བློ་གྲོས་རབ་བརྟན།
གྲོགས་པོ་ཚོ། བོད་པ་ཚོ། ད་ལོ་ང་ལ་སྲིད་སྐྱོང་མེད། ང་དགོས་པའི་སྲིད་སྐྱོང་དེ་མི་འདུག དེ་ཕྱིར་ང་ལ་སྲིད་སྐྱོང་མེད་པར་གྱུར། ང་ལ་ངའི་བོད་ཀྱི་དཀའ་ངལ་ཤེས་ནི་ཞིག་དགོས། དགོས་པ་མ་ཟད་དེའི་ཆེད་དུ་ལས་ཀ་བྱེད་ནི་ཞིག་དགོས། བོད་མིའི་སྒྲིག་འཛུགས་དེ་ཡང་། བོད་ནང་གི་བོད་མི་ཚོའི་དཀའ་ངལ་སེལ་ཐབས་ལ་འཁྱེར་ཐུབ་ནི་ཞིག་དགོས། རྒྱལ་སྤྱིའི་རྒྱབ་སྐྱོར་དེ་ཡང་། བོད་ཀྱི་དཀའ་ངལ་སེལ་ལ་གྲོགས་སུ་འདེད་ཐུབ་མཁན་ཞིག་དགོས། འོན་ཀྱང་ད་ལོའི་སྲིད་སྐྱོང་འོས་མིའི་ཁྲོད་ན། དེ་ལྟར་བྱེད་ཐུབ་ནི་ཞིག་མི་འདུག དེར་བརྟེན་ང་ལ་སྲིད་སྐྱོང་མེད།
ཁྱོད་ཚོ་ལ་སྲིད་སྐྱོང་ཡོད་རྒྱུ་རེད། ཁྱོད་ཚོས་འོས་འཕང་ཤོག་ཨ། ཁ་ཕོ་འབྲུག་སྟོང་ལྡིར་འདྲའི་སྲིད་སྐྱོང་ཡོད་རྒྱུ་རེད། གྲུབ་འབྲས་ཤིག་ཙམ་མེད་པའི་སྲིད་སྐྱོང་ཡོད་རྒྱུ་རེད། ཐོབ་དང་གོ་སར་དགའ་བའི་སྲིད་སྐྱོང་ཡོད་རྒྱུ་རེད། ནང་ཁུལ་དཀྲིག་ལ་དགའ་བའི་སྲིད་སྐྱོང་ཡོད་རྒྱུ་རེད། ཐམས་ཅད་རྡུལ་ཏུ་བརླག་པའི་སྲིད་སྐྱོང་ཡོད་རྒྱུ་རེད། དྲིན་ལན་ལོག་འཇལ་བྱེད་པའི་སྲིད་སྐྱོང་ཡོད་རྒྱུ་རེད། དེ་དང་དེ་འདྲ་དག་ནི་ཁྱོད་ཚོའི་ད་ལོའི་སྲིད་སྐྱོང་རེད། འོས་བླུགས་ཤོག ཁོང་ཚོ་ལ།
ད་དུང་། ཁྱོད་ཚོར་ཆོལ་ཁ་དང་ཆོས་ལུགས་གཅིག་པ། གསར་འབྱོར་གཅིག་པ། གཞིས་ཆགས་གཅིག་པ། ལུང་ཚན་གཅིག་པ། སློབ་གྲྭ་གཅིག་པ། ལངས་ཕྱོགས་གཅིག་པ་སོགས་ཕྱོགས་དང་རིས་སུ་ཆད་པའི་སྲིད་སྐྱོང་ཡོད་རྒྱུ་རེད། ། འོས་བླུགས་ཤོག ཁོང་ཚོ་ལ།
ང་ལ་སྲིད་སྐྱོང་མེད་ཀྱང་། བྱང་ཨ་རིའི་སྤྱི་འཐུས་གཉིས་ལ་འོས་བླུག་པའི་ཐོབ་ཐང་ཡོད། འོན་ཏེ་ང་ལ་འོས་མི་གཅིག་མ་གཏོགས་མེད། སང་ཉིན་ཁོ་ལ་འོས་བླུག་གི་འགྲོ་རྒྱུ་ཡིན།
ཨ་རི་ལ་ཡོད་ན་སྲིད་སྐྱོང་དགོས་ནི་མ་རེད། སྤྱི་མཐུས་ཡང་དགོས་ནི་མ་རེད། ལས་ཀ་ཡག་མོ་ལས་སྒྲོ་ལར་ཡག་མོ་བསགས། དེས་ཆོག་ནི་རེད་ཨ་རོགས། མི་རིགས་ནག་པོའི་ནག་མོ་གཅིག་ལོན་ཨེ་ཐུབ་ལྟོས།
ནི་ནི་ཞེ་ས་པའི་ཚབ་ལ་མཁན་མཁན་ཞེས་བཀོལ་ན། ཅི་ཙུགས་ཤིག་འདུག་གམ།
མུན་ནག་ལྐོག་མདའ་འཕེན་མཁན་དང་གཡོ་སྒྱུ་ལ་ཕུལ་དུ་བྱུང་བ་ཞིག་འདུག་གདའ།
ཁྱོད་ལ་སྲིད་སྐྱོང་མེད་ན་ང་ལ་ཡོད་དོ།། དེ་ནི་བོད་མི་སྤྱི་བོ་གནམ་བསྟན་རྣམས་ཀྱི་རེ་བ་རྒྱག་ས་ཞིག་ཡིན་ནོ།།
རང་གི་ལུང་ཚན་དང་གཉེན་ཚན་དུ་མ་གཏོགས་ན་སྲིད་སྐྱོང་མེད་པ་མ་ཡིན། བོད་མིའི་ནང་ནས་དྲག་ཤོས་ཤིག་དང་སོ་སོའི་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་དགོས། འོན་ཀྱང་ང་ལ་ཡོད་པའི་སྲིད་སྐྱོང་དེ་ཡིས་ང་ངོ་མི་ཤེས། ངས་ཁོ་རང་དངོས་སུ་མཇལ་མ་མྱོང་། ཁོ་རང་གི་ད་བར་གནང་བའི་བྱས་རྗེས་ལས་ཚོད་དཔག་བྱས་སོ།།
སྤེན་ཚེ་ཕྱོགས་གཏོགས་ཚོ་ད་དུང་ངར་འདུག སྡུག་སྐད་ཤོར་འདུག འདི་ཚོ་ནི་ཨ་མདོའི་ཞབས་འདྲེན་རེད་ད།
རང་གི་རང་བདེམས་ན་གང་དྲག་
ང་ལ་ད་ལོ་སྲིད་སྐྱོང་ལྔ་ཡོད་་་་་
ང་ལ་སྲིད་སྐྱོང་ཡོད་ལ་སྤྱི་འཐུས་ཀྱང་ཡོད་་་་་་སྲིད་སྐྱོང་གཅིག་དང་སྤྱི་འཐུས་བཅུ་ལ་བླུག་ཡོད་་་་་དདདད
ངེད་བོད་པ་ཚང་གི་བྱ་འདི་ཚོ་བསམ་ན་ངུ་རྒྱུ་ཡོང་གི།
༡༽ཤ་རྡོག་བཙོས་བྱས་ནས་ཀ་ཏོ་རའི་ནང་ཉིན་མང་ཉར་ལ་ཇ་ཐོག་ནས་ཇ་ཐོག་མི་འདྲ་མིན་གྱིས་ཤ་རྡོག་དེ་ལག་ལ་བཟུང་ནས་ཁམ་གང་རེ་བྱས་ནས་གྲིས་གཏུབ། ཤ་རྡོག་ལག་ལ་འཛིན་མཁན་ཚོའི་ནང་མི་མི་ཉུང་བ་ཞིག་གིས་གཅིན་སྐྱག་བཏང་རྗེས་ལག་པ་ཡང་བཀྲུས་ཡོད་མེད་རེད།།
༢༽ གཅིན་སྐྱག་གཏོང་སྐབས་གང་བསམ་བྱས་ནས་ཐང་ཡངས་ས་ལ་སོང་ནས་ས་རྫོད། ཡུལ་སྐད་གང་མང་ཞིག་ལ་གཅིན་སྐྱག་གཏོང་བའི་མིང་ལ་ས་ལ་འདུག་པར་འགྲོའམ་ཐང་ལ་འདུག་གར་འགྲོ་ཟེར། གཅིན་སྐྱག་བཏང་རྗེས་ལག་པ་བཀྲུ་སྲོལ་ཕར་ཞོག་སྐྱག་ཁོང་ཡང་བཤུ་མཁན་ཉུང་།།
༣༽ ཐ་ན་ཕོ་མོའི་བར་ཀྱི་བདེ་བ་སྤྱོད་སྐབས་ཡང་གོས་ཆ་ཚང་མི་ཕུད་ལ་བྲེལ་བྲེལ་ཚུབ་ཚུབ་དང་ས་ར་སོ་རི་ཙམ་ལས་ལྷོད་ལ་བབས་ནས་གཅིག་གིས་གཅིག་ལ་ཤ་རློན་གླན་ནས་དགའ་བ་དང་བདེ་བའི་ཚོར་བ་ལོངས་སུ་སྤྱོད་མཁན་ཉུང་།།
ངེད་ཚང་གི་ད་དུང་ཤོར་ཟིན་པའི་ཕ་ས་བུ་ཡིས་ལེན་རྒྱུ་དང་སངས་རྒྱས་ཀྱི་བསྟན་པ་འཛིན་རྒྱུ་ཟེར། ང་ཆུང་འཐུང་བས་མིན་ན་ངེད་ཚང་གིས་བྱ་འདི་ལ་བལྟས་ན་ངུ་རྒྱུ་ཡོང་གི།།
ཞེས་ས་མཐའི་རྒད་པོ་ཁེར་འདུག་ནས་༢༠༡༥་༡༠་༡༩་ཉིན།།
ལག་པ་བཀྲུ་མིན་དེ་གལ་ཆེན་པོ་མ་རེད་བསམས། གལ་ཆེན་པོ་ནི་མཁའ་རླུང་ནང་འབུ་ཕྲ་ཉེན་ཁ་ཅན་ཡོད་མེད་དེ་རེད།
བོད་མི་ས་ཡ་དྲུག་གི་ནང་ནས་ཆོས་འཕེལ་དར་རྒྱས་ལགས་སྤྱང་ཤོས་རེད་འདུག་གདའ།