སྤྲུལ་སྐུ་དབང་ཆེན།
ཀ་མ་ལ་འཛིན་སྤྱི་བོའི་གཙུག་ཏུ་བཀུར།།
ཁ་བའི་ལྗོངས་ཀྱི་བཅུ་ཕྲག་ཤེས་བྱར་དུང་།།
ག་ལེར་ཞོར་དུ་མཛེས་མའི་གྲགས་པ་སྐྱོང་།།
ང་ཡི་སེམས་གྲོགས་འཕགས་པ་ཀླུ་སྨྱོན་རྒྱལ།།
ཀླུ་སྨྱོན་ཧེ་རུ་ཀ
ཅ་ཅོ་མི་མང་དོན་ལྡན་རྩོམ་མཆན་འབྲི། །
ཆ་རྒྱུས་མེད་ཀྱང་གྲོགས་ཀྱི་འདུ་ཤེས་འཛིན། །
ཇ་ཁ་ཆང་ཁ་ཅིག་ནས་འཕྲད་པ་ན། །
ཉ་མའི་བྷ་གའི་བྲོ་བ་མཉམ་དུ་གླེང་། །
མཁན་ཆེན་བླ་མ།
ཏ་ཐྰ་ག་ཏའི་བསྟན་པའི་སྙིང་པོ་མཁྱེན། །
ཐ་སྙད་ཤེས་རིག་ནོར་བུའི་གཏེར་ལ་དབང་། །
ད་ལྟའི་དུས་ན་སེམས་དཔའ་རྒྱལ་སྲས་ཆེ། །
ན་རཀ་འདྲེན་པ་ཧེ་རུ་ཀ་དཔལ་རྒྱལ། །
ཀླུ་སྨྱོན་ཧེ་རུ་ཀ
པ་ར་མི་ཏའི་གཞུང་ལུགས་མཐར་སོན་སྦྱངས། །
ཕ་མའི་རྒྱུད་སྡེ་ཀུན་ལ་ནང་བྱན་ཆུད། །
བ་མོ་མཚོ་ལྟར་རྨི་ལམ་འོད་གསལ་ཟིན། །
མ་མཇལ་རྒྱང་གྲོགས་མཁན་ཆེན་བླ་མ་རྒྱལ། །
ཙ་རི་བསྐོར་ཀྱང་དག་སྣང་མི་འཕེལ་ཅིང་། །
ཚ་དམྱལ་འགྲིམས་ཀྱང་སྡིག་པ་མི་འདག་པའི། །
ཛ་ལང་སྨྱོན་པ་བདག་གི་གཡས་གཡོན་ན། །
ཝ་ལེར་སེམས་པ་རྐུ་བའི་སྐར་མ་མཚོ། །
སྐར་མ་མཚོ།
ཞྭ་སེར་བསྟན་པའི་ཞབས་འདྲེན་བྱེད་མཁན་ཞིག།
ཟ་མ་རིག་ན་ཟོག་ལས་དམན་པ་ཁྱོད།།
འ་ཅག་གངས་ཅན་པ་ཡི་མཐའ་མ་ཁྱོད།།
ཡ་མེད་མཐུ་ཅན་ཞིག་གིས་སྒྲོལ་རན་འདུག།
ཀླུ་སྨྱོན་ཧེ་རུ་ཀ
རྭ་གདེང་གཤིན་རྗེ་ཆོས་རྒྱལ་བརྒྱུགས་ཡོང་སྟེ། །
ལ་ལུང་ཞིག་ནས་བཟུང་སྟེ་མ་ཁྲིད་བར། །
ཤ་མཁྲེགས་མཇེ་འདིས་སྨན་ཆུང་སྐར་མ་མཚོར། །
ས་ཆ་གང་དུ་ཐུག་ཀྱང་རྒྱོ་རྐྱང་ཡིན། །
སྤྲུལ་སྐུ་དབང་ཆེན།
ཞྭ་མོ་སེར་ཀྱང་བསྟན་འཛིན་ཁ་ཚོད་དཀའ།།
ཟ་མ་སྤངས་ཙམ་རྫོངས་སངས་རྒྱས་མི་སྲིད།།
འ་ཅག་གངས་རིའི་ཆོས་སྐལ་རྡོ་རྗེའི་ཐེག །
ཡ་རབས་རིག་པ་འཛིན་པས་སྐྱོང་འདི་རྨད།།
སྐར་མ་མཚོ།
ཧ་ལམ་ཁྱོད་འདྲའི་རྒྱལ་བའི་བཀའ་ལོག་ཅིག།
ཨ་མཚར་ད་དུང་གསོན་ལ་ཡ་རེ་མཚར།།
ཀླུ་སྨྱོན་ཧེ་རུ་ཀ
རྒྱལ་བའི་བཀའ་ལོག་ལྷས་བྱིན་ལེགས་སྐར་སོགས། །
རྒྱལ་བའི་སྤྲུལ་པར་མདོ་རྒྱུད་ལུང་གིས་ཟིན། །
རྒྱལ་བའི་གོ་ས་མཆོག་དེ་མ་ཐོབ་བར། །
རྒྱལ་བ་བཞིན་དུ་གཞན་ཚོད་མ་འཛིན་ཅིག །
སྤྲུལ་སྐུ་དབང་ཆེན།
ཧ་མཇེ་ཡིན་ཀྱང་གཞིབ་ལ་མི་ཚོམ་ཞིང་།།
ཨ་ལགས་ཡིན་ཀྱང་ཞོན་ལ་མི་སྐྲག་པས།།
ཧ་ཅང་གཤིས་ངན་བུ་མོ་སྐལ་མེད་མཚོ།།
ཨ་མའི་སྟུ་ལ་ཁྲོཾ་ཞིག་བྲིས་ན་བཟང།།
————-
བདག་གི་ངོ་དེབ་ལས་དྲངས་པ་ཡིན།
སྙིང་རྗེ་བོ་བྲིས་འདུག
ཤར་མར་བྲིས་པ་ཞིག་ཡིན་ན་ངོ་མ་ཡག་གི
ད་དེ་ངོ་མ་སྒྱུ་རྩལ་རེད། རང་བཞིན་དང་རང་གདངས་ཟེར་བ་དེ་རེད། སོ་སོའི་ཁྱད་ཆོས་གསལ་པོར་ཐོན་འདུག། སྙན་པོ་འདུག
འོ་་་ཀློག་སྤྲོ་བོ་ཞིག་བྱུང་ད།
ཧ་ཅང་གཤིས་ངན་བུ་མོ་སྐལ་མེད་མཚོ།།
ཨ་མའི་སྟུ་ལ་ཁྲོཾ་ཞིག་བྲིས་ན་བཟང།། ཟེར།
འདི་འདྲ་ལ་སྙན་ཟེར་ན་ངའི་རྟུག་དྲིའི་སྐད་ཀྱང་མི་སྙན་ཅང་མེད་ཀི
འདི་འདྲ་ལ་སྙན་ཟེར་ན་ངའི་རྟུག་དྲིའི་སྐད་ཀྱང་མི་སྙན་རྒྱུ་ཅང་མེད་ཀི
སྔོན་དུས་བོད་ཀྱི་བླ་སྤྲུལ་མཁན་པོ་རྣམ་པ་ཚོས་ནང་པའི་གཞུང་ཆེན་པོ་དེ་ཚོ་ལ་འགྲེལ་པ་ཡང་འགྲེལ་སོགས་གནང་ནས་ནང་པའི་བསྟན་པ་རྒྱུ་འཛིན་དང་དར་སྤེལ་གནང་བ་རེད།་་་དེང་སང་གི་བླ་སྤྲུལ་མཁན་པོ་ཁྱོད་ཚོས་བུ་མོའི་སྟུ་དང་དེ་ལ་རྒྱོ་སྟངས་རྐྱང་རྐྱང་འབྲི་བཞིན་པ་འདི་་་་་་་དུས་རབས་ཉེར་གཅིག་པ་རེད་ཟེར་གི་ཡོད་པ་ག་ལ་ཡིན།་་་་ཧ་ཧ་ཧ་
ཨ་ལ།་་་་རྩེད་མོ་རང་ཡིན།་་་་་སྙན་ཚིག་དེ་ཚོ་ང་ལ་དངོས་གནས་སྙན་པོ་འདུག་་་་་་་