ད་ལྟ་རང་ཁྱེད་ཀྱི་མྱུར་འཕྲིན་དེ་ཀློག་རྒྱུ་བྱུང་སོང་། དེ་རིང་བར་དུ་ཁོམ་པ་ཞིག་ཁྱོན་ནས་མ་བྱུང་། ཁྱེད་ལ་བོད་རིག་པའི་ཞིབ་འདུག་ཚོགས་འདུའི་སྐོར་རོབ་ཙམ་བཤད་ན། འཛམ་གླིང་གི་རྒྱལ་ཁབ་ཁག་བཅུ་གསུམ་ནས་སླེབས་པའི་བོད་རིག་པའི་མཁས་པ་དང་ཞིབ་འཇུག་པ་བཞི་བརྒྱར་ཉེ་བ་ཞིག་འཛོམས་འདུག དེ་དག་གིས། བོད་ཀྱི་ཆོས་ལུགས་རིག་གནས། ཡུལ་སྲོལ་རིག་གནས། ལོ་རྒྱུས་རིག་གནས། སེམས་ཁམས་རིག་གནས། ལྷ་གསོལ་རིག་གནས། གཞི་བདག་གི་སྐོར། གླིང་གེ་སར་གྱི་སྐོར། བོད་ཀྱི་གསོ་བ་རིག་པའི་སྐོར་སོགས་ཕྱོགས་ངོས་མང་པོ་ཞིག་ནས་གླེང་སོང་།
ང་རང་ནས་བོད་ཀྱི་སྲོལ་རྒྱུན་ཞྭ་མོའི་སྐོར་ལ་བཤད་པ་ཡིན
དེའི་སྐོར་གྱི་བཅར་འདྲི་ཞིག་ལ་འདི་ནས་ཉན་རོགས།
ད་རེས་ཀྱི་ཚོགས་འདུར་ཞུགས་མཁན་ནང་དགུང་ལོ་ཆེ་ཤོས་ནི་ལོ་བརྒྱད་བཅུ་གྱ་གཉིས་དང་། ཆུང་ཤོས་ནི་ཀྲུང་དབྱང་མི་རིགས་སློབ་གླིང་དང་ལྷོ་ནུབ་མི་རིགས་སློབ་གླིང་སོགས་ཀྱི་ཞིབ་འཇུག་པ་ལོ་ན་ཉེར་གསུམ་ཉེར་བཞི་ཡིན་པ་བཅས་རྒན་གཞོན་མང་པོ་ཞིག་འཛོམས་འདུག ད་རེས་ཀྱི་ཚོགས་འདུའི་ནང་། བོད་ནང་ནས་མི་གྲངས་བཞི་བཅུ་བརྒལ་ཙམ་ཞིག་འབྱོར་འདུག་པ་དང་། བོད་ཕྱི་ལོགས་ནས་བོད་རིགས་མཁས་པ་དང་ཞིབ་འཇུག་པ་གྲངས་སུམ་ཅུ་བརྒལ་བ་བཅས་ཁྱོན་བསྡོམས་བོད་རིགས་ཁོ་ན་བདུན་བཅུ་བརྒྱད་ཅུ་ཞིག་ཡོད་པ་འདྲ། ཞིབ་ཚགས་པོ་ནི་གྲངས་ལ་ལེན་རྒྱུ་མ་བྱུང་། བོད་ནང་གི་མཁས་པ་རྒན་གྲས། དཔེར་ན། ནོར་བྲང་ཨོ་རྒྱན། རྒྱལ་མོ་འབྲུག་པ།
སོགས་འདུག བཙན་བྱོལ་ལ་ཡོད་པའི་མཁས་བ།དཔེར་ན། མཁར་རྨེའུ་བསམ་གཏན།
ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། པད་མ་འབུམ། དགེ་འདུན་རབ་གསལ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སོགས་འདུག ་
འདི་ནས་བོད་ནང་ནས་ཕེབས་མཁན་ཚོ་བརྒྱུད་ནས་ཤེས་རྟོགས་བྱུང་བ་ཞིག་ལ། བོད་ནས་ཕེབས་མཁན་ཚོར་ད་སྔ་དང་མ་འདྲ་བའི་དམ་དྲག་ཆེན་པོ་བྱས་སོང་ཟེར།
དཔེར་ན། མི་གང་ཞིག་ད་རེས་ཀྱི་ཚོགས་འདུ་ལ་འགྲོ་དགོས་པ་ཡིན་ན། དང་པོ་དེ་འདས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་། དེ་ནས་ད་ལྟའི་གནས་སྟངས། ལྷག་
པར་དུ་ད་ཕན་བྲིས་པའི་རྩོམ་ཡིག་གི་བརྗོད་བྱའི་ཁྱབ་ཁོངས་སོགས་ཕྱོགས་མང་པོ་ཞིག་ལ་ཞིབ་འཇུག་བྱས་ནས་མ་གཏོགས་ཕྱིར་བསྐྱོད་ཆོག་པའི་ཆོག་མཆན་སྤྲད་མེད་
པ་ཡིན་འདུག ཁོང་ཚོས་གསལ་པོ་བཤད་ཀྱི་ཡོད་པ་ཞིག་ལ། སི་ཁྲོན་ཁོངས་ནས་ཡོང་མཁན་བོད་རིགས་མཁས་པ་བདུན་བརྒྱད་ཅིག་ལ། ཁེ་ན་ཊ་གཞུང་གིས་ཐོངས་
མཆན་སྤྲད་ཡོད་པ་དང་། ཁོང་ཚོས་གནམ་གྲུའི་འཛིན་བྱང་ཡང་ཉོས་ཟིན་ནས་ཡོད་འདུག་ནའང་། ཡོང་ཁ་ལ་མོར་རྒྱ་ནག་གཞུང་གིས་ཕྱིར་བསྐྱོད་ཆོག་གི་མ་རེད་ཅེས་
བཀག་འགོག་བྱས་འདུག
ཡང་གནས་ཚུལ་གཅིག་ལ། ད་ལོར་རྒྱ་ནག་གཞུང་གིས་དམ་དྲག་བྱས་སྟབས། མི་སྣ་ཉུང་ངུ་ཞིག་ལས་སླེབས་ཐུབ་མི་འདུག འདི་ལ་བོད་རིག་པའི་ཚོགས་འདུ་གོ་སྒྲིག་བྱེད་
མཁན་གྱི་ངོས་ནས་དང་། ཚོགས་ཞུགས་པ་དག་གི་ངོས་ནས་ཀྱང་བློ་ཕམ་ཚད་མེད་བྱེད་ཀྱི་འདུག་ལ། ཚོགས་འདུ་དབུ་འབྱེད་ཀྱི་སྐབས་སུ་གཞུང་འབྲེལ་གྱི་ངོས་ནས་རྒྱ་
ནག་གཞུང་གི་བྱེད་སྟངས་འདིས། བོད་རིག་པའི་མཁས་པའི་བགྲོ་གླེང་འདིར་ཆབ་སྲིད་ཀྱི་བཀག་འགོག་བྱེད་པ་ནི། མ་འཚམ་པ་ཞིག་དང་བློ་ཕམ་བྱེད་དགོས་པ་ཞིག་རེད་
ཅེས་བསྒྲགས་གཏམ་ལྟ་བུའང་སྤེལ་སོང་།
བྲེལ་འཚུབ་ཀྱི་མཐའ་མ་ལྟ་བུར་། དེ་རིང་ཁོམ་ལོང་ཅུང་ཙམ་བྱུང་སོང་། དེ་རིང་ནི། (Vancouver)
ནས་རྒྱ་མཚོ་འཕེད་གཅོད་ཀྱིས་གླེང་ཕྲན་ཞིག་ལ་སླེབས་ནས། གྲོགས་པོ་ཁག་ཅིག་དང་ལྷན་དུ་བསྡད་ཡོད། འདི་ཙམ་ལས་ཁོམ་པས་ལྕོགས་མ་སོང་། རྗེས་ཕྱོགས་ཡུན་གྱིས་ཁ་བརྡ་བྱེད། ད་བདེ་མོ།
(Vancouver)བན་ཁོ་བིར་ནས་ཆུ་སྐྱེས་ཀྱིས།
ཆུ་སྐྱེས་ལགས་སུ། ད་ལོའི་་ཁ་བརྡའི་ནང་གི་བགྲོ་གླེང་དང་། འདི་ལོའི་བོད་རིག་པའི་ཞིབ་འཇུག་གཉིས་ཀྱིས་བོད་རིགས་སྤྱི་སྒེར་གཉིས་ལ་ཕན་ཐོགས་ཡོངས་སྟངས་གཉིས་ལ་ཁྱད་པར་གང་ཡོད་དམ། ཚོགས་བཅར་བ་༣༠༠འམ་༤༠༠འི་ནང་ལ་བོད་རིགས་༧༠འམ་༨༠ཙམ་ལས་མེད་པ་འདིས་འཚོར་སྣང་ག་རེ་བྱུང་སོང་ངམ། འབྱུང་འགྱུར་འདི་ལྟ་བུའི་ཞིབ་འཇུག་ནང་ལ་བོད་རིགས་གང་མང་མང་ཕེབས་ཐུབ་ན་དགེ་མཚན་ཆེ་བ་ཡོངས་སྟངས་ཅིག་གསུང་རྒྱུ་ཡོད་དམ་མེད། ཐུགས་རྗེ་ཆེ།
གྲོགས་མོའི་འཕྲིན་ཞེས་བྲིས་ན་ལེགས་པར་མཐོང་། རྒྱུ་མཚན་ནི་བུ་མོ་ཞིག་གིས་བྲིས་པས་སོ།།
ཀླུ་སྨྱོན་ལགས་བཀྲ་ཤིས་བདེ་ལེགས། ཁྱེད་རང་ད་ཐེངས་ཀྱི་བོད་རིག་པའི་ཚོགས་འདུར་བཅར་ཡོད་ཚུལ་ཞིག་གོ་སོང་། ཁྱེད་རང་གི་མཐོང་ཐོས་ངོ་སྤྲོད་ཅིག་གནང་ཐུབ་ན་ཡག་པོ་འདུག ་བོད་རིག་པའི་ཞིབ་འཇུག་འདིའི་བརྩམས་ཆོས་རིགས་གང་ནས་བཀླག་ཐུབ། དྲ་ཚིགས་འདྲ་ཡོད་ནི་ཨེ་རེད། ཁྱེད་རང་ཁོམ་ན་ངོ་སྤྲོད་ཅིག་གནང་རོགས་ཞུ།
རེད།
ངོ་མ་བཟང་གི
ཚོགས་ཞུགས་པ་ཚོས་འདི་ལྟར་རང་རང་གི་མྱོང་ཚོར་དང་མཐོང་སྣང་གང་བྱུང་དྲ་ཐོག་ཏུ་སྤེལ་བ་ངོ་མ་བཟང་གི ད་དུང་མུ་མཐུད་ནས་ཞིབ་ཚགས་པོར་བྲིས་ནས་དྲ་ཐོག་འགོད་ཐུབ་ན་ངེད་ཀློག་མཁན་ཚོར་ཕན་ཐོག་འདུག་ལགས།
ཚོགས་ཞུགས་པ་མཞན་པ་ཚོ་ཡང་ཁ་བཙུམ་ནས་མི་འདུག་པར་སོ་སོར་མྱོང་ཚོར་གང་བྱུང་བ་དེ་ཞལ་སྒོ་ཡངས་པོར་གྱིས་ན་མི་ལེགས་སམ།
ཆུ་སྐྱེས་ཐུགས་རྗེ་ཆེ་།
ཆུ་སྐྱེས་ཐུགས་རྗེ་ཆེ་།
བཀྲིས་བདེ་ལེགས
choekyi la
How is your feel at meeting ?
choekyi la
Tashi Delek
tell me detail of meeting held at canada.
thanks
དྲ་གྲོགས་ཚོ་ཁམས་བཟང།