(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་དུ་།)
གངས་སྨྱུག་གིས།
རྣམ་པར་རྒྱལ་བའི་ཁང་བཟང་རིན་པོ་ཆེར།།
མཁའ་ཡི་སྙེ་མའི་དབུ་འཕང་དགུང་ལ་བསྙེགས།།
ཡིད་འོང་མཛེས་པའི་སྒྱུ་འཕྲུལ་མི་ཡུལ་རྒྱལ།།
བདག་གི་གྲོགས་པོ་རྒྱལ་བའི་རྒྱལ་མཚན་མཆོག།
ཤེས་བྱ་རྒྱ་མཚོའི་མཇིང་ལས་རབ་ཟབ་ཀྱང༌།།
རྣམ་དཔྱོད་གསེར་མིག་འཇའ་རིས་ཁྱུགས་སེ་ཁྱུག།
རྣོ་མྱུར་རིག་པའི་གསེར་ཤོག་གཏིང་མཐའ་བརྒལ།།
བདག་གི་གྲོགས་པོའི་བློ་རིག་གསེར་ཉ་མཚུངས།།
ས་ཆེན་བསོད་ནམས་གཏེར་གྱི་མངལ་རྒྱ་སྦྲུམ།།
འབྱོར་བ་རིན་ཆེན་ནོར་གྱི་བང་མཛོད་གཏམས།།
སྣོད་བཅུད་དབུལ་བ་ཅི་གར་སེལ་བྱེད་པ།།
བདག་གི་གྲོགས་པོ་འདོད་འབྱུང་བུམ་བཟང་མངོན།།
སྲིད་པའི་ཞིང་འདིར་བདེ་ཆེན་རྫིང་བུ་འཁྱིལ།།
དྲི་མེད་མཛེས་སྡུག་འདབ་སྟོང་བཞད་པ་རུ།།
དུང་བའི་མཛའ་མོ་ར་ཡིག་གཉིས་པ་འཁོར།།
བདག་གི་གྲོགས་པོ་འདབ་སྟོང་པད་མ་མངོན།།
དགའ་བོ་འཇོག་པོ་གཡས་འཁྱིལ་རི་མོ་མཛེས།།
སྙན་གྲགས་ཚངས་དབྱངས་སྐད་ཀྱི་གདམས་པ་འཁུ།།
མི་ཤེས་རྨོངས་ཚོགས་གཉིད་ཀྱི་ཡོར་བ་ཕྱེས།།
བདག་གི་གྲོགས་པོ་ཆོས་དུང་དཀར་པོ་ལགས།།
ཐོས་བསམ་སྒོམ་གསུམ་ཉམས་རྟོགས་རི་མོ་བཀྲ།།
འཆད་རྩོད་རྩོམ་གསུམ་མཁས་པའི་མིག་སྟོང་ལྡང༌།།
གར་ཐིག་དབྱངས་གསུམ་གཟི་དཔལ་ལྷང་ངེ་བ།།
བདག་གི་གྲོགས་པོ་དཔལ་གྱི་བེའུ་ལགས།།
གོ་ལའི་བསིལ་དྲོད་བདེ་བའི་དཔལ་འཁྱིལ་ཞིང༌།།
དབང་ཐང་བརྒྱ་བྱིན་ལྷ་མིན་སྤྱི་བོར་བཀབ།།
གཞན་ཕན་དར་དཔྱངས་རིང་མོས་འགྲོ་ཀུན་བཅིངས།།
བདག་གི་གྲོགས་པོ་ཞི་བསིལ་གདུགས་དཀར་མངོན།།
བློ་སྟོབས་རྩིབ་སྟོང་འཁོར་ལོ་རྣམ་པར་བཀྲ།།
ལྔ་རིག་ཕྲ་རྒྱན་བྱེ་བའི་འོད་མདངས་འཚེར།།
གཞན་ཕན་འཁོར་ལོ་རྣམ་གསུམ་ལས་ལ་བྲེལ།།
བདག་གི་གྲོགས་པོ་གསེར་གྱི་འཁོར་ལོ་ལགས།།
གངས་སྨྱུག་ལགས་ཀྱི་རྩོམ་འདི་དངོས་གནས་ཁྱད་པར་ཅན་ཞིག་འདུག ངོ་མའི་སྙན་པོ་འདུག
འཇམ་འབྱངས་ཕྱག་ན་ཤེས་རབ་རལ་གྲི་ཡི། །འོད་སྣང་མུན་པའི་ཇག་ཚོགས་འཇོམས་དང་ལྷན། །ཐུགས་ཡིད་དྷི་ཡིག་འབར་བའི་ཚན་ཁ་ཆེས། །ལེགས་ཉེས་གསལ་བའི་སྒྲོན་མེ་སྤར་འདིས་སྤྲོ། །
བཀྲ་ཤིས་བདེ་ལེགས།
དྲ་འབུ་བློ་བཟང་ལགས། བཀྲ་ཤིས་བདེ་ལེགས་ཞེས་པའི་ཁ་ཡག་འདི་ཁྱེད་ཀྱིས་མིང་རྫུན་འདི་ཐོག་མར་སྤྱད་ནས་ཕུང་དཀྲུགས་ཤིག་སློང་ཆེད་ཁ་བརྡ་ཚང་ལ་མགོ་སྐོར་ཞིག་བཏང་བ་རེད། མ་རེད་དམ། ཧཧཧཧ
བློ་བཟང་ལགས་བཀྲིས་བདེ་ལེགས། ཁྱེད་ཀྱི་ཁ་པར་ཨངས་གྲང་ང་ལ་སྤྲད་རོགས་གནང་།