གྲོས་ཚོགས་ཀྱི་ཟུར་ཞིག Posted on 2009-11-17 By དགེ་རབ་ 82 Comments on གྲོས་ཚོགས་ཀྱི་ཟུར་ཞིག གློག་བརྙན་།
ང་ཚོ་ཚང་མ་དང་པོ་བོད་གངས་ཅན་པ་རེད་དེ་ནས་ཁམས་དང་དབུས་ཨ་མདོ་ཅན་ནས་ཡུལ་ལུང་གི་ཆག་བབས་ནས་བྱུང་བ་ཞིག་རེད་ དེ་འདྲ་ཡིན་ཙམ་ང་ཚས་ཆོལ་ཁ་ཐེན་འཁྱེར་གྱི་བསམ་བློ་མེད་པ་ཡིན་ན་བཟང་བ་ཡོད་རེད་དེ་ཐེངས་ད་ཐེངས་གྲོས་ཆོས་ཡག་པོ་ཞིག་མེད་པ་གསལ་པོ་རེད་དེ་ལ་བསམ་བློ་ཡག་པོ་གཏང་མི་འདུག་
སྟག་ངར་མ་དང་བུད་མེད་དེའི་མིང་ལ་ཅི་ཟེར། ཨ་པོ། ཞེད་སྣང་ཚ་ཡ་ལ། ཡར་ནང་ལ་སླེབས་ཚར་ན་ཁྱོ་ག་དེས་མྱང་ཡ་རེད་་འདུག
ངོ་མ་བུད་མེད་ངར་བ་ཞིག་གི་བཟོ་ལྟ་འདུག་ཡ། མོའི་མིང་ལ་ཅི་ཞིག་ཟེར་གྱི་ཡོད་དམ། ཆོལ་ཁ་གང་གི་ཡིན་ནམ། དྲ་གྲོགས་སུས་ཤེས་ན་གསུངས་རོགས་གནོངས།
དེས་ངོ་མ་ཨ་མདོའི་གསར་བུ་སྐྱེས་སྨན་ཚོར་བརྡུང་ན་འགྲིག་གི་རེད་ཟེར་མཁན་ཚོ་གྲོ་སྣོ་སྣོ་དང་རྩམ་པ་རྫི་རྫི་བྱེད་ས་རེད་ཀོ
ངའི་ངོ་ཤེས་ཨ་མདོའི་གསར་བུ་ཞིག་ཡོད། ཁོས་སྐྱེས་སྨན་ལ་བརྡུང་ནས་ཐེངས་མང་པོར་བདེ་ལེགས་སྨན་ཁང་ལ་བསྐྱལ་བ་རེད། རྡ་རམ་ས་ལར་སྐད་གྲགས་ཡོད། ཐེངས་ཤིག་ང་སྨན་ཁང་དུ་འགྲོ་ཞོར་ལ་བལྟ་བར་ཕྱིན་པ་ཡིན། དཀོན་མཆོག་གསུམ། མི་ངོ་རང་ངོ་ཤེས་ཀྱི་མི་འདུག མིག་གཡོན་པའི་མིག་སྒམ་སྐྲང་ནས་ཚོན་མདོག་དཀར་པོ་མིན་མ་གཏོགས་མོག་མོག་རླངས་བཙོས་ཤིག་དང་ཨ་མ་མ་ན་རེད། ད་དུང་གྲོད་ཁོག་ནང་ལ་ཕྲུ་གུ་འཁོར་ནས་ཟླ་གསུམ་ལྷག་རེད་ཟེར། གོང་གི་རྒན་མོ་སྟག་འགྲན་མ་དེདེ་ཁོ་ལ་སྤྲད་ན་ཁོང་གཉིས་ཀྱི་སུ་ངར་གྱི་ཡིན་ནམ།
རེད་ཡ། ངའི་གྲོགས་པོ་ཞིག་གིས་ཆུང་མར་ཉི་མ་རེ་ལ་ཐེངས་མ་གཉིས་གསུམ་རེ་བརྡུངས་པས། རྡེ་ར་རྡུན་ས་གནས་ཡོངས་སུ་སྐད་གྲགས་ཆོད་ནས་ས་དེའི་ཨ་ནེའི་དགོན་པ་ཞིག་གི་ཨ་ནེ་ཚོས། འདོད་ཆགས་འཕར་ནས་ཤི་སོང་རུང་ཨ་མདོའི་གསར་བུ་ཞིག་གི་མནའ་མ་མི་བྱེད་ཟེར་ནས་མནའ་བོར་བ་རེད་ཟེར། དབྱར་ཁའི་དགོང་དྲོ་ཞིག་ལ་གྲོགས་པོའི་ཁོག་པར་གདོན་འདྲེ་འཇིགས་སུ་རུང་བ་ཞིག་འཛུལ་བ་དང་འདྲ་བར། རང་གི་ཆུང་མ་སྐམ་པོ་མ་དེར་ཤི་ལ་ཁད་ཅིག་བརྡུངས་རྗེས་ད་དུང་འདོད་པ་མ་ཚིམ་པར་གྲི་སྟུག་ཅིག་བཟུང་ནས་ཁ་ནས་མཆིལ་མ་གང་སར་འདོར་བཞིན། རྒྱལ་བ་བསྟན་འཛིན་རྒྱ་མཚོ། ངས་གན་གསོད་མ་ཐུབ་ན་ཞེས་ངར་གྱིས་ཤོར་ཡོང་བ་དང་། ཁོའི་སྤུན་མཆེད་དང་ངེད་གཉིས་ཀྱིས་རང་སྲོག་ལ་མ་འཛེམས་པར་ཁོའི་ལག་གི་གྲི་སྟུག་འཕྲོག་རེས་བྱས་པ་དང་། ཆུང་མ་ལས་ངན་དེས་སྐྱེས་ནས་ལོ་གཅིག་ཀྱང་ལོན་མེད་པའི་བྱིས་པ་དམར་འབྱར་དེ་པང་ནས་ངུ་སྐད་འདོན་ཞོར་སྒོར་བྲོས་པ་དང་། གྲོགས་པོའི་ལག་གི་གྲི་སྟུག་ཨ་ཧ་མ་ཟིག་འཕྲོགས་མ་ཐག་ཏུ་ཡང་ཁྱིམས་ཕུགས་སུ་བརྒྱུགས་སོང་ནས་ཆུང་མས་ཕ་ཁྱིམ་ནས་ཁྱེར་ཡོང་བའི་ས་གདན་སོ་མ་ད་དུང་ཁ་ཡང་ཕྱེ་མེད་པ་ཞིག་དྲུད་ཡོང་ནས་སྒོའི་ཕྱི་ལོགས་སུ་དབྱུགས་ནས་ཁྱོད་ཚང་གི་རོ་གདན་དེ་ཡང་ཁྱེར་ཅིག་ཅེས་དམོད་མོ་མཚམས་ཆད་མེད་པར་འདོར་བ་དང་། ཕྱི་རོལ་གྱི་འཇིག་རྟེན་ཐམས་ཅད་གསལ་ནུས་པའི་གློག་དམར་གྱི་ཞགས་པ་ས་སྟེང་དུ་འཁྱུགས་པ་དང་། ཡ་གིའི་ནམ་མཁའ་ནས་ས་གཞི་འདར་བའི་འབྲུག་སྐད་མགོ་ནང་གཟེར་བ་གཅིག་རྗེས་གཉིས་མཐུད་དུ་རྒྱག་པ་དང་། བར་གྱི་སྤྲིན་ནག་གི་གསེབ་ནས་མི་རྒན་གྱི་མཇེ་མགོ་ཙམ་ཡོད་པའི་ཆར་རྡོག་ཆེན་པོ་ཁྲི་འབུམ་དུ་མ་ཁ་མེད་མིག་མེད་དུ་བྱོ་བ་དང་། གཡས་གཡོན་གྱི་ཁྱིམ་མཚེས་རྒན་པོ་རྒན་མོ་ཤི་ལ་ཁད་སྐོར་ཞིག་གིས་རང་རང་གི་རྭ་སྐོར་གྱི་རྩིགས་པའི་སྒང་ལ་འཛེགས་ནས་ང་ཚོའི་ཡ་ང་བའི་གློག་བརྙན་ཐབས་རྡུག་འདི་འཁྲབ་སྟངས་ལ་ལྟ་བ་སོགས། ད་ལྟ་བསམས་ན་ཡང་ངོ་མ་ངུ་བྲོ་ཞིང་ཡི་ག་འཆུ་བའི་ཟློས་གར་ཐེངས་ཤིག་འཁྲབས་པ་ཡིན་ཡ། ཨ་ལས་ངན་ཚོ། དེ་ནས་རྡ་སར་བསླེབས་ནས་གྲོགས་པོ་སྙན་ངག་པར་གྲགས་པའི་སྐྲ་རིང་ཞིག་ལ་དེ་ལུགས་བརྗོད་པས། ཏག་ཏག་རེད། སྐྱེས་དམན་དེ་ཚོར་དེ་འདྲ་ཞིག་མ་བྱས་ན་ཉི་མ་གཅིག་ཁྱོའི་མགོ་ཐོག་ལ་ཞོན་ནས་གཅིན་པ་གཏོང་གི་ཡིན་ཟེར་གྱི་རེད་ཟེར།
འོ་དེས་ན་ངས་ཀྱང་སྒྲུང་ཞིག་བཤད། བདུན་ཕྲག་སྔོན་མར་ངས་བོད་དུ་ཕུ་བོ་ལ་ཁ་པར་ཞིག་བཏང་བ་ཡིན། ཕུ་བོས་ཟེར་ན་མདང་དགོང་ཁྱིམ་མཚེས་ཚང་གིས་རྒན་མོ་བསད་སར་ཕྱིན་ནས་ཡུན་རིང་ཉལ་རྒྱུ་མ་བྱུང་བས། དེ་རིང་ད་དུང་ཉལ་བསྡད་ཡོད་ཟེར། དེ་ནས་ཁོས་བཤད་རྒྱུར། མདང་དགུང་ཁྱིམ་མཚེས་སང་གི་བུ་མོ་ལོ་དགུ་ཅན་དེ་ངུ་ཞོར་ལ་རྒྱུགས་ཡོང་ནས་ཨ་ཁུ་ལེ་ལེ། ཨ་ཕས་ཨ་མ་གསོད་ཀྱི་འདུག་སྟབས་བར་བ་ཞིག་བྱེད་རོགས་ཟེར་བ་ལྟར་རྐང་རྒྱུགས་འཐེན་ནས་ཕྱིན་པ་ཡིན། ཁྱིམ་དུ་ཐོན་དུས་རྒན་མོ་ཕོ་ཁྱིམ་གྱི་ཁྱིམ་སྨད་དུ་འགྱེལ་ནས་འདུག་པ་དང་། རྒད་པོ་འཚབ་བཞིན་ཡར་ལངས་ནས་བསྡད་འདུག ཁྱིམ་ཡོངས་རྫོགས་ཆུས་གང་བས་ཆུ་ཟོམ་རྒན་ཞིག་བཤོས་བཏང་བ་དང་འདྲ། དེ་ནས་ངས་ཁོ་ལ་སྐལ་ཆད་རྒྱུ་བོ། ཁྱོས་ཅི་བྱས་པ་ཡིན་ཞེས་དྲིས་པས། ངའི་རྒན་མོས་དུག་འཐུང་སོང་སྟབས་ངས་ཆུ་བླུགས་པ་ཡིན་ཟེར། དེ་ནས་རྒན་མོ་ཡར་སྐྱོར་དུས་དབུགས་ཆད་ཚར་འདུག ངས་ཤི་ཚར་འདུག་ཅེས་བརྗོད་པས། ཁོས་ཤི་ཡོད་པ་མ་རེད། དྲན་པ་ཐོར་བ་རེད། མགྱོགས་པོར་སྨན་ཁང་དུ་སྐྱེལ་རོགས་ཟེར་བ་ལྟར་སྨན་ཁང་དུ་ཁྱེར་བ་ཡིན། འོན་ཀྱང་སྨན་པས་ཀྱང་ཤི་ཚར་འདུག་ཅེས་བརྗོད་སྟབས་རོ་ཕྱིར་ཁྱེར་ཡོང་བ་ཡིན། དེ་རིང་ཨ་ཁུ་འགའ་ཞིག་གིས་ཅིག་འདོན་གྱི་འདུག་ཟེར། དེ་ནས་ཉིན་ཤས་རྗེས་ངས་ཡང་བསྐྱར་ཁ་པར་ཅིག་བཏང་ནས་སྐད་ཆ་དྲིས་དུས། ཉེན་རྟོགས་པ་ལ་བཤད་ཡོད་ནི་མ་རེད། འོན་ཀྱང་རོ་བཤའ་མཁན་གྱིས་ཟེར་ན་མགོ་སྲུབ་གཏོར་འདུག་ཟེར་ཟེར། ད་ཅི་འདྲ་གི
ཁ་བཙུམས་མ་གཏོགས་རྡུང་ཡོང་དཱ། ཁྱིམ་བརྒྱུད་དང་མི་ཆེན་ཚོའི་རྒྱུད་པ་རེད་དཱ། མི་རྒྱུ་གཉིས་ཀས་ལོངས་ནས་བསྡད་ཡོད་ཟེར་གི་ཡོད་པ་མ་ཐོས་སམ།
ཁ་བཙུམས་མ་གཏོགས་རྡུང་ཡོང་དཱ། ཁྱིམ་བརྒྱུད་དང་མི་ཆེན་ཚོའི་རྒྱུད་པ་རེད་དཱ། མི་རྒྱུ་གཉིས་ཀས་ལོངས་ནས་བསྡད་ཡོད་ཟེར་གི་ཡོད་པ་མ་ཐོས་སམ།
བོད་ཀྱི་མཁས་དབང་དོན་གྲུབ་རྒྱལ་ཡང་དེ་འདྲ་རེད་ཟེར་གིན།་དེང་དུས་རྒྱ་མའི་སློབ་གྲ་འགྲོ་བཞིན་པའི་བོད་ཀྱི་ཤེས་ཡོན་ཚང་མ་དེ་འདྲ་རེད་ཟེར་བ་གོ་མྱོང་།་ ༼༡༽་ཆང་མ་མཐུང་ན།་དེང་དུས་ཀྱི་མི་ཡིན་པ་་།་ ༼༢༽་བུ་མོ་མང་པོ་མ་གཡབ་ན་རྙིང་ཞེན་ཆེ་བ་།་ ༼༣༽་བླ་མ་དང་གྲ་བ་མ་བསྡིག་ན་མཁས་གྲལ་དུ་མི་མཇོག་པ་།་ དེ་འདྲ་ཤིན་ཏུ་ནས་མང་པོ་རེད་།་ལྷག་པར་ཏུ་།་མི་རིགས་སློབ་གྲ་སོང་མཁན་ཚོ་དེ་འདྲ་རེད་།་
ཨ་ལ་ལ་ད་མཐོང་སོང་ཡ་ངོ་མ་ངར་མ་བདག་པོ་རེད།་་་ སྐད་ཆ་བཤད་སྟངས་ཅིག་སྟོབས་ཀི་ཡ།་་དཔུང་བསྒྲིགས་ནི་རེད་ཟེར་ན་སྒྲིག་ནི་ཡིན་ཕྱིར་འཐེན་དགོས་དོན་མེད་ཀི།་་་་་་་བསོད་ནམས་སྟོབས་རྒྱལ་དཔུང་མེད་ས་ཞིག་མ་རེད།་་་་་་་་་ཨ་ཤི་རེ་ཀོ་བཤད་ས་འདི་ཉམས་ཆུང་གི་སྐྱབས་བཅོལ་བའི་གྲོས་ཚོགས་ནང་རེད། དྲ་གྲོགས་ཚོ་བསམ་བློ་ཞིག་ཐོངས་དང་རྗེས་ཕྱོགས་མོ་འདྲ་བོའི་རིགས་གྲོས་ཚོགས་ཀྱི་རྐུབ་སྟེགས་ཐོག་མི་སླེབས་རྒྱུའི་འབད་བརྩོན་བྱེད་དགོས་པ་གལ་ཆེ་བོ་རེད།་་་མོའི་བཤད་སྟངས་ཅིག་ལྟོས་དང་།་་་་ནམ་རྒྱུན་ངས་བཤད་ཀི་མེད་ཁ་གྲག་པའི་སྤྱི་འཐུས་ཀྱི་ཁོངས་སུ་སླེབས་འགྲོ་བྱེད་ཀྱི་ཡོད་བཤད་རྒྱུ་ཉུང་ན་བཟང་གི་རེད་དེ་མིན་རྩོད་རྙོག་ཡོང་གི་རེད་ཟེར། མོའི་བཤད་པའི་སྐད་ལ་དེ་ལས་རྙེད་དོན།་མོའི་སྐད་ཆ་ཞིག་བཤད་ཚེ་རྙོག་དྲ་རྐྱང་བ་ལས་དེ་མིན་བོད་མི་རིགས་འདིའི་ཆག་འཇིག་གི་གླེང་གི་ཡོད་ས་མ་རེད་ལ་བསམ་བློ་ཡང་ཡོད་མ་རེད།་དེ་མིན་མོ་བཤད་མི་ཤེས་ནི་ཞིག་མིན་ཟེར་ཀི།་་བཤད་ངོ་མ་ཤེས་ས་རེད་གྲོས་ཚོགས་ཐོག་བཤད་སྟངས་ལ་ལྟོས་དང།་་་་་་་དེ་མཐོང་ན་སྙིང་ན་ནི་ཞིག་རེད།་་་ སྔོན་ངས་དྲ་གནས་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་དེ་ཤེས་ནོ་མ་གཏོགས་དངོས་སུ་གྲོས་རའི་རྣམ་པ་དེ་མཐོང་མ་སོང། ངོ་མ་ཧང་སངས་སོང་
ཨ་རོགས། ཁ་ཕྱོགས་མེད་ལགས། རྗེས་ཕྱོགས་མོ་འདྲ་བོ་གྲོས་ཚོགས་ནང་ལ་མི་སླེབས་རང་སླེབས་རེད་པ། གང་ཡིན་ཟེར་ན་ང་ཚོ་ལ་ད་སྐབས་མིའི་དཀའ་ངལ་དང་འཕྲད་བསྡད་ཡོད་པ་རེད། ཡང་མིན་ན་གྲོས་ཚོགས་མེད་པ་བཟོས།། ཡང་མིན་ན་ཁོང་ཚོར་རྐུབ་ཀྱག་སྤྲོད།། དེ་གཉིས་ཀྱི་གང་དགའ་ཁྱོད་ཀྱིས་འདོམས།། དི་མིན་ནའི་འགྲོ་ས་ཅང་མེད་ཀི།
མྱི་འདང་ཚོ། ཆབ་སྲིད་ཀྱི་ཟློས་གར་ཟེར་བ་འདི་ད་ངོ་མ་ཡ་མཚན་པ་ཞིག་རེད་འདུག་ཡ། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་དུ་གསར་འབྱོར་བ་སྤྱི་དང་ཁྱད་པར་དུ་ཁམས་པའི་བསྟན་པ་དར་བཞིན་ཡོད་དུས་འདིར། དེའི་མགོ་ནས་གནོན་གང་ཐུབ་བྱེད་མཁན་ཇེ་མང་ནས་ཇེ་མང་རེད། རྒྱ་ནག་གི་སྟོབས་ཤུགས་རྒྱས་དུས་ནུབ་ཕྱོགས་པས་ཕྱོགས་ཡོངས་ནས་དེའི་མགོ་གནོན་གང་ཐུབ་བྱེད་པ་དང་། བོད་དོན་དོན་སོགས་དར་ཆར་འཛིན་གྱིན་པ་ཇི་བཞིན། ང་ཚོའི་སྤྱི་ཚོགས་སྤར་མཐིལ་འདྲ་བ་འདིར་ཡང་དེ་མཚུངས་རེད་འདུག རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཐབ་རྩོད་བོད་དོན་དང་བོད་ནི་ཁོང་ཚོའི་ལག་ཆ་རེད་ལ། བོད་ཀྱི་སྤྱི་ཚོགས་ཁྲོད་ཁམས་པའི་མགོ་གནོན་པ་ལ་ཕྱོགས་གཅིག་གིས་བྱང་ཆ་ལྡན་པའི་སྒོ་ནས་འཇམ་མཁས་ཀྱི་འཆར་གཞི་ཞིག་བཟོས་དང་ན། ལག་ཆ་ངོ་མར་གྱུར་བ་ད་ང་ཚོ་ཨ་མདོ་མགོ་སྟོང་ཚོ་རེད་འདུག་ཡ། ཡུམ་དུམ་པ། ཁྱི་རྒན་ཀུ་ཅོ་འདོན་པ་ལ། གཞན་དག་རྒྱུ་མཚན་མེད་པར་རྒྱུགས། ཟེར་བ་ད་འདིར་ཟེར་བ་རེད། ཨ་ཤུ་རེ་ཁོ། ཁྱོད་ཚོ་ད་ངོ་མ་ཀླད་པ་ཞིག་མེད་ཀི ཡུམ་དུམ་པ། གལ་སྲིད་ཁམས་པའི་མགོ་གནོན་ཐུབ་སོང་རུང་་་་་་ དེའི་རྗེས་ཀྱི་ལས་ངན་དང་ཁྱོད་ཚོས་སྣེ་དྲངས་པའི་འུ་ཚོའི་ལས་བསྐལ་ཡིན་རྒྱུ་རེད་ཡ། ད་མ་ཤེས་ན་ཤེས་མདོག་གིས་ཅིག་བཤད་ཀི་མ་སྡོད། མ་ཞུ་བ་བྱེད་ཁྱེད་ཚོར། ཆབ་སྲིད་ཀྱི་ལྟ་བ་དང་ཉམས་མྱོང་གང་ཡང་མེད་པར། རླུང་གིས་གར་དེད་ས་ལ་ཤག་ཤག་འདྲིལ་ཆོག་ཆོག་འདི་འདྲ་ངོ་མ་ཡ་ང་ནི་ཞིག་རེད། སྤྱིར་ན་ཁམས་དང་ཨ་མདོ་དབུས་གཙང་ཟེར་བསྡད་ན་མི་ལེགས་པ་ཞིག་རེད། ཡིན་ན་ཡང་། འདི་རྩ་མེད་འགྲོ་རྒྱུ་ཡོད་པ་ཞིག་མ་རེད། དེ་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་རེད། ཡིན་ན་ཡང་། བོད་ཆོག་ཁ་གསུམ་པོ་མཉམ་གནས་བྱེད་རྒྱུ་འདི་ང་ཚོ་ཐུན་མོང་གི་ཁེ་ཕན་ཞིག་ཡིན་པས། མིའི་རང་གཤིས་དང་ཐག་ཉེ་་ས་ནས་ཆབ་སྲིད་ཀྱི་ལམ་ལུགས་ཐོག་བསྐྱོད་དགོས་པ་ལས། ཆོས་པ་ཚོས་ཁ་ནས་བཤད་ཀྱིན་པ་ལྟར་་་་ལྷག་བསམ་རྣམ་དག་དང་ཅིག་ཅིག་ཅིག་་་ཟེར་ནས་ཁ་ནས་བཤད་པ་དེས་ཕན་མི་ཐོག་གི ལག་ལེན་དངོས་ལ་ཞུགས་དགོས་ནི་རེད་ཨ་རོ་ཚོ། ད་གཞན་གྱི་ཁྱི་རྒྱག་གི་དབྱུགས་པ་རྐྱང་རྐྱང་བྱེད་མ་སྡོད། ངས་ཞུ་བ་བྱེད། ཨ་མདོ་ཚོ་་་་ཨེ་གོ་ཐའ། ང་ངོ་མ་ངོ་ཚ་གི ཡ་ང་གི མ་མཐའ་ཡང་ཁམས་དང་ཨ་མདོ་གཉིས་ལ་ཁྱད་ཅང་མེད་པའི་གནས་སྟངས་འདི་རིག་གི་ཆུགས་ད། ང་ཚོ་སྐྱིད་སྡུག་མཉམ་མྱོང་རེད། སྤྱིར་ན་བོད་མི་ཡོད་དོ་ཅོག་དེ་འདྲ་རེད། ད་ངོ་མ་སྣང་ཚུལ་དང་གནས་ཚུལ་ངོ་མ་རྒྱུས་ལོན་མ་སོང་ན་ཅིག་བཤད་ཀི་མ་སྡོད། ཡུམ། ང་ངོ་ཚ་ནི་ཞིག་རེད།
ཨ་མདོ་བ་རྣམས་ཀྱིས་བོད་སྤྱི་དོན་ལ་མི་བསམ་ པར་ཆོལ་ཁའི་འཐེན་ཁྱེར་ལ་གཉམ་རུབ་བྱེད་མཁན་མང་ཤོས་ཡིན་པ་ཤེས་ནས་ནོངས་འགྱོད་ བྱེད་ན་དགའ་། དཔེ་ན་དེ་སྔོན་ཨམ་ར་ལྦ་ཏི་ལ་དུས་འཁོར་དབང་ཆེན་སྐབས་ཧམ་པ་རི་ལས་མཐོ་བར་ལས་ རྒྱུ་འབྲས་ལ་བསམ་ཞིག་མི་བྱེད་མཁན་ལྟ་ལོག་རྒྱ་ལོའི་ཁྱི་ཕྲུག་གྲ་ལོག་ཁྱེད་དང་ འདྲ་བ་རྣམས་གྱིས་༧་གོང་ས་མཆོག་ལ་དུས་འཁོར་དབང་ཆེན་ཨམ་སྐད་ཐོག་གསུངས་རོགས་ ཞུས་འདུག་པ་དེ་དང་དེ་མཚུང་མང་པོ་ཡོད་རེད་། བཤད་དགོས་ན་ཐུབ་དུས་རེ་རེ་བཞིན་ཁྱེད་གྱི་དགོང་ལ་མཛུབ་མོ་གཙུག་ཏེ་བཤད་མཆོག་།
ཨ་ལེ་འདི་་་་སྔ་ལོའི་དམིགས་བསལ་ཚོགས་ཆེན་གྱི་བརྙན་འཁོར་ནང་གསེར་རྟ་ཚུལ་ཁྲིམས་ཀྱི་འཁྲིས་ནས་བཀའ་ཁྲིའི་མཇུག་བསྡོམས་གསལ་བྱེད་སྐབས་གུས་བཀུར་གྱི་རྣམ་འགྱུར་སྟོན་འདོད་མེད་མཁན་མ་དེ་རེད་འདུག སྐད་ཆ་བཤད་སྟངས་འདི་ང་ཚོས་གྲོས་ཚོགས་ནང་ཡིན་པས་ང་ངོ་ཚ་ནས་འབར་སོང་། སྙིང་རྗེ་མོའི་ཁྱོ་ག་དེ། ད་དཀོན་མཆོག་གསུམ་རྒྱ་ནག་དགའ་ནས་བྲོ་བརྡུང་ཆོག་ཆོག་བྱས་ཤག རྗེས་མ་ནས་ཁོ་ཚོའི་གྲས་་་་་་་་་་ཡོད་པ་ལས་གྲོས་ཚོགས་ནང་མེད་ན་བཟང་གི་ཡ། འདི་མོ་འདིས་ངོ་མ་སྤྱི་ཚོགས་ཁྲག་དཀྲུག་དཀྲུག་རྣག་དཀྲུག་དཀྲུག་བྱེད་ཀི ང་ཚོའི་གྲོས་ཚོགས་ནང་རྒྱུ་ངོམ་དང་དབུང་ངོམ་ཡང་བྱེད་རྒྱུ་ཡོད་པ་ཡིན་ནམ། ཨ་ཁ་ཁ་མོ་ཕ་རྒྱུད་འཇུ་ཆེན་ངོ་མ་ཡིན་རྒྱུ་རེད་ཀོ
དྲ་གྲོགས་ཚོ་གཤམ་གྱི་འབྲེལ་ཐག་ཚོར་གཟིགས་དང་ལྟད་མོ་ཡོད་ཀི་ཡ། http://www.youtube.com/watch?v=Uk27E4m2KyA&feature=related http://www.youtube.com/watch?v=c7N-8-5LCnE&feature=related
དྲ་གྲོགས་ཚོས། སྤྱིར་ང་ཚོའི་སྤྱི་ཚོགས་འདིའི་ཁྲོད་བསམ་ཚུལ་ཅུང་ཟད་ཅིག་བཏོན་ན་དེ་ཐོག་ཏུ་ཕྱོགས་ཞེན་གྱིས་སྣོན་པ་བརྒྱབ་རྒྱུ་གོམས་གཤིས་སུ་འཇགས་ཡོད་ཀི།་་དེ་ནི་མདོར་ན་རང་ཉིད་གནས་ལུགས་དང་རྒྱང་རིང་བའི་རྟགས་མཚན་རེད་ཅིག་གམ་ཡང་ན་རང་གི་མི་རིགས་ལ་འགན་ཅུང་ཟད་ཙམ་ལེན་གྱི་མེད་པའི་མངོན་རྟགས་རེད། སྤྱིར་སྤྱི་འཐུས་ཀྱི་རྐུབ་ཀྱག་ཐོག་ཏུ་སླེབས་པ་ནས་ཨ་མདོ་བ་དང་ཁམས་པ་དབུས་པའི་ཁྱད་པར་ཡོད་པ་མ་རེད་བོད་མི་རིགས་ཀྱི་བདེ་སྡུག་གི་འགན་འཁུར་དགོས་ནི་རེད།་་བཙན་བྱོལ་བོད་མིའི་འགྲིག་གཞི་བརྩི་དགོས་ནི་རེད་དེ་མིན་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་བཤད་རྒྱུ་ཡོད་རུང་ཕན་ཐོགས་ཀྱི་མ་རེད།་་ སྤྱིར་འཐུས་སུ་ཞིག་གིས་བྱེད་ཉེས་བྱས་ན་དེས་བོད་སྤྱི་ལ་གནོད་རྒྱུ་རེད་མ་གཏོགས་ཆོལ་ཁ་བྲེ་བྲག་པ་ཞིག་ལ་དམིགས་བསལ་གྱིས་གནོད་ནི་མ་རེད།་་་དེར་བརྟེན་བོད་མི་མང་གི་སྤྱི་འཐུས་ཀྱི་ངོ་ཚབ་ཏུ་སུ་ལངས་ན་དེ་ངའི་ངོ་ཚབ་དང་ངའི་མི་རིགས་ཀྱི་ངོ་ཚབ་ཏུ་སོང་གཤིས་དུས་ནམ་ཡིན་རུང་ཆོལ་ཁའི་བྱེ་བྲག་མེད་པར་དེའི་བྱས་ཉེས་བྱས་ཚེ་ངས་ཁོང་འགྲིག་མ་སོང་ཟེར་རྒྱུའི་ཐོབ་ཐང་ཡོད་པ་རེད་ལ་འགན་ཡང་ཡོད་པ་རེད། དེ་ནི་ཆོལ་ཁ་ཞིག་དང་མི་སྒེར་བ་ཞིག་ལ་སྡང་མིག་བྱེད་པ་མིན་ལ་མཚོན་ཡང་མི་ཐུབ།་་་དེ་ང་རང་ཉིད་ཀྱི་མ་འོངས་ཌྷའགན་འཁུར་མཚོན་ཡོད། མཐའ་དོན་ངའི་ངོ་ཚབ་ཏུ་ལངས་པའི་མི་དེའི་རིགས་མཐོང་ཚེ་ང་ངོ་མ་ཡིད་སྐྱོ་སོང་བས་ངུ་སྐད་ཡིན།
དྲ་གྲོགས་ཚོ། སྤྱིར་ང་ཚོའི་སྤྱི་ཚོགས་འདིའི་ཁྲོད་བསམ་ཚུལ་ཅུང་ཟད་ཅིག་བཏོན་ན་དེ་ཐོག་ཏུ་ཕྱོགས་ཞེན་གྱིས་སྣོན་པ་བརྒྱབ་རྒྱུ་གོམས་གཤིས་སུ་འཇགས་ཡོད་ཀི།་་དེ་ནི་མདོར་ན་རང་ཉིད་གནས་ལུགས་དང་རྒྱང་རིང་བའི་རྟགས་མཚན་རེད་ཅིག་གམ་ཡང་ན་རང་གི་མི་རིགས་ལ་འགན་ཅུང་ཟད་ཙམ་ལེན་གྱི་མེད་པའི་མངོན་རྟགས་རེད། སྤྱིར་སྤྱི་འཐུས་ཀྱི་རྐུབ་ཀྱག་ཐོག་ཏུ་སླེབས་པ་ནས་ཨ་མདོ་བ་དང་ཁམས་པ་དབུས་པའི་ཁྱད་པར་ཡོད་པ་མ་རེད་བོད་མི་རིགས་ཀྱི་བདེ་སྡུག་གི་འགན་འཁུར་དགོས་ནི་རེད།་་བཙན་བྱོལ་བོད་མིའི་འགྲིག་གཞི་བརྩི་དགོས་ནི་རེད་དེ་མིན་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་བཤད་རྒྱུ་ཡོད་རུང་ཕན་ཐོགས་ཀྱི་མ་རེད།་་ སྤྱིར་འཐུས་སུ་ཞིག་གིས་བྱེད་ཉེས་བྱས་ན་དེས་བོད་སྤྱི་ལ་གནོད་རྒྱུ་རེད་མ་གཏོགས་ཆོལ་ཁ་བྲེ་བྲག་པ་ཞིག་ལ་དམིགས་བསལ་གྱིས་གནོད་ནི་མ་རེད།་་་དེར་བརྟེན་བོད་མི་མང་གི་སྤྱི་འཐུས་ཀྱི་ངོ་ཚབ་ཏུ་སུ་ལངས་ན་དེ་ངའི་ངོ་ཚབ་དང་ངའི་མི་རིགས་ཀྱི་ངོ་ཚབ་ཏུ་སོང་གཤིས་དུས་ནམ་ཡིན་རུང་ཆོལ་ཁའི་བྱེ་བྲག་མེད་པར་དེའི་བྱས་ཉེས་བྱས་ཚེ་ངས་ཁོང་འགྲིག་མ་སོང་ཟེར་རྒྱུའི་ཐོབ་ཐང་ཡོད་པ་རེད་ལ་འགན་ཡང་ཡོད་པ་རེད། དེ་ནི་ཆོལ་ཁ་ཞིག་དང་མི་སྒེར་བ་ཞིག་ལ་སྡང་མིག་བྱེད་པ་མིན་ལ་མཚོན་ཡང་མི་ཐུབ།་་་དེ་ང་རང་ཉིད་ཀྱི་མ་འོངས་ཌྷའགན་འཁུར་མཚོན་ཡོད། མཐའ་དོན་ངའི་ངོ་ཚབ་ཏུ་ལངས་པའི་མི་དེའི་རིགས་མཐོང་ཚེ་ང་ངོ་མ་ཡིད་སྐྱོ་སོང་བས་ངུ་སྐད་ཡིན།
འདི་ཡོད་འཆན་འབྲི་བ་མང་ཆེ་བས་འཐེན་ཆེར་་གྱི་གཏམ་བཤད་བྱེད་འདུག་པ་དེ་དག་གིས་འབྲོག་ཐོག་འབྲི་ལུགས་ལ་ལྟས་ན་ཨ་མདོ་བ་ཡིན་པ་འདྲ་། དེས་ན་དེངས་སྐབས་རྒྱ་རིགས་སུ་འགྱུར་ཟིན་པ་ལྟ་ལོག་རྒྱ་ལོ་དོན་འགྲུབ་དང་དོལ་རྒྱལ་རྗེས་འབྲང་བ་ཁོ་ཚེ་ཚུལ་ཁྲིམས་གཉིས་ཀྱིས་སྐྱབས་འོག་ཏུ་ཡོད་པའི་བོད་ནས་གསར་འབྱོར་བ་སྡ་སའི་དབྱིན་ཇའི་རྒན་མོས་རྐུབ་ལ་གུས་ཕྱག་འཚལ་མཁན་ཨ་མདོ་བ་སྐྲ་རིང་རྣམས་གྱིས་འགྱོན་ཐང་ཁོ་ན་ལ་ཡིད་མ་ཆགས་པར་བོད་རིགས་ཆོལ་ཁ་གསུམ་པོ་ཅིག་སྒྲིག་ཐོག་ལ་བསམ་བློ་ཞིག་ཐོང་དང་། ཨ་མདོ་བ་སྤྱི་འཐུས་ཚོགས་གཙོ་སྤེན་པ་དང་ཁམས་པའི་ཚོགས་གཞོན་རྒྱ་རི་གཉིས་ཀྱིས་ཁ་མཐུན་གཉམ་རུག་འོག་བོད་པའི་སྤྱི་ཚོགས་ནང་ལོ་རྒྱུསམགསར་པ་ཞིག་དང་མ་འོངས་བྱེད་ཕྱོགས་གསར་པ་ཞིག་འགོ་ཙམ་པ་ལས་བརྟེན་ནས་ད་བར་མཐུན་སྒྲིག་ཡིན་པའི་བོད་རིགས་ན་གཞོན་རྣམས་དབྱེར་འབྱེད་གསར་པ་དེའི་འོག་འདོད་མིན་ལ་མ་སྟོས་པར་་ཤར་བསྐྱོད་མ་འགྲོ་ཐབས་མེད་རེད་འདུག་སམ་། བསམ་བློ་ཐོང་ ཨ་མདོ་བ་དང་ཁམས་པ་རྣམས་། ཁྱེད་འཚོ་བོད་ཁོང་ཡིན་པ་ལ་ལོ་རྒྱུས་ཁ་གསལ་མེད་།
ཨ་རོག་དྲ་གྲོགས་ཀུན་དགའ་ལགས།་ཨ་མདོ་བ་དང་ཁམས་པ་བ་གང་ལ་གཏོགས་དང་མ་གཏོགས་ལས་ཐོག་མར་རང་གིས་བྲིས་པའི་ཟིན་བྲིས་དེ་བོད་ཡིག་དང་གཏོགས་ཀྱི་ཡོད་མེད་ཅིག་བལྟས་ན་དགའ་ས་རེད། དེ་མིན་ཁྱེད་ཀྱི་ཟིན་བྲིས་ཁེར་རྐྱང་དུ་བརྡ་མི་འཕྲོད་པར་ལྷག་ས་རེད།
བོད་མི་གྲལ་མཐའ་བ་ཞིག་གི་འབོད་སྐུལ་ཡིན། བོད་གཅིག་ཡིན། རྨི་ལམ་གཅིག་ཡིན། དམིགས་ཡུལ་གཅིག་ཡིན། འཐབ་ཕྱོགས་གཅིག་ཡིན། ཆོས་ལུགས་ཆོལ་ཁའི་སྐད་ཆ་ཟེར་བ་ཞིག་གི་ཆེད་དུ་སྐད་ཆ་ནམ་ཡང་བཤད་དགོས་དོན་མེད། བོད་སྐྱབས་བཅོལ་བ་ཡིན། ང་རང་སྐྱབས་བཅོལ་གཞུང་གི་གནས་བབ་འོག་ནས་བོད་ལ་མཁོ་བའི་སྤྱི་མི་ཞིག་བྱེད་རྒྱུ་དེ་ནི་ངའི་དམ་བཅའ་ཡིན་པ་དང་དམ་བཅའ་དེའི་ཆེད་དུ་ང་རང་གིས་བོད་མི་མང་གི་མིང་ཞིག་འཁུར་ནས་བསྡད་ཡོད། དེའི་ཆེད་དུ་ང་རང་གི་རྐུབ་སྟེགས་འདི་ནི་རང་ཉིད་ཀྱི་ཚེ་སྲོག་དང་འཚོ་བ་ལས་ཀྱང་རྩེ་ཆེར་འཛིན་གྱི་ཡོད་ཟེར་ནསབསམ་འཕོད་པ། བཤད་འཕོད་པ། སྒྲུབ་འཕོད་པ་ཞིག་འུ་ཅག་བཙན་བྱོལ་གཞུང་གི་རྐུབ་སྟེགས་སྟེང་དུ་མ་སླེབས་པར་དུ། བོད་བཙན་བྱོལ་གཞུང་ལ་ཡར་རྒྱས་ཤིག་མེད་པར་ཐག་བཅད་དེ་བཤད་ཐུབ་ཀྱི་འདུག འདི་ནི་བདག་གིས་རང་ཉིད་བོད་མི་གྲལ་མཐའ་བ་ཞིག་གི་དུས་རྒྱུན་དུ་ཡིད་ལ་དྲན་བཞིན་པའི་བསམ་ཚུལ་ཞིག་ཡིན། སྐད་ཆ་འདི་སུས་གོ་ན་སྤྱི་འཐུས་མིང་འཁུར་བའི་བོད་མི་སེར་སྐྱ་ཕོ་མོ་སུ་ཡིན་གྱི་སྙན་ལམ་དུ་སྒྲོན་རོགས་ཞུ།
ད་གྲོགས་རྣམ་པ་ཚོ། བརྙན་པར་འདིའི་ནང་གི་སྐུ་ཚབ་དེ་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་བུ་མོ་དེ་རེད། ཁོང་གི་གསུང་བཤད་དེ་ངར་མ་ཞིག་མཐོང་མ་སོང་། དེ་སྦྱིན་བདག་སྡུག་རྩུབ་ཅན་ཞིག་གིས། རང་གི་གཡོག་པོ་ཞིག་ལ་གཤེ་གཤེ་གཏོང་བ་འདྲ་པོ་ཞིག་འདུག སྤྱི་འཐུས་འདི་དག་གི་རྣམ་འགྱུར་མཐོང་དུས། བོད་འདི་ཞིང་བྲན་ལམ་ལུགས་ནས་བཅིངས་དཀྲོལ་བཏང་བ་ཡིན་ཞེས་གུང་ཁྲན་གྱིས་བཤད་པའི་སྐད་ཆ་འདི་ཚོར་ངོ་མ་བྲོ་བ་ཞིག་སླེབས་སོང་། རྒྱུ་མཚན་ནི། སྤྱི་འཐུས་འཇུ་ཆེན་གྱིས་རྒྱུ་མཚན་ཤོད་ཀྱི་མིན་འདུག གནས་ལུགས་ཤོད་ཀྱི་མིན་འདུག ཧམ་པ་དང་འཇིགས་སྣང་སྐུལ་གྱི་འདུག དེ་ནི་ཞིང་བྲན་ལམ་ལུགས་ཀྱི་སྤྱོད་པ་མ་རེད་པས།
“དེ་སྦྱིན་བདག་སྡུག་རྩུབ་ཅན་ཞིག་གིས། རང་གི་གཡོག་པོ་ཞིག་ལ་གཤེ་གཤེ་གཏོང་བ་འདྲ་པོ་ཞིག་འདུག” “རྒྱུ་མཚན་ཤོད་ཀྱི་མིན་འདུག གནས་ལུགས་ཤོད་ཀྱི་མིན་འདུག ཧམ་པ་དང་འཇིགས་སྣང་སྐུལ་གྱི་འདུག དེ་ནི་ཞིང་བྲན་ལམ་ལུགས་ཀྱི་སྤྱོད་པ་མ་རེད་པས།” ངོ་མ་བདེན་པ་རེད། སྐུ་ངོ་འཇུ་ཆེན་ཚང་ཟེར་བ་དེ་འདི་འདྲ་ཞིག་ཡིན་སྣང་མ་ཤར། ད་དུང་སྒྲོལ་མ་མཚོ་མོས་གྲོས་འཆར་འདོན་པའི་སྐབས་སུ། འདྲེ་མོ་གདུག་རྩུབ་ཅན་དེས་དེས་འོག་ནས་ཡར་མིག་སྡང་གིས་བལྟ་ལུགས་ལ་ལྟོས་དང་།
གཅིག་བྱས་ན་ཉིན་དེར་འདྲེ་མོ་དེ་ལ་ཁྱིམ་ཚང་གི་རྙོག་དྲ་ཞིག་བྱུང་ཡོད་ས་རེད། ཕྱི་རྒྱལ་གྱི་ལུང་པ་ཡིན་ན་ཕོ་མོ་སུ་ལ་(Family problem) བྱུང་ཡོད་པའི་ཉི་མ་དེར་མི་ཀུན་གྱིས་སྙིང་རྗེ་བསྒོམས་ནས་གང་ཡག་ཡག་བཤད་པ་མ་གཏོགས་ཁ་གཙེ་གི་མ་རེད།
ངོ་ལ་གཉིད་བབ་འདུག་པའི་སྤྱི་འཐུས་མིང་འཛིན་འགའ་མཐོང་རྒྱུ་འདུག་པ་དེ་ཚོའི་གཉིད་དཀྲོག་པར་ཕན་ས་རེད་ཀོ གང་ལྟར་མདོ་སྟོད་མི་དམངས་ཀྱིས་བདམས་པ་ཞིག་ཡིན་པས་མང་པོ་མ་བཤད་ན་དགའ།
ད་དུང་ཁྱེད་ཚོས་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཟེར་བ་དེར་ལྟོས་དང་། ཁོ་ལ་དེ་འདྲའི་རྣམ་དཔྱོད་དང་མཁས་པའི་ཉམས་ཤིག་འདུག ཁོ་འདྲ་འདྲ་སྤྱི་འཐུས་ལ་མི་སླེབས་ན་སུ་སླེབས། ཁོ་ངར་ནག་གཏིང་ནས་ལངས་ཏེ། ཁ་འདརལུས་འདར་བྱེད་བཞིན་བཤད་རྒྱུར། “ཡག་པོ་བྱས་ན་ཡག་པོ་རེད། ཡག་པོ་མ་བྱས་ན་ཡག་པོ་མ་རེད།” ལྟོས་དང་སྔོན་ནས་ད་བར་ང་ཚོའི་སྤྱི་ཚོགས་ནང་ཡག་པོ་བྱས་ན་ཡག་པོ་ཡིན་པ་དང་། ཡག་པོ་མ་བྱས་ན་ཡག་པོ་མིན་པ་ཤེས་མཁན་ཁོ་མ་གཏོགས་བྱུང་མེད། ང་ཁོའི་རྣམ་དཔྱོད་དང་གཏམ་ཤོད་སྟངས་ལ་ཧ་ལས་སོང་། འདི་འདྲའི་སྤྱི་འཐུས་རེ་ཡོད་པ་ང་ཚོའི་བསོད་ནམས་རེད། ཕྱོགས་གཞན་ནས་བཤད་ན། ཁོས་བོད་ཡག་པོ་ཤེས་ཀྱིན་མེད་པ་འདྲ། དབྱིན་ཇི་བོད་སྐད་གསར་སློབ་རྣམས་ཀྱིས་ཀྱང་། ཡག་པོ་རེད་དང་། ཡག་པོ་མ་རེད་ལས་སླ་བོའི་ཤེས་ཀྱི་ཡོད། ཡང་བསྐྱར་ཁོའི་རྣམ་འགྱུར་དང་སྐད་ཆ་ཤོད་སྟངས་ལ་གཅིག་གཟིགས་དང་། http://www.youtube.com/watch?v=c7N-8-5LCnE&feature=related
ད་ཡིན་ན་སྒྲོལ་མ་མཚོ་མོས་ཅིག་དཀའ་ས་རེད། འདི་སྔོན་ཆད་ཨ་མདོའི་གསར་བུ་གང་མང་ཞིག་གི་སེམས་པ་ཤོར་ས་དེ་ཨེ་རེད།
ཨ་མདོའི་གསར་བུ་གང་མང་མི་ཤེས་མོད། བསྟན་འཛིན་མགོན་པོས་སེམས་པ་ཤོར་ནས་ཡི་གེ་གྲངས་མེད་བསྐུར་བའི་ལོ་རྒྱུས་ཡོད། ཡིན་ཡང་ཁོའི་ལག་ལ་མ་ཡོང་བས་གོ་སྐབས་འདི་དམ་འཛིན་བྱས་ནས་ཁོས་མོ་ལ་ཚིག་རྩོད་བྱེད་ཀྱིན་ཡོད་པ་རེད། སྤྱི་འཐུས་ལྟས་ངན་འདི་ཚོས་སྒེར་གྱི་སྙིང་ནད་ཡོད་ཚད་སྤྱི་འཐུས་གྲོས་ཚོགས་ཀྱི་སྟེགས་བུར་ཁྱེར་ཡོང་གིན་འདུག ངོ་མ་བློ་ཕམ་གྱི་གནས་རེད། དགེ་ལུགས་སྤྱི་འཐུས་ནོར་མ་མགོ་ངར་ལངས་ནས་ཁུ་ཚུར་བསྡམས་ཏེ་རྒྱུགས་ནོ་ལྟོས་ར། འདི་ཚོ་དགྲ་བོ་རྒྱ་ནག་གི་ཐོག་ལ་འདི་ལྟར་རྒྱུགས་ཐུབ་ན་དགའ་བ་ལ།
བོད་མི་གྲལ་མཐའ་བ་ཞིག་གིས་འབོད་སྐུལ། གཉིས་པ། རང་ཁ་གསེར་གྱི་སྒོ་མོ་ནས་རང་སྲོག་གཅོད་ཀྱི་སྟ་རེ་ཟེར་སྲོལ་སྲིད་པའི་གཏམ་དུ་ཡོད་པ་བཞིན། སྤྱི་མི་མིང་འཁུར་མཁན་བོད་མི་དམངས་ཀྱི་འཐུས་ཚབ་དུ་གཏོགས་པ་དེ་ཚོས་སྐད་ཆ་བཤད་ལུགས་འདིས་སེམས་པ་ལ་ན་ཟུག་རྒྱག་པ་དང་། ཨ་ཐང་ཆད་པ། རེ་བ་མེད་པ། རྒྱའི་སྲིད་གཞུང་གིས་འདོད་ཐོག་དུ་རྟ་རྒྱུག་རྒྱུར་རམ་འདེགས་བྱེད་མཁན་ཞེ་གཅིག་ལས། བོད་མི་མང་གི་འཐུས་ཚབ་མཚོན་ཐུབ་པའི་སྐད་ཆ་བཤད་ཤེས་པ་ནས་ལག་ལེན་དུ་འཁྱེར་ཐུབ་མཁན་གྱི་རྣམ་པ་ཞིག་མཐོང་མི་ཐུབ་པ་འདིས། བོད་རིགས་སེར་སྐྱ་མང་ཚོགས་རྒན་གཞོན་བོད་མི་རིགས་ཀྱི་བདེན་དོན་ལ་སེམས་འཁུར་ཡོད་མཁན་གང་ན་སུ་ཡོད་པ་དག་གིས་སེམས་ཁོང་དུ་ཆུ་འཁྱག་སྐྱོག་བཀང་དང་། རྒྱའི་སྲིད་གཞུང་གིས་འདོད་བློ་ཐེངས་ཤིག་སྐོང་སོང་ཞེས་བཤད་ཀྱང་། གཏན་ནས་ནོར་མེད་ཚོད་དུ་སྣང་བའི་གྲོས་ཚོགས་ཀྱི་ཟུར་འདི་མཐོང་དུས། བོད་ཟེར་བའི་མིང་ཚིག་འོག་ནས་སྐད་ཆ་བཤད་ཤེས་པ་ནས། བསམ་བློ་གཏོང་ཤེས། བསམ་བློ་གཏོང་ཤེས་པ་ནས་ཉན་ཤེས་པ། ཉན་ཤེས་པ་ལག་ལེན་དུ་འགེལ་མཁན་མེད་པ་འདི་ནི་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གི་ཐུགས་རེ་ཆུད་ཟོས་དང་། བོད་ནང་གི་བོད་མི་ཁྲི་མ་འབུམ་གྱི་གཙོ་བའི་བོད་མི་མང་གི་ཆེད་དུ་ལུས་སྲོག་བཏང་ཟིན་པའི་དབའ་བོ་དབའ་མོ་དག་གི་རྣམ་ཤེས་ལ་ཡང་གུས་བརྩི་ཙམ་ཡང་བྱེད་མ་ཐུབ་པ་ཞིག་མཐོང་གི་འདུག་ན། རྗེས་ཕྱོགས་འདི་འདྲའི་བྱ་བ་ནོར་འཁྲུལ་ཅན་མི་འབྱུང་བའི་ཆེད་དུ། བོད་སྙིང་ཡོད་མཁན་གང་ས་སུ་བཞུགས་པ་དག་གིས་རང་གཅེས་རང་བདག་གིས་བོད་མི་རིགས་ཀྱི་ལས་དབང་ལ་འགན་ཞིག་ལེན་རྒྱུར་རེ་སྐུལ་སེམས་ཁོང་རུས་པའི་གཏིང་ནས་སླར་ཡང་ཐེངས་ཤིག་བྱེད།
རྒྱལ་ཁབ་ཡོད་པའི་སྤྱི་འབངས་ཚོར་མཚོན་ན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་མང་ཆེ་བ་གྲོས་ཚོགས་མ་ཆགས་པའི་སྔོན་དུ་ཞིང་ཆེན་ནམ་མངའ་སྡེ་དེའི་སྤྱི་ཁྱབ་འགན་འཛིན་སོགས་ཆབ་སྲིད་ཀྱི་ལས་ཀ་སྣ་མང་ཞིག་བརྒྱུད་དེ་གཞི་ནས་རྒྱལ་ཁབ་གཞུང་གི་གྲོས་ཚོགས་འཐུས་མིར་བསླེབས་པ་རེད། ཡིན་ན་ཡང་ང་ཚོར་དེ་འདྲའི་ཁོར་ཡུག་མེད་པས་ཚོང་བ་དང་དགེ་བཤེས། དགེ་རྒན་དང་རྩོམ་པ་པོ་སོགས་ཉི་མ་གཅིག་ལ་ཡང་ཆབ་སྲིད་རིག་པའི་སློབ་སྦྱོང་བྱེད་མ་མྱོང་བ་སྐོར་ཞིག་རང་རང་གི་ས་ཁུལ་དང་ཆོལ་ཁའི་མི་ངོ་ཤེས་སྐོར་ཞིག་གི་འུར་སྒྲོག་བརྒྱུད་དེ་གྲོས་ཚོགས་འཐུས་མིར་བསླེབས་པ་རེད། དེའི་ཕྱིར་གྲོས་ཚོགས་ནང་དུ་བསླེབས་རྗེས་ཚོང་བས་ཚོང་རྒྱག་སྟངས་དང་ཆབ་སྲིད་གཉིས་མཉམ་དུ་དཀྲུགས་ནས་ཅིག་བཤད་ཀི་རེད། དགེ་བཤེས་ཚོས་ནང་པའི་ཆོས་འཆད་སྟངས་དང་ཆབ་སྲིད་གཉིས་དཀྲུགས་ནས་ཅིག་བཤད་ཀི་རེད། དགེ་རྒན་ཚོས་སུམ་རྟགས་དག་གསུམ་གྱི་འགྲོ་ལུགས་དང་ཆབ་སྲིད་གཉིས་བསྲེས་ནས་ཅིག་བཤད་ཀི་རེད། རྩོམ་པ་པོ་ཚོས་སྙན་ངག་དང་སྒྲུང་གཏམ་འབྲི་སྟངས་དང་ཆབ་སྲིད་གཉིས་བསྡེབས་ནས་ཅིག་བཤད་ཀི་རེད། རྩ་བའི་ཆ་ནས་ཆབ་སྲིད་རིག་པའི་ཤེས་བྱ་མེད་པ་དང་གཅིག ཁོ་ཚོའི་ཆེད་ལས་རེ་རེ་བཞིན་ཆབ་སྲིད་རིག་པར་འབྲེལ་བ་མེད་པ་དང་གཉིས། དམངས་གཙོ་དང་རང་དབང་ལ་ཁ་གཡར་ནས་སེམས་ནས་གང་འདོད་ཅིག་བཤད་ཆོག་པ་དང་གསུམ། འདི་གསུམ་མཉམ་དུ་འཛོམས་ནས་འཁྲབས་པའི་ཆབ་སྲིད་ཀྱི་ཟློས་གར་དེའི་དཔེ་མཚོན་ཡག་ཤོས་དེ་ནི་གོང་གི་བློ་གྲོས་ལགས་ཀྱི་མཆན་དེའི་འོག་གི་གློག་བརྙན་ཐུང་ཐུང་དེ་རེད།
སྒྲོལ་མ་མཚོ་མོ་ལ་སེམས་ཤོར་མཁན་མང་ནི་རེད། ཧོར་གཙང་འཇིགས་མེད་ཀྱིས་ཀྱང་། གནག་སྣུམ་སྐྲ་ཡི་ལན་བུ་རེ་ལ་ཡིད་འོང་འོད་ཀྱི་རྩེ་དགའ་འབར།། སོགས་ཀྱི་སྙན་ངག་རིང་པོ་དེ་སྒྲོལ་མཚོ་ལ་བྲིས་པ་ཡིན་ཡང་ཁོའི་ལག་ཏུ་མ་ཡོང་བ་རེད། ཡ་མཚན་པ་ཞིག་ལ་བསྟན་འཛིན་མགོན་པོས་སྒྲོལ་མཚོ་འདེད་རྒྱུ་མང་དྲག་ནས་སྒྲོལ་མཚོ་སྒོ་ལ་འབུད་མི་ཕོད་རྒྱུ་ཞིག་བྱས་པ་རེད། སྔོན་མ་ང་ལ་བསྟན་འཛིན་མགོན་པོས་སྒྲོལ་མཚོའི་ཨ་མ་ལ་བསྐུར་བའི་ཡི་གེ་རིང་པོ་ཤོག་ལྷེ་བཅུ་ཅན་ཞིག་གི་པར་སློག་ཡོད་ཀྱང་། དེ་རིང་བརླག་ཚར་འདུག ཨ་ཧ་བོ་ན་ཧ་བོ། དེ་མིན་ངས་ཁྱེད་ཚོར་སྟོན་ཆོག་གི་རེད། ཁྱེད་ཚོ་ཉིན་མཚན་བཅུ་ལ་གད་མོ་ཤོར་ངེས་ཡིན། བསྟན་འཛིན་མགོན་པོ་སྒྲོལ་མཚོའི་དོན་དུ་རང་ཤི་བརྒྱབ་ནི་མིན་པ་ཞིག་བྱས་པར་མ་ཟད། སྒྲོལ་མཚོས་ཆང་ས་བརྒྱབ་ཚར་རྗེས་ད་དུང་རེ་བ་བྱས་པ་རེད། འོན་ཀྱང་དེ་རིང་སྒྲོལ་མཚོའི་ཐོག་ལ་ངར་གྱི་འདུག ངོ་མ་ཡ་མཚན་རེད། གྲོས་ཚོགས་ཁང་འདི་ངོ་མ་སྤྱི་སྒེར་གྱི་སྙིང་ནད་རྩོད་ས་ཞིག་ཡིན་ས་རེད། ད་དུང་དགེ་ལུགས་སྤྱི་འཐུས་རླིག་པ་མགོ་ལ་ལྟོས་དང་། ཞེ་སྡང་གིས་ཁ་ཆུ་འཐོར་གྱི་འདུག ཨ་ཧ་བོ། དམར་མདོག་དེ་མར་ཕུད་བཏང་ཡོད་ན་དགའ་ས་རེད།
དྲ་གྲོགས་ཚོས་གཤམ་གྱི་འབྲེལ་ཐག་ཐོག་གཟིགས་དང་། ལྟས་ངན་དེ་ཚོའི་སྤྱོད་ངན་ཚང་མ་གསལ་བོར་འདུག http://video.google.com/videosearch?q=14th+Tibetan+Parliament+meets+for+8th+Session+without+final+sitting.&hl=en&emb=0&aq=f#q=14th+Tibetan+Parliament+meets+for+8th+Session+without+final+sitting.&hl=en&emb=0&aq=f&qvid=14th+Tibetan+Parliament+meets+for+8th+Session+without+final+sitting.&vid=6894541418834316006
སྨྲ་བརྗོད་ཀྱི་རང་དབང་ཟེར་ན་འདི་འདྲ་ལ་གོ་ནི་རེད། མང་གཙོའི་ཁེ་དབང་ཟེར་བ་ཡང་འདི་འདྲ་ལ་ཟེར་ནི་རེད། མི་མང་གི་སྤྱི་འཐུས་ཟེར་ན་ཡང་འདི་འདྲ་དགོས་ནི་རེད། རྒྱལ་ཁབ་ཀྱི་འཅའ་ཁྲིམས་བཟོ་མི་ཡང་འདི་འདྲ་ལོས་ཡིན་དགོས། ཨ་ལེ། ཀུ་རེ་ཡིན།
ཨ་མདོའི་མཛེས་མ་སྒྲོལ་མ་མཚོ་མོ་ཡིས་།། བཙན་བྱོལ་བོད་མའི་སྤྱི་འཐུས་བརྙེད་ལས་དཀྲོག་། བཟང་ངེས་མ་འབྱེད་ས་རྟགས་བརྡུལ་རུབ་བྱས་། དགྲ་དགའ་གཉིན་སྡུག་ཟེར་བའི་གཏམ་འདི་བྱུང་།།
འབྱོར་ལྡན་ཅིག་གི་སྤྱི་རྒྱུ་ཟས་ན་མི་ཤེས་མདོག་མདོག་བྱེད་དགོས་པར་།། བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་གི་དཀའ་ངལ་ཡིན་།། ཆོལ་ཁ་ཆོས་ལུགས་དམག་འཁྲུག་མ་རྒྱབ་། སོ་སོའི་བདེ་སྡུག་བཤད་པ་དེ་ནི་། ཀུན་དང་མཐུན་པའི་ལམ་གསོ་ཡིན་པས་།། དོན་ཆུང་དོན་དབྱེར་བ་འབྱེད་དགོས་།།
ཨ་མདོའི་མཛེས་མ་སྒྲོལ་མ་མཚོ་མོ་ལ།། ཁམས་པའི་སྡུག་མོ་འཇུ་ཆེན་ཞི་མོས་གཤེ། ཁྱིམ་དང་རྒྱུ་ནོར་སུའི་ཆེ་མི་ཤེས་ཏེ།། གཟུགས་དང་སྤྱོད་པ་ལྷ་དང་འདྲེ་བཞིན་ཁྱད།། ཧ་ཧ། ཀུ་རེ་ཡིན་ལོ། ཀུན་དགའ། འདི་ན་སྒྲོལ་མ་མཚོ་མོ་དང་འཇུ་ཆེན་ཞི་མོ་སོགས་གླེང་གི་འདུག་མ་གཏོགས་ཨ་མདོ་དང་ཁམས་པ་གླེང་གི་མི་འདུག རང་གིས་ཡིན་གཅིག་ཁམས་པ་གླེང་བསམ་ན་འཇུ་ཆེན་ཞི་མོ་སོགས་ལ་ལྟོས་དང་ཕར་གླེང་མོ་དགོས་པར་ཚུར་གླེང་གི་འདུག
འོ། ཨ་མདོའི་ལྷ་མོ་སྒྲོལ་མ་མཚོ་མོ་ལ།། ཁམས་པའི་འདྲེ་མོ་འཇུ་ཆེན་ཞི་མོས་གཤེ། ཚིག་གི་བརྗོད་སྟངས་འདི་འདྲ་བྱས་ན་ཡག་ས་མ་རེད་དམ། གཅིག་ཀྱང་མི་དགའ་བའི་ཀུན་དགའ་ལགས།
ཁམས་དང་ཨ་མདོ་གང་ཡིན་ངས་མི་ཤེས་།། འདྲ་མོ་གང་ཡིན་རྒྱལ་ཁམས་ཀུན་ལ་གྲགས་།། དགྲ་དགའ་གཉིན་སྡུག་ཟེར་བ་དོན་འདི་ཡིན་།། ཨ་རོ་བོད་པ་ཡིན་ན་སེམས་མི་བདེ་།། མྱིག་རྫོད་ཟེར་བའི་ལོང་བ་ཁྱོད་ཉོས་ཤིག་།། དགོས་སར་ཆད་ལ་མི་དགོས་སར་ལྷག་པ། མི་རིགས་ལ་རྒྱ་མེད་པའི་སོ་སྐྱེ་ཁྱེད་།། དོན་མེད་ཕྱོགས་ཞིན་མ་བཟོ་རང་སྡུག་རེད་།།
ཨ་མདོ་ཨམ་སྐད་མི་ཤེས་སྒྲོལ་མ་མཚོ་།། བོད་རིགས་གཙང་མ་ཡིན་གཏམ་བདེན་ན་།། བརྩེ་ལྡན་བོད་རིགས་སྤུན་ཟླ་རྣམས་པ་ལྷན་།། ད་ནས་གཅིག་སྒྲིག་བྱེད་བའི་ཐབས་ལ་འབད་།།
དྲ་གྲོགས་རྣམས་པས་གོང་ཏུ་འཆན་མང་པོ་ཞིག་ལ་སྒྲོལ་མ་མཚོ་དང་ཇུ་ཆེན་དཀོན་མཆོག་གཉིས་ལ་སྐྱོན་བརྗོད་ཚད་གནང་འདུག་པར་ལ་ལྟས་ན་ད་ནས་གཟུང་བཙན་བྱོལ་བོད་མའི་སྤྱི་འཐུས་ར་བ་ནང་བུ་མེད་ལོ་གཞོན་འོས་རླུག་མི་མཆོག་པ་བྱེད་ན་ག་འདྲས་འདུག་།།
ཧ་ཧ་ཧ་ཧ་ཧ་ཧ། གཅིག་ཀྱང་མི་དགའ་བའི་ཀུན་དགའ་ལགས། བོད་རིགས་ཡིན་མིན་བཤད་ན་འཇུ་ཆེན་ཚང་བོད་རིགས་ཡིན་ས་མ་རེད། གང་ཡིན་ཟེར་ན་ཁོང་ཚོས་འཇུ་ཟེར་བ་དེ་སོག་པོའི་ཧུ་པུ་ཡན་ཏ་ཀོ་དཔལ་ཆེན་ཡེ་ཤེས་ཀྱིས་རྒྱུད་པ་ཡིན་ཟེར་གྱི་ཡོད་རེད། འཇུ་འབར་ཆུང་གཉིས་ཀ་དཔལ་ཆེན་ཡེ་ཤེས་ཀྱིས་བུ་རྒྱུད་ཡིན་ཟེར་གྱི་འདུག ད་དུང་ཁོང་ཚོར་འཇུ་མདུང་ནག་འཛིན་པ་བཅུ་གསུམ་ཟེར་བ་སོག་པོའི་དཔོན་རིགས་རྐྱང་རྐྱང་བགྲངས་རྒྱུ་འདུག ད་འཇུ་བཟའ་མ་འདྲེ་མོ་དེ་བོད་རིགས་ངོ་མ་ཡིན་ས་མ་རེད་ཀོ
འཇུ་ཆེན་ལྷ་མོ་དཀོན་མཆོག་ལ། ། ཚིག་ངན་མ་སྨྲ་བུ་མོ་དེ། ། སྐད་ཆ་བཤད་ལ་དེ་ཙམ་ཞིག ། ཁ་བདེ་ལྕེ་བདེ་མིན་ན་ཡང་། ། ལྷག་བསམ་ཆེ་ཞིང་འཇོན་ཐང་ཅན། ། བུ་མོ་བོད་དོན་ཐོག་ལ་བཟང་། ། ཁ་འཇམ་ཁོག་རྩུབ་དཀྲུགས་འདྲེ་རྣམས། ། ཁྱེད་ཚོས་ད་དུང་ཤེས་མི་འདུག །
ཁ་ནས་སྙན་པོ་བཤད་ཚད་ཡག་པོ་མིན། ། ཁོག་ནས་དཀྲུགས་ཤིང་བརྒྱབ་ནས་སྤྱི་འཐུས་གཏོར། ། ཁ་འཇམ་ཁོག་རྩུབ་གཡོ་སྒྱུའི་ཕུང་པོ་རྣམས། ། ད་དུང་གསལ་བོར་དགོས་བཤད་དང་ཆོག །
རེད་ཡ། ཚང་མ་ཁག་མེདགི་་། ཕར་ལྟོས་ན་ང་ཚོའི་གཞི་ཕུག་སྟོང་བ་ཡིན་པས་ཚོར་བ་ཞིག་སྟེར་གི་འདུག། ཡིན་ན་ཡང་བསམ་གཞིག་གི་ཟུར་ངོས་གཞན་ཞིག་ནས་ལྟས་ན་། ང་ཚོ་བཙན་བྱོལ་ནང་མི་མང་གི་འོས་འདེམས་ལ་ངོས་ལེན་བྱས་ནས་། ལོ་འགའི་རང་གི་སྤྱི་མཐུས་ལ་ཁས་ལེན་བྱས་ནས་ཕེབ་མཁན་ཁོ་ཚོ་ལས་མེད་སོང་བ་རེད་། ཁོ་ཚོར་ཡང་། བསམ་རྒྱ་ཤེས་རྒྱ་གང་ཡོད་དོན་ནས་གསུང་གི་ཡོད་པས་། མདོར་བསྡུས་ན་ང་ཚོར་གང་ཡོད་པ་དེ་། དེ་རེད་། ཚང་མ་བློ་མ་ཕམས་། ཡང་ཅིག་བསམ་ཚེ་གྲོས་ཚོགས་ཀྱི་ནང་དུ་ཁ་རྩོད་ཤོར་བ་དེ་མང་གཙོའི་གྲིབས་ཆ་ཅིག་ཀྱང་མིན་འགྲོ་། ང་ལྟས་ན་ཡག་པོ་འདུག་ ང་ཚོའི་གྲོས་ཚོགས་དམའ་རིམས་ཞིག་ནས་འདི་ཡར་སླེབས་པ་རེད་མ་གཏོགས་། མཐོ་རིམ་ཞིག་ནས་མར་འདུར་ལྷུང་བ་མ་རེད་། ཡང་ཅིག་བསམ་ཚེ་། ཁོ་ཚོ་ནི་མི་མང་གི་ཚབས་ཡིན་ལ་། མི་མང་གི་དཀའ་སྡུག་ནི་མི་ཚང་རེ་རེ་ཡི་འཚོ་བ་ལ་རགས་ལས་ཡོད་པས། མི་ཚང་གི་འཚོ་བའི་སྐོར་གྲོས་ཚོགས་ནས་གླེང་དགོས་བ་ནི་འབྲེལ་ཡོད་རེད་། གོང་དུ་རྒྱ་ནག་གི་འདོད་ཐོགས་ལ་རྟ་རྒྱུག་པ་རེད་གསུང་བ་དེ་ཡང་བསམ་བློ་གཏིང་ཟབས་མོ་ཞིག་གཏོང་རྒྱུ་ཡོད་། གོང་ས་བཅུ་བཞི་བ་ཆེན་མོའི་ཁོང་གི་དབང་ཚད་མི་མང་ལ་གནང་ནས་མི་མང་གི་རང་གི་ཚབས་བསྐོས་ནས་། ཚབས་དེ་དག་གི་མི་མང་གྲོས་ཚོགས་ཀྱི་ནང་དུ་། དབང་ཚད་དེ་བེད་སྤྱད་ཆ་ཚང་བྱས་ནས་འདོད་ཚུལ་མི་འདྲ་བའི་ཐོགས་འགྲོ་གླེང་བྱེད་ཆོགས་པ་འདི་། རྒྱ་ནག་གི་ལྕགས་རི་རང་པོ་ལས་བརྟན་ཞིང་རིང་བ་ཞིག་དུ་མཐོང་། རྒྱ་ནག་གི་གཞུང་འཛིནས་པས་དབང་ཚད་མི་མང་ལ་སྤྲད་ནས་། མི་མང་གི་རང་རང་གི་ཚབས་བསྐོས་དེ མི་མང་ཚོགས་ཁང་ཆེན་མོའི་ནང་མཐུས་མི་དེ་དག་གི་ས་གནས་མི་མང་གི་ཆེད་འགྲོ་གླེང་དང་ཁ་རྩོད་བྱེད་རྒྱུས་ཆེད་ གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་གཅེས་མང་པོ་ཞིག་གི་རང་སྲོག་ཚ་པོ་ཕུལ་ཡང་ཉོ་ཐུབས་པར་། ད་དུང་ཡང་བར་ཐག་རང་པོའི་སར་ལྷགས་པ་བསམ་བློ་གཏོང་།
གྲོགས་པོ་གཟིགས་མཁན་རྣམ་པ་ཚོ་དངོས་ཡོད་བདེན་གཏམ་།། སྤྱི་འཐུས་སྒྲོན་མ་མཚོ་མོ་ཟེར་བ་དེ་ནི་ང་ཚོ་བོད་མི་ནང་ལ་ཇོད་གཞི་དང་རྩོད་རྙོག་མ་རྟོག་གང་ཡང་མི་འདུག་ གང་ཡིན་ཟེར་ན་༢༠༠༨་ལོ་བོད་ནང་ལ་ཛྭ་དྲག་མྱ་བ་མི་ཡུལ་འཕོ་བ་བྱུང་སྐབ་བོད་གཞུང་མང་ཛྭ་དྲགས་ཚོགས་ ཆུང་གི་མིང་ཐོགས་བལ་ཡུལ་མོ་ཡི་གསལ་འཁོར་གསལ་ཤོག་ནང་བོད་མི་རྒྱ་ཆ་༩༠་ཐམ་པ་སྤྲོ་སྐྱིད་གི་ཐོག་ལ་ གནས་ཡོད་པ་གསལ་བཤད་དང་ཛྭ་དྲགས་དེ་འདྲ་བའི་སྐབ་མོ་རྒྱལ་ནག་ལ་སོང་ཡོད་པ་དང་ལྷ་ས་བཅས་ལ་ས་ཆ་ཉོས་ཡོད་པའི་གནས་ཚུལ་ཡོད་པ་རེད་།འདི་ལོ་གྲོས་ཚོགས་ནང་གཅིག་སྒྲིལ་མེད་པ་་བཟོ་བ་བཅས་གོང་རིམ་ལ་བརྟས་ན་དམིགས་ཡུལ་གཞན་པ་ཡོད་པ་མཐོང་ཐུབ་རྒྱུ་རེད་ཞུ་ཡིན་།།།
ཨ་དུང་ཞུ་རྒྱ་ཞིག་བརྗེད་འདུག། གྲོས་ཚོགས་འདི་སྐབས་ཟུར་ཉམ་ཕེབས་མཁན་འདྲ་ཡོད་ན་། ཐོགས་་མའི་གྲོས་གཞི་ག་རེ་རེད་། གྲོས་གཞི་འདོན་མཁན་སུ་རེད་།
ཁོ་རེ་ ར་མགོ་། ཁྱོད་ཀྱི་ར་མགོ་ལུག་སྦྱར་གྱི་སྐད་ཆ་མ་བཤད་། ཕྱོགས་རིས་འཐེན་ཁྱེར་ཀྱི་སྐྱག་དེ་ཚོ་མར་ཁྱེར་རྒྱུག། སྐབས་དེ་དུས་སུ་ཕྱི་རོལ་ནས་BBC, CNN སོགས་གཞུང་འབྲེལ་གྱི་གསར་འགོད་རྐང་གཅིག་ཀྱང་ལྷ་ས་ལ་གཏོང་གི་མེད་དུས་། ང་ཚོའི་སྤྱི་མཐུས་ཞིག་ལྷ་སར་སོང་བའི་མ་ཚད་ཁང་པ་ཉོས་བ་སོགས་རྣ་བར་མི་འགྲོ་བའི་སྐད་ཆ་མ་བཤད་། གྲོས་ཚོགས་སུ་བཤད་དགོས་ལ་འཛིངས་དགོས་བ་རེད་། དེ་ཡག་པོ་རེད་། ལོ་འགའི་སྔོན་ཐེ་ཝན་གྲོས་ཚོགས་ནང་སྐུབ་རྟགས་གཡུག་རེ་བྱས་བ་དེ་དྲན་གི་མི་འདུག་གམ། ང་ཁོང་རྣམས་གཉིས་ལ་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་། མི་མང་གི་ཕུག་མདུན་ཁོ་ཚོར་བཅོལ་ན་ཁོ་ཚོས་གྲོས་ཚོགས་ནང་མི་བཟང་རང་ལུགས་ཁྲབས་ནས་བསྡད་ན་དེ་ནས་ག་པར་སླེབས་སོང་།
ཝེ། ལྟས་ངན་ཚོ། ཁུངས་ལུང་དང་རྒྱུ་མཚན་མེད་པའི་ཕྱོགས་རིས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་རེས་བྱེད་ཀྱི་མ་འདུག དྲ་བ་འདིའི་མིང་ཆད་བཟོ་རོགས་རེད་ལ། ཁྱེད་རང་ཚོའི་དུས་ཚོད་འཕྲོག་བརླག་གཏོང་བྱེད་རེད། གྲོས་ཚོགས་ནང་གླེང་རྙོག་ཏོག་ཙམ་བྱུང་རུང་ཧ་ལས་རྒྱུ་ཡོད་མ་རེད། མང་གཙོ་རང་དབང་ལུང་པ་རེད། འོན་ཀྱང་གྲོས་ཚོགས་ནང་གི་གནད་དོན་ཇི་མ་ཇི་བཞིན་ཧ་གོ་རྒྱུ་གལ་ཆེན་པོ་རེད། རྒྱུ་མཚན་ཇི་ཡིན་མི་ཤེས་པར་ཧོལ་རྒྱུགས་མ་བྱེད་རོགས། ཚང་མ་བོད་རིགས་སྤུན་ཟླ་ཡིན་པའི་ཆ་ནས་དང་། ཚང་མ་ཆབ་སྲིད་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་རེ་བ་ཞུ་རྒྱུ་ཡིན།
མྱིག་རྫོད་ཟེར་བ་ལགས་། སོག་རིགས་ཡིན་པས་བོད་རིགས་གཙང་མ་མ་རེད་ཅེས་བཤད་ནོ་མ་འདུག་། ཨ་མདོ་བ་གང་མང་ཞིག་སོག་རིགས་ཡིན་པ་ལོ་རྒྱུུས་ཐོག་ཡོད་ད་སྔོན་སོག་དམག་མང་པོ་ཞིག་བོད་ཨ་མདོའི་ས་ཁུལ་དུ་གཞི་ཆགས་པའི་ལོ་རྒྱུས་ཡོད་པ་རེད་། དྲང་མོ་བཤད་ན་བོད་རིགས་དང་སོག་རིགས་འདྲེས་ན་སྐྱོན་མི་འདུག་། ཆོས་དང་རིགས་གང་གི་ཆ་ནས་སྐྱོན་ཞིག་མི་འདུག་། དེ་ལས་སྐུ་ངོས་རྒྱ་ལོའི་བུ་རྒྱུད་རྣམས་རྒྱ་རིགས་ཡིན་པ་མཐོང་བཞིན་དུ་དབུས་སྤྱི་འཐུས་ལ་སླད་ཡོད་པ་དང་ སྒྲོལ་མ་མཚོ་ཡང་ཆོས་ལུགས་ཁ་ཆི་ཡིན་པ་བལ་པོ་མི་རིགས་ཞིག་གི་རྒྱུད་པ་ཡིན་པ་ཐོས་
ཡ་དྲ་གྷགྲོགས་ར་མགོ་དང་ཀུན་དགའ་གཉིས་ལ་ཞུ་རྒྱུར་རྗེས་སུ་དྲ་ཐོག་ཏུ་བསམ་ཚུལ་རེ་འདོན་རྒྱུ་རྙེད་ན་ངེས་པར་དུ་དག་ཡིག་ཅིག་དང་ཕྲད་སྦྱོར་ལུགས་ཀྱི་རྣམ་གཞག་སྟོན་སུམ་རྟགས་ཀྱི་གཞུང་ལུགས་རེ་ཁྱེད་རྣམ་པ་གཉིས་དང་མཉམ་དུ་ཁྱེར་ཡོང་རོགས།་་་་དེ་མིན་ཁྱེད་རྣམ་གཉིས་ཀྱི་དངོས་སུ་གང་ཞིག་བརྗོད་ཀྱི་ཡོད་མེད་ངོ་མ་གོ་རྒྱུ་དཀའ་མོ་འདུག་་་་་་་་་་ད་དུང་གསལ་བོར་ཞུ་རྒྱུ་ཞིག་ལ་གལ་སྲིད་སྙན་རྩོམ་ཚིགས་བཅད་གཅིག་གཉིས་རེ་འབྲི་བསམ་ན་ཉུང་ཙམ་རེ་སྦྱངས་དགོས་ནི་རེད་མ་གཏོགས་གཞན་གྱིས་བྲིས་ཡོད་པ་རྒྱུ་མཚན་དུ་བྱས་ནས་བྲིས་ན་ག་འདྲ་རེད་ཉིད་ཀྱིས་གོང་དུ་བྲིས་པའི་ཚིགས་བཅད་ཁ་འཐོར་དེར་གཟིགས་དང།་་་རང་གི་རྩོམ་དང་གཞན་རྩོམ་མཚུངས་ཀྱི་འདུག་དང་མི་འདུག།།་སྤྱིར་རྩོམ་ཡིག་ལ་བཟང་ངན་དང་ཚིག་སྦྱོར་ལ་ཁྱད་པར་ཡོད་ནི་རེད་འོན་ཀྱང་ཁྱེད་རྣམ་པ་གཉིས་ཀྱིས་བྲིས་གནང་བ་དེ་དག་བཟང་ངན་སོགས་ཀྱི་ཁྱད་པར་འབྱེད་ས་མི་འགྲོ་ནོ་འདི་བཟང་རྟགས་རེད་དེ་ངན་རྟགས་རེད་བསྐྱར་དུ་ཞིབ་འཇུག་བྱེད་རོགས། ཁོ་རེ་དྲ་ཐོག་ནས་གླེང་མོལ་བྷབྱེད་བསམ་ཚེ་ཁ་ནས་གཏམ་བཤད་པ་དང་འདྲ་ནི་མ་རེད།་་་ལག་ཐོག་ནས་ཡི་གེ་འབྲི་ཤེས་དགོས་ནི་རེད་གནས་ལུགས་དེ་མཁྱེན་པར་མཛོད།་་་ ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ཁྱེད་རྣམ་པ་གཉིས་ཀྱིས་བྲིས་པ་དེ་དག་བརྗོད་བྱའི་དོན་སྙིང་བོ་མེད་ས་ཞིག་ལ་རྗོད་བྱེད་ཀྱི་ཚིག་ཀྱང་དེ་འདྲ་བ་ཞིག་རྙེད་འདུག་པས་ཅིག་བྱས་ན་དེ་ཡང་སྒྱུ་རྩལ་གྱི་ཁོངས་གཏོགས་ཤིག་ཏུ་སོང་ནས་རྟགས་མ་རེད་ལས་ཆེ།་དེ་འདྲ་ཡིན་ན།་བཀྲ་ཤིས་བདེ་ལེགས་ཡོད། མཐའ་མའི་རེ་འབོད་ཁམས་དང་ཨ་མདོ་རྩོད་པ་ལས་བོད་ཡིག་ཡར་རྒྱས་ལ་གཏོང་རོགས།
སྐུ་ངོས་རྒྱ་ལོའི་ཁམས་དང་ཨ་མདོ་རྒྱ་འོག་བཞག་པའི་སྲིད་ཇུས་གཟུང་།། ཨ་མདོ་ཁྲ་མོ་སྐོག་གསོད་བཏང་ལ་ཆོལ་ཁ་བར་གྱི་བརྩོད་པ་སླང།། སྒེར་བདག་བྱེད་པའི་ཚོགས་པ་མང་པོ་མ་ཤེས་མདོག་མདོག་རང་དབང་གཏེར་། ལོ་རྒྱུས་ནག་ཉེས་འདི་དག་བསམ་ན་ཁམས་དང་ཨ་མདོ་གཅིག་སྒྲིག་དགོས་།། རང་གི་ཁྱུ་མ་རྒྱ་རིགས་ཡིན་པ་ཧོང་ཀོང་གནས་སྡོད་རྒྱ་ལོ་དང་།། དེ་སྔོན་སྐུ་དྲག་མི་རིགས་རྣམས་ཀྱི་ནུས་པ་ཉམས་པའི་དུས་སྐབས་འདིར་།། འབྱོར་ལྡན་རྒྱ་རེའི་དབང་བརྒྱར་འོག་གི་ཆོལ་ཁ་ཆོས་ལུགས་བརྩོད་པ་ཞིག་།། སྤང་ཕྲུག་སྒྲོལ་མ་མཚོ་མོ་ཟེར་བས་རྣམས་འགྱུར་གཅིག་གིས་དབྱེར་བ་ཕྱེ།། མདོ་སྨད་རྒན་པོ་བསྟན་འཛིན་མགོན་པོ་དང་།། དབུས་པའི་མཁས་དབང་སྐར་མ་ཆོས་འཕེལ་ལགས་།། ཁམས་པའི་བོུ་འཇུ་ཆེན་དཀོན་གསུམ་།། དྲངས་བདེན་ལོ་རྒྱུས་སྐྱོང་བའི་དཔའ་བོ་རེད་།། འཐེན་ཆེར་བརྩོད་པ་མང་བའི་སྤྱི་ཚོགས་འདིར་།། རང་དབང་ངོ་མ་བརྩོད་མཁན་སུ་ཡིན་ནམ་།། ཐམས་ཅད་དངུལ་གྱི་དབང་འོག་གནས་ན་་།། བོད་འདི་རྒྱ་ཁོངས་ཡིན་ན་སྐྱིད་པ་སྙམ་།།
ཀུན་དགའ་ལགས་ཟེར་བའི་དྲ་གྲོགས་འདི་ཁམས་དང་ཨ་མདོ་གང་ཞིག་ཏུ་ཡིནམིན་མི་ཤེས་ཁི་། དྲང་བདེན་གྱི་ལོ་རྒྱུས་ཡོད་ན་དེ་ལྷོད་ངང་གསུངས་ན་འགྲིག་གི་རེད་
ཡིན་ཡང་སྐུ་ངོས་རྒྱ་ལོ་དོན་འགྲུབ་ལ་སྐྱོན་མཛུབ་གནང་བར་དེ་མ་རུང་བ་ཞིག་རེད་། མ་ཤེས་ན་ཁོང་༧་རྒྱལ་བ་རིན་པོ་ཆེའི་སྤུན་ཆད་རེད་ཡ་།
དྲྭ་གྲོགས་ཚོ་སྤྱི་འཐུས་སྒྲོལ་མ་མཚོ་མོ་ཟེར་བ་དེས་ད་ལྟ་ལངས་བསྡད་པའི་དོ་བདག་གི་མི་ཚང་གི་ལོ་རྒྱུས་ལ་གཟིགས་པ་ཡིན་ན། ཟེར་བའི་སྐད་ཆ་སྦོམ་པོ་ཞིག་ཤོད་གྱིན་འདུག་ག ཁོང་ཚང་གི་མི་ཚང་གི་ལོ་རྒྱུས་ཤེས་མཁན་ཡོན་ན་གཅིག་གསུང་རོགས། སྒྲོལ་མ་མཚོས་ཟེར་ན་ང་རང་ནམ་རྒྱུན་ཡིན་ན་ཡང་མི་གཞན་ལ་སྐད་ཆ་མང་པོ་བཤད་མཁན་ཞིག་མིན། ཟེར་བ་དང་། ང་རྒྱུན་རིང་པོ་ངོ་ཤེས་མཁན་མང་པོ་ཡོད་ཟེར་བ་སུ་ལ་ཟེར་གྱི་ཡོད་པ་རེད། བསྟན་འཛིན་མགོན་མིན་ནམ། ཡང་མོས་མུ་མཐུད་དེ་བཤད་རྒྱུར། ངའི་ཉེ་འཁྲིས་སུ་ཡོད་པའི་སྤྱི་འཐུས་ཁག་གཅིག་ལ་ས་རྟགས་བསྡུ་རུབ་བྱས་ཚུལ་ཞིག་ཤོད་ཀྱིན་འདུག་ག སྐད་ཆ་དེ་ག་རེ་རེད། མོ་ཉེ་འཁྲིས་ཟེར་བའི་དོན་ལངས་ཕྱོགས་དང་ཉེ་བའི་དོན་ཡིན་ནམ་ས་ཐག་ཉེ་བའི་དོན་གང་ཡིན། ངས་བལྟས་ན་ས་ཐག་ཉེ་བ་དང་ཁྱིམ་མཚིས་ལྟ་བུ་གོ་རྒྱུ་མིན་པར་མོ་རང་གི་ལངས་ཕྱོགས་དང་ཉེ་བའི་དོན་རེད་བསམ་དྲན་བྱུང་། ཡང་མིན་ན་སྒྲོལ་མ་མཚོ་མོའི་ཉེ་འཁྲིས་སུ་ཡོད་པའི་སྤྱི་འཐུས་ཚང་མ་ལངས་ཕྱོགས་གཅིག་པ་རྐྱང་རྐྱང་ཆགས་ཡོད་པ་འདི་ཁྱད་མཚར་ཞིག་མ་རེད་པས།
ཡང་གཅིག་བཤད་ན་སྒྲོལ་མ་མཚོ་མོའི་མི་ཚང་གི་ལོ་རྒྱུས་རྩུག་པོ་ཡིན་ན་དྲང་བདེན་མ་གཏོགས་མི་བཤད་པའི་རྒྱུ་མཚན་ཅི་ཞིག་ཡོད། སྐད་ཆ་དེ་ཚོ་དངོས་གནས་གད་མོ་སློང་ཡ་རང་རེད་ཡ།
་ ཁོ་རེ་གཡག་ལྡོམ་ལག ཁྱེད་གི་སྤྱི་འཐུས་སྒྲོལ་མ་མཚོ་ཟེར་བ་དེ་ག་འདྲ་ཡིན་མིན་ཤེས་གི་ཡོད་དམ? མ་གཞི་ནས་མོའི་བྱེད་ཆོག་པ་ལ་སྐྱར་བཟློས་མི་ཆོག་པ་ག་ལ་ཡིན་། དཀོན་མཆོག་མཁྱེན་ཨ་མོད་བ་མི་མང་གི་ཕུག་འདུན་དེ་ཁོ་མོ་བཅོལ་ན་རྒྱལ་དམར་ ་ལ་ཚོང་ཉེ་བ་སླེབས་སོང་ཨ་ཁ་ཁ།། གོང་དུ་ཞུས་པ་དེ་ཁུང་སྐྱལ་ཡོད་པ་མ་རྟོག་ག་ལ་ཞུ་། ‘འཕེལ་རྒྱས་སྒྲོལ་མའི་ བྱས་རྗེས་དེ་ཚོ་གཟིགས་འདོད་ཡོད་ན་ངོ་བཤུས་ཕུལ་ཆོག།། དྲ་རྒྱ་གཟིགས་མཁན་ རྣམ་ནས་དངོས་ཡོད་ལ་རྟ་ཞབས་མི་བྱེད་པ་དང་མི་ཁ་ཤས་ནས་ཁ་སུ་མཁས་དང་ ལག་སུ་བེད་རེད་འདུག་མ་རྟོག་བོད་སྤྱི་པའི་རྩ་དོན་ལ་ཕན་པ་གང་ཡང་མི་འདུག་།།།།
བོད་ཀྱི་སྐུ་ངོས་རྒྱ་ནག་ཕེབས་དུས་འཆིང་ཡིག་དོན་ཚན་བཅུ་དྲུག་བཞག་།། བོད་ཀྱི་ལྷ་སྲས་རྒྱ་ནག་འགྲོ་དུས་ཨ་མདོ་ཁམས་པ་རྒྱ་ཁོང་སྒྲུབ་།། ཨ་རིའི་མི་ནག་རྒྱ་ནག་སོང་དུས་བོད་འདི་རྒྱ་མའི་ཆ་ཤས་ཟེར་།། སྒྲོལ་མ་མཚོ་མོར་སྤྱི་སེམས་ཡོད་ན་དེ་རིང་ས་རྟགས་བསྡུ་ཤོག་དང་།། སྒྲོ་མ་མཚོ་མོར་དབྱིན་ཀྲི་ཡོད་ན་དེ་རིང་རྣམས་འགྱུར་ལྟོན་ཤོག་དང་།། ཟླ་བ་ཚེ་རིང་དཔུང་པ་ཡོད་ན་དེ་རིང་དཔུང་པ་ངོམ་ཤོག་དང་།། འཇུ་ཆེན་བོུ་ངར་མ་ཡོད་ན་དེ་རིང་འདི་ན་ངར་ཤོག་དང་།། ཚོགས་གཙོ་སྤེན་པས་དམིགས་ཡུལ་ངོ་མ་དེ་རིང་འདི་ན་ལྟོན་ཤོག་དང་།། རྒྱལ་ནོར་ཚང་བ་འབྱོར་ལྡན་ཡོད་ན་དེ་རིང་དཔལ་འབྱོར་ངོམ་ཤོག་དང་།། རྒྱ་རི་སྒྲོལ་མར་སྤྱི་སེམས་ཡོད་ན་དེ་རིང་གཏམ་བཤད་ཚིག་ཅིག་བྱེད་ཤོག་དང་།།
ཨ་རོགས། སྐལ་བཟང་སྒྲོལ་མ། ཆིང་ཡིག་དོན་ཚན་བཅུ་དྲུག་མ་རེད། བཅུ་བདུན་རེད། བཅུ་བདུན། ད་དུང་ཡིག་སྐྱོན་་་་ཨ་ཨ་ཨ། ད་གཡུག་ཞོགས། མི་བཤད་ནི་བྱེད།
གྲོས་ཚོགས་ཀྱི་མི་སྣ་ལ་ལ་དེའི་ངོ་ཞིག་རྫོགས། རྒྱ་དམར་གྱི་སྔུན་ནས་འདི་ཚོ་ལ་ངོ་ཞིག་ཚ་རྒྱ་མེད་པ་འདི་ཅི་རེད། རང་ཤ་བཅད་དེ་ཁྱི་སྔུན་ཟེར་བ་འདི་འདྲ་ཞིག་ལ་ཟེར་ནི་རེད། སྔོན་ཆད་རྒྱ་དམར་གྱི་རྩོམ་ཡིག་ཅིག་ཏུ་ད་ལྟ་ཁོ་ཚོ་ནང་མཐུན་པོ་མེད་པས་རྗེས་མར་འཐོར་འགྲོ་གི་རེད་ཅེས་བརྗོད་འདུག འདི་འདྲ་རིག་ན་བསམ་བློ་གཏོང་དགོས་ས་རེད། བོད་འདི་སྔོན་ནས་ད་ལྟའི་བར་དུ་ཕྲག་དོག་ཆེ། ནང་འཁྲུག་བྱེད། མཐུན་སྒྲིལ་མེད། བློ་ཕམ་བྱུང་། བློ་ཕམ་བྱུང་།
བོད་ཀྱི་རྒྱལ་བོ་སྐྱེས་མེད་རྒྱ་མོ་ཡིན་མཁན་ད་ཁ་ཤས་ཅིག་ཡོད་རབ་དང་། དེ་འཚོ་བོད་ལ་ཤ་ཚ་ཡོད་ད་ཟེར་གི་ར་དེ་འཚོའི་བོད་པ་ཞིག་བསད་འེ་ཡོད་ལ་།
སྐལ་བཟང་སྒྲོལ་མ་ལགས་ ཨ་མདོ་དང་ཁམས་པ་དབུས་པ་ནས་ཡིན་པའི་བོད་རིགས་གཙང་མ་ཡིན་རིགས་རྒྱུད་རྣམས་གཅིག་སྒྲིག་དགོས་།
སྐལ་བཟང་སྒྲོལ་མ་ལགས་ནས་སྐུ་ངོ་རྒྱ་ལོ་རྒྱལ་བ་རིན་པོ་ཆེའི་སྐུ་མཆེད་ཡིན་ཕྱིར་སྐྱོན་འཛུགས་བྱེད་མི་རུང་ཚུལ་བཤད་འདུག་དེ་ནི་ངོ་མ་བགད་བྲོ། བདུད་ལྷས་སྦྱིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤུན་མཆེད་ཡིན་པ་དང་། གླང་དར་མ་ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་སྤུན་མཆེད་ཡིན་པ་མི་ཤེས་སམ། བླ་མ་བཟང་ན་སྤུན་འབྲེལ་ཚང་མ་བཟང་པོར་བསམ་ནས་ང་ཚོའི་ལོ་རྒྱུས་ཐོག་རྨ་ཁ་ཆེན་པོ་ག་ཚད་བཟོས་ཡོད། རྨོངས་དད་འོག་ན་ད་དུང་ཡང་ལོ་རྒྱུས་ནག་པོ་ཞིག་བཟོ་འདོད་ན་སྐུ་ངོ་རྒྱ་ལོའི་རྐུབ་ལ་ཕྱག་འཚལ་ནས་སྡོད་དང་། ་ད་དུང་ཡང་བོད་སྤྱི་པའི་དོན་དུའང་གྱོང་རྒུད་ཅིག་རག་ངེས།་བུ་མོ།་བསམ་བློ་ཐོངས།
comསྤྱི་ལོ༢༠༠༨ལོར་བལ་ཡུལ་ཛ་དྲག་ལས་འགུལ་ཚོགས་པའི་མིང་ཐོག་ནས་གསར་འགོད་གསལ་བསྒྲིགས་ཤིག་སྤེལ་སྐབས།སྒྲོལ་མ་མཚོ་མོས་བལ་ཡུལ་གསར་འགོད་པར་ལན་འདེབས་བྱེད་ཚེ། བོད་མི་བརྒྱ་ཆ་དགུ་ཅུ་ཐམ་པ་རྒྱ་མིའི་འོག་སྡོད་རྒྱུའི་དགའ་མོས་ཡོད་རེད་ཟེར་འདུག བལ་ཡུལ་བོད་མི་ཚོས་མོས་ལབ་པ་དེ་ནི་མོ་རང་གི་མགྲོན་ཁང་ཐོགས་རྩེགས་ལྔ་ཅན་དེ་བལ་ཡུལ་མོའོ་ཚོགས་པའི་གཞུང་བཞེས་བྱེད་པར་དོགས་ནས་སྐབས་དེ་མགྲོན་ཁང་སྲུང་སྐྱབས་བྱེད་ཐུབ་མཁན་ནི་རྒྱ་མིའི་གཞུང་ཚབ་ལས་མེད་ཙམ་མོས་སྤྲེལ་ལེགས་འཁྲབས་པ་རེད་ཟེར། ད་ལོ་སྤྱི་འཐུས་གྲོས་ཚོགས་ནང་དགོས་མེད་ཀྱི་རྙོག་གཞི་ཆེན་པོ་དེ་སློང་སྟངས་ལ་བལྟས་ན་མོ་ལ་རྒྱབ་ལྗོངས་ཤིག་ངེས་པར་དུ་ཡོད་པ་འདྲ། ཚགས་ཤོག་ཐོག་བྲིས་པའི་ངོ་བཤུར་འདི་ལ་ཡོད་མོད།ཁ་བརྡའི་ནང་ནང་འཇུག་བྱེད་དཀའ་བས་གལ་ཏེ་གཟིགས་འདོད་ཡོད་ཚེ་གློག་འཕྲིག་ཁ་བྱང་བཏང་དང་སྤྱིན་འབུལ་ཞུ་ཆོག ཆོལ་ཁའི་འཐེན་འཁྱེར་མ་བྱེད་པ་མོའི་སྔར་ཕྱི་བར་གྱི་བྱ་སྤྱོད་ལ་བརྟག་དགོས། ལྷག་པར་དུ་མོ་ཨ་མདོའི་སྤྱི་འཐུས་ཡིན་ཕྱིར་ཨ་མདོ་བས་ངེས་པར་དུ་གཟབ་གཟབ་བྱེད་དགོས། གལ་ཏེ་མ་འོང་པར་ཆོལ་ཁའི་ཕྱོགས་ཞེན་ཁོ་ནས་མོ་ཡང་བསྐྱར་སྤྱི་འཐུས་ནང་སླེབས་པ་ཡིན་ན། ཉིན་གཅིག་སྤྱི་འཐུས་གྲོས་ཚོགས་ཟེར་བ་དེ་ནམ་མཁའི་མེ་ཏོག་གི་དཔེ་ལ་འགྱུར་ངེས།
ངས་ཕྱོགས་རིས་མ་བྱེད། རྒྱུ་མཚན་ལ་ལྟོས། བྱམས་སྙིང་རྗེ་སྒོམས་ཞེས་པའི་གཏམ་འཇམ་པོ། བློ་གཟུ་བོར་གནས་གང་ཐུབ་བྱས་ནས་བྲིས་ཡོད། དེ་ཁ་བརྡའི་འགན་ཁུར་བས་བསུབ་འདུག འདི་ལ་ཡ་མཚན་ཅུང་སྐྱེས་བྱུང་། ངའི་གཏམ་དེ་ཐད་ཀར་ཕྱོགས་རིས་འཐེན་མཁན་གྱིས་མིང་ནས་སྨྲོས་ནས་བྲིས་པ་དེ་བསུབ་པ་དེ་ལ་ཁ་བརྡ་ཚང་གི་ངའི་གྲོགས་པོ་ཚོར་འདྲི་བ་གསུམ་ཡོད། ༡༽ བོད་ཡིག་ཤེས་མཁན། བོད་ཀྱི་རིག་གཞུང་ལ་དོན་གཉེར་ཡོད་པ། མི་རིགས་ཀྱི་གཤིས་ཀ་ཡོད་མཁན། ཆུང་བྱིས་པའི་དུས་ནས་རྒན་མགོ་དཀར་བར་བོད་པའི་སྤྱི་ཚོགས་ནང་འཚོ་བ་སྐྱེལ་མཁན་གྱི་གོང་གི་དྲ་མིང་སྤྱོད་མཁན་དེ་ཚོ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ཆེ་བ་འདུག ཁོང་ཚོ་ཅིའི་ཕྱིར་འདི་ལྟར་ཆགས་པ་རས། ༢༽ འཐེན་ཁྱེར་གྱི་བསམ་བློ་འདི་སྲོལ་རྒྱུན་གྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གྱི་བོད་པ་འདི་ཚོའི་ནང་ཤུགས་ཆེ་བ་འདུག འདི་གང་འདྲ་རས། ༣༽ ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དེ་ཆོས་ཀྱིས་བཅུན་ཐུབ་ཀྱི་མིན་འདུག བོད་ཀྱི་རིག་གཞུང་གིས་བློ་སྒྱུར་ཐུབ་ཀྱི་མིན་འདུག བོད་པའི་ལ་རྒྱས་བློ་གུ་ཡངས་ལ་གཏོང་ཐུབ་ཀྱི་མིན་འདུག ད་ཐབས་ཤེས་གང་ཡོད་དམ། ང་ཚོས་ཁོང་ཁྲོ་དང་སྡང་སེམས་མ་བྱས་པར། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་འདི་གང་ནས་ཡོང་གི་འདུག་ཅེས་རྩད་གཅོད་བཏང་ནས་འདི་མ་ཡོང་བའི་ཐབས་ཤེས་ཤིག་ཡོད་དམ། ངས་བལྟས་ན། ད་བར་ཀླུ་སྨྱོན་དང་། མགོན་པོ་ཕྱག་གཉིས་པ། དེ་བཞིན་འདྲེ་རིག་ལྡན། ད་དུང་རིག་འབྱུང་དོན་སྒྲུབ་བཀྲ་ཤིས་སོགས་མཁྱེན་པ་ཡངས་ལ། ངར་རྒྱལ་ཆུང་བ། ཁོག་ཡངས་པ། ཕྱི་ནང་གཉིས་ཀ་མཐོང་ཐུབ་པའི་མཆན་འགོད་པ་ཡིན་པའི་འཚོར་སྣང་སྦྱིན་གྱི་འདུག ཁོང་རྣམས་གཞན་ལ་རྩོད་ཐུབ་ཀྱི་འདུག་ལ། རང་ལ་གཞན་གྱིས་རྒྱུ་མེད་པའི་སྐད་ཆ་སྐམ་པོ་རྩུབ་པོ་རེ་ཤོད་དུས་བཟོད་པ་བྱེད་ཐུབ་ཀྱི་འདུག ལྷག་པར་དུ་ཀླུ་སྨྱོན་འདི་གཞན་ལ་ཤོད་ཐུབ་ཀྱི་འདུག རང་ལ་བཤད་པ་རྣམས་ཀྱང་འཁུར་ཐུབ་པའི་ཕོ་ཁྱོ་ཀའི་གཤིས་ཀ་ངོ་མ་ཞིག་འདུག ལྟས་ངན་འདི་གྲ་པ་རེད་ཟེར་བ་གོ་བྱུང་མ་གཏོགས་བུ་མོ་ཡག་པོ་ཞིག་ངོ་སྤྲོད་བྱེད་རྒྱུ་ཡོད། ཁོང་རྣམས་ཀྱིས་གནད་ཚུལ་འདི་ཆུང་ཆུང་ཞིག་ལ་མ་རྩིས་པར། བསམ་བློ་ནན་མོ་བཏང་ནས་ག་ལེར་ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་འདྲ་འདི་དག་ལ་ཞིབ་འཇུག་སྦྲགས་མི་མང་ལ་བསླབ་བྱའི་ནུས་པ་ཡོད་པའི་རྩོམ་རེ་བྲིས་ཐུབ་ན་ཤིན་དུ་ལེགས། ད་དྲ་མཁན་འགན་འཛིན་པ་ལགས། ཐུགས་རྗེས་གཟིགས་འདི་མ་བསུབ་རོགས་གནང་།
ད་ལྟ་ང་ཚོར་བཟང་ན་ངན་ན་གྲོས་ཚོགས་ཟེར་ནས་འཚོག་རྒྱུ་ཞིག་ཡོད་པ་ཡང་དགའ་འོས་པ་ཞིག་རེད། རྗེས་མ་ཞིག་ལ་གྲོས་ཚོགས་དང་བཀའ་ཤག་ལྷན་ཚོགས་ཀྱི་རྩིག་པ་འགྱེལ་ཤུལ་ནས་རྩྭ་ལྡུམ་སྐྱེ་བའི་དུས་ཚོད་ཀྱང་འཆར་མི་སྲིད་པ་ཞིག་མ་རེད། དེའི་ཕྱིར་ཚང་མས་ཐུགས་བསམ་ཡག་པོ་རེ་བཞེས་རོགས།
ང་ང་དགོས་རྒྱུ་དེ་ཤ་རྡོག་བཙོས་དང་མོ་མོ་རླངས་བཙོས་ཡིན་ཡ། དགུན་འཁྱག་འདི་མོ་ཟིག་ག་ཀོན་ཐུག་འཁྱག་པ་ཟིག་སུས་བཟའ་ཐུབ་ཀི་རེད། གསར་བུ་སེམས་མེད་འདི་ཚོ།
ཨོ། གོང་ནས་བསམ་ཤེས་ལགས་ཀྱིས་ང་ལ་བུ་མོ་ཞིག་ངོ་སྤྲོད་བྱེད་ཀི་ཡིན་ཟེར་གི འདི་མོའི་དགའ་དགོས་པའི་དོན་དག་ཅིག་གང་ན་ཡོད། བུ་དང་བུ་མོའི་བར་གྱི་འབྲེལ་བ་ལ་སྣ་ཚོགས་ཤིག་ཡོད་ནི་རེད། དང་པོ། འདོད་ཆགས་ཀྱི་འབྲེལ་བ། གཉིས་པ། ཆགས་བྲལ་གྱི་འབྲེལ་བ། གཉིས་པ་འདི་ནི་སྤུན་མཆེད་སྒྲིག་པའི་འབྲེལ་བ་དེ་རེད། ངས་མོ་རང་ལ་འདོད་པ་ཡོད་ན་སྤུན་མཆེད་སྒྲིག་ན་ཡང་ཆོག་གི་པ། བལ་ཡུལ་ན་གྲྭ་པ་ཨ་ནེ་སྤུན་མཆེད་སྒྲིག་པའི་ལུགས་སྲོལ་བཟང་པོ་ཞིག་དར་ཡོད། རྒྱ་གར་ན་ཡང་འདུག ཨ་རི་ནས་ལོས་ཀྱང་ཆོག གལ་སྲིད་མོ་ཨ་རི་ན་ཡོད། ད་དུང་། ང་ལ་སྲིང་མོ་མེད་པས་སྲིང་མོའི་གོ་ཆོད་པ་ཞིག་ཡོད་ན་བླ་རྒན་འཆི་ཁ་རྒས་ཁར་ལག་ཐོག་ལ་ཆུ་ལྡུག་མཁན་ཞིག་དང་ལག་འོག་ལ་མེ་འབྲུ་མཁན་ཞིག་ཡོད་ན་ཡང་དེ་ལ་མི་དགའ་གང་ལ་དགའ།
དྲ་གྲོགས་ཚོ། ཉེ་སྔོན་ྋགོང་ས་མཆོག་ནས་རྟོན་བཞིའི་འཇུག་ལྡོག་མ་ནོར་བར་སྤྱི་མིས་གཞུང་དོན་བསྒྲུབ་དགོས་པའི་བཀའ་བཟང་ཕེབས་པ་བཞིན། ང་ཚོས་ངེས་པར་དུ་གྲོས་ཚོགས་སུ་གཏམ་བཤད་གནང་མཁན་གྱི་སྤྱི་འཐུས་དེ་ཆོལ་ཁ་གང་ནས་ཡིན་པ་དང༌། དེས་བཤད་པའི་སྐད་ཆར་ངེས་པར་དུ་ཆོལ་ཁའི་ཕྱོགས་ཞེན་གྱི་འོག་ནས་བཤད་ཀྱི་ཡོད་ཤག་གིས་སྐྱོན་འཛུགས་བྱེད་པ་ནི་ཆེས་མི་རུང་བའི་གནད་དོན་ཞིག་རེད།
<> ཧ་ཧ། རྒྱ་གར་དང་ཨ་རིའི་ཨ་ནི་ལ་རྒྱུས་ལོན་པའི་གོ་སྐབས་མ་བྱུང་ཡང། བལ་ཡུལ་ཨ་ནི་ངས་ཤེས་ཡ། ཨ་ནེ་སྤུན་མཆེད་སྒྲིག་མཁན་དེ་ཚོར་ཨ་ནི་སྒོམ་ཆེན་ཟེར། སྐྲ་རྫུན་མ་ཞིག་ཁུར་ནས་དེ་ཚོའི་རྩར་འགྲོ་ཡ་རག་ན་ཐར་པ་དང་གོ་འཕང་ཟེར་ཡ་གཞན་གང་དགོས་ལེ་མ་རེད། ཨ་བོ། དེ་ཚོ་ལ་དྲང་མས་འོ་རེད་ཡ།
གྲོས་ཚོགས་ཀྱི་གནས་ཚུལ་དེ་རྙིང་པ་གྱུར་ཟིན་པས་ང་ཚོས་བརྗེད་ཐབས་བྱེད་དགོས། འོན་ཀྱང་ཕྲན་ལ་མཚོན་ནའང་གནས་ཚུལ་དེ་ཁ་སང་བྱུང་བ་ཇི་སེམས་སུ་གསལ་ལྷང་ངེར་འཆར་ཡོང་གིན་འདུག གནས་ཚུལ་འདིས་རྐྱེན་པས་བོད་ནང་དུ་ཡོད་པའི་བོད་མི་སེམས་ཤུགས་ཅན་མང་པོ་ཞིག་གི་སེམས་སུ་རྨ་ཁ་ཆེན་པོ་བཟོས་འདུག མ་ཟད་གཞིས་སུ་ཡོད་པའི་སྤུན་ཟླ་མང་པོ་ཞིག་གིས་བཙན་བྱོལ་བོད་གཞུང་དུ་བཅོལ་བའི་རེ་བ་མེད་པར་བཟོས་འདུག ཕྲན་གྱིས་བལྟས་ན། གྲོས་ཚོགས་དེའི་ནང་དུ་ཆ་ཤས་བླངས་མཁན་ཚང་མར་ནོར་འཁྲུལ་མེད་པར་གཏན་ནས་མི་འདུག་སྙམ། གཅིག་བྱས་ན་འདི་ཕྱོགས་གཅིག་ནས་བལྟ་ཚུལ་ཡིན་རྒྱུ་རེད། གང་ལྟར་ད་ལྟའི་བར་དུ་འདིའི་སྐོར་ཐེར་གཏོགས་བྱེད་མཁན་ཚང་མས་ཕྱོགས་ཡོངས་ལ་བརྟགས་དཔྱད་མཐིལ་ཕྱིན་པར་བཟོས་ནས་གཏམ་བཤད་སྤེལ་མཁན་གཅིག་ཀྱང་བྱུང་མ་སོང་ཞེས་ཚིག་ཐག་བཅད་ནས་བརྗོད་རྒྱུ་ཡིན། མ་ཟད་མང་པོ་ཞིག་གིས་འདི་གོ་སྐབས་ཤིག་ཏུ་རྩིས་ནས་རང་གི་མི་འདོད་པའི་ཕྱོགས་ལ་སྐྱོན་བརྗོད་བྱེད་རྒྱུའི་བེད་སྤྱོད་བྱས་སོང་། གྲོས་འཆར་གཏོན་མཁན་གྱིས་རྒྱུན་ལས་ཀྱི་ཐག་གཅོད་དེ་དྲང་པོ་བྱུང་མི་འདུག་ཅེས་བརྗོད་པ་རེད། ང་ཚོས་དྲང་པོ་དང་ཀྱོག་ཀྱོག་ཞེས་པ་དེ་གང་འདྲ་ཞིག་ལ་རྩི་དགོས་སམ། དཔེར་ན། བཀྲ་ཤིས་ཀྱི་ཨ་མས་རང་གི་བུ་ལ་རྔན་པ་སྤྲད་པ་དང་། སྒྲོལ་མའི་ཨ་མས་རང་གི་བུ་མོ་ལ་རྔན་པ་མ་སྤྲད་པ་ཡིན་ན། བཀྲ་ཤིས་ཀྱི་ཨ་མ་དྲང་པོ་མ་རེད་ཅེས་བརྗོད་ན་འགྲིག་གམ། ཕྲན་གྱིས་ཁྲིམས་ལུགས་ཤེས་ཀྱི་མེད་མོད་ཀྱང་། འཇིག་རྟེན་མི་གཤིས་ཀྱི་ཀུན་སྤྱོད་ཤེས་ཀྱིན་ཡོད་པས་ཁྲིམས་ལུགས་ཀྱང་འདི་ལས་བརྒལ་སྲིད་ཀྱིན་མ་རེད་སྙམ། བལྟ་ཚུལ་འདིའི་འོག་ནས་གྲོས་འཆར་དེ་སྤྱི་ཚོགས་ལྷིང་འཇགས་དཀྲོགས་པའི་འབར་རྫས་ཤིག་ལས། མ་འོངས་བོད་ཀྱི་རྩ་དོན་ལ་སྨོན་པའི་གྲོས་འཆར་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་མེད། གང་ལྟར་གནས་ཚུལ་འདི་རྒྱ་མི་ལ་ལག་ཆ་ཡག་པོ་ཞིག་ཆགས་འདུག ཁོང་ཚོས་བོད་མི་ཚོར་གནས་ཚུལ་འདི་དྲིལ་བསྒྲགས་བྱས་ཏེ། སྔོན་མ་བོད་བཅིངས་གྲོལ་མ་གཏང་སྔོན་དུ་བོད་པའི་སྐུ་དྲག་གམ་དཔོན་པོ་ཚོས་བཟའ་འཐུང་ཁོ་ནའི་འཐབ་རྩོད་ལ་གཡེང་ནས་མི་དམངས་ཀྱི་བདེ་སྡུག་སྣང་མེད་དུ་བསྐྱུར་བ་རེད། བོད་པའི་དཔོན་པོ་ཚོའི་ན་ཚ་དེ་ད་དུང་དྲག་བསྐྱེད་བྱུང་མི་འདུག་ཅེས་བརྗོད་ཀྱིན་ཡོད་པ་རེད། འདི་དག་འདས་ཟིན་པའི་གནས་ཚུལ་རེད། ང་ཚོས་བཤད་པས་ཕན་ཐོགས་ཅི་ཡང་མེད། ང་ཚོས་ངེས་པར་དུ་གཟབ་དགོས་པ་ཞིག་ཏུ། འདས་དོན་གྱི་གནས་ཚུལ་དེ་མ་འོངས་པར་མི་འབྱུང་བའི་ཕྱིར། སྐབས་བཅོ་ལྔ་པའི་སྤྱི་འཐུས་འདེམས་སྟངས་མ་ནོར་བར་གནང་རོགས་ཞེས་རེ་བ་ནན་པོ་ཞུ་རྒྱུ་ཡིན།
ང་ཚོ་ཚང་མ་དང་པོ་བོད་གངས་ཅན་པ་རེད་དེ་ནས་ཁམས་དང་དབུས་ཨ་མདོ་ཅན་ནས་ཡུལ་ལུང་གི་ཆག་བབས་ནས་བྱུང་བ་ཞིག་རེད་
དེ་འདྲ་ཡིན་ཙམ་ང་ཚས་ཆོལ་ཁ་ཐེན་འཁྱེར་གྱི་བསམ་བློ་མེད་པ་ཡིན་ན་བཟང་བ་ཡོད་རེད་དེ་ཐེངས་ད་ཐེངས་གྲོས་ཆོས་ཡག་པོ་ཞིག་མེད་པ་གསལ་པོ་རེད་དེ་ལ་བསམ་བློ་ཡག་པོ་གཏང་མི་འདུག་
སྟག་ངར་མ་དང་བུད་མེད་དེའི་མིང་ལ་ཅི་ཟེར། ཨ་པོ། ཞེད་སྣང་ཚ་ཡ་ལ། ཡར་ནང་ལ་སླེབས་ཚར་ན་ཁྱོ་ག་དེས་མྱང་ཡ་རེད་་འདུག
ངོ་མ་བུད་མེད་ངར་བ་ཞིག་གི་བཟོ་ལྟ་འདུག་ཡ། མོའི་མིང་ལ་ཅི་ཞིག་ཟེར་གྱི་ཡོད་དམ། ཆོལ་ཁ་གང་གི་ཡིན་ནམ། དྲ་གྲོགས་སུས་ཤེས་ན་གསུངས་རོགས་གནོངས།
ཞི་མོ་དེ་ད་ངོ་མ་ཨ་མདོའི་གསར་བུ་སྣང་བ་མཐོན་པོ་ཅན་ཞིག་གི་མནའ་མར་ཏག་ཏག་རེད།
དེས་ངོ་མ་ཨ་མདོའི་གསར་བུ་སྐྱེས་སྨན་ཚོར་བརྡུང་ན་འགྲིག་གི་རེད་ཟེར་མཁན་ཚོ་གྲོ་སྣོ་སྣོ་དང་རྩམ་པ་རྫི་རྫི་བྱེད་ས་རེད་ཀོ
ངའི་ངོ་ཤེས་ཨ་མདོའི་གསར་བུ་ཞིག་ཡོད། ཁོས་སྐྱེས་སྨན་ལ་བརྡུང་ནས་ཐེངས་མང་པོར་བདེ་ལེགས་སྨན་ཁང་ལ་བསྐྱལ་བ་རེད། རྡ་རམ་ས་ལར་སྐད་གྲགས་ཡོད། ཐེངས་ཤིག་ང་སྨན་ཁང་དུ་འགྲོ་ཞོར་ལ་བལྟ་བར་ཕྱིན་པ་ཡིན། དཀོན་མཆོག་གསུམ། མི་ངོ་རང་ངོ་ཤེས་ཀྱི་མི་འདུག མིག་གཡོན་པའི་མིག་སྒམ་སྐྲང་ནས་ཚོན་མདོག་དཀར་པོ་མིན་མ་གཏོགས་མོག་མོག་རླངས་བཙོས་ཤིག་དང་ཨ་མ་མ་ན་རེད། ད་དུང་གྲོད་ཁོག་ནང་ལ་ཕྲུ་གུ་འཁོར་ནས་ཟླ་གསུམ་ལྷག་རེད་ཟེར། གོང་གི་རྒན་མོ་སྟག་འགྲན་མ་དེདེ་ཁོ་ལ་སྤྲད་ན་ཁོང་གཉིས་ཀྱི་སུ་ངར་གྱི་ཡིན་ནམ།
རེད་ཡ། ངའི་གྲོགས་པོ་ཞིག་གིས་ཆུང་མར་ཉི་མ་རེ་ལ་ཐེངས་མ་གཉིས་གསུམ་རེ་བརྡུངས་པས། རྡེ་ར་རྡུན་ས་གནས་ཡོངས་སུ་སྐད་གྲགས་ཆོད་ནས་ས་དེའི་ཨ་ནེའི་དགོན་པ་ཞིག་གི་ཨ་ནེ་ཚོས། འདོད་ཆགས་འཕར་ནས་ཤི་སོང་རུང་ཨ་མདོའི་གསར་བུ་ཞིག་གི་མནའ་མ་མི་བྱེད་ཟེར་ནས་མནའ་བོར་བ་རེད་ཟེར། དབྱར་ཁའི་དགོང་དྲོ་ཞིག་ལ་གྲོགས་པོའི་ཁོག་པར་གདོན་འདྲེ་འཇིགས་སུ་རུང་བ་ཞིག་འཛུལ་བ་དང་འདྲ་བར། རང་གི་ཆུང་མ་སྐམ་པོ་མ་དེར་ཤི་ལ་ཁད་ཅིག་བརྡུངས་རྗེས་ད་དུང་འདོད་པ་མ་ཚིམ་པར་གྲི་སྟུག་ཅིག་བཟུང་ནས་ཁ་ནས་མཆིལ་མ་གང་སར་འདོར་བཞིན། རྒྱལ་བ་བསྟན་འཛིན་རྒྱ་མཚོ། ངས་གན་གསོད་མ་ཐུབ་ན་ཞེས་ངར་གྱིས་ཤོར་ཡོང་བ་དང་། ཁོའི་སྤུན་མཆེད་དང་ངེད་གཉིས་ཀྱིས་རང་སྲོག་ལ་མ་འཛེམས་པར་ཁོའི་ལག་གི་གྲི་སྟུག་འཕྲོག་རེས་བྱས་པ་དང་། ཆུང་མ་ལས་ངན་དེས་སྐྱེས་ནས་ལོ་གཅིག་ཀྱང་ལོན་མེད་པའི་བྱིས་པ་དམར་འབྱར་དེ་པང་ནས་ངུ་སྐད་འདོན་ཞོར་སྒོར་བྲོས་པ་དང་། གྲོགས་པོའི་ལག་གི་གྲི་སྟུག་ཨ་ཧ་མ་ཟིག་འཕྲོགས་མ་ཐག་ཏུ་ཡང་ཁྱིམས་ཕུགས་སུ་བརྒྱུགས་སོང་ནས་ཆུང་མས་ཕ་ཁྱིམ་ནས་ཁྱེར་ཡོང་བའི་ས་གདན་སོ་མ་ད་དུང་ཁ་ཡང་ཕྱེ་མེད་པ་ཞིག་དྲུད་ཡོང་ནས་སྒོའི་ཕྱི་ལོགས་སུ་དབྱུགས་ནས་ཁྱོད་ཚང་གི་རོ་གདན་དེ་ཡང་ཁྱེར་ཅིག་ཅེས་དམོད་མོ་མཚམས་ཆད་མེད་པར་འདོར་བ་དང་། ཕྱི་རོལ་གྱི་འཇིག་རྟེན་ཐམས་ཅད་གསལ་ནུས་པའི་གློག་དམར་གྱི་ཞགས་པ་ས་སྟེང་དུ་འཁྱུགས་པ་དང་། ཡ་གིའི་ནམ་མཁའ་ནས་ས་གཞི་འདར་བའི་འབྲུག་སྐད་མགོ་ནང་གཟེར་བ་གཅིག་རྗེས་གཉིས་མཐུད་དུ་རྒྱག་པ་དང་། བར་གྱི་སྤྲིན་ནག་གི་གསེབ་ནས་མི་རྒན་གྱི་མཇེ་མགོ་ཙམ་ཡོད་པའི་ཆར་རྡོག་ཆེན་པོ་ཁྲི་འབུམ་དུ་མ་ཁ་མེད་མིག་མེད་དུ་བྱོ་བ་དང་། གཡས་གཡོན་གྱི་ཁྱིམ་མཚེས་རྒན་པོ་རྒན་མོ་ཤི་ལ་ཁད་སྐོར་ཞིག་གིས་རང་རང་གི་རྭ་སྐོར་གྱི་རྩིགས་པའི་སྒང་ལ་འཛེགས་ནས་ང་ཚོའི་ཡ་ང་བའི་གློག་བརྙན་ཐབས་རྡུག་འདི་འཁྲབ་སྟངས་ལ་ལྟ་བ་སོགས། ད་ལྟ་བསམས་ན་ཡང་ངོ་མ་ངུ་བྲོ་ཞིང་ཡི་ག་འཆུ་བའི་ཟློས་གར་ཐེངས་ཤིག་འཁྲབས་པ་ཡིན་ཡ། ཨ་ལས་ངན་ཚོ། དེ་ནས་རྡ་སར་བསླེབས་ནས་གྲོགས་པོ་སྙན་ངག་པར་གྲགས་པའི་སྐྲ་རིང་ཞིག་ལ་དེ་ལུགས་བརྗོད་པས། ཏག་ཏག་རེད། སྐྱེས་དམན་དེ་ཚོར་དེ་འདྲ་ཞིག་མ་བྱས་ན་ཉི་མ་གཅིག་ཁྱོའི་མགོ་ཐོག་ལ་ཞོན་ནས་གཅིན་པ་གཏོང་གི་ཡིན་ཟེར་གྱི་རེད་ཟེར།
འོ་དེས་ན་ངས་ཀྱང་སྒྲུང་ཞིག་བཤད། བདུན་ཕྲག་སྔོན་མར་ངས་བོད་དུ་ཕུ་བོ་ལ་ཁ་པར་ཞིག་བཏང་བ་ཡིན། ཕུ་བོས་ཟེར་ན་མདང་དགོང་ཁྱིམ་མཚེས་ཚང་གིས་རྒན་མོ་བསད་སར་ཕྱིན་ནས་ཡུན་རིང་ཉལ་རྒྱུ་མ་བྱུང་བས། དེ་རིང་ད་དུང་ཉལ་བསྡད་ཡོད་ཟེར། དེ་ནས་ཁོས་བཤད་རྒྱུར། མདང་དགུང་ཁྱིམ་མཚེས་སང་གི་བུ་མོ་ལོ་དགུ་ཅན་དེ་ངུ་ཞོར་ལ་རྒྱུགས་ཡོང་ནས་ཨ་ཁུ་ལེ་ལེ། ཨ་ཕས་ཨ་མ་གསོད་ཀྱི་འདུག་སྟབས་བར་བ་ཞིག་བྱེད་རོགས་ཟེར་བ་ལྟར་རྐང་རྒྱུགས་འཐེན་ནས་ཕྱིན་པ་ཡིན། ཁྱིམ་དུ་ཐོན་དུས་རྒན་མོ་ཕོ་ཁྱིམ་གྱི་ཁྱིམ་སྨད་དུ་འགྱེལ་ནས་འདུག་པ་དང་། རྒད་པོ་འཚབ་བཞིན་ཡར་ལངས་ནས་བསྡད་འདུག ཁྱིམ་ཡོངས་རྫོགས་ཆུས་གང་བས་ཆུ་ཟོམ་རྒན་ཞིག་བཤོས་བཏང་བ་དང་འདྲ། དེ་ནས་ངས་ཁོ་ལ་སྐལ་ཆད་རྒྱུ་བོ། ཁྱོས་ཅི་བྱས་པ་ཡིན་ཞེས་དྲིས་པས། ངའི་རྒན་མོས་དུག་འཐུང་སོང་སྟབས་ངས་ཆུ་བླུགས་པ་ཡིན་ཟེར། དེ་ནས་རྒན་མོ་ཡར་སྐྱོར་དུས་དབུགས་ཆད་ཚར་འདུག ངས་ཤི་ཚར་འདུག་ཅེས་བརྗོད་པས། ཁོས་ཤི་ཡོད་པ་མ་རེད། དྲན་པ་ཐོར་བ་རེད། མགྱོགས་པོར་སྨན་ཁང་དུ་སྐྱེལ་རོགས་ཟེར་བ་ལྟར་སྨན་ཁང་དུ་ཁྱེར་བ་ཡིན། འོན་ཀྱང་སྨན་པས་ཀྱང་ཤི་ཚར་འདུག་ཅེས་བརྗོད་སྟབས་རོ་ཕྱིར་ཁྱེར་ཡོང་བ་ཡིན། དེ་རིང་ཨ་ཁུ་འགའ་ཞིག་གིས་ཅིག་འདོན་གྱི་འདུག་ཟེར།
དེ་ནས་ཉིན་ཤས་རྗེས་ངས་ཡང་བསྐྱར་ཁ་པར་ཅིག་བཏང་ནས་སྐད་ཆ་དྲིས་དུས། ཉེན་རྟོགས་པ་ལ་བཤད་ཡོད་ནི་མ་རེད། འོན་ཀྱང་རོ་བཤའ་མཁན་གྱིས་ཟེར་ན་མགོ་སྲུབ་གཏོར་འདུག་ཟེར་ཟེར། ད་ཅི་འདྲ་གི
ད་མི་བཤད་རྒྱུ་བྱེད། སྙིང་ནག་གྱེན་ལ་འཕར་ཡོང་གི
ཡ་ཡ། དེས་ན་མི་བཤད།
ཁ་བཙུམས་མ་གཏོགས་རྡུང་ཡོང་དཱ། ཁྱིམ་བརྒྱུད་དང་མི་ཆེན་ཚོའི་རྒྱུད་པ་རེད་དཱ། མི་རྒྱུ་གཉིས་ཀས་ལོངས་ནས་བསྡད་ཡོད་ཟེར་གི་ཡོད་པ་མ་ཐོས་སམ།
ཁ་བཙུམས་མ་གཏོགས་རྡུང་ཡོང་དཱ། ཁྱིམ་བརྒྱུད་དང་མི་ཆེན་ཚོའི་རྒྱུད་པ་རེད་དཱ། མི་རྒྱུ་གཉིས་ཀས་ལོངས་ནས་བསྡད་ཡོད་ཟེར་གི་ཡོད་པ་མ་ཐོས་སམ།
བོད་ཀྱི་མཁས་དབང་དོན་གྲུབ་རྒྱལ་ཡང་དེ་འདྲ་རེད་ཟེར་གིན།་དེང་དུས་རྒྱ་མའི་སློབ་གྲ་འགྲོ་བཞིན་པའི་བོད་ཀྱི་ཤེས་ཡོན་ཚང་མ་དེ་འདྲ་རེད་ཟེར་བ་གོ་མྱོང་།་
༼༡༽་ཆང་མ་མཐུང་ན།་དེང་དུས་ཀྱི་མི་ཡིན་པ་་།་
༼༢༽་བུ་མོ་མང་པོ་མ་གཡབ་ན་རྙིང་ཞེན་ཆེ་བ་།་
༼༣༽་བླ་མ་དང་གྲ་བ་མ་བསྡིག་ན་མཁས་གྲལ་དུ་མི་མཇོག་པ་།་
དེ་འདྲ་ཤིན་ཏུ་ནས་མང་པོ་རེད་།་ལྷག་པར་ཏུ་།་མི་རིགས་སློབ་གྲ་སོང་མཁན་ཚོ་དེ་འདྲ་རེད་།་
ཨ་ལ་ལ་ད་མཐོང་སོང་ཡ་ངོ་མ་ངར་མ་བདག་པོ་རེད།་་་
སྐད་ཆ་བཤད་སྟངས་ཅིག་སྟོབས་ཀི་ཡ།་་དཔུང་བསྒྲིགས་ནི་རེད་ཟེར་ན་སྒྲིག་ནི་ཡིན་ཕྱིར་འཐེན་དགོས་དོན་མེད་ཀི།་་་་་་་བསོད་ནམས་སྟོབས་རྒྱལ་དཔུང་མེད་ས་ཞིག་མ་རེད།་་་་་་་་་ཨ་ཤི་རེ་ཀོ་བཤད་ས་འདི་ཉམས་ཆུང་གི་སྐྱབས་བཅོལ་བའི་གྲོས་ཚོགས་ནང་རེད།
དྲ་གྲོགས་ཚོ་བསམ་བློ་ཞིག་ཐོངས་དང་རྗེས་ཕྱོགས་མོ་འདྲ་བོའི་རིགས་གྲོས་ཚོགས་ཀྱི་རྐུབ་སྟེགས་ཐོག་མི་སླེབས་རྒྱུའི་འབད་བརྩོན་བྱེད་དགོས་པ་གལ་ཆེ་བོ་རེད།་་་མོའི་བཤད་སྟངས་ཅིག་ལྟོས་དང་།་་་་ནམ་རྒྱུན་ངས་བཤད་ཀི་མེད་ཁ་གྲག་པའི་སྤྱི་འཐུས་ཀྱི་ཁོངས་སུ་སླེབས་འགྲོ་བྱེད་ཀྱི་ཡོད་བཤད་རྒྱུ་ཉུང་ན་བཟང་གི་རེད་དེ་མིན་རྩོད་རྙོག་ཡོང་གི་རེད་ཟེར།
མོའི་བཤད་པའི་སྐད་ལ་དེ་ལས་རྙེད་དོན།་མོའི་སྐད་ཆ་ཞིག་བཤད་ཚེ་རྙོག་དྲ་རྐྱང་བ་ལས་དེ་མིན་བོད་མི་རིགས་འདིའི་ཆག་འཇིག་གི་གླེང་གི་ཡོད་ས་མ་རེད་ལ་བསམ་བློ་ཡང་ཡོད་མ་རེད།་དེ་མིན་མོ་བཤད་མི་ཤེས་ནི་ཞིག་མིན་ཟེར་ཀི།་་བཤད་ངོ་མ་ཤེས་ས་རེད་གྲོས་ཚོགས་ཐོག་བཤད་སྟངས་ལ་ལྟོས་དང།་་་་་་་དེ་མཐོང་ན་སྙིང་ན་ནི་ཞིག་རེད།་་་
སྔོན་ངས་དྲ་གནས་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་དེ་ཤེས་ནོ་མ་གཏོགས་དངོས་སུ་གྲོས་རའི་རྣམ་པ་དེ་མཐོང་མ་སོང།
ངོ་མ་ཧང་སངས་སོང་
ཨ་རོགས། ཁ་ཕྱོགས་མེད་ལགས། རྗེས་ཕྱོགས་མོ་འདྲ་བོ་གྲོས་ཚོགས་ནང་ལ་མི་སླེབས་རང་སླེབས་རེད་པ། གང་ཡིན་ཟེར་ན་ང་ཚོ་ལ་ད་སྐབས་མིའི་དཀའ་ངལ་དང་འཕྲད་བསྡད་ཡོད་པ་རེད།
ཡང་མིན་ན་གྲོས་ཚོགས་མེད་པ་བཟོས།།
ཡང་མིན་ན་ཁོང་ཚོར་རྐུབ་ཀྱག་སྤྲོད།།
དེ་གཉིས་ཀྱི་གང་དགའ་ཁྱོད་ཀྱིས་འདོམས།།
དི་མིན་ནའི་འགྲོ་ས་ཅང་མེད་ཀི།
མྱི་འདང་ཚོ། ཆབ་སྲིད་ཀྱི་ཟློས་གར་ཟེར་བ་འདི་ད་ངོ་མ་ཡ་མཚན་པ་ཞིག་རེད་འདུག་ཡ། དེང་སང་བཙན་བྱོལ་སྤྱི་ཚོགས་ནང་དུ་གསར་འབྱོར་བ་སྤྱི་དང་ཁྱད་པར་དུ་ཁམས་པའི་བསྟན་པ་དར་བཞིན་ཡོད་དུས་འདིར། དེའི་མགོ་ནས་གནོན་གང་ཐུབ་བྱེད་མཁན་ཇེ་མང་ནས་ཇེ་མང་རེད། རྒྱ་ནག་གི་སྟོབས་ཤུགས་རྒྱས་དུས་ནུབ་ཕྱོགས་པས་ཕྱོགས་ཡོངས་ནས་དེའི་མགོ་གནོན་གང་ཐུབ་བྱེད་པ་དང་། བོད་དོན་དོན་སོགས་དར་ཆར་འཛིན་གྱིན་པ་ཇི་བཞིན། ང་ཚོའི་སྤྱི་ཚོགས་སྤར་མཐིལ་འདྲ་བ་འདིར་ཡང་དེ་མཚུངས་རེད་འདུག རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཐབ་རྩོད་བོད་དོན་དང་བོད་ནི་ཁོང་ཚོའི་ལག་ཆ་རེད་ལ། བོད་ཀྱི་སྤྱི་ཚོགས་ཁྲོད་ཁམས་པའི་མགོ་གནོན་པ་ལ་ཕྱོགས་གཅིག་གིས་བྱང་ཆ་ལྡན་པའི་སྒོ་ནས་འཇམ་མཁས་ཀྱི་འཆར་གཞི་ཞིག་བཟོས་དང་ན། ལག་ཆ་ངོ་མར་གྱུར་བ་ད་ང་ཚོ་ཨ་མདོ་མགོ་སྟོང་ཚོ་རེད་འདུག་ཡ། ཡུམ་དུམ་པ། ཁྱི་རྒན་ཀུ་ཅོ་འདོན་པ་ལ། གཞན་དག་རྒྱུ་མཚན་མེད་པར་རྒྱུགས། ཟེར་བ་ད་འདིར་ཟེར་བ་རེད། ཨ་ཤུ་རེ་ཁོ། ཁྱོད་ཚོ་ད་ངོ་མ་ཀླད་པ་ཞིག་མེད་ཀི ཡུམ་དུམ་པ། གལ་སྲིད་ཁམས་པའི་མགོ་གནོན་ཐུབ་སོང་རུང་་་་་་ དེའི་རྗེས་ཀྱི་ལས་ངན་དང་ཁྱོད་ཚོས་སྣེ་དྲངས་པའི་འུ་ཚོའི་ལས་བསྐལ་ཡིན་རྒྱུ་རེད་ཡ། ད་མ་ཤེས་ན་ཤེས་མདོག་གིས་ཅིག་བཤད་ཀི་མ་སྡོད། མ་ཞུ་བ་བྱེད་ཁྱེད་ཚོར། ཆབ་སྲིད་ཀྱི་ལྟ་བ་དང་ཉམས་མྱོང་གང་ཡང་མེད་པར། རླུང་གིས་གར་དེད་ས་ལ་ཤག་ཤག་འདྲིལ་ཆོག་ཆོག་འདི་འདྲ་ངོ་མ་ཡ་ང་ནི་ཞིག་རེད། སྤྱིར་ན་ཁམས་དང་ཨ་མདོ་དབུས་གཙང་ཟེར་བསྡད་ན་མི་ལེགས་པ་ཞིག་རེད། ཡིན་ན་ཡང་། འདི་རྩ་མེད་འགྲོ་རྒྱུ་ཡོད་པ་ཞིག་མ་རེད། དེ་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་རེད། ཡིན་ན་ཡང་། བོད་ཆོག་ཁ་གསུམ་པོ་མཉམ་གནས་བྱེད་རྒྱུ་འདི་ང་ཚོ་ཐུན་མོང་གི་ཁེ་ཕན་ཞིག་ཡིན་པས། མིའི་རང་གཤིས་དང་ཐག་ཉེ་་ས་ནས་ཆབ་སྲིད་ཀྱི་ལམ་ལུགས་ཐོག་བསྐྱོད་དགོས་པ་ལས། ཆོས་པ་ཚོས་ཁ་ནས་བཤད་ཀྱིན་པ་ལྟར་་་་ལྷག་བསམ་རྣམ་དག་དང་ཅིག་ཅིག་ཅིག་་་ཟེར་ནས་ཁ་ནས་བཤད་པ་དེས་ཕན་མི་ཐོག་གི ལག་ལེན་དངོས་ལ་ཞུགས་དགོས་ནི་རེད་ཨ་རོ་ཚོ། ད་གཞན་གྱི་ཁྱི་རྒྱག་གི་དབྱུགས་པ་རྐྱང་རྐྱང་བྱེད་མ་སྡོད། ངས་ཞུ་བ་བྱེད། ཨ་མདོ་ཚོ་་་་ཨེ་གོ་ཐའ། ང་ངོ་མ་ངོ་ཚ་གི ཡ་ང་གི མ་མཐའ་ཡང་ཁམས་དང་ཨ་མདོ་གཉིས་ལ་ཁྱད་ཅང་མེད་པའི་གནས་སྟངས་འདི་རིག་གི་ཆུགས་ད། ང་ཚོ་སྐྱིད་སྡུག་མཉམ་མྱོང་རེད། སྤྱིར་ན་བོད་མི་ཡོད་དོ་ཅོག་དེ་འདྲ་རེད། ད་ངོ་མ་སྣང་ཚུལ་དང་གནས་ཚུལ་ངོ་མ་རྒྱུས་ལོན་མ་སོང་ན་ཅིག་བཤད་ཀི་མ་སྡོད། ཡུམ། ང་ངོ་ཚ་ནི་ཞིག་རེད།
ཨ་མདོ་བ་རྣམས་ཀྱིས་བོད་སྤྱི་དོན་ལ་མི་བསམ་ པར་ཆོལ་ཁའི་འཐེན་ཁྱེར་ལ་གཉམ་རུབ་བྱེད་མཁན་མང་ཤོས་ཡིན་པ་ཤེས་ནས་ནོངས་འགྱོད་ བྱེད་ན་དགའ་། དཔེ་ན་དེ་སྔོན་ཨམ་ར་ལྦ་ཏི་ལ་དུས་འཁོར་དབང་ཆེན་སྐབས་ཧམ་པ་རི་ལས་མཐོ་བར་ལས་ རྒྱུ་འབྲས་ལ་བསམ་ཞིག་མི་བྱེད་མཁན་ལྟ་ལོག་རྒྱ་ལོའི་ཁྱི་ཕྲུག་གྲ་ལོག་ཁྱེད་དང་ འདྲ་བ་རྣམས་གྱིས་༧་གོང་ས་མཆོག་ལ་དུས་འཁོར་དབང་ཆེན་ཨམ་སྐད་ཐོག་གསུངས་རོགས་ ཞུས་འདུག་པ་དེ་དང་དེ་མཚུང་མང་པོ་ཡོད་རེད་། བཤད་དགོས་ན་ཐུབ་དུས་རེ་རེ་བཞིན་ཁྱེད་གྱི་དགོང་ལ་མཛུབ་མོ་གཙུག་ཏེ་བཤད་མཆོག་།
ཨ་ལེ་འདི་་་་སྔ་ལོའི་དམིགས་བསལ་ཚོགས་ཆེན་གྱི་བརྙན་འཁོར་ནང་གསེར་རྟ་ཚུལ་ཁྲིམས་ཀྱི་འཁྲིས་ནས་བཀའ་ཁྲིའི་མཇུག་བསྡོམས་གསལ་བྱེད་སྐབས་གུས་བཀུར་གྱི་རྣམ་འགྱུར་སྟོན་འདོད་མེད་མཁན་མ་དེ་རེད་འདུག སྐད་ཆ་བཤད་སྟངས་འདི་ང་ཚོས་གྲོས་ཚོགས་ནང་ཡིན་པས་ང་ངོ་ཚ་ནས་འབར་སོང་། སྙིང་རྗེ་མོའི་ཁྱོ་ག་དེ། ད་དཀོན་མཆོག་གསུམ་རྒྱ་ནག་དགའ་ནས་བྲོ་བརྡུང་ཆོག་ཆོག་བྱས་ཤག རྗེས་མ་ནས་ཁོ་ཚོའི་གྲས་་་་་་་་་་ཡོད་པ་ལས་གྲོས་ཚོགས་ནང་མེད་ན་བཟང་གི་ཡ། འདི་མོ་འདིས་ངོ་མ་སྤྱི་ཚོགས་ཁྲག་དཀྲུག་དཀྲུག་རྣག་དཀྲུག་དཀྲུག་བྱེད་ཀི ང་ཚོའི་གྲོས་ཚོགས་ནང་རྒྱུ་ངོམ་དང་དབུང་ངོམ་ཡང་བྱེད་རྒྱུ་ཡོད་པ་ཡིན་ནམ། ཨ་ཁ་ཁ་མོ་ཕ་རྒྱུད་འཇུ་ཆེན་ངོ་མ་ཡིན་རྒྱུ་རེད་ཀོ
འདས་ཟིན་པའི་དཀྲོག་གཏམ་ཞིག་ལ་འགྲེལ་བརྗོད་བྱེད་མ་དགོས་ན་བསམ་ཡོད་།
ཨ་མདོ་བ་རྣམས་དེ་འདྲ་མ་རེད་པས་།
དྲ་གྲོགས་ཚོ་གཤམ་གྱི་འབྲེལ་ཐག་ཚོར་གཟིགས་དང་ལྟད་མོ་ཡོད་ཀི་ཡ།
http://www.youtube.com/watch?v=Uk27E4m2KyA&feature=related
http://www.youtube.com/watch?v=c7N-8-5LCnE&feature=related
དྲ་གྲོགས་ཚོས།
སྤྱིར་ང་ཚོའི་སྤྱི་ཚོགས་འདིའི་ཁྲོད་བསམ་ཚུལ་ཅུང་ཟད་ཅིག་བཏོན་ན་དེ་ཐོག་ཏུ་ཕྱོགས་ཞེན་གྱིས་སྣོན་པ་བརྒྱབ་རྒྱུ་གོམས་གཤིས་སུ་འཇགས་ཡོད་ཀི།་་དེ་ནི་མདོར་ན་རང་ཉིད་གནས་ལུགས་དང་རྒྱང་རིང་བའི་རྟགས་མཚན་རེད་ཅིག་གམ་ཡང་ན་རང་གི་མི་རིགས་ལ་འགན་ཅུང་ཟད་ཙམ་ལེན་གྱི་མེད་པའི་མངོན་རྟགས་རེད།
སྤྱིར་སྤྱི་འཐུས་ཀྱི་རྐུབ་ཀྱག་ཐོག་ཏུ་སླེབས་པ་ནས་ཨ་མདོ་བ་དང་ཁམས་པ་དབུས་པའི་ཁྱད་པར་ཡོད་པ་མ་རེད་བོད་མི་རིགས་ཀྱི་བདེ་སྡུག་གི་འགན་འཁུར་དགོས་ནི་རེད།་་བཙན་བྱོལ་བོད་མིའི་འགྲིག་གཞི་བརྩི་དགོས་ནི་རེད་དེ་མིན་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་བཤད་རྒྱུ་ཡོད་རུང་ཕན་ཐོགས་ཀྱི་མ་རེད།་་
སྤྱིར་འཐུས་སུ་ཞིག་གིས་བྱེད་ཉེས་བྱས་ན་དེས་བོད་སྤྱི་ལ་གནོད་རྒྱུ་རེད་མ་གཏོགས་ཆོལ་ཁ་བྲེ་བྲག་པ་ཞིག་ལ་དམིགས་བསལ་གྱིས་གནོད་ནི་མ་རེད།་་་དེར་བརྟེན་བོད་མི་མང་གི་སྤྱི་འཐུས་ཀྱི་ངོ་ཚབ་ཏུ་སུ་ལངས་ན་དེ་ངའི་ངོ་ཚབ་དང་ངའི་མི་རིགས་ཀྱི་ངོ་ཚབ་ཏུ་སོང་གཤིས་དུས་ནམ་ཡིན་རུང་ཆོལ་ཁའི་བྱེ་བྲག་མེད་པར་དེའི་བྱས་ཉེས་བྱས་ཚེ་ངས་ཁོང་འགྲིག་མ་སོང་ཟེར་རྒྱུའི་ཐོབ་ཐང་ཡོད་པ་རེད་ལ་འགན་ཡང་ཡོད་པ་རེད།
དེ་ནི་ཆོལ་ཁ་ཞིག་དང་མི་སྒེར་བ་ཞིག་ལ་སྡང་མིག་བྱེད་པ་མིན་ལ་མཚོན་ཡང་མི་ཐུབ།་་་དེ་ང་རང་ཉིད་ཀྱི་མ་འོངས་ཌྷའགན་འཁུར་མཚོན་ཡོད།
མཐའ་དོན་ངའི་ངོ་ཚབ་ཏུ་ལངས་པའི་མི་དེའི་རིགས་མཐོང་ཚེ་ང་ངོ་མ་ཡིད་སྐྱོ་སོང་བས་ངུ་སྐད་ཡིན།
དྲ་གྲོགས་ཚོ།
སྤྱིར་ང་ཚོའི་སྤྱི་ཚོགས་འདིའི་ཁྲོད་བསམ་ཚུལ་ཅུང་ཟད་ཅིག་བཏོན་ན་དེ་ཐོག་ཏུ་ཕྱོགས་ཞེན་གྱིས་སྣོན་པ་བརྒྱབ་རྒྱུ་གོམས་གཤིས་སུ་འཇགས་ཡོད་ཀི།་་དེ་ནི་མདོར་ན་རང་ཉིད་གནས་ལུགས་དང་རྒྱང་རིང་བའི་རྟགས་མཚན་རེད་ཅིག་གམ་ཡང་ན་རང་གི་མི་རིགས་ལ་འགན་ཅུང་ཟད་ཙམ་ལེན་གྱི་མེད་པའི་མངོན་རྟགས་རེད།
སྤྱིར་སྤྱི་འཐུས་ཀྱི་རྐུབ་ཀྱག་ཐོག་ཏུ་སླེབས་པ་ནས་ཨ་མདོ་བ་དང་ཁམས་པ་དབུས་པའི་ཁྱད་པར་ཡོད་པ་མ་རེད་བོད་མི་རིགས་ཀྱི་བདེ་སྡུག་གི་འགན་འཁུར་དགོས་ནི་རེད།་་བཙན་བྱོལ་བོད་མིའི་འགྲིག་གཞི་བརྩི་དགོས་ནི་རེད་དེ་མིན་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་བཤད་རྒྱུ་ཡོད་རུང་ཕན་ཐོགས་ཀྱི་མ་རེད།་་
སྤྱིར་འཐུས་སུ་ཞིག་གིས་བྱེད་ཉེས་བྱས་ན་དེས་བོད་སྤྱི་ལ་གནོད་རྒྱུ་རེད་མ་གཏོགས་ཆོལ་ཁ་བྲེ་བྲག་པ་ཞིག་ལ་དམིགས་བསལ་གྱིས་གནོད་ནི་མ་རེད།་་་དེར་བརྟེན་བོད་མི་མང་གི་སྤྱི་འཐུས་ཀྱི་ངོ་ཚབ་ཏུ་སུ་ལངས་ན་དེ་ངའི་ངོ་ཚབ་དང་ངའི་མི་རིགས་ཀྱི་ངོ་ཚབ་ཏུ་སོང་གཤིས་དུས་ནམ་ཡིན་རུང་ཆོལ་ཁའི་བྱེ་བྲག་མེད་པར་དེའི་བྱས་ཉེས་བྱས་ཚེ་ངས་ཁོང་འགྲིག་མ་སོང་ཟེར་རྒྱུའི་ཐོབ་ཐང་ཡོད་པ་རེད་ལ་འགན་ཡང་ཡོད་པ་རེད།
དེ་ནི་ཆོལ་ཁ་ཞིག་དང་མི་སྒེར་བ་ཞིག་ལ་སྡང་མིག་བྱེད་པ་མིན་ལ་མཚོན་ཡང་མི་ཐུབ།་་་དེ་ང་རང་ཉིད་ཀྱི་མ་འོངས་ཌྷའགན་འཁུར་མཚོན་ཡོད།
མཐའ་དོན་ངའི་ངོ་ཚབ་ཏུ་ལངས་པའི་མི་དེའི་རིགས་མཐོང་ཚེ་ང་ངོ་མ་ཡིད་སྐྱོ་སོང་བས་ངུ་སྐད་ཡིན།
འདི་ཡོད་འཆན་འབྲི་བ་མང་ཆེ་བས་འཐེན་ཆེར་་གྱི་གཏམ་བཤད་བྱེད་འདུག་པ་དེ་དག་གིས་འབྲོག་ཐོག་འབྲི་ལུགས་ལ་ལྟས་ན་ཨ་མདོ་བ་ཡིན་པ་འདྲ་། དེས་ན་དེངས་སྐབས་རྒྱ་རིགས་སུ་འགྱུར་ཟིན་པ་ལྟ་ལོག་རྒྱ་ལོ་དོན་འགྲུབ་དང་དོལ་རྒྱལ་རྗེས་འབྲང་བ་ཁོ་ཚེ་ཚུལ་ཁྲིམས་གཉིས་ཀྱིས་སྐྱབས་འོག་ཏུ་ཡོད་པའི་བོད་ནས་གསར་འབྱོར་བ་སྡ་སའི་དབྱིན་ཇའི་རྒན་མོས་རྐུབ་ལ་གུས་ཕྱག་འཚལ་མཁན་ཨ་མདོ་བ་སྐྲ་རིང་རྣམས་གྱིས་འགྱོན་ཐང་ཁོ་ན་ལ་ཡིད་མ་ཆགས་པར་བོད་རིགས་ཆོལ་ཁ་གསུམ་པོ་ཅིག་སྒྲིག་ཐོག་ལ་བསམ་བློ་ཞིག་ཐོང་དང་། ཨ་མདོ་བ་སྤྱི་འཐུས་ཚོགས་གཙོ་སྤེན་པ་དང་ཁམས་པའི་ཚོགས་གཞོན་རྒྱ་རི་གཉིས་ཀྱིས་ཁ་མཐུན་གཉམ་རུག་འོག་བོད་པའི་སྤྱི་ཚོགས་ནང་ལོ་རྒྱུསམགསར་པ་ཞིག་དང་མ་འོངས་བྱེད་ཕྱོགས་གསར་པ་ཞིག་འགོ་ཙམ་པ་ལས་བརྟེན་ནས་ད་བར་མཐུན་སྒྲིག་ཡིན་པའི་བོད་རིགས་ན་གཞོན་རྣམས་དབྱེར་འབྱེད་གསར་པ་དེའི་འོག་འདོད་མིན་ལ་མ་སྟོས་པར་་ཤར་བསྐྱོད་མ་འགྲོ་ཐབས་མེད་རེད་འདུག་སམ་། བསམ་བློ་ཐོང་ ཨ་མདོ་བ་དང་ཁམས་པ་རྣམས་། ཁྱེད་འཚོ་བོད་ཁོང་ཡིན་པ་ལ་ལོ་རྒྱུས་ཁ་གསལ་མེད་།
ཨ་རོག་དྲ་གྲོགས་ཀུན་དགའ་ལགས།་ཨ་མདོ་བ་དང་ཁམས་པ་བ་གང་ལ་གཏོགས་དང་མ་གཏོགས་ལས་ཐོག་མར་རང་གིས་བྲིས་པའི་ཟིན་བྲིས་དེ་བོད་ཡིག་དང་གཏོགས་ཀྱི་ཡོད་མེད་ཅིག་བལྟས་ན་དགའ་ས་རེད།
དེ་མིན་ཁྱེད་ཀྱི་ཟིན་བྲིས་ཁེར་རྐྱང་དུ་བརྡ་མི་འཕྲོད་པར་ལྷག་ས་རེད།
བོད་མི་གྲལ་མཐའ་བ་ཞིག་གི་འབོད་སྐུལ་ཡིན།
བོད་གཅིག་ཡིན། རྨི་ལམ་གཅིག་ཡིན། དམིགས་ཡུལ་གཅིག་ཡིན། འཐབ་ཕྱོགས་གཅིག་ཡིན། ཆོས་ལུགས་ཆོལ་ཁའི་སྐད་ཆ་ཟེར་བ་ཞིག་གི་ཆེད་དུ་སྐད་ཆ་ནམ་ཡང་བཤད་དགོས་དོན་མེད། བོད་སྐྱབས་བཅོལ་བ་ཡིན། ང་རང་སྐྱབས་བཅོལ་གཞུང་གི་གནས་བབ་འོག་ནས་བོད་ལ་མཁོ་བའི་སྤྱི་མི་ཞིག་བྱེད་རྒྱུ་དེ་ནི་ངའི་དམ་བཅའ་ཡིན་པ་དང་དམ་བཅའ་དེའི་ཆེད་དུ་ང་རང་གིས་བོད་མི་མང་གི་མིང་ཞིག་འཁུར་ནས་བསྡད་ཡོད། དེའི་ཆེད་དུ་ང་རང་གི་རྐུབ་སྟེགས་འདི་ནི་རང་ཉིད་ཀྱི་ཚེ་སྲོག་དང་འཚོ་བ་ལས་ཀྱང་རྩེ་ཆེར་འཛིན་གྱི་ཡོད་ཟེར་ནསབསམ་འཕོད་པ། བཤད་འཕོད་པ། སྒྲུབ་འཕོད་པ་ཞིག་འུ་ཅག་བཙན་བྱོལ་གཞུང་གི་རྐུབ་སྟེགས་སྟེང་དུ་མ་སླེབས་པར་དུ། བོད་བཙན་བྱོལ་གཞུང་ལ་ཡར་རྒྱས་ཤིག་མེད་པར་ཐག་བཅད་དེ་བཤད་ཐུབ་ཀྱི་འདུག འདི་ནི་བདག་གིས་རང་ཉིད་བོད་མི་གྲལ་མཐའ་བ་ཞིག་གི་དུས་རྒྱུན་དུ་ཡིད་ལ་དྲན་བཞིན་པའི་བསམ་ཚུལ་ཞིག་ཡིན། སྐད་ཆ་འདི་སུས་གོ་ན་སྤྱི་འཐུས་མིང་འཁུར་བའི་བོད་མི་སེར་སྐྱ་ཕོ་མོ་སུ་ཡིན་གྱི་སྙན་ལམ་དུ་སྒྲོན་རོགས་ཞུ།
རྩ་ཆེར་
ད་གྲོགས་རྣམ་པ་ཚོ།
བརྙན་པར་འདིའི་ནང་གི་སྐུ་ཚབ་དེ་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་བུ་མོ་དེ་རེད།
ཁོང་གི་གསུང་བཤད་དེ་ངར་མ་ཞིག་མཐོང་མ་སོང་། དེ་སྦྱིན་བདག་སྡུག་རྩུབ་ཅན་ཞིག་གིས། རང་གི་གཡོག་པོ་ཞིག་ལ་གཤེ་གཤེ་གཏོང་བ་འདྲ་པོ་ཞིག་འདུག
སྤྱི་འཐུས་འདི་དག་གི་རྣམ་འགྱུར་མཐོང་དུས། བོད་འདི་ཞིང་བྲན་ལམ་ལུགས་ནས་བཅིངས་དཀྲོལ་བཏང་བ་ཡིན་ཞེས་གུང་ཁྲན་གྱིས་བཤད་པའི་སྐད་ཆ་འདི་ཚོར་ངོ་མ་བྲོ་བ་ཞིག་སླེབས་སོང་།
རྒྱུ་མཚན་ནི། སྤྱི་འཐུས་འཇུ་ཆེན་གྱིས་རྒྱུ་མཚན་ཤོད་ཀྱི་མིན་འདུག གནས་ལུགས་ཤོད་ཀྱི་མིན་འདུག ཧམ་པ་དང་འཇིགས་སྣང་སྐུལ་གྱི་འདུག དེ་ནི་ཞིང་བྲན་ལམ་ལུགས་ཀྱི་སྤྱོད་པ་མ་རེད་པས།
“དེ་སྦྱིན་བདག་སྡུག་རྩུབ་ཅན་ཞིག་གིས། རང་གི་གཡོག་པོ་ཞིག་ལ་གཤེ་གཤེ་གཏོང་བ་འདྲ་པོ་ཞིག་འདུག”
“རྒྱུ་མཚན་ཤོད་ཀྱི་མིན་འདུག གནས་ལུགས་ཤོད་ཀྱི་མིན་འདུག ཧམ་པ་དང་འཇིགས་སྣང་སྐུལ་གྱི་འདུག དེ་ནི་ཞིང་བྲན་ལམ་ལུགས་ཀྱི་སྤྱོད་པ་མ་རེད་པས།”
ངོ་མ་བདེན་པ་རེད། སྐུ་ངོ་འཇུ་ཆེན་ཚང་ཟེར་བ་དེ་འདི་འདྲ་ཞིག་ཡིན་སྣང་མ་ཤར། ད་དུང་སྒྲོལ་མ་མཚོ་མོས་གྲོས་འཆར་འདོན་པའི་སྐབས་སུ། འདྲེ་མོ་གདུག་རྩུབ་ཅན་དེས་དེས་འོག་ནས་ཡར་མིག་སྡང་གིས་བལྟ་ལུགས་ལ་ལྟོས་དང་།
གཅིག་བྱས་ན་ཉིན་དེར་འདྲེ་མོ་དེ་ལ་ཁྱིམ་ཚང་གི་རྙོག་དྲ་ཞིག་བྱུང་ཡོད་ས་རེད། ཕྱི་རྒྱལ་གྱི་ལུང་པ་ཡིན་ན་ཕོ་མོ་སུ་ལ་(Family problem) བྱུང་ཡོད་པའི་ཉི་མ་དེར་མི་ཀུན་གྱིས་སྙིང་རྗེ་བསྒོམས་ནས་གང་ཡག་ཡག་བཤད་པ་མ་གཏོགས་ཁ་གཙེ་གི་མ་རེད།
ངོ་ལ་གཉིད་བབ་འདུག་པའི་སྤྱི་འཐུས་མིང་འཛིན་འགའ་མཐོང་རྒྱུ་འདུག་པ་དེ་ཚོའི་གཉིད་དཀྲོག་པར་ཕན་ས་རེད་ཀོ གང་ལྟར་མདོ་སྟོད་མི་དམངས་ཀྱིས་བདམས་པ་ཞིག་ཡིན་པས་མང་པོ་མ་བཤད་ན་དགའ།
ད་དུང་ཁྱེད་ཚོས་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཟེར་བ་དེར་ལྟོས་དང་། ཁོ་ལ་དེ་འདྲའི་རྣམ་དཔྱོད་དང་མཁས་པའི་ཉམས་ཤིག་འདུག ཁོ་འདྲ་འདྲ་སྤྱི་འཐུས་ལ་མི་སླེབས་ན་སུ་སླེབས། ཁོ་ངར་ནག་གཏིང་ནས་ལངས་ཏེ། ཁ་འདརལུས་འདར་བྱེད་བཞིན་བཤད་རྒྱུར། “ཡག་པོ་བྱས་ན་ཡག་པོ་རེད། ཡག་པོ་མ་བྱས་ན་ཡག་པོ་མ་རེད།” ལྟོས་དང་སྔོན་ནས་ད་བར་ང་ཚོའི་སྤྱི་ཚོགས་ནང་ཡག་པོ་བྱས་ན་ཡག་པོ་ཡིན་པ་དང་། ཡག་པོ་མ་བྱས་ན་ཡག་པོ་མིན་པ་ཤེས་མཁན་ཁོ་མ་གཏོགས་བྱུང་མེད། ང་ཁོའི་རྣམ་དཔྱོད་དང་གཏམ་ཤོད་སྟངས་ལ་ཧ་ལས་སོང་། འདི་འདྲའི་སྤྱི་འཐུས་རེ་ཡོད་པ་ང་ཚོའི་བསོད་ནམས་རེད།
ཕྱོགས་གཞན་ནས་བཤད་ན། ཁོས་བོད་ཡག་པོ་ཤེས་ཀྱིན་མེད་པ་འདྲ། དབྱིན་ཇི་བོད་སྐད་གསར་སློབ་རྣམས་ཀྱིས་ཀྱང་། ཡག་པོ་རེད་དང་། ཡག་པོ་མ་རེད་ལས་སླ་བོའི་ཤེས་ཀྱི་ཡོད།
ཡང་བསྐྱར་ཁོའི་རྣམ་འགྱུར་དང་སྐད་ཆ་ཤོད་སྟངས་ལ་གཅིག་གཟིགས་དང་།
http://www.youtube.com/watch?v=c7N-8-5LCnE&feature=related
ད་ཡིན་ན་སྒྲོལ་མ་མཚོ་མོས་ཅིག་དཀའ་ས་རེད། འདི་སྔོན་ཆད་ཨ་མདོའི་གསར་བུ་གང་མང་ཞིག་གི་སེམས་པ་ཤོར་ས་དེ་ཨེ་རེད།
ཨ་མདོའི་གསར་བུ་གང་མང་མི་ཤེས་མོད། བསྟན་འཛིན་མགོན་པོས་སེམས་པ་ཤོར་ནས་ཡི་གེ་གྲངས་མེད་བསྐུར་བའི་ལོ་རྒྱུས་ཡོད། ཡིན་ཡང་ཁོའི་ལག་ལ་མ་ཡོང་བས་གོ་སྐབས་འདི་དམ་འཛིན་བྱས་ནས་ཁོས་མོ་ལ་ཚིག་རྩོད་བྱེད་ཀྱིན་ཡོད་པ་རེད། སྤྱི་འཐུས་ལྟས་ངན་འདི་ཚོས་སྒེར་གྱི་སྙིང་ནད་ཡོད་ཚད་སྤྱི་འཐུས་གྲོས་ཚོགས་ཀྱི་སྟེགས་བུར་ཁྱེར་ཡོང་གིན་འདུག ངོ་མ་བློ་ཕམ་གྱི་གནས་རེད།
དགེ་ལུགས་སྤྱི་འཐུས་ནོར་མ་མགོ་ངར་ལངས་ནས་ཁུ་ཚུར་བསྡམས་ཏེ་རྒྱུགས་ནོ་ལྟོས་ར། འདི་ཚོ་དགྲ་བོ་རྒྱ་ནག་གི་ཐོག་ལ་འདི་ལྟར་རྒྱུགས་ཐུབ་ན་དགའ་བ་ལ།
བོད་མི་གྲལ་མཐའ་བ་ཞིག་གིས་འབོད་སྐུལ། གཉིས་པ།
རང་ཁ་གསེར་གྱི་སྒོ་མོ་ནས་རང་སྲོག་གཅོད་ཀྱི་སྟ་རེ་ཟེར་སྲོལ་སྲིད་པའི་གཏམ་དུ་ཡོད་པ་བཞིན། སྤྱི་མི་མིང་འཁུར་མཁན་བོད་མི་དམངས་ཀྱི་འཐུས་ཚབ་དུ་གཏོགས་པ་དེ་ཚོས་སྐད་ཆ་བཤད་ལུགས་འདིས་སེམས་པ་ལ་ན་ཟུག་རྒྱག་པ་དང་། ཨ་ཐང་ཆད་པ། རེ་བ་མེད་པ། རྒྱའི་སྲིད་གཞུང་གིས་འདོད་ཐོག་དུ་རྟ་རྒྱུག་རྒྱུར་རམ་འདེགས་བྱེད་མཁན་ཞེ་གཅིག་ལས། བོད་མི་མང་གི་འཐུས་ཚབ་མཚོན་ཐུབ་པའི་སྐད་ཆ་བཤད་ཤེས་པ་ནས་ལག་ལེན་དུ་འཁྱེར་ཐུབ་མཁན་གྱི་རྣམ་པ་ཞིག་མཐོང་མི་ཐུབ་པ་འདིས། བོད་རིགས་སེར་སྐྱ་མང་ཚོགས་རྒན་གཞོན་བོད་མི་རིགས་ཀྱི་བདེན་དོན་ལ་སེམས་འཁུར་ཡོད་མཁན་གང་ན་སུ་ཡོད་པ་དག་གིས་སེམས་ཁོང་དུ་ཆུ་འཁྱག་སྐྱོག་བཀང་དང་། རྒྱའི་སྲིད་གཞུང་གིས་འདོད་བློ་ཐེངས་ཤིག་སྐོང་སོང་ཞེས་བཤད་ཀྱང་། གཏན་ནས་ནོར་མེད་ཚོད་དུ་སྣང་བའི་གྲོས་ཚོགས་ཀྱི་ཟུར་འདི་མཐོང་དུས། བོད་ཟེར་བའི་མིང་ཚིག་འོག་ནས་སྐད་ཆ་བཤད་ཤེས་པ་ནས། བསམ་བློ་གཏོང་ཤེས། བསམ་བློ་གཏོང་ཤེས་པ་ནས་ཉན་ཤེས་པ། ཉན་ཤེས་པ་ལག་ལེན་དུ་འགེལ་མཁན་མེད་པ་འདི་ནི་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གི་ཐུགས་རེ་ཆུད་ཟོས་དང་། བོད་ནང་གི་བོད་མི་ཁྲི་མ་འབུམ་གྱི་གཙོ་བའི་བོད་མི་མང་གི་ཆེད་དུ་ལུས་སྲོག་བཏང་ཟིན་པའི་དབའ་བོ་དབའ་མོ་དག་གི་རྣམ་ཤེས་ལ་ཡང་གུས་བརྩི་ཙམ་ཡང་བྱེད་མ་ཐུབ་པ་ཞིག་མཐོང་གི་འདུག་ན། རྗེས་ཕྱོགས་འདི་འདྲའི་བྱ་བ་ནོར་འཁྲུལ་ཅན་མི་འབྱུང་བའི་ཆེད་དུ། བོད་སྙིང་ཡོད་མཁན་གང་ས་སུ་བཞུགས་པ་དག་གིས་རང་གཅེས་རང་བདག་གིས་བོད་མི་རིགས་ཀྱི་ལས་དབང་ལ་འགན་ཞིག་ལེན་རྒྱུར་རེ་སྐུལ་སེམས་ཁོང་རུས་པའི་གཏིང་ནས་སླར་ཡང་ཐེངས་ཤིག་བྱེད།
རྒྱལ་ཁབ་ཡོད་པའི་སྤྱི་འབངས་ཚོར་མཚོན་ན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་མང་ཆེ་བ་གྲོས་ཚོགས་མ་ཆགས་པའི་སྔོན་དུ་ཞིང་ཆེན་ནམ་མངའ་སྡེ་དེའི་སྤྱི་ཁྱབ་འགན་འཛིན་སོགས་ཆབ་སྲིད་ཀྱི་ལས་ཀ་སྣ་མང་ཞིག་བརྒྱུད་དེ་གཞི་ནས་རྒྱལ་ཁབ་གཞུང་གི་གྲོས་ཚོགས་འཐུས་མིར་བསླེབས་པ་རེད། ཡིན་ན་ཡང་ང་ཚོར་དེ་འདྲའི་ཁོར་ཡུག་མེད་པས་ཚོང་བ་དང་དགེ་བཤེས། དགེ་རྒན་དང་རྩོམ་པ་པོ་སོགས་ཉི་མ་གཅིག་ལ་ཡང་ཆབ་སྲིད་རིག་པའི་སློབ་སྦྱོང་བྱེད་མ་མྱོང་བ་སྐོར་ཞིག་རང་རང་གི་ས་ཁུལ་དང་ཆོལ་ཁའི་མི་ངོ་ཤེས་སྐོར་ཞིག་གི་འུར་སྒྲོག་བརྒྱུད་དེ་གྲོས་ཚོགས་འཐུས་མིར་བསླེབས་པ་རེད། དེའི་ཕྱིར་གྲོས་ཚོགས་ནང་དུ་བསླེབས་རྗེས་ཚོང་བས་ཚོང་རྒྱག་སྟངས་དང་ཆབ་སྲིད་གཉིས་མཉམ་དུ་དཀྲུགས་ནས་ཅིག་བཤད་ཀི་རེད། དགེ་བཤེས་ཚོས་ནང་པའི་ཆོས་འཆད་སྟངས་དང་ཆབ་སྲིད་གཉིས་དཀྲུགས་ནས་ཅིག་བཤད་ཀི་རེད། དགེ་རྒན་ཚོས་སུམ་རྟགས་དག་གསུམ་གྱི་འགྲོ་ལུགས་དང་ཆབ་སྲིད་གཉིས་བསྲེས་ནས་ཅིག་བཤད་ཀི་རེད། རྩོམ་པ་པོ་ཚོས་སྙན་ངག་དང་སྒྲུང་གཏམ་འབྲི་སྟངས་དང་ཆབ་སྲིད་གཉིས་བསྡེབས་ནས་ཅིག་བཤད་ཀི་རེད། རྩ་བའི་ཆ་ནས་ཆབ་སྲིད་རིག་པའི་ཤེས་བྱ་མེད་པ་དང་གཅིག ཁོ་ཚོའི་ཆེད་ལས་རེ་རེ་བཞིན་ཆབ་སྲིད་རིག་པར་འབྲེལ་བ་མེད་པ་དང་གཉིས། དམངས་གཙོ་དང་རང་དབང་ལ་ཁ་གཡར་ནས་སེམས་ནས་གང་འདོད་ཅིག་བཤད་ཆོག་པ་དང་གསུམ། འདི་གསུམ་མཉམ་དུ་འཛོམས་ནས་འཁྲབས་པའི་ཆབ་སྲིད་ཀྱི་ཟློས་གར་དེའི་དཔེ་མཚོན་ཡག་ཤོས་དེ་ནི་གོང་གི་བློ་གྲོས་ལགས་ཀྱི་མཆན་དེའི་འོག་གི་གློག་བརྙན་ཐུང་ཐུང་དེ་རེད།
གྲོས་ཚོགས་མ་ཆགས་པའི་སྔོན་་་་་
གྲོས་ཚོགས་འཐུས་མི་མ་ཆགས་པའི་སྔོན་
སྒྲོལ་མ་མཚོ་མོ་ལ་སེམས་ཤོར་མཁན་མང་ནི་རེད། ཧོར་གཙང་འཇིགས་མེད་ཀྱིས་ཀྱང་། གནག་སྣུམ་སྐྲ་ཡི་ལན་བུ་རེ་ལ་ཡིད་འོང་འོད་ཀྱི་རྩེ་དགའ་འབར།། སོགས་ཀྱི་སྙན་ངག་རིང་པོ་དེ་སྒྲོལ་མཚོ་ལ་བྲིས་པ་ཡིན་ཡང་ཁོའི་ལག་ཏུ་མ་ཡོང་བ་རེད། ཡ་མཚན་པ་ཞིག་ལ་བསྟན་འཛིན་མགོན་པོས་སྒྲོལ་མཚོ་འདེད་རྒྱུ་མང་དྲག་ནས་སྒྲོལ་མཚོ་སྒོ་ལ་འབུད་མི་ཕོད་རྒྱུ་ཞིག་བྱས་པ་རེད། སྔོན་མ་ང་ལ་བསྟན་འཛིན་མགོན་པོས་སྒྲོལ་མཚོའི་ཨ་མ་ལ་བསྐུར་བའི་ཡི་གེ་རིང་པོ་ཤོག་ལྷེ་བཅུ་ཅན་ཞིག་གི་པར་སློག་ཡོད་ཀྱང་། དེ་རིང་བརླག་ཚར་འདུག ཨ་ཧ་བོ་ན་ཧ་བོ། དེ་མིན་ངས་ཁྱེད་ཚོར་སྟོན་ཆོག་གི་རེད། ཁྱེད་ཚོ་ཉིན་མཚན་བཅུ་ལ་གད་མོ་ཤོར་ངེས་ཡིན། བསྟན་འཛིན་མགོན་པོ་སྒྲོལ་མཚོའི་དོན་དུ་རང་ཤི་བརྒྱབ་ནི་མིན་པ་ཞིག་བྱས་པར་མ་ཟད། སྒྲོལ་མཚོས་ཆང་ས་བརྒྱབ་ཚར་རྗེས་ད་དུང་རེ་བ་བྱས་པ་རེད། འོན་ཀྱང་དེ་རིང་སྒྲོལ་མཚོའི་ཐོག་ལ་ངར་གྱི་འདུག ངོ་མ་ཡ་མཚན་རེད། གྲོས་ཚོགས་ཁང་འདི་ངོ་མ་སྤྱི་སྒེར་གྱི་སྙིང་ནད་རྩོད་ས་ཞིག་ཡིན་ས་རེད།
ད་དུང་དགེ་ལུགས་སྤྱི་འཐུས་རླིག་པ་མགོ་ལ་ལྟོས་དང་། ཞེ་སྡང་གིས་ཁ་ཆུ་འཐོར་གྱི་འདུག ཨ་ཧ་བོ། དམར་མདོག་དེ་མར་ཕུད་བཏང་ཡོད་ན་དགའ་ས་རེད།
དྲ་གྲོགས་ཚོས་གཤམ་གྱི་འབྲེལ་ཐག་ཐོག་གཟིགས་དང་། ལྟས་ངན་དེ་ཚོའི་སྤྱོད་ངན་ཚང་མ་གསལ་བོར་འདུག
http://video.google.com/videosearch?q=14th+Tibetan+Parliament+meets+for+8th+Session+without+final+sitting.&hl=en&emb=0&aq=f#q=14th+Tibetan+Parliament+meets+for+8th+Session+without+final+sitting.&hl=en&emb=0&aq=f&qvid=14th+Tibetan+Parliament+meets+for+8th+Session+without+final+sitting.&vid=6894541418834316006
སྨྲ་བརྗོད་ཀྱི་རང་དབང་ཟེར་ན་འདི་འདྲ་ལ་གོ་ནི་རེད།
མང་གཙོའི་ཁེ་དབང་ཟེར་བ་ཡང་འདི་འདྲ་ལ་ཟེར་ནི་རེད།
མི་མང་གི་སྤྱི་འཐུས་ཟེར་ན་ཡང་འདི་འདྲ་དགོས་ནི་རེད།
རྒྱལ་ཁབ་ཀྱི་འཅའ་ཁྲིམས་བཟོ་མི་ཡང་འདི་འདྲ་ལོས་ཡིན་དགོས།
ཨ་ལེ། ཀུ་རེ་ཡིན།
ཨ་མདོའི་མཛེས་མ་སྒྲོལ་མ་མཚོ་མོ་ཡིས་།།
བཙན་བྱོལ་བོད་མའི་སྤྱི་འཐུས་བརྙེད་ལས་དཀྲོག་།
བཟང་ངེས་མ་འབྱེད་ས་རྟགས་བརྡུལ་རུབ་བྱས་།
དགྲ་དགའ་གཉིན་སྡུག་ཟེར་བའི་གཏམ་འདི་བྱུང་།།
འབྱོར་ལྡན་ཅིག་གི་སྤྱི་རྒྱུ་ཟས་ན་མི་ཤེས་མདོག་མདོག་བྱེད་དགོས་པར་།།
བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་གི་དཀའ་ངལ་ཡིན་།།
ཆོལ་ཁ་ཆོས་ལུགས་དམག་འཁྲུག་མ་རྒྱབ་།
སོ་སོའི་བདེ་སྡུག་བཤད་པ་དེ་ནི་།
ཀུན་དང་མཐུན་པའི་ལམ་གསོ་ཡིན་པས་།།
དོན་ཆུང་དོན་དབྱེར་བ་འབྱེད་དགོས་།།
ཨ་མདོའི་མཛེས་མ་སྒྲོལ་མ་མཚོ་མོ་ལ།།
ཁམས་པའི་སྡུག་མོ་འཇུ་ཆེན་ཞི་མོས་གཤེ།
ཁྱིམ་དང་རྒྱུ་ནོར་སུའི་ཆེ་མི་ཤེས་ཏེ།།
གཟུགས་དང་སྤྱོད་པ་ལྷ་དང་འདྲེ་བཞིན་ཁྱད།།
ཧ་ཧ། ཀུ་རེ་ཡིན་ལོ། ཀུན་དགའ། འདི་ན་སྒྲོལ་མ་མཚོ་མོ་དང་འཇུ་ཆེན་ཞི་མོ་སོགས་གླེང་གི་འདུག་མ་གཏོགས་ཨ་མདོ་དང་ཁམས་པ་གླེང་གི་མི་འདུག རང་གིས་ཡིན་གཅིག་ཁམས་པ་གླེང་བསམ་ན་འཇུ་ཆེན་ཞི་མོ་སོགས་ལ་ལྟོས་དང་ཕར་གླེང་མོ་དགོས་པར་ཚུར་གླེང་གི་འདུག
འོ།
ཨ་མདོའི་ལྷ་མོ་སྒྲོལ་མ་མཚོ་མོ་ལ།།
ཁམས་པའི་འདྲེ་མོ་འཇུ་ཆེན་ཞི་མོས་གཤེ།
ཚིག་གི་བརྗོད་སྟངས་འདི་འདྲ་བྱས་ན་ཡག་ས་མ་རེད་དམ། གཅིག་ཀྱང་མི་དགའ་བའི་ཀུན་དགའ་ལགས།
ཁམས་དང་ཨ་མདོ་གང་ཡིན་ངས་མི་ཤེས་།།
འདྲ་མོ་གང་ཡིན་རྒྱལ་ཁམས་ཀུན་ལ་གྲགས་།།
དགྲ་དགའ་གཉིན་སྡུག་ཟེར་བ་དོན་འདི་ཡིན་།།
ཨ་རོ་བོད་པ་ཡིན་ན་སེམས་མི་བདེ་།།
མྱིག་རྫོད་ཟེར་བའི་ལོང་བ་ཁྱོད་ཉོས་ཤིག་།།
དགོས་སར་ཆད་ལ་མི་དགོས་སར་ལྷག་པ།
མི་རིགས་ལ་རྒྱ་མེད་པའི་སོ་སྐྱེ་ཁྱེད་།།
དོན་མེད་ཕྱོགས་ཞིན་མ་བཟོ་རང་སྡུག་རེད་།།
ཨ་མདོ་ཨམ་སྐད་མི་ཤེས་སྒྲོལ་མ་མཚོ་།།
བོད་རིགས་གཙང་མ་ཡིན་གཏམ་བདེན་ན་།།
བརྩེ་ལྡན་བོད་རིགས་སྤུན་ཟླ་རྣམས་པ་ལྷན་།།
ད་ནས་གཅིག་སྒྲིག་བྱེད་བའི་ཐབས་ལ་འབད་།།
དྲ་གྲོགས་རྣམས་པས་གོང་ཏུ་འཆན་མང་པོ་ཞིག་ལ་སྒྲོལ་མ་མཚོ་དང་ཇུ་ཆེན་དཀོན་མཆོག་གཉིས་ལ་སྐྱོན་བརྗོད་ཚད་གནང་འདུག་པར་ལ་ལྟས་ན་ད་ནས་གཟུང་བཙན་བྱོལ་བོད་མའི་སྤྱི་འཐུས་ར་བ་ནང་བུ་མེད་ལོ་གཞོན་འོས་རླུག་མི་མཆོག་པ་བྱེད་ན་ག་འདྲས་འདུག་།།
ཧ་ཧ་ཧ་ཧ་ཧ་ཧ། གཅིག་ཀྱང་མི་དགའ་བའི་ཀུན་དགའ་ལགས། བོད་རིགས་ཡིན་མིན་བཤད་ན་འཇུ་ཆེན་ཚང་བོད་རིགས་ཡིན་ས་མ་རེད། གང་ཡིན་ཟེར་ན་ཁོང་ཚོས་འཇུ་ཟེར་བ་དེ་སོག་པོའི་ཧུ་པུ་ཡན་ཏ་ཀོ་དཔལ་ཆེན་ཡེ་ཤེས་ཀྱིས་རྒྱུད་པ་ཡིན་ཟེར་གྱི་ཡོད་རེད། འཇུ་འབར་ཆུང་གཉིས་ཀ་དཔལ་ཆེན་ཡེ་ཤེས་ཀྱིས་བུ་རྒྱུད་ཡིན་ཟེར་གྱི་འདུག ད་དུང་ཁོང་ཚོར་འཇུ་མདུང་ནག་འཛིན་པ་བཅུ་གསུམ་ཟེར་བ་སོག་པོའི་དཔོན་རིགས་རྐྱང་རྐྱང་བགྲངས་རྒྱུ་འདུག ད་འཇུ་བཟའ་མ་འདྲེ་མོ་དེ་བོད་རིགས་ངོ་མ་ཡིན་ས་མ་རེད་ཀོ
ད་དུང་འདྲ་མོ་དེ་ལ་སོག་པོའི་དམག་དཔོན་ཆུང་ཆུང་ཞིག་གི་ཁྲོ་གཏུམ་ཀྱང་འདུག་ག
ཨ་རོགས་ཚོ་འཇུ་ཆེན་ཚང་ལྷ་མོ་ཅིག་ཟེར་གི་མ་འདུག་ག
འཇུ་ཆེན་ལྷ་མོ་དཀོན་མཆོག་ལ། །
ཚིག་ངན་མ་སྨྲ་བུ་མོ་དེ། །
སྐད་ཆ་བཤད་ལ་དེ་ཙམ་ཞིག །
ཁ་བདེ་ལྕེ་བདེ་མིན་ན་ཡང་། །
ལྷག་བསམ་ཆེ་ཞིང་འཇོན་ཐང་ཅན། །
བུ་མོ་བོད་དོན་ཐོག་ལ་བཟང་། །
ཁ་འཇམ་ཁོག་རྩུབ་དཀྲུགས་འདྲེ་རྣམས། །
ཁྱེད་ཚོས་ད་དུང་ཤེས་མི་འདུག །
ཁ་ནས་སྙན་པོ་བཤད་ཚད་ཡག་པོ་མིན། །
ཁོག་ནས་དཀྲུགས་ཤིང་བརྒྱབ་ནས་སྤྱི་འཐུས་གཏོར། །
ཁ་འཇམ་ཁོག་རྩུབ་གཡོ་སྒྱུའི་ཕུང་པོ་རྣམས། །
ད་དུང་གསལ་བོར་དགོས་བཤད་དང་ཆོག །
རེད་ཡ། ཚང་མ་ཁག་མེདགི་་། ཕར་ལྟོས་ན་ང་ཚོའི་གཞི་ཕུག་སྟོང་བ་ཡིན་པས་ཚོར་བ་ཞིག་སྟེར་གི་འདུག། ཡིན་ན་ཡང་བསམ་གཞིག་གི་ཟུར་ངོས་གཞན་ཞིག་ནས་ལྟས་ན་། ང་ཚོ་བཙན་བྱོལ་ནང་མི་མང་གི་འོས་འདེམས་ལ་ངོས་ལེན་བྱས་ནས་། ལོ་འགའི་རང་གི་སྤྱི་མཐུས་ལ་ཁས་ལེན་བྱས་ནས་ཕེབ་མཁན་ཁོ་ཚོ་ལས་མེད་སོང་བ་རེད་། ཁོ་ཚོར་ཡང་། བསམ་རྒྱ་ཤེས་རྒྱ་གང་ཡོད་དོན་ནས་གསུང་གི་ཡོད་པས་། མདོར་བསྡུས་ན་ང་ཚོར་གང་ཡོད་པ་དེ་། དེ་རེད་། ཚང་མ་བློ་མ་ཕམས་།
ཡང་ཅིག་བསམ་ཚེ་གྲོས་ཚོགས་ཀྱི་ནང་དུ་ཁ་རྩོད་ཤོར་བ་དེ་མང་གཙོའི་གྲིབས་ཆ་ཅིག་ཀྱང་མིན་འགྲོ་། ང་ལྟས་ན་ཡག་པོ་འདུག་
ང་ཚོའི་གྲོས་ཚོགས་དམའ་རིམས་ཞིག་ནས་འདི་ཡར་སླེབས་པ་རེད་མ་གཏོགས་། མཐོ་རིམ་ཞིག་ནས་མར་འདུར་ལྷུང་བ་མ་རེད་།
ཡང་ཅིག་བསམ་ཚེ་། ཁོ་ཚོ་ནི་མི་མང་གི་ཚབས་ཡིན་ལ་། མི་མང་གི་དཀའ་སྡུག་ནི་མི་ཚང་རེ་རེ་ཡི་འཚོ་བ་ལ་རགས་ལས་ཡོད་པས། མི་ཚང་གི་འཚོ་བའི་སྐོར་གྲོས་ཚོགས་ནས་གླེང་དགོས་བ་ནི་འབྲེལ་ཡོད་རེད་།
གོང་དུ་རྒྱ་ནག་གི་འདོད་ཐོགས་ལ་རྟ་རྒྱུག་པ་རེད་གསུང་བ་དེ་ཡང་བསམ་བློ་གཏིང་ཟབས་མོ་ཞིག་གཏོང་རྒྱུ་ཡོད་། གོང་ས་བཅུ་བཞི་བ་ཆེན་མོའི་ཁོང་གི་དབང་ཚད་མི་མང་ལ་གནང་ནས་མི་མང་གི་རང་གི་ཚབས་བསྐོས་ནས་། ཚབས་དེ་དག་གི་མི་མང་གྲོས་ཚོགས་ཀྱི་ནང་དུ་། དབང་ཚད་དེ་བེད་སྤྱད་ཆ་ཚང་བྱས་ནས་འདོད་ཚུལ་མི་འདྲ་བའི་ཐོགས་འགྲོ་གླེང་བྱེད་ཆོགས་པ་འདི་། རྒྱ་ནག་གི་ལྕགས་རི་རང་པོ་ལས་བརྟན་ཞིང་རིང་བ་ཞིག་དུ་མཐོང་།
རྒྱ་ནག་གི་གཞུང་འཛིནས་པས་དབང་ཚད་མི་མང་ལ་སྤྲད་ནས་། མི་མང་གི་རང་རང་གི་ཚབས་བསྐོས་དེ
མི་མང་ཚོགས་ཁང་ཆེན་མོའི་ནང་མཐུས་མི་དེ་དག་གི་ས་གནས་མི་མང་གི་ཆེད་འགྲོ་གླེང་དང་ཁ་རྩོད་བྱེད་རྒྱུས་ཆེད་
གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་གཅེས་མང་པོ་ཞིག་གི་རང་སྲོག་ཚ་པོ་ཕུལ་ཡང་ཉོ་ཐུབས་པར་། ད་དུང་ཡང་བར་ཐག་རང་པོའི་སར་ལྷགས་པ་བསམ་བློ་གཏོང་།
ནོར་བཅོས་* བསམ་རྒྱ་ཤེས་རྒྱ་གང་ཡོད་བཏོན་ནས་*
ནོར་བ་*གནམ་སྡེ་སྒོ་མོ་ཆེ་ཐང་ཆེན་དུ་གཅེས་ཕྲུག*་
གྲོགས་པོ་གཟིགས་མཁན་རྣམ་པ་ཚོ་དངོས་ཡོད་བདེན་གཏམ་།།
སྤྱི་འཐུས་སྒྲོན་མ་མཚོ་མོ་ཟེར་བ་དེ་ནི་ང་ཚོ་བོད་མི་ནང་ལ་ཇོད་གཞི་དང་རྩོད་རྙོག་མ་རྟོག་གང་ཡང་མི་འདུག་
གང་ཡིན་ཟེར་ན་༢༠༠༨་ལོ་བོད་ནང་ལ་ཛྭ་དྲག་མྱ་བ་མི་ཡུལ་འཕོ་བ་བྱུང་སྐབ་བོད་གཞུང་མང་ཛྭ་དྲགས་ཚོགས་
ཆུང་གི་མིང་ཐོགས་བལ་ཡུལ་མོ་ཡི་གསལ་འཁོར་གསལ་ཤོག་ནང་བོད་མི་རྒྱ་ཆ་༩༠་ཐམ་པ་སྤྲོ་སྐྱིད་གི་ཐོག་ལ་
གནས་ཡོད་པ་གསལ་བཤད་དང་ཛྭ་དྲགས་དེ་འདྲ་བའི་སྐབ་མོ་རྒྱལ་ནག་ལ་སོང་ཡོད་པ་དང་ལྷ་ས་བཅས་ལ་ས་ཆ་ཉོས་ཡོད་པའི་གནས་ཚུལ་ཡོད་པ་རེད་།འདི་ལོ་གྲོས་ཚོགས་ནང་གཅིག་སྒྲིལ་མེད་པ་་བཟོ་བ་བཅས་གོང་རིམ་ལ་བརྟས་ན་དམིགས་ཡུལ་གཞན་པ་ཡོད་པ་མཐོང་ཐུབ་རྒྱུ་རེད་ཞུ་ཡིན་།།།
ཨ་དུང་ཞུ་རྒྱ་ཞིག་བརྗེད་འདུག། གྲོས་ཚོགས་འདི་སྐབས་ཟུར་ཉམ་ཕེབས་མཁན་འདྲ་ཡོད་ན་། ཐོགས་་མའི་གྲོས་གཞི་ག་རེ་རེད་། གྲོས་གཞི་འདོན་མཁན་སུ་རེད་།
ཁོ་རེ་ ར་མགོ་།
ཁྱོད་ཀྱི་ར་མགོ་ལུག་སྦྱར་གྱི་སྐད་ཆ་མ་བཤད་།
ཕྱོགས་རིས་འཐེན་ཁྱེར་ཀྱི་སྐྱག་དེ་ཚོ་མར་ཁྱེར་རྒྱུག། སྐབས་དེ་དུས་སུ་ཕྱི་རོལ་ནས་BBC, CNN སོགས་གཞུང་འབྲེལ་གྱི་གསར་འགོད་རྐང་གཅིག་ཀྱང་ལྷ་ས་ལ་གཏོང་གི་མེད་དུས་། ང་ཚོའི་སྤྱི་མཐུས་ཞིག་ལྷ་སར་སོང་བའི་མ་ཚད་ཁང་པ་ཉོས་བ་སོགས་རྣ་བར་མི་འགྲོ་བའི་སྐད་ཆ་མ་བཤད་།
གྲོས་ཚོགས་སུ་བཤད་དགོས་ལ་འཛིངས་དགོས་བ་རེད་། དེ་ཡག་པོ་རེད་།
ལོ་འགའི་སྔོན་ཐེ་ཝན་གྲོས་ཚོགས་ནང་སྐུབ་རྟགས་གཡུག་རེ་བྱས་བ་དེ་དྲན་གི་མི་འདུག་གམ།
ང་ཁོང་རྣམས་གཉིས་ལ་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་། མི་མང་གི་ཕུག་མདུན་ཁོ་ཚོར་བཅོལ་ན་ཁོ་ཚོས་གྲོས་ཚོགས་ནང་མི་བཟང་རང་ལུགས་ཁྲབས་ནས་བསྡད་ན་དེ་ནས་ག་པར་སླེབས་སོང་།
ཝེ། ལྟས་ངན་ཚོ། ཁུངས་ལུང་དང་རྒྱུ་མཚན་མེད་པའི་ཕྱོགས་རིས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་རེས་བྱེད་ཀྱི་མ་འདུག དྲ་བ་འདིའི་མིང་ཆད་བཟོ་རོགས་རེད་ལ། ཁྱེད་རང་ཚོའི་དུས་ཚོད་འཕྲོག་བརླག་གཏོང་བྱེད་རེད། གྲོས་ཚོགས་ནང་གླེང་རྙོག་ཏོག་ཙམ་བྱུང་རུང་ཧ་ལས་རྒྱུ་ཡོད་མ་རེད། མང་གཙོ་རང་དབང་ལུང་པ་རེད། འོན་ཀྱང་གྲོས་ཚོགས་ནང་གི་གནད་དོན་ཇི་མ་ཇི་བཞིན་ཧ་གོ་རྒྱུ་གལ་ཆེན་པོ་རེད། རྒྱུ་མཚན་ཇི་ཡིན་མི་ཤེས་པར་ཧོལ་རྒྱུགས་མ་བྱེད་རོགས། ཚང་མ་བོད་རིགས་སྤུན་ཟླ་ཡིན་པའི་ཆ་ནས་དང་། ཚང་མ་ཆབ་སྲིད་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་རེ་བ་ཞུ་རྒྱུ་ཡིན།
མྱིག་རྫོད་ཟེར་བ་ལགས་། སོག་རིགས་ཡིན་པས་བོད་རིགས་གཙང་མ་མ་རེད་ཅེས་བཤད་ནོ་མ་འདུག་།
ཨ་མདོ་བ་གང་མང་ཞིག་སོག་རིགས་ཡིན་པ་ལོ་རྒྱུུས་ཐོག་ཡོད་ད་སྔོན་སོག་དམག་མང་པོ་ཞིག་བོད་ཨ་མདོའི་ས་ཁུལ་དུ་གཞི་ཆགས་པའི་ལོ་རྒྱུས་ཡོད་པ་རེད་། དྲང་མོ་བཤད་ན་བོད་རིགས་དང་སོག་རིགས་འདྲེས་ན་སྐྱོན་མི་འདུག་། ཆོས་དང་རིགས་གང་གི་ཆ་ནས་སྐྱོན་ཞིག་མི་འདུག་། དེ་ལས་སྐུ་ངོས་རྒྱ་ལོའི་བུ་རྒྱུད་རྣམས་རྒྱ་རིགས་ཡིན་པ་མཐོང་བཞིན་དུ་དབུས་སྤྱི་འཐུས་ལ་སླད་ཡོད་པ་དང་ སྒྲོལ་མ་མཚོ་ཡང་ཆོས་ལུགས་ཁ་ཆི་ཡིན་པ་བལ་པོ་མི་རིགས་ཞིག་གི་རྒྱུད་པ་ཡིན་པ་ཐོས་
ཡ་དྲ་གྷགྲོགས་ར་མགོ་དང་ཀུན་དགའ་གཉིས་ལ་ཞུ་རྒྱུར་རྗེས་སུ་དྲ་ཐོག་ཏུ་བསམ་ཚུལ་རེ་འདོན་རྒྱུ་རྙེད་ན་ངེས་པར་དུ་དག་ཡིག་ཅིག་དང་ཕྲད་སྦྱོར་ལུགས་ཀྱི་རྣམ་གཞག་སྟོན་སུམ་རྟགས་ཀྱི་གཞུང་ལུགས་རེ་ཁྱེད་རྣམ་པ་གཉིས་དང་མཉམ་དུ་ཁྱེར་ཡོང་རོགས།་་་་དེ་མིན་ཁྱེད་རྣམ་གཉིས་ཀྱི་དངོས་སུ་གང་ཞིག་བརྗོད་ཀྱི་ཡོད་མེད་ངོ་མ་གོ་རྒྱུ་དཀའ་མོ་འདུག་་་་་་་་་་ད་དུང་གསལ་བོར་ཞུ་རྒྱུ་ཞིག་ལ་གལ་སྲིད་སྙན་རྩོམ་ཚིགས་བཅད་གཅིག་གཉིས་རེ་འབྲི་བསམ་ན་ཉུང་ཙམ་རེ་སྦྱངས་དགོས་ནི་རེད་མ་གཏོགས་གཞན་གྱིས་བྲིས་ཡོད་པ་རྒྱུ་མཚན་དུ་བྱས་ནས་བྲིས་ན་ག་འདྲ་རེད་ཉིད་ཀྱིས་གོང་དུ་བྲིས་པའི་ཚིགས་བཅད་ཁ་འཐོར་དེར་གཟིགས་དང།་་་རང་གི་རྩོམ་དང་གཞན་རྩོམ་མཚུངས་ཀྱི་འདུག་དང་མི་འདུག།།་སྤྱིར་རྩོམ་ཡིག་ལ་བཟང་ངན་དང་ཚིག་སྦྱོར་ལ་ཁྱད་པར་ཡོད་ནི་རེད་འོན་ཀྱང་ཁྱེད་རྣམ་པ་གཉིས་ཀྱིས་བྲིས་གནང་བ་དེ་དག་བཟང་ངན་སོགས་ཀྱི་ཁྱད་པར་འབྱེད་ས་མི་འགྲོ་ནོ་འདི་བཟང་རྟགས་རེད་དེ་ངན་རྟགས་རེད་བསྐྱར་དུ་ཞིབ་འཇུག་བྱེད་རོགས།
ཁོ་རེ་དྲ་ཐོག་ནས་གླེང་མོལ་བྷབྱེད་བསམ་ཚེ་ཁ་ནས་གཏམ་བཤད་པ་དང་འདྲ་ནི་མ་རེད།་་་ལག་ཐོག་ནས་ཡི་གེ་འབྲི་ཤེས་དགོས་ནི་རེད་གནས་ལུགས་དེ་མཁྱེན་པར་མཛོད།་་་
ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ཁྱེད་རྣམ་པ་གཉིས་ཀྱིས་བྲིས་པ་དེ་དག་བརྗོད་བྱའི་དོན་སྙིང་བོ་མེད་ས་ཞིག་ལ་རྗོད་བྱེད་ཀྱི་ཚིག་ཀྱང་དེ་འདྲ་བ་ཞིག་རྙེད་འདུག་པས་ཅིག་བྱས་ན་དེ་ཡང་སྒྱུ་རྩལ་གྱི་ཁོངས་གཏོགས་ཤིག་ཏུ་སོང་ནས་རྟགས་མ་རེད་ལས་ཆེ།་དེ་འདྲ་ཡིན་ན།་བཀྲ་ཤིས་བདེ་ལེགས་ཡོད།
མཐའ་མའི་རེ་འབོད་ཁམས་དང་ཨ་མདོ་རྩོད་པ་ལས་བོད་ཡིག་ཡར་རྒྱས་ལ་གཏོང་རོགས།
སྐུ་ངོས་རྒྱ་ལོའི་ཁམས་དང་ཨ་མདོ་རྒྱ་འོག་བཞག་པའི་སྲིད་ཇུས་གཟུང་།།
ཨ་མདོ་ཁྲ་མོ་སྐོག་གསོད་བཏང་ལ་ཆོལ་ཁ་བར་གྱི་བརྩོད་པ་སླང།།
སྒེར་བདག་བྱེད་པའི་ཚོགས་པ་མང་པོ་མ་ཤེས་མདོག་མདོག་རང་དབང་གཏེར་།
ལོ་རྒྱུས་ནག་ཉེས་འདི་དག་བསམ་ན་ཁམས་དང་ཨ་མདོ་གཅིག་སྒྲིག་དགོས་།།
རང་གི་ཁྱུ་མ་རྒྱ་རིགས་ཡིན་པ་ཧོང་ཀོང་གནས་སྡོད་རྒྱ་ལོ་དང་།།
དེ་སྔོན་སྐུ་དྲག་མི་རིགས་རྣམས་ཀྱི་ནུས་པ་ཉམས་པའི་དུས་སྐབས་འདིར་།།
འབྱོར་ལྡན་རྒྱ་རེའི་དབང་བརྒྱར་འོག་གི་ཆོལ་ཁ་ཆོས་ལུགས་བརྩོད་པ་ཞིག་།།
སྤང་ཕྲུག་སྒྲོལ་མ་མཚོ་མོ་ཟེར་བས་རྣམས་འགྱུར་གཅིག་གིས་དབྱེར་བ་ཕྱེ།།
མདོ་སྨད་རྒན་པོ་བསྟན་འཛིན་མགོན་པོ་དང་།།
དབུས་པའི་མཁས་དབང་སྐར་མ་ཆོས་འཕེལ་ལགས་།།
ཁམས་པའི་བོུ་འཇུ་ཆེན་དཀོན་གསུམ་།།
དྲངས་བདེན་ལོ་རྒྱུས་སྐྱོང་བའི་དཔའ་བོ་རེད་།།
འཐེན་ཆེར་བརྩོད་པ་མང་བའི་སྤྱི་ཚོགས་འདིར་།།
རང་དབང་ངོ་མ་བརྩོད་མཁན་སུ་ཡིན་ནམ་།།
ཐམས་ཅད་དངུལ་གྱི་དབང་འོག་གནས་ན་་།།
བོད་འདི་རྒྱ་ཁོངས་ཡིན་ན་སྐྱིད་པ་སྙམ་།།
ཀུན་དགའ་ལགས་ཟེར་བའི་དྲ་གྲོགས་འདི་ཁམས་དང་ཨ་མདོ་གང་ཞིག་ཏུ་ཡིནམིན་མི་ཤེས་ཁི་། དྲང་བདེན་གྱི་ལོ་རྒྱུས་ཡོད་ན་དེ་ལྷོད་ངང་གསུངས་ན་འགྲིག་གི་རེད་
ཡིན་ཡང་སྐུ་ངོས་རྒྱ་ལོ་དོན་འགྲུབ་ལ་སྐྱོན་མཛུབ་གནང་བར་དེ་མ་རུང་བ་ཞིག་རེད་། མ་ཤེས་ན་ཁོང་༧་རྒྱལ་བ་རིན་པོ་ཆེའི་སྤུན་ཆད་རེད་ཡ་།
དྲྭ་གྲོགས་ཚོ་སྤྱི་འཐུས་སྒྲོལ་མ་མཚོ་མོ་ཟེར་བ་དེས་ད་ལྟ་ལངས་བསྡད་པའི་དོ་བདག་གི་མི་ཚང་གི་ལོ་རྒྱུས་ལ་གཟིགས་པ་ཡིན་ན། ཟེར་བའི་སྐད་ཆ་སྦོམ་པོ་ཞིག་ཤོད་གྱིན་འདུག་ག ཁོང་ཚང་གི་མི་ཚང་གི་ལོ་རྒྱུས་ཤེས་མཁན་ཡོན་ན་གཅིག་གསུང་རོགས།
སྒྲོལ་མ་མཚོས་ཟེར་ན་ང་རང་ནམ་རྒྱུན་ཡིན་ན་ཡང་མི་གཞན་ལ་སྐད་ཆ་མང་པོ་བཤད་མཁན་ཞིག་མིན། ཟེར་བ་དང་། ང་རྒྱུན་རིང་པོ་ངོ་ཤེས་མཁན་མང་པོ་ཡོད་ཟེར་བ་སུ་ལ་ཟེར་གྱི་ཡོད་པ་རེད། བསྟན་འཛིན་མགོན་མིན་ནམ།
ཡང་མོས་མུ་མཐུད་དེ་བཤད་རྒྱུར། ངའི་ཉེ་འཁྲིས་སུ་ཡོད་པའི་སྤྱི་འཐུས་ཁག་གཅིག་ལ་ས་རྟགས་བསྡུ་རུབ་བྱས་ཚུལ་ཞིག་ཤོད་ཀྱིན་འདུག་ག སྐད་ཆ་དེ་ག་རེ་རེད། མོ་ཉེ་འཁྲིས་ཟེར་བའི་དོན་ལངས་ཕྱོགས་དང་ཉེ་བའི་དོན་ཡིན་ནམ་ས་ཐག་ཉེ་བའི་དོན་གང་ཡིན། ངས་བལྟས་ན་ས་ཐག་ཉེ་བ་དང་ཁྱིམ་མཚིས་ལྟ་བུ་གོ་རྒྱུ་མིན་པར་མོ་རང་གི་ལངས་ཕྱོགས་དང་ཉེ་བའི་དོན་རེད་བསམ་དྲན་བྱུང་། ཡང་མིན་ན་སྒྲོལ་མ་མཚོ་མོའི་ཉེ་འཁྲིས་སུ་ཡོད་པའི་སྤྱི་འཐུས་ཚང་མ་ལངས་ཕྱོགས་གཅིག་པ་རྐྱང་རྐྱང་ཆགས་ཡོད་པ་འདི་ཁྱད་མཚར་ཞིག་མ་རེད་པས།
ཡང་གཅིག་བཤད་ན་སྒྲོལ་མ་མཚོ་མོའི་མི་ཚང་གི་ལོ་རྒྱུས་རྩུག་པོ་ཡིན་ན་དྲང་བདེན་མ་གཏོགས་མི་བཤད་པའི་རྒྱུ་མཚན་ཅི་ཞིག་ཡོད། སྐད་ཆ་དེ་ཚོ་དངོས་གནས་གད་མོ་སློང་ཡ་རང་རེད་ཡ།
་ ཁོ་རེ་གཡག་ལྡོམ་ལག
ཁྱེད་གི་སྤྱི་འཐུས་སྒྲོལ་མ་མཚོ་ཟེར་བ་དེ་ག་འདྲ་ཡིན་མིན་ཤེས་གི་ཡོད་དམ?
མ་གཞི་ནས་མོའི་བྱེད་ཆོག་པ་ལ་སྐྱར་བཟློས་མི་ཆོག་པ་ག་ལ་ཡིན་།
དཀོན་མཆོག་མཁྱེན་ཨ་མོད་བ་མི་མང་གི་ཕུག་འདུན་དེ་ཁོ་མོ་བཅོལ་ན་རྒྱལ་དམར་
་ལ་ཚོང་ཉེ་བ་སླེབས་སོང་ཨ་ཁ་ཁ།།
གོང་དུ་ཞུས་པ་དེ་ཁུང་སྐྱལ་ཡོད་པ་མ་རྟོག་ག་ལ་ཞུ་། ‘འཕེལ་རྒྱས་སྒྲོལ་མའི་
བྱས་རྗེས་དེ་ཚོ་གཟིགས་འདོད་ཡོད་ན་ངོ་བཤུས་ཕུལ་ཆོག།། དྲ་རྒྱ་གཟིགས་མཁན་
རྣམ་ནས་དངོས་ཡོད་ལ་རྟ་ཞབས་མི་བྱེད་པ་དང་མི་ཁ་ཤས་ནས་ཁ་སུ་མཁས་དང་
ལག་སུ་བེད་རེད་འདུག་མ་རྟོག་བོད་སྤྱི་པའི་རྩ་དོན་ལ་ཕན་པ་གང་ཡང་མི་འདུག་།།།།
བོད་ཀྱི་སྐུ་ངོས་རྒྱ་ནག་ཕེབས་དུས་འཆིང་ཡིག་དོན་ཚན་བཅུ་དྲུག་བཞག་།།
བོད་ཀྱི་ལྷ་སྲས་རྒྱ་ནག་འགྲོ་དུས་ཨ་མདོ་ཁམས་པ་རྒྱ་ཁོང་སྒྲུབ་།།
ཨ་རིའི་མི་ནག་རྒྱ་ནག་སོང་དུས་བོད་འདི་རྒྱ་མའི་ཆ་ཤས་ཟེར་།།
སྒྲོལ་མ་མཚོ་མོར་སྤྱི་སེམས་ཡོད་ན་དེ་རིང་ས་རྟགས་བསྡུ་ཤོག་དང་།།
སྒྲོ་མ་མཚོ་མོར་དབྱིན་ཀྲི་ཡོད་ན་དེ་རིང་རྣམས་འགྱུར་ལྟོན་ཤོག་དང་།།
ཟླ་བ་ཚེ་རིང་དཔུང་པ་ཡོད་ན་དེ་རིང་དཔུང་པ་ངོམ་ཤོག་དང་།།
འཇུ་ཆེན་བོུ་ངར་མ་ཡོད་ན་དེ་རིང་འདི་ན་ངར་ཤོག་དང་།།
ཚོགས་གཙོ་སྤེན་པས་དམིགས་ཡུལ་ངོ་མ་དེ་རིང་འདི་ན་ལྟོན་ཤོག་དང་།།
རྒྱལ་ནོར་ཚང་བ་འབྱོར་ལྡན་ཡོད་ན་དེ་རིང་དཔལ་འབྱོར་ངོམ་ཤོག་དང་།།
རྒྱ་རི་སྒྲོལ་མར་སྤྱི་སེམས་ཡོད་ན་དེ་རིང་གཏམ་བཤད་ཚིག་ཅིག་བྱེད་ཤོག་དང་།།
ཨ་རོགས། སྐལ་བཟང་སྒྲོལ་མ། ཆིང་ཡིག་དོན་ཚན་བཅུ་དྲུག་མ་རེད། བཅུ་བདུན་རེད། བཅུ་བདུན། ད་དུང་ཡིག་སྐྱོན་་་་ཨ་ཨ་ཨ། ད་གཡུག་ཞོགས། མི་བཤད་ནི་བྱེད།
གྲོས་ཚོགས་ཀྱི་མི་སྣ་ལ་ལ་དེའི་ངོ་ཞིག་རྫོགས། རྒྱ་དམར་གྱི་སྔུན་ནས་འདི་ཚོ་ལ་ངོ་ཞིག་ཚ་རྒྱ་མེད་པ་འདི་ཅི་རེད། རང་ཤ་བཅད་དེ་ཁྱི་སྔུན་ཟེར་བ་འདི་འདྲ་ཞིག་ལ་ཟེར་ནི་རེད། སྔོན་ཆད་རྒྱ་དམར་གྱི་རྩོམ་ཡིག་ཅིག་ཏུ་ད་ལྟ་ཁོ་ཚོ་ནང་མཐུན་པོ་མེད་པས་རྗེས་མར་འཐོར་འགྲོ་གི་རེད་ཅེས་བརྗོད་འདུག འདི་འདྲ་རིག་ན་བསམ་བློ་གཏོང་དགོས་ས་རེད། བོད་འདི་སྔོན་ནས་ད་ལྟའི་བར་དུ་ཕྲག་དོག་ཆེ། ནང་འཁྲུག་བྱེད། མཐུན་སྒྲིལ་མེད། བློ་ཕམ་བྱུང་། བློ་ཕམ་བྱུང་།
བོད་ཀྱི་རྒྱལ་བོ་སྐྱེས་མེད་རྒྱ་མོ་ཡིན་མཁན་ད་ཁ་ཤས་ཅིག་ཡོད་རབ་དང་། དེ་འཚོ་བོད་ལ་ཤ་ཚ་ཡོད་ད་ཟེར་གི་ར་དེ་འཚོའི་བོད་པ་ཞིག་བསད་འེ་ཡོད་ལ་།
སྐལ་བཟང་སྒྲོལ་མ་ལགས་
ཨ་མདོ་དང་ཁམས་པ་དབུས་པ་ནས་ཡིན་པའི་བོད་རིགས་གཙང་མ་ཡིན་རིགས་རྒྱུད་རྣམས་གཅིག་སྒྲིག་དགོས་།
སྐལ་བཟང་སྒྲོལ་མ་ལགས་ནས་སྐུ་ངོ་རྒྱ་ལོ་རྒྱལ་བ་རིན་པོ་ཆེའི་སྐུ་མཆེད་ཡིན་ཕྱིར་སྐྱོན་འཛུགས་བྱེད་མི་རུང་ཚུལ་བཤད་འདུག་དེ་ནི་ངོ་མ་བགད་བྲོ། བདུད་ལྷས་སྦྱིན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤུན་མཆེད་ཡིན་པ་དང་། གླང་དར་མ་ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་སྤུན་མཆེད་ཡིན་པ་མི་ཤེས་སམ། བླ་མ་བཟང་ན་སྤུན་འབྲེལ་ཚང་མ་བཟང་པོར་བསམ་ནས་ང་ཚོའི་ལོ་རྒྱུས་ཐོག་རྨ་ཁ་ཆེན་པོ་ག་ཚད་བཟོས་ཡོད། རྨོངས་དད་འོག་ན་ད་དུང་ཡང་ལོ་རྒྱུས་ནག་པོ་ཞིག་བཟོ་འདོད་ན་སྐུ་ངོ་རྒྱ་ལོའི་རྐུབ་ལ་ཕྱག་འཚལ་ནས་སྡོད་དང་། ་ད་དུང་ཡང་བོད་སྤྱི་པའི་དོན་དུའང་གྱོང་རྒུད་ཅིག་རག་ངེས།་བུ་མོ།་བསམ་བློ་ཐོངས།
comསྤྱི་ལོ༢༠༠༨ལོར་བལ་ཡུལ་ཛ་དྲག་ལས་འགུལ་ཚོགས་པའི་མིང་ཐོག་ནས་གསར་འགོད་གསལ་བསྒྲིགས་ཤིག་སྤེལ་སྐབས།སྒྲོལ་མ་མཚོ་མོས་བལ་ཡུལ་གསར་འགོད་པར་ལན་འདེབས་བྱེད་ཚེ། བོད་མི་བརྒྱ་ཆ་དགུ་ཅུ་ཐམ་པ་རྒྱ་མིའི་འོག་སྡོད་རྒྱུའི་དགའ་མོས་ཡོད་རེད་ཟེར་འདུག བལ་ཡུལ་བོད་མི་ཚོས་མོས་ལབ་པ་དེ་ནི་མོ་རང་གི་མགྲོན་ཁང་ཐོགས་རྩེགས་ལྔ་ཅན་དེ་བལ་ཡུལ་མོའོ་ཚོགས་པའི་གཞུང་བཞེས་བྱེད་པར་དོགས་ནས་སྐབས་དེ་མགྲོན་ཁང་སྲུང་སྐྱབས་བྱེད་ཐུབ་མཁན་ནི་རྒྱ་མིའི་གཞུང་ཚབ་ལས་མེད་ཙམ་མོས་སྤྲེལ་ལེགས་འཁྲབས་པ་རེད་ཟེར། ད་ལོ་སྤྱི་འཐུས་གྲོས་ཚོགས་ནང་དགོས་མེད་ཀྱི་རྙོག་གཞི་ཆེན་པོ་དེ་སློང་སྟངས་ལ་བལྟས་ན་མོ་ལ་རྒྱབ་ལྗོངས་ཤིག་ངེས་པར་དུ་ཡོད་པ་འདྲ། ཚགས་ཤོག་ཐོག་བྲིས་པའི་ངོ་བཤུར་འདི་ལ་ཡོད་མོད།ཁ་བརྡའི་ནང་ནང་འཇུག་བྱེད་དཀའ་བས་གལ་ཏེ་གཟིགས་འདོད་ཡོད་ཚེ་གློག་འཕྲིག་ཁ་བྱང་བཏང་དང་སྤྱིན་འབུལ་ཞུ་ཆོག ཆོལ་ཁའི་འཐེན་འཁྱེར་མ་བྱེད་པ་མོའི་སྔར་ཕྱི་བར་གྱི་བྱ་སྤྱོད་ལ་བརྟག་དགོས། ལྷག་པར་དུ་མོ་ཨ་མདོའི་སྤྱི་འཐུས་ཡིན་ཕྱིར་ཨ་མདོ་བས་ངེས་པར་དུ་གཟབ་གཟབ་བྱེད་དགོས། གལ་ཏེ་མ་འོང་པར་ཆོལ་ཁའི་ཕྱོགས་ཞེན་ཁོ་ནས་མོ་ཡང་བསྐྱར་སྤྱི་འཐུས་ནང་སླེབས་པ་ཡིན་ན། ཉིན་གཅིག་སྤྱི་འཐུས་གྲོས་ཚོགས་ཟེར་བ་དེ་ནམ་མཁའི་མེ་ཏོག་གི་དཔེ་ལ་འགྱུར་ངེས།
ངས་ཕྱོགས་རིས་མ་བྱེད། རྒྱུ་མཚན་ལ་ལྟོས། བྱམས་སྙིང་རྗེ་སྒོམས་ཞེས་པའི་གཏམ་འཇམ་པོ། བློ་གཟུ་བོར་གནས་གང་ཐུབ་བྱས་ནས་བྲིས་ཡོད། དེ་ཁ་བརྡའི་འགན་ཁུར་བས་བསུབ་འདུག འདི་ལ་ཡ་མཚན་ཅུང་སྐྱེས་བྱུང་།
ངའི་གཏམ་དེ་ཐད་ཀར་ཕྱོགས་རིས་འཐེན་མཁན་གྱིས་མིང་ནས་སྨྲོས་ནས་བྲིས་པ་དེ་བསུབ་པ་དེ་ལ་ཁ་བརྡ་ཚང་གི་ངའི་གྲོགས་པོ་ཚོར་འདྲི་བ་གསུམ་ཡོད།
༡༽ བོད་ཡིག་ཤེས་མཁན། བོད་ཀྱི་རིག་གཞུང་ལ་དོན་གཉེར་ཡོད་པ། མི་རིགས་ཀྱི་གཤིས་ཀ་ཡོད་མཁན། ཆུང་བྱིས་པའི་དུས་ནས་རྒན་མགོ་དཀར་བར་བོད་པའི་སྤྱི་ཚོགས་ནང་འཚོ་བ་སྐྱེལ་མཁན་གྱི་གོང་གི་དྲ་མིང་སྤྱོད་མཁན་དེ་ཚོ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ཆེ་བ་འདུག ཁོང་ཚོ་ཅིའི་ཕྱིར་འདི་ལྟར་ཆགས་པ་རས།
༢༽ འཐེན་ཁྱེར་གྱི་བསམ་བློ་འདི་སྲོལ་རྒྱུན་གྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མཁན་གྱི་བོད་པ་འདི་ཚོའི་ནང་ཤུགས་ཆེ་བ་འདུག འདི་གང་འདྲ་རས།
༣༽ ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དེ་ཆོས་ཀྱིས་བཅུན་ཐུབ་ཀྱི་མིན་འདུག བོད་ཀྱི་རིག་གཞུང་གིས་བློ་སྒྱུར་ཐུབ་ཀྱི་མིན་འདུག བོད་པའི་ལ་རྒྱས་བློ་གུ་ཡངས་ལ་གཏོང་ཐུབ་ཀྱི་མིན་འདུག ད་ཐབས་ཤེས་གང་ཡོད་དམ།
ང་ཚོས་ཁོང་ཁྲོ་དང་སྡང་སེམས་མ་བྱས་པར། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་འདི་གང་ནས་ཡོང་གི་འདུག་ཅེས་རྩད་གཅོད་བཏང་ནས་འདི་མ་ཡོང་བའི་ཐབས་ཤེས་ཤིག་ཡོད་དམ།
ངས་བལྟས་ན། ད་བར་ཀླུ་སྨྱོན་དང་། མགོན་པོ་ཕྱག་གཉིས་པ། དེ་བཞིན་འདྲེ་རིག་ལྡན། ད་དུང་རིག་འབྱུང་དོན་སྒྲུབ་བཀྲ་ཤིས་སོགས་མཁྱེན་པ་ཡངས་ལ། ངར་རྒྱལ་ཆུང་བ། ཁོག་ཡངས་པ། ཕྱི་ནང་གཉིས་ཀ་མཐོང་ཐུབ་པའི་མཆན་འགོད་པ་ཡིན་པའི་འཚོར་སྣང་སྦྱིན་གྱི་འདུག ཁོང་རྣམས་གཞན་ལ་རྩོད་ཐུབ་ཀྱི་འདུག་ལ། རང་ལ་གཞན་གྱིས་རྒྱུ་མེད་པའི་སྐད་ཆ་སྐམ་པོ་རྩུབ་པོ་རེ་ཤོད་དུས་བཟོད་པ་བྱེད་ཐུབ་ཀྱི་འདུག ལྷག་པར་དུ་ཀླུ་སྨྱོན་འདི་གཞན་ལ་ཤོད་ཐུབ་ཀྱི་འདུག རང་ལ་བཤད་པ་རྣམས་ཀྱང་འཁུར་ཐུབ་པའི་ཕོ་ཁྱོ་ཀའི་གཤིས་ཀ་ངོ་མ་ཞིག་འདུག ལྟས་ངན་འདི་གྲ་པ་རེད་ཟེར་བ་གོ་བྱུང་མ་གཏོགས་བུ་མོ་ཡག་པོ་ཞིག་ངོ་སྤྲོད་བྱེད་རྒྱུ་ཡོད།
ཁོང་རྣམས་ཀྱིས་གནད་ཚུལ་འདི་ཆུང་ཆུང་ཞིག་ལ་མ་རྩིས་པར། བསམ་བློ་ནན་མོ་བཏང་ནས་ག་ལེར་ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་འདྲ་འདི་དག་ལ་ཞིབ་འཇུག་སྦྲགས་མི་མང་ལ་བསླབ་བྱའི་ནུས་པ་ཡོད་པའི་རྩོམ་རེ་བྲིས་ཐུབ་ན་ཤིན་དུ་ལེགས། ད་དྲ་མཁན་འགན་འཛིན་པ་ལགས། ཐུགས་རྗེས་གཟིགས་འདི་མ་བསུབ་རོགས་གནང་།
ད་ལྟ་ང་ཚོར་བཟང་ན་ངན་ན་གྲོས་ཚོགས་ཟེར་ནས་འཚོག་རྒྱུ་ཞིག་ཡོད་པ་ཡང་དགའ་འོས་པ་ཞིག་རེད། རྗེས་མ་ཞིག་ལ་གྲོས་ཚོགས་དང་བཀའ་ཤག་ལྷན་ཚོགས་ཀྱི་རྩིག་པ་འགྱེལ་ཤུལ་ནས་རྩྭ་ལྡུམ་སྐྱེ་བའི་དུས་ཚོད་ཀྱང་འཆར་མི་སྲིད་པ་ཞིག་མ་རེད། དེའི་ཕྱིར་ཚང་མས་ཐུགས་བསམ་ཡག་པོ་རེ་བཞེས་རོགས།
ཁྱོད་ཀྱིས་ཀོན་ཐུག་འདི་ཚོ་མཆོད་ཀྱིན་ཡོད་དམ།
ཁྱོད་ཚོས་ཀོན་ཐུག་ཡིན་ན་ཅིག་ཟེར་ཀོ་ཁུ་ར་དེང་སང་ཀོན་ཐུག་ཅིག་གིས་མྱི་ངོ་མི་ལོན་པ།
ང་ང་དགོས་རྒྱུ་དེ་ཤ་རྡོག་བཙོས་དང་མོ་མོ་རླངས་བཙོས་ཡིན་ཡ། དགུན་འཁྱག་འདི་མོ་ཟིག་ག་ཀོན་ཐུག་འཁྱག་པ་ཟིག་སུས་བཟའ་ཐུབ་ཀི་རེད། གསར་བུ་སེམས་མེད་འདི་ཚོ།
ཨོ། གོང་ནས་བསམ་ཤེས་ལགས་ཀྱིས་ང་ལ་བུ་མོ་ཞིག་ངོ་སྤྲོད་བྱེད་ཀི་ཡིན་ཟེར་གི འདི་མོའི་དགའ་དགོས་པའི་དོན་དག་ཅིག་གང་ན་ཡོད། བུ་དང་བུ་མོའི་བར་གྱི་འབྲེལ་བ་ལ་སྣ་ཚོགས་ཤིག་ཡོད་ནི་རེད། དང་པོ། འདོད་ཆགས་ཀྱི་འབྲེལ་བ། གཉིས་པ། ཆགས་བྲལ་གྱི་འབྲེལ་བ། གཉིས་པ་འདི་ནི་སྤུན་མཆེད་སྒྲིག་པའི་འབྲེལ་བ་དེ་རེད། ངས་མོ་རང་ལ་འདོད་པ་ཡོད་ན་སྤུན་མཆེད་སྒྲིག་ན་ཡང་ཆོག་གི་པ། བལ་ཡུལ་ན་གྲྭ་པ་ཨ་ནེ་སྤུན་མཆེད་སྒྲིག་པའི་ལུགས་སྲོལ་བཟང་པོ་ཞིག་དར་ཡོད། རྒྱ་གར་ན་ཡང་འདུག ཨ་རི་ནས་ལོས་ཀྱང་ཆོག གལ་སྲིད་མོ་ཨ་རི་ན་ཡོད། ད་དུང་། ང་ལ་སྲིང་མོ་མེད་པས་སྲིང་མོའི་གོ་ཆོད་པ་ཞིག་ཡོད་ན་བླ་རྒན་འཆི་ཁ་རྒས་ཁར་ལག་ཐོག་ལ་ཆུ་ལྡུག་མཁན་ཞིག་དང་ལག་འོག་ལ་མེ་འབྲུ་མཁན་ཞིག་ཡོད་ན་ཡང་དེ་ལ་མི་དགའ་གང་ལ་དགའ།
དྲ་གྲོགས་ཚོ། ཉེ་སྔོན་ྋགོང་ས་མཆོག་ནས་རྟོན་བཞིའི་འཇུག་ལྡོག་མ་ནོར་བར་སྤྱི་མིས་གཞུང་དོན་བསྒྲུབ་དགོས་པའི་བཀའ་བཟང་ཕེབས་པ་བཞིན། ང་ཚོས་ངེས་པར་དུ་གྲོས་ཚོགས་སུ་གཏམ་བཤད་གནང་མཁན་གྱི་སྤྱི་འཐུས་དེ་ཆོལ་ཁ་གང་ནས་ཡིན་པ་དང༌། དེས་བཤད་པའི་སྐད་ཆར་ངེས་པར་དུ་ཆོལ་ཁའི་ཕྱོགས་ཞེན་གྱི་འོག་ནས་བཤད་ཀྱི་ཡོད་ཤག་གིས་སྐྱོན་འཛུགས་བྱེད་པ་ནི་ཆེས་མི་རུང་བའི་གནད་དོན་ཞིག་རེད།
<> ཧ་ཧ། རྒྱ་གར་དང་ཨ་རིའི་ཨ་ནི་ལ་རྒྱུས་ལོན་པའི་གོ་སྐབས་མ་བྱུང་ཡང། བལ་ཡུལ་ཨ་ནི་ངས་ཤེས་ཡ། ཨ་ནེ་སྤུན་མཆེད་སྒྲིག་མཁན་དེ་ཚོར་ཨ་ནི་སྒོམ་ཆེན་ཟེར། སྐྲ་རྫུན་མ་ཞིག་ཁུར་ནས་དེ་ཚོའི་རྩར་འགྲོ་ཡ་རག་ན་ཐར་པ་དང་གོ་འཕང་ཟེར་ཡ་གཞན་གང་དགོས་ལེ་མ་རེད། ཨ་བོ། དེ་ཚོ་ལ་དྲང་མས་འོ་རེད་ཡ།
གྲོས་ཚོགས་ཀྱི་གནས་ཚུལ་དེ་རྙིང་པ་གྱུར་ཟིན་པས་ང་ཚོས་བརྗེད་ཐབས་བྱེད་དགོས། འོན་ཀྱང་ཕྲན་ལ་མཚོན་ནའང་གནས་ཚུལ་དེ་ཁ་སང་བྱུང་བ་ཇི་སེམས་སུ་གསལ་ལྷང་ངེར་འཆར་ཡོང་གིན་འདུག གནས་ཚུལ་འདིས་རྐྱེན་པས་བོད་ནང་དུ་ཡོད་པའི་བོད་མི་སེམས་ཤུགས་ཅན་མང་པོ་ཞིག་གི་སེམས་སུ་རྨ་ཁ་ཆེན་པོ་བཟོས་འདུག མ་ཟད་གཞིས་སུ་ཡོད་པའི་སྤུན་ཟླ་མང་པོ་ཞིག་གིས་བཙན་བྱོལ་བོད་གཞུང་དུ་བཅོལ་བའི་རེ་བ་མེད་པར་བཟོས་འདུག
ཕྲན་གྱིས་བལྟས་ན། གྲོས་ཚོགས་དེའི་ནང་དུ་ཆ་ཤས་བླངས་མཁན་ཚང་མར་ནོར་འཁྲུལ་མེད་པར་གཏན་ནས་མི་འདུག་སྙམ། གཅིག་བྱས་ན་འདི་ཕྱོགས་གཅིག་ནས་བལྟ་ཚུལ་ཡིན་རྒྱུ་རེད། གང་ལྟར་ད་ལྟའི་བར་དུ་འདིའི་སྐོར་ཐེར་གཏོགས་བྱེད་མཁན་ཚང་མས་ཕྱོགས་ཡོངས་ལ་བརྟགས་དཔྱད་མཐིལ་ཕྱིན་པར་བཟོས་ནས་གཏམ་བཤད་སྤེལ་མཁན་གཅིག་ཀྱང་བྱུང་མ་སོང་ཞེས་ཚིག་ཐག་བཅད་ནས་བརྗོད་རྒྱུ་ཡིན། མ་ཟད་མང་པོ་ཞིག་གིས་འདི་གོ་སྐབས་ཤིག་ཏུ་རྩིས་ནས་རང་གི་མི་འདོད་པའི་ཕྱོགས་ལ་སྐྱོན་བརྗོད་བྱེད་རྒྱུའི་བེད་སྤྱོད་བྱས་སོང་།
གྲོས་འཆར་གཏོན་མཁན་གྱིས་རྒྱུན་ལས་ཀྱི་ཐག་གཅོད་དེ་དྲང་པོ་བྱུང་མི་འདུག་ཅེས་བརྗོད་པ་རེད། ང་ཚོས་དྲང་པོ་དང་ཀྱོག་ཀྱོག་ཞེས་པ་དེ་གང་འདྲ་ཞིག་ལ་རྩི་དགོས་སམ། དཔེར་ན། བཀྲ་ཤིས་ཀྱི་ཨ་མས་རང་གི་བུ་ལ་རྔན་པ་སྤྲད་པ་དང་། སྒྲོལ་མའི་ཨ་མས་རང་གི་བུ་མོ་ལ་རྔན་པ་མ་སྤྲད་པ་ཡིན་ན། བཀྲ་ཤིས་ཀྱི་ཨ་མ་དྲང་པོ་མ་རེད་ཅེས་བརྗོད་ན་འགྲིག་གམ། ཕྲན་གྱིས་ཁྲིམས་ལུགས་ཤེས་ཀྱི་མེད་མོད་ཀྱང་། འཇིག་རྟེན་མི་གཤིས་ཀྱི་ཀུན་སྤྱོད་ཤེས་ཀྱིན་ཡོད་པས་ཁྲིམས་ལུགས་ཀྱང་འདི་ལས་བརྒལ་སྲིད་ཀྱིན་མ་རེད་སྙམ། བལྟ་ཚུལ་འདིའི་འོག་ནས་གྲོས་འཆར་དེ་སྤྱི་ཚོགས་ལྷིང་འཇགས་དཀྲོགས་པའི་འབར་རྫས་ཤིག་ལས། མ་འོངས་བོད་ཀྱི་རྩ་དོན་ལ་སྨོན་པའི་གྲོས་འཆར་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་མེད།
གང་ལྟར་གནས་ཚུལ་འདི་རྒྱ་མི་ལ་ལག་ཆ་ཡག་པོ་ཞིག་ཆགས་འདུག ཁོང་ཚོས་བོད་མི་ཚོར་གནས་ཚུལ་འདི་དྲིལ་བསྒྲགས་བྱས་ཏེ། སྔོན་མ་བོད་བཅིངས་གྲོལ་མ་གཏང་སྔོན་དུ་བོད་པའི་སྐུ་དྲག་གམ་དཔོན་པོ་ཚོས་བཟའ་འཐུང་ཁོ་ནའི་འཐབ་རྩོད་ལ་གཡེང་ནས་མི་དམངས་ཀྱི་བདེ་སྡུག་སྣང་མེད་དུ་བསྐྱུར་བ་རེད། བོད་པའི་དཔོན་པོ་ཚོའི་ན་ཚ་དེ་ད་དུང་དྲག་བསྐྱེད་བྱུང་མི་འདུག་ཅེས་བརྗོད་ཀྱིན་ཡོད་པ་རེད། འདི་དག་འདས་ཟིན་པའི་གནས་ཚུལ་རེད། ང་ཚོས་བཤད་པས་ཕན་ཐོགས་ཅི་ཡང་མེད།
ང་ཚོས་ངེས་པར་དུ་གཟབ་དགོས་པ་ཞིག་ཏུ། འདས་དོན་གྱི་གནས་ཚུལ་དེ་མ་འོངས་པར་མི་འབྱུང་བའི་ཕྱིར། སྐབས་བཅོ་ལྔ་པའི་སྤྱི་འཐུས་འདེམས་སྟངས་མ་ནོར་བར་གནང་རོགས་ཞེས་རེ་བ་ནན་པོ་ཞུ་རྒྱུ་ཡིན།