མགར་རྡོར།
1 དེང་གི་ངའི་སྡོད་གནས་ནི་བལ་ཡུལ་རྒྱལ་ས། ཀཱ་ཐི་མན་ཀྲོས་ཅེས་པའི་མི་ཚོགས་རབ་ཏུ་མང་བའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན། དེ་བས་གྲོང་ཁྱེར་འདི་གཞི་ལ་བཞག་ནས་རྩོམ་ཡིག་འདི་འབྲི་རྒྱུ་ཡིན། ཕྱི་སྡོད་བོད་མི་དག་ཁ་འཐོར་དུ་གནས་པའི་གྲོང་དང་གྲོང་ཁྱེར་གཞན་དག་ལའང་རིགས་བསྒྲེ་རིགས་སོ།།
2 རྒྱལ་སའི་གྲོང་ཁྱེར་འདི་གཙོར་བྱས་ཡུལ་འདིར་བོད་མི་ཁྲི་གཉིས་མ་ཟིན་ཙམ་གནས་སྡོད་བྱེད་བཞིན་ཡོད། གནས་འདིའི་ཡུལ་མི་རྣམས་རིགས་གཉིས་སུ་དབྱེ་བར་རིགས། ཧི་མ་ལ་ཡའི་བྷོས་ཊས་རིགས་དང་བྷོན་ཆ་ཏི་རས་ཀྱི་རིགས་སོ།། དང་པོ་ནི་ཡུལ་འདིའི་གྲངས་ཉུང་མི་རིགས་ཡིན་ལ་ཕྱི་མ་ནི་མི་རིགས་ཆེན་པོར་བརྩི། ཧི་མ་ལ་ཡའི་བྷོས་ཊས་མི་རྣམས་ཀྱི་རྩ་བའི་རིགས་དེ་བོད་རིགས་ཡིན་པ་གསལ་བོ་རེད། བྷོས་ཊས་ནི་བོད་ཅེས་པའི་དོན་ཡིན་པ་ཁོང་ཅག་གིས་ཀྱང་འདོད། བྷོས་ཊས་རྣམས་ཀྱི་གདོང་གི་དབྱིབས་དང་ཁའི་སྐད་ཆ། དད་མོས་བྱེད་སའི་ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས་སོགས་སྟོད་བོད་དང་དབྱེ་བ་མེད། ཆོས་ལུགས་ནི་བོད་བྱིངས་དང་འདྲ་བར་རྒྱ་གར་བའི་ཤཱ་ཀྱའི་ཆོས་ལུགས་དང་ཞང་ཞུང་གི་གཡུང་དྲུང་བོན་རེད། བྷོན་ཆ་ཏི་རས་རྣམས་ཀྱི་གདོང་དབྱིབས་ནི་རྒྱ་གར་ཡུལ་དབུས་ཀྱི་གདོད་མའི་མིའི་གདོང་དབྱིབས་དང་ཧ་ཅང་འདྲ་ཆེ། ཤ་རྩ་ནག་ཅིང་གཟུགས་ཚད་ཐུང་། འོན་ཀྱང་ཤ་རྩ་དཀར་ཞིང་སྨ་ར་མང་བའི་རྒྱ་གར་བྱང་ཤར་ཨར་ཡན་པའི་རིགས་ཀྱང་ཁར་ཁེར་མཐོང་རྒྱུ་ཡོད། ཆོས་ལུགས་དང་ཡུལ་སྲོལ་གོམས་གཤིས་ནི་རྒྱ་གར་དང་དབྱེ་བ་མེད། གནའ་སྔ་མོ་ཞིག་ལ། དེང་གི་ཨེ་ཤ་ཡ་དཀྱིལ་མ་ནས་དར་བའི་ཧུན་རྡི་དང་མུ་སི་ལིམ་ཆོས་ལུགས་ལ་དད་པ་བྱེད། བོད་པའི་བུ་མོ་མེ་ཏོག་མ་ཚོས་མེ་ཏོག་གསང་བའི་ཕམ་ཚོང་བྱེད་སའང་ཕྱི་མ་བྷོན་ཆ་ཏི་རས་འདི་རེད། བདག་གིས་གནད་དོན་ཞིག་ཏུ་མཐོང་བའང་དེ་ཡིན་ནོ།།
3 ཉིན་ཤས་སྔོན་གྲོགས་པོ་ཞིག་དང་ངེད་གཉིས་རྒྱལ་སའི་ཕྱི་རོལ་ཏུ་འཆམ་འཆམ་ལ་སོང་ཡིན། རྒྱལ་ས་ཀཱ་ཐི་མན་ཀྲོས་ཀྱི་བྱང་ཤར་ཕྱོགས་སུ་སྤྱི་ལེ་བཅུ་ཙམ་སོང་ན་ནགས་རྫོང་ཧ་ཅང་འཐུག་པའི་རི་ཚོགས་ཀྱིས་ཁེངས་ཡོད། ནགས་འདབས་སུ་མི་རྣམས་འཆམ་འཆམ་ལ་འགྲོ་སྲོལ་ཡོད། ནགས་གསེབ་ཏུ་སྟག་གཟིག་ཡོད་པའི་བཤད་སྲོལ་འདུག་པས་མི་རྣམས་གང་འདོད་དུ་འགྲོ་མི་ཕོད། འོན་ཀྱང་གྲོགས་པོ་ངེད་གཉིས་ཀྱིས་དབྱུག་རིང་རེ་བཟུང་ནས་སྔོན་འགྲོ་མ་མྱོང་བའི་ནགས་རྫབ་ཅུང་འཐུག་ས་བར་དུ་ཕྱིན་པ་ཡིན། སྡོང་རྒན་ཞིག་གི་རྩར་ངལ་གསོ་བཞིན་སྟག་གཟིག་ལ་རྒྱང་ལྟ་བྱེད་བཞིན་པའི་སྐབས། སྡོང་ཕྲུག་ཁ་ཤས་ཀྱི་ཕར་ཕྱོགས། སྡོང་རྒན་རྙིང་ཀོག་ཅིག་གི་རྩར། ཐག་ཉེ་མ་རིང་གི་མཚམས་སུ། ཉིན་དེར་དངོས་གནས་ངའི་རྩོམ་ཡིག་འདིའི་བརྗོད་བྱ་གསོན་པོ་རྙེད་སོང་། སྔོན་ཆད། རོགས་པ་ཚོས་བཤད་པ་མ་གཏོགས་བདག་གིས་དངོས་སུ་མཐོང་མྱོང་མེད། ཉིན་དེར་དངོས་སུ་མཐོང་སོང་། སྟག་ཕྲུག་ནག་པོ་ཞིག་དང་གཟིག་ཕྲུག་དཀར་པོ་ཞིག་གཉིས་མཉམ་དུ་འཁྲིག་པའི་དཔལ་ལ་རོལ་བཞིན་པ་མཐོང་སོང་།
4 གྲོགས་པོ་ངེད་གཉིས་སྔོན་ཆད་མཐོང་མ་མྱོང་བའི་སྟག་གཟིག་ཁྱད་མཚར་བོ་ཆ་ཞིག་མཐོང་བས་ཡིད་ཙམ་ལ་ཁུ་སིམ་མེར་བལྟས་ནས་ཧད་བསྡད་པ་ཡིན། འོན་ཀྱང་སྟག་གཟིག་ཕོ་མོ་གཉིས་འཁྱུད་པའི་ངར་སྐད་ཀྱིས་སྡོང་རྒན་རྙིང་ཀོག་གི་ཁོར་ཡུག་ལས་བརྒལ་ཏེ་ངེད་གཉིས་ཀྱི་རྣ་བའི་བུ་ག་ཡང་བསྒྱངས་བར་བྱས་སོང་། སྡོང་མགོའི་བྱ་བྱེའུ་རྣམས་ཀྱིས་སྔོན་ཆད་ཀྱང་འདི་འདྲ་མཐོང་ཡོད་པ་འདྲ་སྟེ་ཅི་མི་སྙམ་པར་ལྟད་མོར་ལྟ་བཞིན་ཆགས་པའི་དབྱངས་ལ་ཉན་འདུག ལྷུང་ལྷུང་འབབ་པའི་ཆུ་ཕྲན་གྱིས་མཚམས་རེར་ངོ་ཚ་ནས་རང་སྐད་ཀྱང་ཕྱི་རུ་མི་ཐོན་ལ། མཚམས་རེར་གཟིག་མ་ཆགས་པས་མནར་པའི་འོ་དོད་ལ་སྙིང་རྗེ་སྐྱེས་ཏེ་ཆུ་སྒྲས་གདུང་སེམས་མཉམ་སྐྱེད་བྱེད་བཞིན་འདུག རྒྱང་རིང་ནས་ཕ་མས་བསྐུར་ཡོང་བའི་རླུང་བུས་སྡོང་རྒན་གྱི་ལོ་མ་དག་ཤུགས་ཀྱིས་གཏོར་བཞིན་གདུང་བའི་མིག་ཆུ་མཚོན་བཞིན་ཡོད་ནའང་། ན་གཞོན་ཕོ་མོ་གཉིས་ཀྱི་ཆགས་པའི་ཉི་འོད་ཚ་དྲགས་པས་ཕ་མའི་མིག་ཆུ་སྡོང་མགོའི་རླངས་པ་རུ་གྱུར་སོང་། གྲོགས་པོ་ངེད་གཉིས་ཀྱིས་སྟག་གཟིག་ཕོ་མོ་གཉིས་ཀྱི་བྱ་བའི་མགོ་མཇུག་བར་གསུམ་ལ་བར་ཆད་གང་ཡང་བཟོས་མེད། མ་ཟད་གཅན་གཟན་སྡུག་པ་ཅན་གཞན་གྱི་གནོད་པར་སོ་ལྟའང་བྱས་པ་ཡིན།
5 ངོ་མ་བཤད་ན་གྲོགས་པོ་ངེད་གཉིས་ས་འདིར་སྟག་གཟིག་ཡོད་དོགས་ཀྱིས་རྣམ་རྟོག་ལངས་པ་དང་། དེ་ལ་སྐྲག་པས་སེམས་འཁྲུལ་བ་རེད་མ་གཏོགས། སྡོང་རྩར་ཡོད་པའི་སེམས་ཅན་དེ་གཉིས་སྟག་གཟིག་མ་ཡིན་པར་མི་རེད་འདུག སྟག་ནག་པོ་དེ་ངས་གོང་ནས་བཤད་པའི་བྷོན་ཆ་ཏི་རས་པ་ཞིག་རེད། གསལ་བོ་བཤད་ན་རོང་ཕྲུག་ནག་རིས་ཤིག་རེད། གཟིག་དཀར་པོ་དེ་ནི་ང་དང་རིགས་གཅིག་པའི་བོད་མོ་ཞིག་རེད་འདུག མོ་ལོ་བཅོ་བརྒྱད་ཟིན་ཙམ། ལང་ཚོ་དར་ལ་བབ་པ། ཤ་རྩ་དཀར་ལ་དམར་བའི་མདངས་ཆགས་པའི་བོད་མོ་ལོ་ཆུང་འདི། ས་སྟོང་ལུང་སྟོང་། སྟག་གཟིག་གི་འཇིགས་པ་ཆེ་བའི་ནགས་གསེབ་འདི་ནས་མཐོང་དུས། བདག་གི་སེམས་ལ་དངངས་འཚབ་དང་ཁོང་ཁྲོ་གཉིས་མཉམ་དུ་སྐྱེས་སོང་། ལྷག་ཏུ་རོང་ཕྲུག་ནག་རིས་དེ་ལ་ཕྲག་དོག་གཏིང་ནས་སྐྱེས་སོང་། ཆགས་པའི་གདུང་བའི་བུ་མོའི་གདོང་པ་དམར་པོ་དེས་ང་མཐོང་དུས། དམར་པོ་ནས་དམར་ནག་ཏུ་གྱུར་སོང་། དེ་ལ་རྒྱུ་མཚན་འགའ་འདུག གཅིག་མོ་དང་རིགས་མི་གཅིག་པའི་རོང་ཕྲུག་ནག་རིས་མདོག་ངན་ཞིག་གིས་མོའི་ལང་ཚོའི་དཔལ་ལ་སྤྱོད་ཚར་བ་དང་། དེའང་ངས་མཐོང་ཚར་བས་རེད། གཉིས་བུ་མོ་ངེད་གཉིས་བཟང་ས་མིན་ཡང་ངོ་ཤེས་པ་རྙིང་བ་ཡིན། ལྷག་ཏུ་བུ་མོའི་ཕ་མ་གཉིས་ངའི་རོགས་པ་ངོ་ཤེས་ཡིན། ཁྱིམ་ཚང་འབྱོར་ལྡན་ཚང་། ཕྱོགས་ཡོང་ནས་ཅུང་མིང་གྲགས་ཡོད་ས་ཚང་ཞིག་ཡིན། གསུམ་པ་འདི་གཙོ་བོ་རེད། ཕ་མའི་རེ་བ་དང་ཁོར་ཡུག་གི་གནོན་ཤུགས་ཀྱི་རྐྱེན་པས་བུ་མོ་མེ་ཏོག་མ་ཚོའི་མེ་ཏོག་རྣམས་གསང་བའི་ཕམ་ཚོང་ལ་བསྒྱུར་བཞིན་པ་འདི་རེད་དོ།། ནམ་རྒྱུན་སྨྲ་བ་ཉུང་ལ་ཉམས་ཆུང་བའི་བུ་མོ་འདི། ཆགས་པའི་སྟོབས་ཀྱིས་དེ་རིང་སྐྲག་རྒྱུ་འཇིགས་རྒྱུ་མེད་པའི་ནགས་ཁྲོད་ཀྱི་གཟིག་མོ་ངར་སྐད་སྒྲོག་མཁན་ཞིག་ཏུ་གྱུར་འདུག་གོ།
6 གནད་དོན་ནི་འདི་འདྲ་ཞིག་རེད་འདུག བོད་པའི་ཕ་མ་ཚོས་མཚར་བཞིན་པའི་རང་གི་བུ་མོ་མེ་ཏོག་མ་ཚོར་རེ་བ་ཆེ་དྲགས་པ་དང་། བུ་མོའི་ལང་ཚོའི་མཚར་སྐྱེད་ལ་དོ་ཁུར་བྱེད་མ་ཤེས་པས་ལན་འདུག ལང་ཚོས་དེད་ཡོང་བའི་བུ་མོ་ཚོ་ལོ་ཚད་ལོན་ཡོང་དུས་ཆགས་པས་རབ་ཏུ་གདུང་ཡོང་བ་ནི་ཆོས་ཉིད་ཅིག་རེད། ལྷག་ཏུ་དེང་གི་དྲ་བའི་རྐྱེན་པས་བུ་མོ་ཚོའི་ལང་ཚོའི་མཚར་སྐྱེད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་འདུག བོད་པའི་ཕ་མ་ཚོས་རང་གི་བུ་མོའི་ཕྱིའི་རྣམ་པའི་འགྱུར་བགས་ཙམ་ལ་དོད་སྣང་སྤྲད་པ་ལས། བུ་མོའི་ནང་སེམས་ཁམས་ཀྱི་འཕྲོ་འདུ་དང་ལུས་པོའི་ནང་གི་གྲུབ་ཚུལ་ལ་བསམ་བློ་གཏོང་མི་ཤེས། དེ་བས་ཕ་མ་ཚོས་ངའི་བུ་མོ་ལོ་བཅོ་བརྒྱད་ལོན་ཚར་ཡང་ད་རུང་དགའ་རོགས་དགོས་ཀྱི་མི་འདུག ཧ་ཅང་ཡ་རབས་ཡིན་ཟེར། ངོ་མ་བཤད་ན་ཁྱོད་ཀྱི་བུ་མོས་སྔ་ས་ནས་རང་གི་ཤའི་མེ་ཏོག་དེ་གསང་བའི་ཕམ་ཚོང་བྱས་ཚར་ཡོད་རེད། ཕམ་ཚོང་དེ་གསང་བའི་ཕྱིར་རང་དང་རིགས་གཅིག་པ། རང་གི་ཉེ་འཁོར་གྱི་བོད་པའི་ཕོ་སར་ཚོ་དང་ནམ་ཡང་ཚོང་དེ་རྒྱག་མི་སྲིད། དེ་བས་ཐག་ཅུང་རིང་བའི་མི་རིགས་གཞན་དག་ལ་གསང་བའི་ངང་ཕམ་ཚོང་བྱེད་བཞིན་ཡོད་རེད། ཕ་མས་རང་གི་བུ་མོར་བཏོན་པའི་རེ་བ་དང་འཆར་གཞི་ནི་བུ་མོ་མེ་ཏོག་མ་ཚོས་མེ་ཏོག་གསང་བའི་ཕམ་ཚོང་བྱེད་པའི་རྒྱུ་གཙོ་བོ་དེ་རེད་འདུག་གོ།
7 སྐྱེས་པ་མི་འདོད་བུད་མེད་སུ་ཞིག་ཡོད།། བུད་མེད་མི་འདོད་སྐྱེས་པ་སུ་ཞིག་ཡོད།། ཅེས་པའི་དགེ་ཆོས་ཀྱི་གདམས་ངག་འདི་རང་གི་བུ་མོའི་མི་ཚེའི་གཞི་ལ་བཞག་ནས་གོ་བ་ལོན་རྒྱུ་ནི་ཕ་མ་ཚོས་རང་གི་བུ་མོར་ཤ་ཚ་བའི་ལམ་སྟོན་དང་པོ་རེད། བུ་མོའི་ལང་ཚོ་སྨིན་ཏེ་ལོ་ན་བཅོ་བརྒྱད་ཟིན་ཙམ་ནས་ཕ་མས་རང་གི་བུ་མོར་དགའ་རོགས་འཚོལ་བའི་གྲོགས་བྱེད་དགོས་པ་ནི་གོམ་པ་གཉིས་པ་རེད། དེའང་བུ་མོས་བློར་འབབ་ཅིང་ཕ་མ་མོས་མཐུན་ཡོད་པའི་བོད་པའི་ཕོ་སར་ཞིག དེ་བཞིན་བུ་མོས་ཨ་གསར་ཡལ་ནས་ཕོ་སར་གཞན་ཞིག་འཚོལ་བ་ཡིན་ནའང་། དེ་ལ་ཡང་ཕ་མས་ངེས་པར་དུ་མོས་མཐུན་བྱེད་དགོས། དགའ་རོགས་མང་ཙམ་བསྒྲིག་ན་བུ་མོའི་སེམས་ཁམས་མཚར་སྐྱེད་ལ་ཕན་པ་མ་ཟད། ཉམས་མྱོང་དེས་རྗེས་ཕྱོགས་ཆང་ས་བརྒྱབས་ན་སེམས་རྩ་བརྟན་ཅིང་མི་གཞན་ལ་སེམས་པ་ཤོར་ཆོག་ཆོག་མེད་པར་ཧ་ཅང་ཕན་ངེས་སོ།། མདོར་ན་བུ་མོས་རང་འདོད་ལྟར་ལུགས་དང་མཐུན་པ། རིགས་དང་མཐུན་པའི་དགའ་རོགས་མང་ཙམ་འཚོལ་དུ་འཇུག་པ་ནི། རང་གི་བུ་མོར་མི་ཁ་ནག་པོ་མི་འཁོར་བར་ཕན་པ་མ་ཟད་གནས་ཡུལ་ཚད་ལྡན་ཞིག་རེག་པར་ཡང་ཕན་ངེས་སོ།།
8 ང་ལ་ཁམས་པའི་ཨ་ཅག་གྲོགས་མོ་ཞིག་ཡོད། མོ་ལ་ལང་ཚོ་སྨིན་བཞིན་པའི་བུ་མོ་ཡ་རབས་གཞུང་དྲང་། མཛེས་མ་སྙིང་དུ་སྡུག་པ་ཞིག་ཡོད། ནམ་རྒྱུན་ངས་བུ་མོ་དེ་མཐོང་ཐེངས་རེ་རེར། ནམ་ཞིག་བུ་མོ་འདིའི་གཅེས་པའི་མེ་ཏོག་དེའང་རོང་ཕྲུག་ནག་རིས་ཤིག་གིས་ལེན་འགྲོ་བར་ཕང་སེམས་དང་ཕྲག་དོག་མཉམ་དུ་ཡང་ཡང་སྐྱེས་མྱོང་། ཉིན་ཞིག་ངས་གྲོགས་མོ་ཨ་ཅག་དེར་ཁ་གསང་ནས་བཤད་པ་ཡིན། ད་ནི་ཁྱོད་ཀྱི་བུ་མོ་དགའ་རོགས་འཚོལ་དགོས་པའི་དུས་ལ་སླེབས་འདུག བུ་མོས་བློར་འབབ་ཅིང་རང་གི་འདོད་པ་ཡོད་པའི་བོད་པའི་ཕོ་སར་ཞིག་མོ་ལ་ངོ་སྤྲོད་དམ། ཡང་ན་བུ་མོ་རང་གི་འདོད་པ་ལྟར་གྱི་རིགས་མཐུན་ཕོ་སར་ཞིག་ཁྲིད་ཡོང་བར་སྐུལ་མ་གཏོང་རན་འདུག་ཅེས་བཤད་པ་ཡིན། ཟླ་ཤས་རྗེས་དངོས་གནས་ཨ་འགྲིག་ཆ་འགྲིག་ཁམས་པའི་ཕོ་སར་རྫིག་ཐག་ཆོད་ཅིག་ཁྲིད་ནས་འགྲོ་བཞིན་འདུག ཞེན་ཁོག་ཆེ་བའི་བདག་གིས་དེ་མཐོང་ནས་སེམས་པ་རབ་ཏུ་དགའ་སོང་ངོ།།
9 གྲོང་ཁྱེར་ནང་གི་བོད་པའི་ཕ་མ་ཚོས་ད་རུང་ཉམས་འཇོག་དགོས་ས་ཆེན་པོ་ཞིག་ཡོད། དེ་ནི་ལང་ཚོ་སྨིན་ཟིན་ཏེ་མཐོ་སློབ་འགྲིམ་བཞིན་པའི་སྐབས་རང་གི་བུ་མོའི་སྤྱོད་ལམ་དང་། ལྷག་ཏུ་བུ་མོ་ནམ་རྒྱུན་འགྲོགས་འདྲིས་ཆེ་བའི་གྲོགས་མོ་ཚོའི་སྤྱོད་ལམ་ཡིན། གྲོགས་པོ་ངན་པས་རང་གཞན་གཉིས་ཀ་ཕུང་ལ་སྦྱར་གི་རེད། མཐོ་སློབ་འགྲིམ་བཞིན་པའི་བོད་པའི་བུ་མོ་མང་པོ་ཞིག་གིས་ཐ་མག་ནག་པོ་ཚོད་མེད་སྤྱོད་ཀྱིན་པ་བདག་གིས་དངོས་སུ་ཐེངས་མང་མཐོང་མྱོང་། སྤྱིར་ན་བུ་མོ་ཚོས་ཧ་ཅང་གསང་གི་ཡོད་པའི་ཁུལ་ཡིན་ནའང་། མི་ཡོད་ཚད་ལ་གསང་ཐུབ་པའི་གསང་བ་ཞིག་ཡོད་མི་སྲིད་པས་རིམ་བཞིན་གསང་བ་ཕྱི་ལ་བཏོན་ཡོང་གི་ཡོད། སྤྱིར་ན་ར་ཅུང་ཙམ་རེ་བཟི་བ་ནི་ཆེར་མི་སྐྱོན་མོད། འོན་ཀྱང་སྐྱོན་ངོ་མ་ནི་བུ་མོའི་གསང་གནས་མེ་ཏོག་ལམ་ལ་རོང་ཕྲུག་ནག་རིས་ཚོས་གང་འདོད་དུ་བརྩོག་ཆུ་བྱོ་བཞིན་པ་དེའོ།། ལོ་སྔོན་མའི་ཁྱིམ་སྡོད་བཀའ་རྒྱའི་སྐབས། ཉིན་ཞིག་ང་རང་གཅིག་བུར་སྲང་ལམ་ཁུག་ཀྱོག་ཅིག་བརྒྱུད་ནས་འགྲོ་ཡིན། ལམ་གྱི་གཡོན་ཟུར་ཞིག་ནས་མི་སྐད་གསལ་ལ་མི་གསལ་བ་རྡབ་རྡིབ་ཅིག་གོ་སོང་། བལྟ་དུས་ར་སྟོང་རྩྭ་རྫོབ་ཀྱིས་ཁེངས་བསྡད་པ་ཞིག་འདུག རྩྭ་རྫོབ་རིང་པོ་སྐྱེས་པའི་གསེབ་ནས་ཕོ་སར་ནག་རིས་ཁ་ཤས་ཀྱིས་བུ་མོ་ཤ་རྩ་དཀར་པོ་ཅན་ཞིག་ལ་བརྙས་བཅོས་བྱེད་བཞིན་པ་མཐོང་སོང་། ཞིབ་ཏུ་བལྟ་དུས་ངའི་ངོ་ཤེས་པའི་བོད་པའི་ཕ་རྒན་ཞིག་གི་བུ་མོ་རེད། རོགས་ལ་ད་རུང་བོད་པའི་བུ་མོ་ཞིག་འདུག ངོ་ཤེས་ཀྱི་མི་འདུག ངོ་ཤེས་བུ་མོ་དེ་ཁྲབ་ཐོ་ཞིག་ཡོད་རེད་ཅེས་སྔོན་མ་ནས་གོ་མྱོང་། འོན་ཀྱང་དངོས་སུ་མཐོང་བ་དེ་རིང་ཡིན། ཚང་མས་ཐ་མག་ནག་པོ་འཐེན་ནས་ར་ཅུང་ཙམ་རེ་བཟི་འདུག ངས་བུ་མོའི་མིང་གིས་བཟུང་ནས་”ག་རེ་བྱེད་གི་ཡོད་”ལབ་ཡིན། བུ་མོ་ངའི་རྩར་ཡོང་ནས། “ཇོ་ཇོ་གུས་གྱིས། ངའི་པ་ལགས་ལ་མ་ལབ་ཨཱ་”ལབ་སོང་། ངས་”ལབ་གི་ཡིན། ཇོ་བོ་རིན་པོ། པེ་སྡུག་ཅག་རེད་”ལབ་ཡིན། བུ་མོས་ངའི་ལག་མགོར་བཟུང་ནས་”གུས་གྱིས་མ་ལབ་ཨཱ། ངས་རང་ལ་རྔན་པ་ཚ་བོ་ཞིག་སྤྲོད་ཆོག་”ལབ་སོང་། ངས་རང་འགལ་དེ་ག་ཟིག་”རྔན་པ་ག་རེ་སྤྲད་ཡ་ཡིན་”ལབ་ཡིན། བུ་མོས་”རྗེས་མ་སྟབས་བདེ་དུས་ངས་རང་ལ་འེན་ལྗོ་(enjoy)ཞིག་སྤྲད་ཆོག་”ལབ་སོང་། ང་རང་ངོ་ཚ་ནས་གང་ཡང་མ་ལབ་པར་ཕྱིན་པ་ཡིན། བུ་མོའི་ཕ་མ་གཉིས་ཀྱིས་རང་གི་བུ་མོ་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་ད་རུང་ཧ་གོ་མདོག་མི་འདུག ཕ་མ་གཉིས་རང་གི་བུ་མོ་ལ་རྩིས་ཐང་ཆེན་པོ་རེད། དེ་བས་ངས་ཀྱང་ཁོང་གཉིས་ལ་བུ་མོའི་སྐོར་ལབ་མེད། རྒྱུ་མཚན་ཁོང་གཉིས་ང་ལ་ཡིད་ཆེས་མདོག་མི་འདུག
10 ལར་ནས་“རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།། རང་བྱུང་སྙིང་གི་དབུས་ན་གནས་པ་ཡིས།།” ཁོ་བོས་རྩོམ་ཡིག་འདི་བྲིས་པ་ཡིན། སྤྱིར་ན་བདག་གི་ལྟ་གྲུབ་ནི་ཧ་ཅང་གུ་ཡངས་མོ་ནམ་མཁའི་ཁམས་ལ་འགྲན་བཟོད་པ་ཞིག་ཡིན་མོད། འོན་ཀྱང་རིགས་ཀྱི་ཞེན་ཁོག་ནི་རྦད་དེ་འགག་དོག་མོ་ཞིག་ལས་མེད། དེ་བས་སྙིང་ཉེ་བའི་བདག་གི་བུ་མོ་མེ་ཏོག་མ་ཚོས་རང་གི་རྩ་ཆེ་བའི་མེ་ཏོག་གི་མཛེས་སྡུག་དག་སད་ཀྱིས་བཅོམ་བཞིན་པའམ། གསང་བའི་ཕམ་ཚོང་བྱེད་ཀྱིན་པར་བློ་འགྱོད་ཚད་མེད་ཅིག་སྐྱེས་དང་སྐྱེ་བཞིན་ཡོད། རིགས་མི་གཅིག་པའི་ཕོ་སར་དེ་ཚོར་ཕྲག་དོག་ཀྱང་གཏིང་ནས་ཟ་བཞིན་ཡོད། མདོར་ན་ཀུན་སློང་དང་ལྷག་བསམ་གཙང་བའི་རྩོམ་ཡིག་འདིས་བོད་རིགས་བུ་མོ་མེ་ཏོག་མ་ཚོའི་མེ་ཏོག་གི་མགུལ་དག་བོད་ཁམས་སྐྱོང་བའི་མི་བོ་ཆེ་དག་གི་མཆོད་པའི་རྒྱུ་རུ་གྱུར་ཅིག་གུ་ཞུས་པ་ཡིན་ནོ།། 2023.11.24ཚེས་མ་ཐག་ནམ་གུང་ཆུ་ཚོད་བཅུ་གཉིས་ཏག་ཏག་ལ་རྩོམ་མཇུག་གྲུབ་པར་བྱས་སོ།།
ཨ་ཁ་ཁ། ད་གང་དྲག དུས་རབས་ཉེར་གཅིག་མི་རིགས་འདྲེས། དུས་རབས་ཉེར་གཅིག་སྐད་ཡིག་འདྲེས། དུས་རབས་ཉེར་གཅིག་རིག་གཞུང་འདྲེས། དུས་རབས་ཉེར་གཅིག་ངོ་ཚ་རླགས། ད་གང་དྲག