འདུས་བྱུང་ཕུན་ཚོགས་ཚེ་རིང་པས
————–
བདེ་སྡུག་དྲག་པོས་དུ་བར་འགྱུར་ཡང་།
ཁྱེད་རང་ད་དུང་འཁེར་རྐྱང་ལུས།
ལས་དབང་ཆེད་དུ་མེ་ལྕེར་སྒྲོན་ཡང་།
ཁྱེད་ཀྱི་འབོད་སྒྲ་དུ་བས་བསྒྲིབས།
རྒྱང་རིང་ལེ་བར་སྟོང་ཕྲག་བགྲོད་རུང་།
ཁྱེད་ནི་ད་དུང་གྲོགས་མེད་ཆགས།
འཁེར་རྐྱང་ལུས་པའི་མེ་ལྕེ་དེ་ཡིས།
ང་ཡི་ལུས་སེམས་འཁྱགས་པར་བྱས།
བདེན་པའི་མེ་ལྕེ་སྐོར་སྐྱོད་སྐབས་སེམས་ནང་གི་ཚོར་སྣང་ཞིག།