྟོས་འཇོག་གིས་ཐ་མལ་བ་ལས་བརྒལ་བའི་མི་ཚོ་ཡང་སངས་རྒྱས་ཁོ་ནས་བརྟུལ་ཞུགས་ཅན་ཡིན་པས་ངེས་པ་ག་ལ་ཡོད།བྱང་ས་ལས་ཀྱང་།དང་པོར་བསླབ།བར་ཏུ་སྡིགས།ཐ་མར་བསྐྲད་གསུངས་དོན་ལྟར་ཤ་ཚ་དང་ལྷག་བསམ་ཅན་གྱི་གྲོགས་པོ་ཚོས་ཀྱང་རླུང་འཚུབ་ལྟ་བུའི་མི་ཚོགས་ཀྱི་ཁྲོད་དུ་རྟིང་སྐུལ་གྱིས་བཙན་རྫོང་བྱེད་པ་མིན་པར་གནས་ལུགས་ལ་ཡར་སྐུལ་དང་།དོན་དངོས་ལ་ཁ་ཕྱོགས་སུ་འཇུག་རྒྱུ་ནི་རྟེན་འབྱུང་གི་སྙིང་པོ་ཡིན་པར་བསམ།
སྒྱུ་མའི་མཁན་པོ་བས་རྨོག་རུ་བསྟན་པས་མིང་རྫུན་འཇུས་ཏེ་ཀླུ་མཁར་བྱམས་ལ་སྡིགས་ར་དང་།དཔའ་སྐད་འཐེན་བཞིན་འདུག་མོད།རྒྱ་དཀར་ནག་གི་དབང་འཛིན་པ་རེ་ཟུང་གིས་མནར་གཅོད་ཀྱི་ས་མཐར་སྤྱུགས་པའི་སྡར་མ་ཞིག་གིས་རང་གི་གྲོགས་པོ་དང་།ཡུལ་ཚོ་གཅིག་ཅིང་།རང་དཔེ་གཅིག་མཚུངས་ཀྱིས་དམོད་མོ་སྟོང་ཕྲག་གི་ཆར་རླུང་གིས་རློན་པའི་མི་བུ་ཞིག་ལ་རྒྱུ་འབྲས་གོ་ལྡོག་གི་ངང་ཚུལ་སྟོན་པའི་སྙིང་ཁམས་ཞིག་ཅི་ལ་ཡོད།དོན་དངོས་ཀྱིས་ཡོད་པར་འདོད་ན་ནི་དཀོན་མཆོག་འདི་ཁྱེད་ལ་བདེན་དབང་དུ་བཅོལ་ཆོག
གྲོགས་པོ་ཀླུ་མཁར་ལགས།གནམ་འོག་འདི་ཆ་ཚང་བདེ་ཐང་མིན་པ་དང་།ས་གཞི་ཧྲིལ་བོ་ནི་ལྗང་མདོག་གི་ཚོས་གཞི་མིན་པས།ཉེས་པ་ལ་ཉེས་པར་མཐོང་ངེས་ཤིང་།ཕྱིན་ཆད་ལེགས་པར་སྡོམ་པའི་དམ་ཚིག་ཅིག་གིས་འབྲུག་སྒྲ་ལྡིར་བ་ལྟ་བུའི་འུར་ཟིང་འདི་ཡལ་དུ་འཇུག་དགོས་ལ།ཀྱག་ཀྱོག་དང་།རི་ལུང་།ཤིང་ནགས་དང་།ཕ་ལོང་མང་པོའི་རི་སུལ་འདི་ནི་འུ་གཉིས་ལྟ་བུའི་ཤོར་མ་ཚོས་རྐང་ལག་གང་འདོད་དུ་བསྐྱངས་ས་མིན་པའི་ངེས་པ་ཡང་རྙེད་དགོས་ཤིང་།རང་ཚུགས་ཤོར་དགོས་པ་དང་།རང་མགོ་འདོགས་དགོས་པའི་གཞེན་སྐུལ་མིན་ཀྱང་།སེམས་ཁམས་རློན་པ་འདི་ནམ་རྒྱུན་ཁྲག་ཐིགས་སུ་མི་བརྫི་བར་རང་དང་བློ་ཉེ་ཚོ།ད་དུང་མིག་ཟུང་ལ་མིག་ཟུང་གཏད་པའི་མཛའ་མོ་དང་འབྱུང་འགྱུར་གྱི་བྱིས་པའི་མདུན་ལྗོངས་སུ་རེ་སྙེག་གི་འོད་མདངས་གསར་པ་རེ་བསྐྲུན་བཞིན་མི་ཚེ་ཐུང་ཐུང་འདི་ཉིད་མནར་གཅོད་མེད་པའི་ལྷིང་འཇགས་དང་ཁུ་སུམ་གྱི་འཚོ་གནས་ཤིག་སྤྱད་དེ་རླབས་ཆེན་མི་རིགས་རིང་ལུགས་པའི་བྱ་བཞག་ལ་དང་ལྷོད་མི་ཡོང་བའི་རེ་སྐུལ་དུ་༢༠༡༠།༡༢།༢༥ ཉིན་གྱི་མཚན་མོར་བྲིས།
རྨོག་རུ་བསྟན་པས་གནད་འགག་ཡོད་ན་སྐད་ཆ་གསལ་བོ་མི་བཤད་པར་ཀླུ་མཁར་བྱམས་པ་དྲ་ཐོག་ནས་གྲོགས་འདྲ་ཞིག་སྒྲིག་གི་འདུག ད་ནི་གནད་དོན་ཤེས་ན་ཁ་གསལ་གཏིང་གསལ་གྱིས་ཤོད་དང་།་རྙོག་དྲ་མགོ་འཛུགས་མཁན་དང་རྗེས་སུ་འབྲངས་མཁན། ཡང་ཁ་གཏད་དུ་རྩོམ་ཡིག་དང་མཆན་བུ་འདོགས་མཁན་ཚང་མར་དེས་ཕན་གི་རེད།
ཡར་མཤད་མར་བཤད་གང་བྱས་ཀྱང་བདེན་པའི་གནས་ལུགས་ཀྱི་འཁྲིས་སུ་གྲོགས་པོ་ཡིན་མིན་གྱི་སྐད་ཆ་ཞིག་ལ་ཐུག་མི་འདུག ངོ་མ་ཡིན། མངོན་ལྐོག་གཉིས་ནས་ནམ་ཡིན་ཡང་བདེན་པ་དང་གནས་ལུགས་ཤེས་དགོས་ཀྱིན་འདུག་ལ། མི་སུ་ཞིག་ཡིན་ཡང་རང་ཚུགས་བརྟན་པོ་ཞིག་དགོས་པ་ནི་སྤྱིར་གལ་ཆེན་པོ་ཡིན་དང་ཡིན། ནང་སྒོས་སུ་ཆབ་སྲིད་སྣེ་དང་ཟུར་གང་རུང་གི་མི་སྣ་ཚོར་རང་ཚུགས་ཤིག་དགོས་པ་དེ་ངོ་མ་གལ་ཆེན་པོ་རེད་འདུག
སྔོན་མར་བསྟན་འཛིན་མགོན་པོའི་སྟེང་དུ་ས་དེད་པ་རེད། དེ་ནས་ཁོའི་སྤུན་ཆུང་དགྲ་ལག་ཏུ་བཞག་སྟེ་དམར་གསོད་གཏོང་དུ་བཅུག་པ་རེད། ད་ཀླུ་མཁར་བྱམས་ཀྱི་སྟེང་ལ་ས་འདེད་ཀིན་ཡོད་ནི་རེད། འདི་འདྲ་རེ་ཡང་བྱེད་མ་ཐུབ་ན་ངོ་ལོས་ཚ། རང་དབང་ལུང་པ་རེད་མོད།
མདོ་སྨད་མི་མང་ཁྱི་རྒྱག་གི་དབྱུག་པའི་དོད་དུ་བཞག་ནས་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་དག་ལ་གུ་ཡངས་གཏན་ནས་གཏོང་མི་རུང་བ་ཞིག་རེད། མདོར་བསྡུས་ནས་བཤད་ན། ཨ་ཚོགས་ཀླུ་མཁར་བྱམས་ཐེངས་འདིའི་གྲོས་ཚོགས་འཐུས་མིར་བདམས་ཐོན་མི་ཡོང་བར་བྱེད་རྒྱུ་ནི་ཁོང་ཚོའི་འཕྲལ་གྱི་དགོས་མཁོ་ཡིན་ལ། ཕུགས་ཀྱི་དོན་དག་ལེགས་ཉེས་གང་ཡིན་ད་དུང་འཁྲུན་ཐག་ཆོད་པོར་བཤད་ཤེས་ས་མ་རེད། གང་ལྟར། “གཟབ་ནན་”གྱིས་ཉན་ཞིབ་བྱེད་རྒྱུ་གལ་ཆེ་བར་འདོད།
བརྒྱ་བཤད་སྟོང་ལ་བབ་ཀྱང་། ཡོས་ལ་འབབ་རྒྱུ་རྩམ་པ་རེད། དོན་དག་འདི་དག་ཐམས་ཅད་ནི་་་་་་་ཐེངས་རྗེས་མའི་གྲོས་ཚོགས་དང་བཀའ་ཤག་གི་གྲུབ་ཆའི་ཚོད་དཔག་ལས་བྱུང་བ་ཞིག་པ་ཁོ་ཐག་རེད། དེ་བས། ང་ཚོས་ཀླུ་མཁར་བྱམས་མཐའ་ལ་དེད་ནས་དགུ་བཅུ་གསུམ་གྱི་ཚོགས་གཞོན་དུ་ཡང་བསྡད་མི་ཆོག་ཅེས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་གང་ཟག་སྒེར་གྱི་ཐོབ་ཐང་དང་མི་གཞིའི་རིན་ཐང་ལ་སྲུང་སྐྱོབ་བྱེད་དགོས་ལ། ཕྱོགས་ཡར་མར་གཉིས་ཀྱི་གནས་བབ་ལ་བསམ་གཞིགས་ཀྱིས་དོན་དག་འདིའི་ཕྱི་ནང་ཡོད་ཚད་ལ་གཟབ་ནན་སྒོས་དབྱེ་ཞིབ་ཀྱང་བྱེད་དགོས་པར་འདོད།
རྡ་ས་མདོ་སྨད་ས་གནས་འཐུས་མི་བསྐྱར་འདེམས་བྱེད་དགོས་ཀྱི་རེད།
འདྲེ་རིག་ལྡན་གྱིས་བསམ་ཡག་པོ་བྲིས་འདུག རང་གིས་རྒྱབ་སྐྱོར་གནང་རྒྱུ་ཡིན།
སྤྱིར་ཀླུ་མཁར་བྱམས་ཀྱི་རིགས་ཞེན་དང་ལ་རྒྱ་སོགས་ལ་གུས་ཞབས་ཡོད་་་་ཡིན་ཡང་༧ གོང་ས་མཆོག་ལ་ཟུར་ཟ་དང་ངན་སྨོད་སོགས་བྱས་པ་དངོས་འབྲེལ་ཡིན་ན་་་དེ་ནི་དད་མོས་རང་དབང་དང་སྨྲ་རྗོད་རང་དབང་གི་སྐད་ཆ་མེད་དེ་མེད་པར་འདོད ། གང་ཡིན་ཟེར་ན་སྨྲ་རྗོད་རང་དབང་ཚུད་པའི་འགྲོ་བ་མི་ཡི་ཐོབ་ཐང་ནི་་་་་གཞན་ཕ་རོལ་བོའི་ཆོས་ལུགས་ཀྱི་འདུ་ཤེས་དང་ཁྲིམས་མཐུན་གྱི་ཁེ་དབང་ལ་མི་གནོད་པའི་རིགས་ཀྱི་་་རང་གི་ཁྲིམས་མཐུན་གྱི་བདག་དབང་ཞིག་ལ་གོ་དགོས་པ་་་རྒྱལ་ཚོགས་ཀྱི་གཏན་ལ་ཕབས་པའི་ཡིག་ཆ་ཁག་ན་གསལ ། དེ་ལྟར་ན་༧ གོང་ས་མཆོག་ལ་སྨོད་པ་ནི་བོད་མི་བརྒྱ་ཆ་གོ་དགུའི་སྙིང་ཁམས་ལ་འཚེ་བ་བྱས་པ་ཡིན་ཙང་་་་་་་ཁྲིམས་ལུགས་ཀྱི་ཐོབ་ཐང་ཞིག་མིན་ལ་བཟང་སྤྱོད་དང་འགལ་བའི་བྱེད་ལས་ཅིག་ཇི་ལ་མིན ། ༧ གོང་ས་མཆོག་གི་སྐུ་ཚེ་གང་བོར་བོད་སྤྱི་བའི་བདེ་སྡུག་ཆེད་སྐུ་ངལ་ག་ཚོད་ཅིག་མྱོང་བར་བསམ་ན་དངོས་ནས་མིག་ཆུ་ཤོར་ནི་ཞིག་རེད ། ཁོང་ཉག་གཅིག་གི་་སྒྱུ་འཕྲུལ་ལ་བསྟེན་དེང་བོད་མི་ཡིན་ཟེར་ན་མཐོང་ཆེན་བྱེད་ཡུལ་ཞིག་ཆགས་ཡོད ། གཞན་བོད་པ་ཚང་ལ་བོད་སྤྱི་ལ་ཕན་པའི་་་བུ་དཔའ་བོ་དང་རྟ་མགྱོག་པ་ག་ཚོད་ཡོད་ཕྱི་ལོགས་མི་ཡི་ལུང་བ་རེ་ཕེབས་དང་གསལ་བོ་ཡོད་ལགས །
དྲྭ་གྲོགས་ཚང་མས་དགོངས་ཚུལ་གནང་བར་བཟང་།ངེད་ཀྱི་རྩོམ་ཡིག་འདིའི་ནང་དོན་དག་གསུམ་བཤད་ཡོད།
གཅིག་ནི་ངེད་ཀྱི་མིང་ཐོག་ནས་ཀླུ་མཁར་བྱམས་ལ་སྡིགས་ར་མང་པོ་ཞིག་བསྐུལ་ཏེ་ངེད་གཉིས་བར་ལ་འགལ་བ་མང་པོ་ཞིག་བསླངས་འདུག་་དེའི་ཕྱིར་རྩོམ་ཡིག་འདི་བརྒྱུད་ཀླུ་མཁར་བྱམས་དང་ངེད་གཉིས་གྲོགས་པོ་ཡིན་པའི་འདུ་ཤེས་དེ་ནམ་ཡང་གྲོགས་པོ་ཡིན་པའི་གནས་ལུགས་བཤད་པ་ཡིན།
གཉིས་པ་ནི།རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་མཚོན་པས་མང་པོ་ཞིག་གིས་ཀླུ་མཁར་བྱམས་པ་ཁོང་ཁྲོ་བྱེད་ཀྱིན་འདུག ང་ཚོ་ཐུན་མོང་གི་ཐོག་ལ་སོ་སོ་སྐྱེ་བོ་ཡིན་པའི་ཉེས་ཆ་ཡོད་པ་དང་། ལྷག་པར་བོད་རྒྱའི་བར་གྱི་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་རྐྱང་རྐྱང་གི་ངོས་ནས་སོ་སོའི་ནང་ཁུལ་གྱི་མི་བུ་སྒེར་ཞིག་གི་བྱ་སྤྱོད་ལ་བཟོད་བསྒོམ་དེ་ཙམ་བྱེད་མི་ཐུབ་པ་མེད་པ་དང་། ཚང་མས་གུ་ཡངས་བྱས་ཏེ་ཟིང་ཆ་ལྷིང་འཇགས་ཡོང་དགོས་པའི་རེ་སྐུལ་ཞུས་པ་ཡིན།
གསུམ་པ་ནི།ང་རང་ཀླུ་མཁར་བྱམས་ཀྱི་གྲོགས་པོ་ཞིག་ཡིན་པས་ཆ་མས་ཁོ་རང་གིས་ཀྱང་སྐྱོན་ཆ་ཡོད་ན་ངོས་ལེན་དང་། བདེན་པ་ལ་གསལ་བཤད་ཀྱིས་མདོ་སྨད་ནང་ཚགས་ཀྱི་དོན་རྐྱེན་འདི་ལྷིང་འཇགས་སུ་གཏོང་དགོས། འདི་ནི་ཁོའི་མདུན་ལམ་དང་འབྲེལ་བ་ཡོད་པ་མ་ཟད་ཁོའི་མ་འོངས་པའི་གཟའ་ཚང་དང་བུ་ཕྲུག་ཚང་མས་མདུན་ལམ་དང་འབྲེལ་བ་ཡོད་པར་བཤད་ཡོད།
ངའི་རེ་བ་ནི། རྩོམ་ཡིག་འབྲི་མཁན་དང་མཆན་བུ་འདེབས་མཁན་ཚང་མས་ཕྱོགས་གཉིས་ཀྱི་བར་ལ་འདུན་འགྲིག་དང་བསམ་ཚུལ་། ལམ་སྟོན་སོགས་ཀྱི་དགོངས་ཚུལ་གནང་རྒྱུ་གལ་ཆེ་བར་མཐོང་བ་ལས། ཕྱོགས་གཅིག་ལ་དམའ་འབེབས་དང་སྐྱོན་བརྗོད་དང་།ཟུར་ཟ།དམའ་འབེབས་བྱས་པས་ཕན་ཐོགས་ཤིག་མཐོང་གིན་མི་འདུག
དགོངས་ཚུལ་དྲང་པོར་གནང་མཁན་གྱི་འབྲེལ་ཡོད་ཚང་མར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྨོག་རུས་ཀླུ་མཁར་གྱི་མདུན་ལམ་སློབ་སྟོན་པ་གནང་འདུག
རྨོག་རུ་བསྟན་པ་ལགས་དང་ངེད་གཉིས་དབར་ན་རྩོད་གཞི་ཁབ་སྐུད་ཙམ་མེད། ཁ་ཉིན་དྲ་འབུ་ཚོས་ཁོང་གི་མཚན་གནས་བེད་ལོག་གིས་ང་ལ་ཅིག་བརྗོད་འདུག་ཟེར། ངས་དེ་མཐོང་མ་སོང་ལ་བལྟ་འདོད་ཀྱང་མེད། ཡིན་ནའང་། ཁོང་གིས་དེ་ལན་གསལ་བཤད་ནང་བ་འདི་བདག་གཞན་སུ་ལ་མཚོན་ནའང་འགྲོ་སྟངས་ཤིག་རེད་སྙམ། ད་ནིང་ཁ་པར་ལམ་ནས་ཀྱང་དེ་ལྟར་བརྗོད་པ་ཡིན། ངེད་གཉིས་ཁོང་གིས་བརྗོད་པ་ལྟར་གནམ་ངོ་གཡའ་དག ས་གཞི་རྡུལ་དག་རང་ཡིན་པ་འདི་ནས་གསལ་བཤད་ཙམ་ཡིན། དེ་དང་ཆབས་ཅིག་དྲ་འབུ་སུ་ཞིག་གིས་ངེད་དགུ་བཅུ་གསུམ་ཚང་གི་དྲུང་ཆེ་གངས་ལྷ་མོའི་མིང་སྤྱད་ནས་ང་ལ་ཅིག་བརྗོད་ཁུལ་བྱེད་ཀྱིན་འདུག་མོད། གངས་ལྷ་མིང་ཅན་འདི་ངེད་ཚང་གི་དྲུང་ཆེ་མིན་པ་དང་། དེ་མིན་པའི་རྒྱུ་མཚན་ང་ལ་གསལ་བོ་ཡིན་པའང་ཞོར་འཕྲོས་ཙམ་མོ༌༌༌༌༌༌
དྲ་གྲོགས་ཚོ།
འདི་ལྟར་འདས་དོན་ལ་ཕྱིར་དྲན་དང་། དངོས་ཡོད་ཀྱི་བདེན་དོན་ལ་བཤད་སྒྲོས་ཀྱི་སྒྲིབ་གཡོག་མེད་པའི་ཐོག་ནས་སྨྱུག་རྩེ་བསྒུལ་དགོས་པ་ཡིན།
ཀླུ་མཁར་བྱམས་བདུད་རེད་ཅེས་ལབ་ནའང་དོན་དམ་དུ་ཁོང་བདུད་དུ་འགྱུར་མི་སྲིད་ལ། ཁོང་ལྷ་རེད་ཅེས་བརྗོད་ནའང་ལྷ་རུ་འགྱུར་མི་སྲིད།
ཀླུ་མཁར་བྱམས་ཀྱིས་ཀྱང་རང་ཉིད་རྒྱལ་གཅེས་དཔའ་བོ་མང་པོའི་ཚབ་མཚོན་ཀྱི་སྐུ་ཚབ་གཅིག་དང་། དེ་དག་གི་སྣེ་ཁྲིད་ཅིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་གཏམ་བརྗོད་སོགས་ཅི་ཞིག་བྱས་ཀྱང་། རང་མགོ་ཆུ་འདྲེན་མ་ཡོང་བ་ཞིག་དང་། བོད་མི་རིགས་སྤྱིའི་སེམས་ཁམས་དང་མཐུན་པའི་གནས་ལུགས་ལྡན་པའི་གཏམ་གླེང་གནང་ན། དེ་ནི་སྐབས་བབ་ཁྱེད་ཀྱི་ཕྲག་ཐོག་ཏུ་བབས་པའི་འོས་འགན་ཉག་ཅིག་ཡིན། ད་དུང་ང་ཚོས་ལྟ་བ་དང་ལངས་ཕྱོགས་མི་མཐུན་པ་གཞི་ལ་བཞག་ནས་བོད་མི་ནང་ཕན་ཚུན་ཁ་རྩོད་སྣ་རྩོད་བྱས་ན། མཐའ་འབྲས་ནི་རང་སྡུག་རང་ཉོ་ལ་མ་འདས།
ཀླུ་མཁར་བྱམས་ལ་དགའ་མཁན་ཡོད་ཆོག་ལ། མི་དགའ་མཁན་ཡང་ཡོད་ཆོག ཡིན་ནའང་ཚང་མས་བློ་གཟུ་བོར་གནས་པའི་ཐོག་ནས་བགྲོ་གླེང་གནང་དགོས་པ་ལས། གཞན་མིང་གང་བྱུང་དུ་བེད་སྤྱོད་བཏང་སྟེ། དྲ་ཐོག་ཏུ་དམག་བརྒྱབ་ན་དེ་ནི་འགན་མ་ཁུར་བའི་འཆལ་གཏམ་འབའ་ཞིག་མ་ཡིན་ནམ།།
དྲ་གྲོགས་བསེ་རུ་གཙོས་དྲང་པོ་རྣམ་ལ་རྒད་པོ་ངས་ག་དུས་ཡིན་ཡང་དགའ་བསུ་ཡོད།
གྲོགས་པོ་ཀླུ་མཁར་ལགས།
ཁྱེད་ལ་མི་རིགས་ཀྱི་ལྟ་བ་ངེས་ཅན་ཞིག་ཡོད་པ་ངེད་ཀྱིས་ངོས་འཛིན་བྱེད་ཀྱིན་འདུག་་མི་ཚང་མར་མཐུན་སྣང་གཅིག་པ་ཡིན་རྒྱུ་རེད།ཁྱེད་ལ་རྒྱ་གུང་ཁྲན་གྱི་དངུལ་དགོས་པ་དང་།རྒྱ་གུང་ཁྲན་གྱི་ངོ་སྲུང་མི་བྱེད་པ་ང་ཚོ་རྒྱུས་ཡོད་ཚང་མ་ཁྱོད་ལ་ཡིད་ཆེས་ཡོད།
ཡིན་ཡང་།འུ་ཅག་གི་སྐྱོན་ཆེ་ཤོས་ཤིག་ནི་སེམས་ཤུགས་དང་ཚོར་བ་མཉམ་བསྲེས་བྱས་ཏེ་ཕྱི་ཕྱོགས་ལ་འདང་རྒྱག་མི་ཤེས་པ་དེ་ང་ཚོ་ཚང་མས་སྐྱོན་ཆ་རེད།རྡ་ས་མདོ་སྨད་རྒྱུན་ལས་ཀྱིས་ཁྱེད་ལ་རྩོད་བཞིན་པ་དེ་ཡང་ཁོ་ཚོས་སེམས་ཤུགས་རེད།ཐབས་ལམ་ལ་མ་བརྟེན་པའི་སེམས་ཤུགས་ཁོ་ནས་དོན་ཆེན་འབྱུང་སྲིད་པ་ཞིག་རེད།ཁྱེད་ཚོ་ཚང་མས་ངོས་ནས་གང་ཟག་སྒེར་འཁོན་གྱི་ངོ་བོར་མི་འཛིན་པར་སྤྱི་བའི་རྩ་དོན་ཞིག་ལ་བསམ་ཤེས་ཀྱིས་ཕན་ཚུན་ལ་གུ་ཡངས་ཐུབ་རྒྱུ་ང་ཚཽའི་རེ་བ་ཡིན།
སྐབས་རེར་༸གོང་ས་མཆོག་ལ་མ་གུས་པ་དང་མ་འདོད་པའི་རྣམ་འགྱུར་དང་སྐད་ཆ་བཤད་པ་དེ་དངོས་འབྲེལ་གྱིས་ང་ཚོ་གྲོགས་པོ་སུས་བལྟས་ཀྱང་ཁྱོད་ཀྱི་སྐྱོན་རེད།
དེ་རིང་ལས་དོན་ཞིག་གི་ཕྱིར་དུ་མདོ་སྨད་ཚོགས་གཙོ་དང་དྲུང་ཆེ་གཉིས་ལ་རོབ་ཙམ་ཐུག་སོང་།ཁྱེད་ཀྱིས་ཀྱང་སྐད་ཆ་དང་རྣམ་འགྱུར་ཚང་མ་ཡག་པོ་འདུག་ཅེས་བརྗོད་ཀྱིན་འདུག ཧ་ཅང་དགའ་བོ་བྱུང་།སོ་སོ་སྐྱེ་བོ་ལ་ནོར་འཁྲུལ་ཡོང་སྲིད་ལ།ནོར་འཁྲུལ་ལ་བཟོད་གསོལ་ཞུ་ཡང་ཤེས་དགོས་པ་མིའི་རྣམ་དཔྱོད་ཀྱི་སྙིང་པོ་རེད།དེ་རིང་གླེང་རྙོག་ཞིག་གིས་ང་ཚོ་ཚང་མ་སེམས་ཁྲལ་དང་མི་བདེ་བར་གཡུག་ནའང་།སང་ཉིན་ནས་ཁྱེད་ཀྱིས་རང་གི་འབྱོན་པ་དང་ཐེག་པའི་མི་རིགས་ཀྱི་ལས་དོན་ཞིག་ལ་ཧུར་བརྩོན་བྱེད་རྒྱུར་ང་ཚོས་རེ་བ་བྱས་ཡོད།
ཀླུ་མཁར་བྱམས་ལགས། གཤམ་འོག་འདི་ཁྱེད་ཀྱིས་གསུང་དངོས་ཡིན་ནམ།
༦༽ ཆོས་འཕེལ་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༢ གི་ཆུ་ཚོད་ ༦ སྐར་མ་ ༥༢
ཀླུ་མཁར་བྱམས་ཀྱིས་དུས་བབ་དྲ་ཚིགས་ནང་ལ།
༼དེ་རིང་གི་ཏཱ་ལའི་བླ་མ་ དང་། གནའ་བའི་ཕོ་བྲང་པོ་ཏཱ་ལ། ད་དུང་ཡུམ་བུ་བླ་སྒང་སོགས་ནི་ལོ་རྒྱུས་ཀྱི་སྐྱོ་གར་རམ། ཡང་ན་གཟི་བརྗིད་དུའང་དྲངས་ཆོག་པའི་དད་བརྟེན་ཙམ་ལས་སེངས་ཉིན་གྱི་རེ་བ་བརྒྱག་ སོ་མིན་སྟབས། བགྲོས་ཡོལ་གྱི་སྐད་ཆ་འདི་གསར་འགྱུར་ཙམ་ཞིག་ལས། བོད་ཀྱི་དོན་ཆེན་ཞིག་ལ་བརྩི་རིན་མི་འདུག ཡིན་ནའང་། ༸གོང་ས་མཆོག་བགྲོས་ཡོལ་ལ་ཕེབས་དགོས་ཕྱིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་པ་ འགྱུར་བ་གཏོང་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། བཅའ་ཁྲིམས་ནང་འཁོད་པའི་ཁོང་གི་སྐུ་དབང་ཆེན་པོ་བརྒྱད་དགུ་ཞིག་ཡོད་པ་དེ་རེ་ རེ་བཞིན་བཟོ་བཅོས་བརྒྱབས་ན་མ་གཏོགས། བླ་རྒན་ལ་བགྲོས་ཡོལ་གྱི་ལམ་ཁ་ཞིག་མེད་པ་གསལ་པོ་རེད། འོན་དེ། འུ་ཚང་གི་སྤྱི་འཐུས་ཚོའི་མཚོན་པས་ལས་ཀྱི་སྣེ་མོ་བ་རྣམས་ལ་འདིར་ལག་པ་འཆིངས་ རྒྱུའི་བློ་ཁོག་འདུག་གམ། ངས་བལྟས་ན་ཕར་རིའི་སྤང་རྒྱན་རེད་དོ་་་་་་༽
དགོངས་དག་་་གོང་དུ་ང་ཐུག་སའི་མདོ་སྨད་ཚོགས་གཙོ་དང་དྲུང་ཆེ་ནི་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་དང་དྲུང་ཆེ་ཡིན།
ཀླུ་མཁར་བྱམས་ལ་འོས་བསྡུའི་སྐབས་དང་བསྟུན་ནས་གླེང་ཕྱོགས་བཟོ་བ་དང༌། བཟོ་མཁན་དེ་ཡང་སྤྱི་འཐུས་ཚོགས་གཙོ་དང་མདོ་སྨད་ཚོགས་གཙོ་སོགས་ཡིན་ཚེ་ཀླུ་མཁར་བྱམས་ལ་ནུས་པ་ཆེན་པོ་ཡོད་པ་གསལ་པོ་རེད། གང་ལྟར་ཀླུ་མཁར་གྱི་གནས་བབ་ཡག་ཏུ་འགྲོ་བ་ལས་སྡུག་ཏུ་འགྲོ་མི་སྲིད། ~སྐྱབས་མགོན་རིན་པོ་ཆེ་ལ་བླ་རྒན་ཞེས་ཟམ་གདོང་རིན་པོ་ཆེས་ཀྱང་ཀ་ལི་ཕྷོ་ཉི་ཡར་གསུངས་འདུག ~སྐྱབs་མགོན་རིན་པོ་ཆེ་རྒན་གཡོལ་ཞུ་བ་ལ་མོས་མཐུན་ཡོད་མེད་འོས་བླུགས་སྐབས་ལྡབ་གསུམ་གྱིས་མོས་མཐུན་བྱས་འདུག དུས་བབ་ནང་ལྟོས་དང༌། འོ་ན་ཀླུ་མཁར་བྱམས་གཅིག་པུར་ལ་ག་རེ་བྱས་ཏེ་ཡ་ལ་གཡོགས་ཀྱི་ཡོད་རེད།
དེ་འདྲ་ལོས་ཡིན། བཙན་བྱོལ་བོད་གཞུང་འདི་ཡང་གོ་ལའི་སྟེང་གི་རྒྱལ་ཁབ་ཅིག་མེད་པ་ཆགས་ཤུལ་གྱི་ལྷག་རོ་ཡིན་པ་དང་། ཆབ་སྲིད་ཀྱི་བཙན་བྱོལ་བའི་མིང་ཞིག་ཀྱང་ཁུར་ཡོད་ཀྱང་། རྒྱ་ནག་གི་ཁ་གཏད་དུ་ཅང་མི་འཇོན། རྒྱལ་སྤྱིའི་སྡིང་ཆའི་སྟེང་ནས་ཐོབ་ཐང་མི་རག བྱས་ཙང་ནང་ཁུལ་ལ་རྙོག་དྲ་བཟོས་ནས་འུར་སྒྲ་འདྲ་བརྒྱབ་ཏེ་གང་ལྟར་དབུགས་སྲོག་རྦད་དེ་ཆད་མེད་པ་སྟོན་དགོས་པ་མ་རེད་དམ།
སྐྱོན་བརྗོད་བྱེད་རྒྱུའི་ཐོབ་ཐང་སུ་ལའང་ཡོད་པ་རེད། གཙོ་བོ་སྐྱོན་དེ་ཡོད་མེད་ལ་རག་ལུས་པ་རེད། སྐྱོན་དེ་སྐྱོན་དུ་ངོས་བཟུང་བ་ལ་ནོར་འཁྲུལ་ཡོད་མེད་ཀྱང་གལ་ཆེན་པོ་རེད། ངའི་ངོར་སྐྱོན་ཅན་ཡིན་ན་ཁྱོད་ཀྱི་ངོར་སྐྱོན་མེད་ཡིན་པའི་ངེས་པ་མེད། དེར་བརྟེན་སྐྱོན་ཅན་རེད་འདོད་ན་སྐྱོན་ཅན་རེད་ཅེས་བཤད་ཆོག་པ་རེད་ལ་དེ་ནི་སྨྲ་བརྗོད་རང་དབང་གི་གནས་ཚད་ཀྱང་རེད། བསམ་བཞིན་དུ་སྐྱོན་འདོགས་བྱེད་པ་ལ་ཁྲིམས་ཐོག་ནས་འགན་འཁུར་དགོས་པ་ལས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་ཁག་དཀྲི་ས་མེད། དེ་བས་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱས་ཡོད་ན་སྐྱོན་དེ་ཟུག་གི་འདུག་མི་འདུག་བལྟ་དགོས་པ་རེད། ཟུག་གི་འདུག་ན་འགྲིག་པ་རེད། སྐྱོན་ཡོད་ན་སངས་རྒྱས་ལའང་སྐྱོན་བརྗོད་བྱེད་ཆོག་པ་རེད། མིང་ཐུང་འབོད་བྱས་པ་དང་ཁོང་ལ་མི་དགའ་བའི་རྣམ་འགྱུར་བསྟན་པ་ཙམ་གྱིས་འདི་ལྟར་དར་ཕྱར་དུང་འབུད་བྱེད་དགོས་དོན་མི་འདུག འདི་ཉེས་ཅན་རྫབ་ཆེན་ཞིག་དུ་འདོད་མཁན་ཚོའི་ཀླད་པའི་ནང་དུ་ད་དུང་ཚོན་མདོག་ལྗང་ཁུ་ཞིག་ལྷག་བསྡད་ཡོད་པའི་རྟགས་རེད། ཕྱི་ལོག་གི་རྒྱལ་ཁབ་ཁག་ལ་ལྟོས་དང་། སྲིད་འཛིན་དང་སྲིད་བློན་སོགས་ལ་དམའ་འབེབས་དང་སྐྱོན་བརྗོད་ཅི་ཙམ་བྱེད་ཀྱི་འདུག དེར་ཁྲིམས་ཐོག་ནས་ཀྱང་གནོན་ཤུགས་ཡོད་པ་མ་རེད། ཡག་ཤོས་བྱུང་ན་གཞུང་ཐོག་དང་ཡང་ན་སྒེར་ངོས་ནས་གསལ་བཤད་བྱེད་རྒྱུ་རེད། ཆོས་དད་མེད་མཁན་ཞིག་ལ་མཚོན་ན་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་དང་ཡང་ན་དམའ་འབེབ་བྱས་པ་སོགས་ལ་དམིགས་བསལ་གྱི་ལྟ་སྟངས་གང་ཡང་མེད། དེ་ནི་ཟམ་གདོང་དང་བཀའ་བློན་གཞན་ཁག་ལ་སྐྱོན་བརྗོད་བྱས་པ་དང་འདྲ་མཉམ་རེད། ཁོར་ཡུག་འདི་ན་དེ་འདྲའི་ཚོར་བ་ཆེན་པོ་ཞིག་ཤོང་མི་ཐུབ་པ་ནི་འུ་ཚང་ལ་རང་དབང་གི་བློ་ཚད་མེད་པའི་རྟགས་རེད།
ཆོས་དད་མེད་མཁན་ཞིག་ལ་ མཚོན་ན་༸གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་དང་ཡང་ན་དམའ་འབེབ་བྱས་པ་སོགས་ལ་ དམིགས་བསལ་གྱི་ལྟ་སྟངས་གང་ཡང་མེད། དེ་ནི་ཟམ་གདོང་དང་བཀའ་བློན་གཞན་ཁག་ལ་སྐྱོན་བརྗོད་བྱས་པ་དང་འདྲ་མཉམ་རེད། ཁོར་ཡུག་འདི་ན་དེ་འདྲའི་ཚོར་བ་ཆེན་པོ་ཞིག་ཤོང་མི་ཐུབ་པ་ནི་འུ་ཚང་ལ་རང་དབང་ གི་བློ་ཚད་མེད་པའི་རྟགས་རེད། ཅེས། ཤོད་མཁན་ཁྱོད་རང་ཡ་རབས་རང་དབང་ལས་བརྒལ་ནས་མ་རབས་ཚད་མཐོར་སླེབས་པའི་རྟགས་མ་ཡིན་ནམ།
དཀོན་མཆོག་སྐམ་པའི་སྐད་ཅ་རྣ་ལ་འགྲོ་མ་སོང་། གོང་ས་མཆོག་ལ་མི་མོས་མཁན་དང་སྐྱོན་བརྗོད་བྱེད་མཁན་རྣམས་བོད་ཀྱི་སྤྱི་ཚོགས་ཁྲོད་རྩ་མེད་བཟོ་དགོས་ཚེ་དེ་ནི་རྒྱ་ནག་དམར་པོ་གཞུང་གིས་རང་དང་མི་མོས་མཁན་ཡོད་ཚད་རྩ་མེད་དུ་བཏང་བའི་སྟངས་སྟབས་དང་གཉིས་སུ་མཆིས་བས་ཡིན། གལ་ཏེ་དེ་ཡིན་ཚེ་བོད་མི་རྣམས་ལ་གང་ཟག་གཅིག་གི་དབང་སྒྱུར་ཏེ་རྒྱལ་བོ་ལམ་ལུགས་དང་། རྒྱ་ནག་ལ་ཚོགས་པ་གཅིག་གི་དབང་སྒྱུར་གྱི་དམར་ཕྱོགས་ཚོགས་པ་ལས་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་ཞེས་ནས་སྐད་ཆ་བཤད་ས་མེད། རྒྱ་མཚན་ནི་འཇིག་རྟེན་ཐོག་གི་རྒྱལ་པོ་འམ་གུང་ཁྲན་ཏང་། གཅིག་བསྡུ་རིང་ལུགས་ཀྱི་སྲིད་གཞུང་སུ་ཞིག་ཡིན་རུང་དེར་ཡུལ་དེའི་མི་མང་གི་གུས་བཀུར་དང་དགའ་ཞེན་ཡོད་པའི་གཅིག་མཚུངས་ཀྱིས་སྨྲ་བཞིན་ཡོད་ལ། རྒྱལ་ཁབ་མང་པོ་ཞིག་ལ་དངོས་ཡོད་ཀྱིས་རྒྱ་ཆེའི་མང་མོས་ཀྱི་དགའ་ཞེན་བྱེད་ཀྱིན་ཡོད། དེ་ལྟར་སོང་ཚེ་སྐད་གྲགས་ཆེ་བའི་འཛམ་གླིང་གི་སྲིད་འཛིན་རྣམས་འདེམས་ཐེངས་གཉིས་རེ་མཚམས་སུ་བརྗེ་དགོས་དོན་མེད་དེ། ཁོང་ཚོས་ཉིད་ཀྱི་ཞེན་འདོད་ལྟར་མི་མང་གི་ལས་དོན་སྒྲུབ་ཅིང་ཡུལ་གྲུའི་དེའི་མི་མང་ཤོས་ཀྱིས་གཉིས་ལས་མང་དུ་འདུག་རྒྱུ་དགའ་ཞེན་བྱེད་པས་སོ། དཔེར་ན། ཧ་ཝལ་ལྟ་བུ་རེད། ཡུལ་དེའི་མང་༨༠་རྒྱབ་སྐྱོར་ཐོབ་ཀྱང་དམངས་གཙོའི་ལམ་ལུགས་ཁྲོད་མེད་པས་ཁོང་གིས་ངོས་ལེན་གནང་མེད། རྒྱུ་མཚན་ནི། དེ་ལས་མང་དུ་སྡད་ན་སྲིད་འཛིན་ལས་ལྡོག་སྟེ་རྒྱལ་བོ་རྣམ་པ་ཐོན་པས་རེད།
ཕྱི་ཚེས་བདུན་ཉིན་བཀོད་པའི་མཆན་ནང་ཡིག་ནོར་དང་ཆད་ལྷག་རེ་ཟུང་ཤོར་འདུག་པར་མཆན་འདི་བསྐྱར་དུ་བཀོད་པ་ཡིན།
གྲོགས་པོ་ཀླུ་མཁར་ལགས།
ཁྱེད་ལ་མི་རིགས་ཀྱི་ལྟ་བ་ ངེས་ཅན་ཞིག་ཡོད་པ་ངེད་ཀྱིས་ངོས་འཛིན་བྱེད་ཀྱིན་འདུག་་མི་ཚང་མར་མཐུན་སྣང་ གཅིག་པ་ཡིན་རྒྱུ་རེད།ཁྱེད་ལ་རྒྱ་གུང་ཁྲན་གྱི་དངུལ་ལོ་མི་དགོས་པ་དང་།ཁྱེད་ཀྱིས་རྒྱ་གུང་ཁྲན་ གྱི་ངོ་སྲུང་མི་བྱེད་པ་ང་ཚོ་རྒྱུས་ཡོད་ཚང་མར་ཡིད་ཆེས་ཡོད།
ཡིན་ཡང་།འུ་ཅག་གི་སྐྱོན་ ཆེ་ཤོས་ཤིག་ནི་སེམས་ཤུགས་དང་ཚོར་བ་མཉམ་བསྲེས་བྱས་ཏེ་ཕྱི་ཕྱོགས་ལ་འདང་རྒྱག་ མི་ཤེས་པ་དེ་ང་ཚོ་ཚང་མས་སྐྱོན་ཆ་རེད།རྡ་ས་མདོ་སྨད་རྒྱུན་ལས་ཀྱིས་ཁྱེད་ལ་ རྩོད་བཞིན་པ་དེ་ཡང་ཁོ་ཚོས་སེམས་ཤུགས་རེད།ཐབས་ལམ་ལ་མ་བརྟེན་པའི་སེམས་ཤུགས་ ཁོ་ནས་དོན་ཆེན་འབྱུང་སྲིད་པ་ཞིག་རེད།ཁྱེད་ཚོ་ཚང་མས་ངོས་ནས་གང་ཟག་སྒེར་འཁོན་ གྱི་ངོ་བོར་མི་འཛིན་པར་སྤྱི་བའི་རྩ་དོན་ཞིག་ལ་བསམ་ཤེས་ཀྱིས་ཕན་ཚུན་ལ་གུ་ ཡངས་ཐུབ་རྒྱུ་ང་ཚཽའི་རེ་བ་ཡིན།
སྐབས་རེར་༸གོང་ས་མཆོག་ལ་ མ་གུས་པ་དང་མ་འདོད་པའི་རྣམ་འགྱུར་དང་སྐད་ཆ་བཤད་པ་དེ་དངོས་འབྲེལ་གྱིས་ང་ཚོ་ གྲོགས་པོ་སུས་བལྟས་ཀྱང་ཁྱོད་ཀྱི་སྐྱོན་རེད།
དེ་རིང་ལས་དོན་ཞིག་གི་ ཕྱིར་དུ་མདོ་སྨད་དབུས་ཚོགས་གཙོ་དང་དྲུང་ཆེ་གཉིས་ལ་རོབ་ཙམ་ཐུག་སོང་།ཁྱེད་ཀྱིས་ ཀྱང་སྐད་ཆ་དང་རྣམ་འགྱུར་ཚང་མ་ཡག་པོ་འདུག་ཅེས་བརྗོད་ཀྱིན་འདུག ཧ་ཅང་དགའ་བོ་བྱུང་།སོ་སོ་སྐྱེ་བོ་ལ་ནོར་འཁྲུལ་ཡོང་སྲིད་ལ།ནོར་འཁྲུལ་ལ་བཟོད་ གསོལ་ཞུ་ཡང་ཤེས་དགོས་པ་མིའི་རྣམ་དཔྱོད་ཀྱི་སྙིང་པོ་རེད།དེ་རིང་གླེང་རྙོག་ ཞིག་གིས་ང་ཚོ་ཚང་མ་སེམས་ཁྲལ་དང་མི་བདེ་བར་གཡུག་ནའང་།སང་ཉིན་ནས་ཁྱེད་ཀྱིས་ རང་གི་འབྱོན་པ་དང་ཐེག་པའི་མི་རིགས་ཀྱི་ལས་དོན་ཞིག་ལ་ཧུར་བརྩོན་བྱེད་རྒྱུར་ ང་ཚོས་རེ་བ་བྱས་ཡོད།
བུ་རྒོད་པོ།སེམས་ཤུགས་མ་ཆག་་་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བདེན་དོན་སླད་ཁྱོད་ལྟ་བུ་ཡང་ངེས་པར་དུ་མཁོ་བས།རྒྱ་གུང་ཁྲན་གྱི་ཕྱོགས་སུ་ང་ཚོས་ལས་འགུལ་མཉམ་སྤེལ་དང་།གོམ་འགྲོས་མཉམ་སྤོ་བྱེད།ཧྲ་ལ་བྱོས།
༡༽ཀླུ་བྱམས་མདོ་སྨད་ཀྱི་ཚབ་རུང་མིན་ལ། ཚོགས་པ་ཞིག་གི་རྩ་ཁྲིམས་དང་ལང་ཕྱོགས་དང་རྒྱབ་འགལ་བྱུང་བའི་མི་ཞིག་ཡིན་ཚེ་ཚོགས་པ་དེའི་ཚབ་བྱས་ནས་འདེམས་མི་འོས་པ་དམངས་གཙོའི་རྒྱལ་ཁབ་སྤྱི་ཡི་སྲོལ་རེད། དམར་ཕྱོགས་རྒྱལ་ཁབ་ལ་དེ་ལས་ཀྱང་། འོན་ཀྱང་རང་ཉིད་མི་རིགས་དེའི་ཆ་ཤས་ཡིན་པའི་ངོས་ནས་སྤྱི་འཐུས་སུ་འདེམས་མི་རུང་པ་ཅི་ཡོད། ༢༽ལྟ་བ་གསར་བ་ལ། མི་རིགས་ཀྱི་ལྟ་བ་འཛིན་མཁན་ཞིག་ཡིན་ཚེ་རང་ལ་ཡོད་པའི་རིག་གཞུང་གི་ཁར་གཞན་གྱི་ལེགས་ཆ་ལེན་པ་དང་། དེ་ཐབས་མཁས་པའི་སྒོ་ནས་ཀུན་ལ་ཁྱབ་པ་དང་སྤྱི་ཚོགས་ཀྱི་ངོས་འཛིན་ཐོབ་པ་ཞིག་བྱེད་རྒྱུ་ལས། ཕ་བརྡུང་། མ་ཕུད། སྤུན་ཟླ་བསྐྲད། ཁང་གཞིས་གཏོར་རྗེས་གཞི་ཀ་གསར་བ་ཞིག་འཛིན་པར་འདོད་པའི་བསམ་བློ་དེ་ཕན་ལས་གནོད་པ་ཆེ་བའི་བྱ་བ་རེད། ༣༽ གོང་སར་ངོརྒོད་ཐད། དང་པོ་ཕོ་རྒོད་དང་མཁས་པའི་མཚན་སྙན་ཞིག་ཐོབ་ཏུ་རེ་ནས་ཀུན་གྱིས་བཀུར་བའི་མི་ཞིག་གམ་ཆོས་ལུགས་ཞིག་ལ་སྐྱོན་བརྗོད་ཅི་ཐུབ་བྱེད་པ་འདི་སྤྱི་ཚོགས་དང་ཆོས་ལུགས་ཤེས་ཡོན་གྱི་ཆ་ནས་ཐོབ་ཐང་མེད་པ་རྣམས་ཀྱི་ཨུ་ཐུག་གི་ཐབས་ལམ་རེད། གཉིས་པ། ཆབ་སྲིད་པའམ་འགལ་ཟླའི་ཕྱོགས་ཀྱི་དངུལ་གྱི་བསླུ་བྲིད་ལ་བརྟེན་ནས་ཤེས་བྱ་ཟད་དེ་ནང་ཁུལ་དུ་སྙོག་དྲྭ་སློང་ཅི་ཐུབ་བྱེད་པ་འབྱོར་མེད་རྣམས་ཕྱུག་པོར་འགྱུར་བའི་ཚོང་ལམ་རེད། གསུམ། ལག་སྟོང་ཏུ་ཕ་ཡུལ་ཏུ་ལོག་མི་དགོས་པར་དམིགས། སྤྱི་ནོར་དང་གཞུང་ལ་སྐྱོན་བརྗོད་ཅི་ཐུབ་བྱེད་ཐུབ་ན་བོད་དུ་སླེབས་མ་ཐག་ཏུ་ཁ་རྗེ་དབང་ཐང་འདོད་དགུའབྱུང་བ་གོ་སྐབས་རང་ལུགས་པ་རྣམས་བགྲོད་པ་གཅིག་པའི་ལམ་ཁ་རེད། བཞི། དོན་ཏུ་རྒྱལ་བ་རིན་པོ་ཆེར་དམིགས་ནའང་བཤད་རྒྱུ་དེ་སྤྱི་འཐུས་ཚོགས་གཙོ། བཀའ་བློན་ཁྲི་བ། རྒྱལ་ལོ་དོན་གྲུབ། སྐུ་ངོ་རྟ་ར་སོགས་ལ་སྐྱོན་བརྗོད་ལུང་པ་གང་རེ་བྱེད་པ་དེ་མགོ་བདེ་འཇབ་རྒོལ་རིང་ལུགས་པའི་ཐབས་ཇུས་རེད། སྒེར་བ་ལ་སྐྱོན་བརྗོད་མི་རུང་པ་མིན་ཀྱང་མིང་སྦས་པ། དོན་གསལ་པོ། ལག་པ་དར་གྱིས་ལྕིབས་ཏེ་་རྨ་མེད་སྙིང་གཏོར་ཀྱི་བྱ་བ་འདི་དང་པོ་དབུས་གཙང་ནས་བྱུང་། བར་ཏུ་ཁམས་པ་ལ་དར། ད་ལྟ་ཨ་མདོ་བ་རྣམས་ཀྱིས་ཀྱང སློབ་སྦྱོང་བྱེད་བཞིན་པའོ། །ལོ་རྒྱུས་ནང་ལ་འདི་དྲ་བྱུང་ཡོད་མེད་རྒྱུས་ཡོད་རྣམས་ཀྱིས་འགྲེལ་བཤད་གནང་བར་ཞུའོ།།
Just rubbish commentaries
རྨོག་རུ་བསྟན་པ་ཁོ་དངོས་གནས་ཁག་མི་འདུག ཁོ་ཡང་ལྷོ་མཐའི་ནགས་གསེབ་ཏུ་ཀླད་ལྗང་ཁྱུ་ཚོགས་འབྲེལ་བའི་ཞི་དྲག་གི་འཐབ་རྩོད་མྱང་ཚར་བའི་མི་བུ་ཞིག་རེད། ད་ཆ་ཁོས་རྡ་སར་མྱོང་བཞིན་པའི་ཀླུ་མཁར་འབྱམས་ཀྱི་སྡུག་བསྔལ་ལ་བསམ་ཤེས་ཐུབ་ཀྱི་ཡོད་ནེ་རེད། དངོས་གནས་བསླབ་བྱ་བརྒྱ་ལས། སྣ་བསུན་གཅིག་ཕན་པ་རང་བྱུང་འདུག
འོན་ཀྱང་། རྡ་སའི་ཁྱི་སྤྱང་ཚང་མ་མགོ་ལག་འབྲེལ་ཡོད་པས་ཁྱེད་ཀླུ་འབྱམས་ལ་མོས་ཀྱང་གཟབ་ཙམ་གནང་རོགས།
དགེ་ཆོས་སྨྱོན་པས་ལྷ་སའི་བཙོན་ཁང་ནང་དུ་སྐུ་དྲག་རྒད་པོའི་འཐབ་འཛིང་མྱང་།
པད་མ་འབུམ་གྱིས་རྡ་སར་མི་ཁའི་འགྲམ་ལྕག་གཟེར་ནས་ནུབ་གླིང་ཡུལ་དུ་བྲོས།
རྨོག་རུ་བསྟན་པས་ལྷོ་ཕྱོགས་གྲྭ་རྒན་རྣམས་ཀྱི་ཚོགས་གཏམ་གཟན་ནས་རྡ་སར་ཡིབ།
ཨ་མདོའི་མི་ལ་ལངས་པའི་ས་ཞིག་མེད་ན་ཀླུ་འབྱམས་ཚོགས་གཞོན་བྱས་པས་ནོར།
ཨ་རོགས་གསར་བུ་མགོན་པོ།
ཤེས་རིག་མདའ་མོའི་རྩེ་མོས།
དམིགས་འབེན་གཞན་ལ་གཏད་ཀྱང།
མདའ་ཁ་རང་ལ་སུག་ན་སྙིང་རྗེ།
ཁ་བརྡ་ཚང་ལགས། ང་སླེབས་ཡོད། ཁྱེད་ཚང་གི་སྐུ་མགྲོན།
ངོ་མ་ཁ་བརྡ་ཚང་སྨྱོ་བ་མིན་ན་གཟི་བ་རེེད། གང་ལྟར་དྲང་མོ་ཞིག་རྩ་ནས་མི་འདུག
ཀླུ་མཁར་འབྱམས་ལ་སྤེལ་བའི་རྩོམ་ཡིག་གི་མཆན་ནང་ཀླུ་འབྱམས་ཀྱི་མི་གཞི་ལ་སྐྱོན་བརྗོད་ཀྱི་ཚིག་ངན་བོར་བ་དང་། ཐ་ན་སྐྱག་པ་བཟོ་ཟེར་བ་སོགས་བྲིས་ཡོད་པ་ཚང་མ་ཁྱེད་ཚང་གི་སྒྲིག་གཞི་དང་མ་འགལ་བར་རང་སོར་འཇོག་ཀྱང་བྱེད་པ་དང་།
ཨ་ལགས་འཇིགས་མེད་སྒེར་ལ་དོན་དངོས་ཀྱི་སྐྱོན་རི་རབ་ཙམ་ནས་ཟུར་ཙམ་ཞིག་བརྗོད་པ་མཐོང་མ་ཐག་རྩ་མེད་བཟོ་ཀྱང་བྱེད་ཀྱི་འདུག
ཁྱེད་ཚང་ཞེད་སྣང་མི་དགོས། དེའི་ཁག་ཐེག་ང་མགོན་པོ་སྐྱབས་གཅིག་པུས་བྱེད་ངེས།
གལ་ཏེ་ཨ་ལགས་ཚང་གི་དངུལ་དངོས་མང་པོ་བྱིན་ཡོད་ན། ང་ཉམ་ཆུང་བོད་མི་དཀྱུས་མ་ཞིག་ཡིན་པས་དེ་འདྲ་སྟེར་རྒྱུ་མེད་པས་དགོངས་འགལ་མེད་པ་ཞུ།།
མགོན་པོ་སྐྱབས་ལགས།
ཁ་བརྡས། རྩོམ་འབྲི་མཁན་དང་གང་ཟག་སྒེར་བ་སུ་ལ་ཡང་། ཚིབ་རྩུབ་སྨྲ་བ་དང་འཐབ་འཛིང་བྱེད་པ།
ཀླན་ཀ་འཚོལ་བ་སོགས་ཀྱི་མཆན་སྤེལ་ན། མཆན་སྤེལ་མཁན་དང་མཆན་བུ་གཉིས་ཀ་འགོག་བཞིན་ཡོད།
ལྷག་པར་དུ། ཁ་བརྡ་དྲ་བར་དོན་མེད་དུ་ཀླན་ཀ་འཚོལ་མཁན་རིགས་ལ་དེ་བས་ཀྱང་དགའ་བསུ་མི་ཞུ།
དེ་དོན་དགོངས་འཇགས་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
ཁ་བརྡ་ཚང་ལགས།
དགོངས་སུ་དག་པ་འདུག་གོ
ཐུགས་སུ་བདེན་པ་འདུག་གོ
གནང་སྟངས་དེ་ལ་བལྟས་ན།
ད་ག་ཡོང་བ་འདུག་གོ།