ཁྲོ་གཏུམ།
—དབང་ལྔའི་ཁོར་ཡུག་ཏུ་འབྲི་འདོད་ཀྱི་སེམས་པ་དབྱུངས་སྟངས་ཤིག
ཡ་ཁོག་ཏུ་འཚང་བའི་རླུང་གིས་ཁུར་ན
རྐང་བའི་སྣེ་མོར་དཀྱོགས་མཚམས་ཤིག་ཡོད་ས་མ་རེད
ཟས་བཅུད་སྒུལ་ཤུགས་སུ་ཡན་པའི་སེམས་པའི་གསེབ་ཏུ
དྲག་འབར་ཚོར་རླུང་འགས་འཕྱ་སྨོད་ཇི་ལྟར་བྱས་ཀྱང
ང་ད་རུང་མདུན་གྱི་ལམ་བུ་ལ་ཁེན་པའི་སྙིང་སྟོབས་འདུག
གཡུལ་སའི་རྣམ་པ་འགྱུར་ཡང་སྔར་བཞིན་གཡུལ་སའི་བཙན་རྫོངས་ཀྱི་ངོ་བོ་རྫོགས་མེད
རྣམ་པ་འགྱུར་ཡང་སྔར་བཞིན་ངོ་བོ་འགྱུར་དཀོན་དུས
སུའི་མཐོང་ཡུལ་དུ་ང་རང་སྡུག་ཅག་རེད
འགྱུར་སོང་བ་ནི་རྩྭ་འགྱུར་བ་མིན་ལ
རྡོ་འགྱུར་བའི་ལོ་རྒྱུས་སྨྲ་མཁན་ཡོད་དུས
ང་ཡང་ཨུ་ཚུགས་ཀྱིས་འགྲེང་དོན་ཁྱོན་ནས་མི་འདུག
ནོར་མེད་ཀྱང་འགྱུར་དགོས་པའི་རིག་པ་སུས་བརྩམ་ན
གྲོད་ཁོག་ཏུ་བླུག་པའི་ངལ་བ་དག་བཤམས་ཆོག
སྐབས་དེ་དུས་ཁྱོད་རང་འཚོ་དོན་བཤད་མི་དགོས
འགན་ཁུར་བ་ཡང་གླེང་མི་དགོས
བྲང་གཞུང་ན་ལུད་པའི་འཚོ་བཅུད་དག་བསྟན་པས་འགྲིག
༢༠༡༤།༡༡།༢༤དགོང་མོ།