རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་
དེ་བཞིན་ཉིན་རྒྱབ་ཆུ་ཚོད་༤ ཕྱེད་ཀའི་སྟེང་ཅན་རྡི་སྒར་ཆེས་མཐོའི་སློབ་གྲྭའི་ཉེ་འགྲམ་ཨང་རྟགས་༡༥ ནས་ཨང་རྟགས་༡༧ བར་སྤྱི་འཐུས་རྣམ་པས་དབུ་ཁྲིད་ཐོག་མཐོ་སློབ་ཀྱི་སློབ་ཕྲུག་དྲུག་ཅུ་ལྷག་ཅིག་མཉམ་ཞུགས་ཀྱིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་། རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མར་མེ་སྒྲོན་འབུལ་གྱིས་སྨོན་ལམ་གནང་ཡོད་པ་རེད།
མར་མེ་ཁྲོམ་སྐོར་གྱི་མཇུག་བསྡོམས་སྐབས་ཞུ་གཏུགས་ལས་འགུལ་པ་བཀའ་ཟུར་དང་། བོད་མི་མང་སྤྱི་འཐུས་ལས་ཐོགས་པ་སྐུ་ངོ་ཐུབ་བསྟན་ལུང་རིགས་ལགས་ཀྱིས་ཧིན་རྡུའི་སྐད་ཡིག་ཐོག་བོད་དོན་ཞུ་གཏུགས་དང་གནས་ཚུལ་གསལ་བསྒྲགས་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་འཐུས་རྣམ་པ་མངའ་ཁུལ་གསུམ་དུ་ཆ་བགོས་ཀྱིས་བོད་དོན་ཞུ་གཏུགས་སྤེལ་བའི་བརྒྱུད་རིམ་དང་། མཉམ་ཞུགས་གནང་མཁན་དང་། མར་མེ་ཁྲོམ་སྐོར་གོ་སྒྲིག་གནང་མཁན་དང་། ཞུ་གཏུགས་ལས་འགུལ་སྐབས་ལམ་ཁར་རྒྱུས་ཡོད་གནང་མཁན་ས་གནས་གཞོན་ནུའི་ཚོགས་གཙོ་སོགས་རོགས་རམ་གནང་མཁན་ཡོངས་སུ་ཐུགས་རྗེ་ཆེ་ཞུས་གནང་སྟེ་བདེན་ཚིག་དབྱངས་འཐེན་གྱིས་ལས་འགུལ་གྲུབ་ཡོད་པ་དང་། ཞུ་གཏུགས་ལས་འགུལ་པ་རྣམས་རྡ་རམ་ས་ལའི་ཕྱོགས་སུ་ཐོན་ཡོད་པ་དང་། ཕྱི་ཚེས་༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་གསར་འགོད་གསལ་བསྒྲགས་དང་། དགོང་དྲོ་མེག་ལོར་གན་ཇིར་མར་མེ་ཁྲོམ་སྐོར་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གྱི་གཙོ་བོར་གདན་ཞུས་ཐོག་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཁག་བགོས་ཀྱི་ཞུ་གཏུགས་ལས་འགུལ་མཇུག་བསྡོམས་གནང་འཆར་ཡོད་པ་རེད།
གནས་ཚུལ་མཁོ་འདོན་པ་རྨོག་རུ་བསྟན་པ།
༄༅།ཆུ་སྦྲུལ་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་ཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།
བོད་དོན་གྱི་ཆེད་ལས་འགུལ་གང་ནུས་སྤེལ་རྒྱུ་ནི་ང་ཚོའི་ལས་འགན་དང་འོད་བཞིན་ཚམས་པ་ཞིག་རེད།
ཡིན་འང་བློ་ཕམ་པ་ཞིག་ལ་སྤྱི་འདུས་ཚོགས་གཙོའི་མིང་ཆེན་སྤེན་པ་ཚེ་རིང་ཟེར་དེས་སྡི་ལིར་གཏམ་ཤད་ཞིག་སྤེལ་བའི་ནང་
ལ་དག་ནི་ལུགས་རྒྱུད་ཀྱི་ཐོག་ནས་རྒྱ་གར་སྔ་ཁོང་རེད་བཅེས་གཏམ་བཤད་བྱས་སོང་བའི་དེ་ནི་ཧ་ལས་པའི་སེམས་པ་ཕམ་དགོས་པ་ཞིག་རེད་
གལ་སྲིད་ལ་དག་ལུགས་རྒྱུད་ཀྱི་ཐོགས་ནས་རྒྱ་གར་སྔ་ཁོངས་ཡིན་ན་ང་ཚོ་གཞི་བྱེད་བོད་མི་ཡོངས་ནས་བོད་རང་བཙན་བརྩོན་ལེན་བྱས་ནས་དགོས་དོན་གང་ཡང་མི་འདུག་
གལ་སྲིད་ཁོ་རང་སྐྱེ་ས་རྒྱ་གར་ནང་ཡིན་པར་སོང་རྒྱ་གར་ལ་ལ་གཞན་ཡོད་ན་
བོད་མིའི་བསྒྲིགས་འཛུགས་ལས་གནས་ནས་ཕྱིར་ཕུད་ཉེས་པར་དུ་བཏང་དགོས་པ་ར྄ེད་