ཁང་གསར་རྡོ་རྗེ།
ད་ཐེངས་ཀྱི་གྲོས་ཚོགས་བར་མཚམས་འཇོག་དགོས་བྱུང་བ་འདིར་ཕར་བལྟས་ན། གནས་ཚུལ་ཆུང་ཆུང་ཞིག་ལ་ཐུག་ཡོད་པར་བརྟེན། འཕྱ་དགོད་བྱ་ཡུལ་ཙམ་ལས་མེད་པ་ལྟར་སྣང་ཡང་། ཞིབ་ཏུ་བསམས་ན་སྒྲིག་གཞིར་གསལ་ཁ་མེད་པ་དང་། ཐག་གཅོད་བྱེད་སྐབས་དཔུང་བསྒྲིལ་བྱེད་པ་སོགས་ཀྱི་ཚབས་ཆེའི་གནད་དོན་འདུག་ཐོག དྲ་ཐོག་ཏུ་རྩོམ་སྤེལ་མཁན་དང་མཆན་འབྲི་མཁན་ཚོས་གནད་དོན་གྱི་ངོ་བོ་དང་ཁྲིམས་ལུགས་སོགས་ལ་དོ་སྣང་མ་བྱས་པར་རང་གི་བསམ་ཚུལ་ཙམ་གླེང་བཞིན་འདུག་པར་བརྟེན་ཕྲན་པས་འཕྲལ་དུ་རྩོམ་འདི་སྤེལ་བ་ཡིན། ཡིག་ནོར་སོགས་མང་པོ་ཡོད་སྲིད།
༡། གཞུང་འབྲེལ་ཇི་ལྟར་ཡིན་ནམ།
ལས་དོན་གང་ཞིག་གཞུང་འབྲེལ་ཡིན་མིན་གྱི་ས་མཚམས་དེ་ཡང་གསལ་པོ་དེ་ཙམ་མེད། ཨོ་སི་ཊི་ལི་ཡར་ཆབ་སྲིད་བཙོན་ཟུར་དང་ཆབ་སྲིད་འབྲེལ་ཡོད། ཆབ་སྲིད་འབྲེལ་ཆགས་བཅས་རྒྱན་སྐྱུར་གྱི་ལམ་ནས་བཏང་བ་དེ་གཞུང་འབྲེལ་ཆགས་ཀྱི་ཡོད་ན། ཨ་རིར་བོད་མི་ཆིག་སྟོང་རྒྱན་སྐྱུར་གྱི་ལམ་ནས་བཏང་བ་དེ་ཅིའི་ཕྱིར་གཞུང་འབྲེལ་མ་ཆགས་པ་རེད། ཨ་རིར་བཏང་བ་དེ་ཚོ་བཙོན་ཟུར་མ་རེད་ཟེར་ན། དེའི་ནང་བཙོན་ཟུར་ཡང་མང་པོ་འདུག་གོ །
གཞུང་གིས་ལོ་ལྟར་བོད་མི་མང་པོ་ཞིག་ཨ་རི་སོགས་ལ་སློབ་སྦྱོང་དུ་གཏོང་བཞིན་པ་དེ་གཞུང་འབྲེལ་མ་རེད་ཅེས་དེའི་ཁོངས་སུ་ཚུད་པའི་གཞུང་ཞབས་རྣམས་སྒེར་དགོངས་ཞུ་དགོས་ཀྱི་ཡོད་པ་རེད། གཞུང་འབྲེལ་ཡིན་ན་ལམ་གྲོན་དང་བཅས་པ་ཆ་ཚང་གཞུང་གི་གནང་གི་ཡོད་པ་རེད། བཙོན་ཟུར་ཨོ་སི་ཊི་ལི་ཡར་འགྲོ་བའི་འགྲོ་གྲོན་ཆ་ཚང་རང་ངོས་ནས་བཏང་བ་མིན་ནམ། དེས་ན། གནད་འགག་ཅིག་ནི། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་སོགས་རྒྱན་ཁོངས་སུ་རང་ངོས་ནས་འཛུལ་བ་དང་། རྒྱན་ཐོན་རྗེས་རང་ངོས་ནས་འགྲོ་སོང་བཏང་སྟེ་སོང་བ་འདི་ཇི་ལྟར་གཞུང་འབྲེལ་ཆགས་པ་རེད་ཅེས་པ་འདི་རེད། གཞུང་གིས་ཐབས་འཚོལ་དང་གོ་སྒྲིག་གནང་བའི་རྒྱུ་མཚན་གྱིས་གཞུང་འབྲེལ་ཆགས་པ་རེད་ཟེར་ན། ཨ་རི་སོགས་ལ་བཏང་བ་དེ་ཚོ་ཡང་རང་བཞིན་གྱིས་གཞུང་འབྲེལ་ཆགས་ངེས་རེད།
༢། ཆོལ་ཁ་དང་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་ངེས་པར་རྒྱ་བལ་འབྲུག་གསུམ་ནས་ཡིན་དགོས་སམ།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གང་གི་ནང་དུའང་ཆོལ་ཁ་དང་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་ངེས་པར་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་བཅས་གསུམ་པོ་གང་རུང་ནས་ཡིན་དགོས་པར་གསུངས་མེད་ཀྱང་། ད་ཕན་སྤྱི་འཐུས་འོས་བསྡུའི་སྐབས་རྒྱ་བལ་གཉིས་སུ་གཏན་སྡོད་བྱེད་མཁན་མ་ཡིན་པའི་མི་ཞིག་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་སུ་བདམས་པ་བྱུང་མེད་པའི་བག་ཆགས་ཀྱིས། མི་ཕལ་མོ་ཆེས་ཆོལ་ཁ་དང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཡིན་ན་ངེས་པར་རྒྱ་བལ་འབྲུག་གསུམ་གང་རུང་ནས་ཡིན་དགོས་པར་བསམ་བཞིན་འདུག
ཆོལ་ཁ་དང་ཆོས་རྒྱུད་ཀྱི་སྒྲོམ་གཞི་འདི་ང་ཚོ་བཙན་བྱོལ་གྱི་སྤྱི་ཚོགས་གནས་ཡུལ་རྨང་གཞིར་བྱས་ཏེ་བསྐྲུན་པ་ཞིག་མ་རེད། འདི་ནི་བོད་ཕྱི་ནང་གཉིས་ཀའི་ངོ་ཚབ་མཚོན་ཐུབ་པའི་བསམ་བློ་ཞིག་རྨང་གཞིར་བྱས་ཏེ་བསྐྲུན་པ་རེད། དེར་བརྟེན་དེ་ལ་བཙན་བྱོལ་བོད་མི་གནས་ཡུལ་གྱི་བཀག་རྒྱ་བཞག་པ་ཡིན་ན། ཆོལ་ཁ་དང་ཆོས་རྒྱུད་ཀྱི་སྤྱི་འཐུས་དེ་དོན་དུ་རྒྱ་བལ་འབྲུག་གསུམ་ས་ཁུལ་གྱི་སྤྱི་འཐུས་སུ་བསྒྱུར་བ་རེད། དེས་བོད་ཕྱི་ནང་གཉིས་དང་ལྷག་པར་བོད་ནང་གི་བོད་མི་ཚོའི་ངོ་ཚབ་མཚོན་ཐུབ་པའི་འགྲེལ་བཤད་རྒྱག་ཐུབ་ཀྱི་མ་རེད། དེར་བརྟེན་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ཀྱི་ཡོང་ཁུངས་དེ་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཁོ་ན་ཡིན་མི་དགོས་པ་དེ་ཁྲིམས་དོན་དང་དངོས་དོན་གཉིས་ཀ་རེད།
༣། སྤྱི་འཐུས་ཀྱི་སྡོད་གནས་བརྗེས་ཚེ་ཇི་ལྟར་བྱེད།
འོས་བསྡུའི་སྐབས་གཏན་སྡོད་བྱ་ཡུལ་རྒྱ་བལ་འབྲུག་གསུམ་ནང་ཡིན་པའི་སྤྱི་འཐུས་ཤིག་གི་སྡོད་གནས་ཕྱི་རྒྱལ་དུ་སྤོས་ཚེ། ལམ་གྲོན་སོགས་ཀྱི་འགྲོ་ལུགས་གང་འདྲ་བྱེད་མིན་ད་ཕན་སྒྲིག་གཞི་གསལ་པོ་མེད། འོན་ཀྱང་ལམ་ལུགས་ཀྱི་དབང་དུ་བྱས་ཚེ། ད་ཕན་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱི་གོང་དུ་རྒྱ་བལ་འབྲུག་གསུམ་ནས་ཕྱི་རྒྱལ་དུ་སྤོས་པའི་སྤྱི་འཐུས་སུ་ལའང་ཕྱི་རྒྱལ་ནས་གྲོས་ཚོགས་སུ་བཅར་བའི་ཕར་ཚུར་གྱི་ལམ་གྲོན་ཕུལ་བ་གཏན་ནས་བྱུང་མྱོང་མེད།
༤། གང་ཟག་ཅིག་དང་འབྲེལ་བ་རེད་དམ།
གནད་དོན་འདི་ཐག་གཅོད་བྱེད་སྐབས་རྒྱུན་ལས་ཚོས་གང་ཟག་ཅིག་ལ་དམིགས་ཏེ་ཐག་གཅོད་བྱས་ཡོད་ལ། དེ་དྲང་པོ་བྱུང་མ་སོང་ཟེར་མཁན་ཚོས་ཀྱང་གསལ་པོ་མ་བཤད་པ་མ་གཏོགས་གང་ཟག་ཅིག་དང་འབྲེལ་ནས་བཤད་ཀྱི་ཡོད་པ་དེ་གསལ་པོ་རེད། འོན་ཀྱང་འདི་གང་ཟག་གཅིག་ཁོ་ན་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཀྱི་མ་རེད། འདི་ལམ་ལུགས་ཤིག་གི་འགོ་འཛུགས་ཆགས་རྒྱུ་རེད་ལ། ལམ་ལུགས་འདིའི་འོག་ནས་མགོ་ཐར་དཔུང་འཛུལ་བྱེད་མཁན་གྱི་སྤྱི་འཐུས་མང་པོ་ཡོང་གི་རེད། བློ་ལ་ངེས་དགོས་པ་ཞིག་ལ་ཁོང་ཚོས་བཀའ་འཁྲོལ་སྤྲད་པའི་དངུལ་དེ། བོད་རྒྱ་ཆེའི་མི་མང་གི་ཡིན་པ་དང་། ཚིག་སྡུག་ཙམ་གྱིས་བཤད་ན། བོད་ནང་གི་མི་མང་ཚོས་སྲོག་དང་ཁྲག་བཏང་སྟེ་བྱུང་བའི་དངུལ་རེད།
༥། གྲོས་ཚོགས་ཀྱི་བསམ་ཚུལ་གང་རེད།
གྲོས་ཚོགས་ནང་བསམ་ཚུལ་མི་མཐུན་པ་བྱུང་བ་དང་བགྲོ་གླེང་བྱེད་པ། དགག་པ་རྒྱག་པ། རྒྱབ་སྐྱོར་བྱེད་པ་བཅས་གང་ཡིན་རུང་ཡོངས་སུ་རྒྱུན་ལྡན་རེད་མ་གཏོགས་རྒྱུན་ལྡན་མ་ཡིན་པ་རྩ་བ་ནས་མ་རེད། འོན་ཀྱང་ཐག་གཅོད་བྱེད་སྐབས་སྤྱི་མོས་སམ་མང་མོས་གང་རུང་གི་རྗེས་སུ་འགྲོ་དགོས་པ་དང་དེ་ལ་བརྩི་བཀུར་དགོས་པ་འདི་ཡང་གནད་འགག་གལ་ཆེན་རེད།
ད་ཐེངས་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ཕྱི་རྒྱལ་ནས་ཚོགས་བཅར་ཞུས་ཚེ་ལམ་གྲོན་འབུལ་མི་དགོས་པའི་གྲོས་འཆར་ལ་མིང་རྟགས་དགོད་མཁན་ ༡༤ ཙམ་ཡོད་པའི་ཐོག མིང་རྟགས་མ་བཀོད་རུང་དངོས་སུ་མངོན་གསལ་ངང་རྒྱབ་སྐྱོར་བྱེད་མཁན་མདུན་དུ་ཐོན་པའི་གྲངས་འབོར་ལ་གཞིགས་ཚེ། གྲོས་འཆར་འདི་མང་མོས་ཀྱི་ཐོག་ནས་འགྲོ་ཐུབ་ངེས་ཡིན་པ་གསལ་པོ་རེད། དེ་ལ་དགག་བྱ་བྱེད་མཁན་ཚོས་རང་ཉིད་ལ་ཕམ་ཉེས་ཡོང་གི་ཡོད་པའི་སྔོན་དཔག་འོག་གྲོས་ཚོགས་ནས་ཐོན་ཏེ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བ་བཟོས་ཡོད། ཐབས་ལམ་འདི་སྤྱང་གྲུང་ལྡན་པ་ཞིག་རེད། སྲིད་དོན་རྩེ་སྟངས་ཀྱི་ཆ་ནས་བཤད་ན་ཚད་མཐོན་པོ་རེད། འོན་ཀྱང་བཟང་སྤྱོད་ཀྱི་ཆ་ནས་བཤད་ན་ཉུང་བ་དཔུང་བསྒྲིལ་གྱིས་མང་མོས་འབྱུང་གཞིའི་གནད་དོན་ཞིག་ལ་མང་མོས་བྱེད་དབང་མེད་པ་བཟོས་པ་རང་རེད།
༦། རྒྱུན་ལས་ཀྱི་གྲུབ་ཆའི་གནད་དོན།
ཐེངས་འདིའི་རྩོད་རྙོག་གི་གཞི་རྩ་ནི་སྤྱི་འཐུས་རྒྱུན་ལས་ནས་བྱུང་བ་ཞིག་རེད། གྲོས་ཚོགས་ནང་བཤད་པའི་སྤྱི་འཐུས་ཁ་ཤས་ཀྱི་སྐད་ཆའི་ནང་དོན་ལ་གཞིགས་ན། གནད་དོན་དེར་རྒྱུན་ལས་ནང་བསམ་ཚུལ་མི་མཐུན་པ་བྱུང་བ་དང་། མཐར་ལག་པ་རྐྱང་སྟེ་མང་མོས་ཀྱིས་ཐག་བཅད་པར་བཤད་ཡོད། དེར་བརྟེན་བདེ་བོ་རང་མི་འདུག་སྟེ་རྒྱུན་ལས་ཀྱི་གྲུབ་ཆའི་གནད་དོན་ཞིག་མ་གླེང་ཀ་མེད་རེད།
བལྟས་ཚོད་ལ་སྤྱི་འཐུས་དང་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་འདྲ་མཉམ་ཡོད་པ་ལྟ་བུ་རེད། དེ་ཡང་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང་ཆོས་རྒྱུད་རེ་ནས་སྤྱི་འཐུས་གཅིག་རེ་ཡོང་གི་ཡོད་པ་རེད། འོན་ཀྱང་ཞིབ་ཏུ་གཟིགས་ན། ཆོས་རྒྱུད་ཀྱི་སྤྱི་འཐུས་མང་པོས་གནད་དོན་ཕལ་མོ་ཆེའི་ཐོག་རང་ཉིད་སྤྱི་མི་ཞིག་ཡིན་པའི་ལྟ་སྟངས་ཀྱི་ཐོག་ནས་བལྟ་གི་མེད་ལ། རང་ཉིད་ཀྱི་ཆོས་རྒྱུད་ཀྱི་ལྟ་སྟངས་ཐོག་ནས་ཀྱང་བལྟ་གི་མེད། ཁོང་ཚོས་རང་ཉིད་ཆོལ་ཁ་གང་གི་ཁོངས་གཏོགས་ཡིན་མིན་གྱི་ཐོག་ནས་གནད་དོན་ལ་བལྟ་བ་དང་སྐད་ཆ་བཤད་ཀྱི་ཡོད། དེར་བརྟེན། འགག་ལ་ཐུག་དུས་ཁོང་ཚོ་ཆོས་རྒྱུད་ཀྱི་སྤྱི་འཐུས་མ་ཡིན་པར་ཆོལ་ཁའི་སྤྱི་འཐུས་རེད། ཆོས་རྒྱུད་ཀྱི་ལྟ་སྟངས་ཐོག་ནས་བལྟས་ཚེ། ས་དགེ་བཀའ་རྙིང་བོན་དང་བཅས་པ་རྣམས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་ཡོད་པ་ཞིག་རེད་མ་གཏོགས། དམིགས་བསལ་གྱིས་མདོ་སྟོད་ལ་ཁྱབ་ཡོད་པ་ཞིག་མ་རེད་ལ་མདོ་སྨད་དང་དབུས་གཙང་ལ་ཁྱབ་ཡོད་པ་ཞིག་དེ་བཞིན་དུ་མ་རེད། ཐེངས་འདི་རྩོད་རྙོག་གི་འབྱུང་རྩ་དང་། གྲོས་ཚོགས་ཀྱི་ལས་རིམ་མུ་མཐུད་འགྲོ་མ་ཐུབ་པ་བཅས་ཀྱི་གནད་འགག་ཐུག་ས་གཙོ་བོ་ཞིག་ནི། ཆོས་རྒྱུད་ཀྱི་སྤྱི་འཐུས་ཁག་ཅིག་གིས་རང་གི་ཆོལ་ཁའི་ཕྱོགས་སུ་ལངས་བཞིན་པའི་ལངས་ཕྱོགས་ལ་རག་ཆེན་པོ་ལས་འདུག་གོ། །།
ཁང་གསར་ལགས་ཀྱིས་རྩོམ་ཡིག་སྤེལ་བར་དགའ། འོན་ཀྱང་ད་དུང་ཅུང་ཞིབཚགས་ཡོང་མི་འདུག་སྙམ།
ཁང་གསར་ལགས་ཀྱིས་རྩོམ་ཡིག་སྤེལ་བར་དགའ། འོན་ཀྱང་ད་དུང་ཅུང་ཞིབ་ཚགས་ཤིག་ཡོང་མི་འདུག་སྙམ།
དགོངས་པ་མ་ཚོམས། མཆན་ཉིས་བརྩེགས་བཏབས་འདུག
ཁང་གསར་ལགས།
དངོས་གནས་སྐུ་ཉིད་སྤྱི་ཚོགས་ཉམས་ཞིབ་པ་ཞིག་རེད་ཅེས་ཤོད་ཐུབ་པ་འདུག
གཤམ་གྱི་གསུང་ཚིག་རྣམས་ནི་ངའི་མིག་ཤེལ་དེ་གྱོན་ནས་ལྟ་དུས་ཀྱང་མཐོང་སྣང་དེ་ག་རང་མཐོང་གིན་འདུག ད་དུང་དཔྱོད་ལྡན་མང་པོ་ཞིག་གིས་དེ་བཞིན་དུ་མཐོང་སྲིད་པ་རེད།
ཁང་གསར་ལགས་ཀྱིས་གསུངས་པའི་སྙིང་དོན་འདི་མ་རེད་དམ།
༼ཆོས་རྒྱུད་ཀྱི་སྤྱི་འཐུས་མང་པོས་གནད་དོན་ཕལ་མོ་ཆེའི་ཐོག་རང་ཉིད་སྤྱི་མི་ཞིག་ཡིན་པའི་ལྟ་སྟངས་ཀྱི་ཐོག་ནས་བལྟ་གི་མེད་ལ། རང་ཉིད་ཀྱི་ཆོས་རྒྱུད་ཀྱི་ལྟ་སྟངས་ཐོག་ནས་ཀྱང་བལྟ་གི་མེད། ཁོང་ཚོས་རང་ཉིད་ཆོལ་ཁ་གང་གི་ཁོངས་གཏོགས་ཡིན་མིན་གྱི་ཐོག་ནས་གནད་དོན་ལ་བལྟ་བ་དང་སྐད་ཆ་བཤད་ཀྱི་ཡོད། ༽
༼གཤམ་གྱི་ཚིགས་བཅད་ཐན་ཐུན་དེ་རྣམས་གྲོས་ཚོགས་སྐོར་གྱི་གསར་འགྱུར་དང་མཆན་ཁག དེ་རྗེས་ཁང་གསར་ལགས་ཀྱི་རྩོམ་ཡིག་བཅས་བཀླགས་རྗེས་ཤར་མར་ཐལ་ལོ།༽
ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
བློ་ཕམ་སྡུག་སྐད་རྒྱག་མཁན་ཇེ་མང་རེད།།
སྤྱི་འཐུས་སྤྱི་འཐུས་ཟེར་མཁན་ཇེ་མང་རེད།།
ཞབས་འདྲེན་ཞབས་འདྲེན་ཟེར་མཁན་ཇེ་མང་རེད།།
ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
ཆོལ་ཁ་ཆོལ་ཁ་ཟེར་མཁན་ཇེ་མང་རེད།།
འདིས་འགྲིག་མི་འགྲིག་ཟེར་མཁན་ཇེ་མང་རེད།།
འདི་བདེན་དེ་རྫུན་ཟེར་མཁན་ཇེ་མང་རེད།།
ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
མ་བྱུང་མ་བྱུང་ཟེར་མཁན་ཇེ་མང་རེད།།
འུ་ཐུག་འུ་ཐུག་ཟེར་མཁན་ཇེ་མང་རེད།།
ཅི་དྲག་གང་དྲག་ཟེར་མཁན་ཇེ་མང་རེད།།
ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
སྙིང་རླུང་སྟོད་ལ་འཚང་བའི་ནད་པ་མང་།།
དུག་གསུམ་དུག་གིས་མྱོས་པའི་ནད་པ་མང་།།
སྨན་པའི་རྒྱལ་པོས་བཅོས་ཐབས་ཡོད་དམ་ཅི།།
ད་ནི་ཆོལ་ཁ་ཟེར་བའི་མིང་བྱང་འོག།
རྣམ་རྟོག་ཁྲི་མ་འབུམ་གྱི་དུག་རྫས་ཀྱིས།།
དམ་ཚིག་འོ་ཆུ་ལྟར་འདྲེས་བོད་འབངས་ཚོའི།།
སྙིང་ཁམས་གས་སུ་བཅུག་ན་ཀྱེ་མ་ཧུད།།
ད་ནི་དྲ་རྒྱའི་དྲ་གྲོགས་དཔྱོད་ལྡན་ཚོས།།
མི་རིགས་བླ་སྲོག་འཇིགས་པའི་ནད་ཡམས་དེར།།
སྙིང་གི་དགྲ་བཞིན་ཐུགས་གཟབ་མ་གནང་ན།།
གདོང་དམར་བོད་པ་རྨེག་མེད་གཞོམ་པའི་ཉེན།།
སྒེར་གནད་ཆོལ་ཁའི་ལངས་ཕྱོགས་སུ་བསྙད་པའི་གྲོས་ཚོགས་ཐ་ཤལ་བ་དག་གིས་སྒེར་གྱི་ཞེ་མཁོན་སྙིང་དུ་བཅང་ནས་གོ་སྐབས་ཤིག་འཚོལ་བཞིན་ཡོད་པ་ནི་ཁོ་ཚོས་ས་རྟགས་བསྡུ་རུབ་དང་གྲོས་ཚོགས་ལས་ཕྱི་འབུད་བྱས་པའི་བྱུང་རིམ་འདིས་གསལ་པོ་ཆགས་འདུག དེར་བརྟེན་ང་ཚོས་ཕྱོགས་གཉིས་ཆར་གྱི་ནོར་འཁྲུལ་གསལ་འདོན་དང་སྐྱོན་བརྗོད་བྱེད་དགོས་པ་ལས་གྲོས་ཚོགས་སུ་བྱུང་བའི་གནད་དོན་བཞིན་ང་ཚོ་ཡང་དཔུང་སྒྲིལ་དང་ཕྱོགས་ཞེན་ཀྱིས་སྐད་ཆ་བཤད་ཚེ་ང་ཚོ་ཟིན་བྲིས་པ་དག་ཀྱང་ཁོ་ཚོ་དང་ཁྱད་ཅི་ཡོད། འདི་ངས་གོ་བའི་བུ་ལ་བརྡ་ཡིས་ཆོག་ཅེས་པའི་དཔེར་མཚོན་ཙམ་ཡིན།
གྲོས་ཚོགས་འཐོར་བ་འདི་དེ་ཙམ་གནད་འགག་མ་རེད་སྙམ། ཐེ་ཝན་གྲོས་ཚོགས་ནང་སྐབས་རེར་རྐུབ་སྟེགས་ཀྱིས་གཞུ་རེས་བྱེད་པ་དང་། ཨ་རིའི་གྲོས་ཚོགས་ནང་ཤུ་སྒྲ་སྒྲོག་པ་སོགས་བྱུང་དང་འབྱུང་བཞིན་འདུག གྲོས་ཚོགས་འཐོར་ནས་ནང་ལ་ལོག་རྗེས་འཐུས་མི་ཚོས་རང་རང་གི་བཟང་ས་ཉེ་འབྲེལ་དག་གི་ས་ནས་སྔར་མ་རྙེད་པའི་བློ་སྐྱེད་གསར་བ་རེ་རྙེད་ཐུབ་ལ། གྲོས་ཚོགས་ནང་བསགས་པའི་སྙིང་རླུང་གི་ན་ཚ་ཡང་རེ་ཞིག་ཞི་འཇགས་སུ་འགྲོ་ཐུབ། འདི་ནི་རྒྱ་མིའི་དཔོན་པོ་ཚོ་རླུང་ཆེན་པོ་ལངས་དུས་ཡར་འགྲོ་མར་འགྲོ་བྱེད་པ་དང་གཅིག་པ་འདྲ་བོ་ཞིག་ཏུ་མཐོང་སོང་། ད་ཐེངས་ཀྱི་གྲོས་ཚོགས་འཐོར་དོན་ནི་སྤྱིར་ན་གནད་འགག་ཆེན་པོ་ཞིག་གི་སྟེང་ན་མི་འདུག་སྙམ། གང་ལྟར་འདིའི་རྒྱབ་ལྗོངས་སུ་བསྐུངས་པའི་གྲིབ་གཟུགས་ནག་ཡོར་བ་དེ་དག་ལ་གསལ་ཆ་ཞེ་དྲགས་མེད།
དྲ་རྩོམ་ནང་གི་དཔྱད་རྩོམ་ཁག་ལ་དཔྱད་ཞིབ་བྱས་དུས་དངོས་གནས་རེད། དཀྲུག་ཤིང་གི་གཞི་མ་ཆོས་ལུགས་ཁག་གི་སྤྱི་འཐུས་ཡིན་པ་འདྲ། མ་གཞི་ཆོས་ལུགས་ཁག་གི་སྤྱི་འཐུས་དགོས་དོན་མེད་ལ། དགོས་པའི་དབང་དུ་བཏང་ན་ཡང་གྲྭ་བཙུན་རྣམས་ལ་འོས་ཤོག་གཉིས་རྩ་བ་ནས་དགོས་དོན་མེད། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
དབུ་གཙང་སྤྱི་ཀརྨ་ཆོས་ཀྱི་སྐད་ཧ་ཅང་ཐལ་དྲག་པ་རེད། ཁོང་གི་ཐོག་དབུ་དཙང་མི་མང་ནས་བསམ་བློ་གཏོང་དགོས།
སྨྱོན་པ་ནི་སྨྱོན་པ་རང་རེད། ཆོས་དང་འཇིག་རྟེན། གསར་གཏོད་དང་སྨྱོ་རྟགས། སྨྱོན་པ་ནི་སྨྱོན་པ་རང་རེད།
གང་ལྟར། འདི་ལྟའི་གནས་ཚུལ་བརྙན་འཕྲིན་ནང་ནས་མཐོང་བ་དང་རླུང་འཕྲིན་ནང་ཉན་པའི་སྐབས་སུ། བོད་མིའི་སྤྱི་ཚོགས་ཀྱི་སྣེ་འདྲེན་ཚོས། འདི་ལྟར་ཕྱོགས་རིས་དང་འཐེན་འཁྱེར་གྱི་སྐད་ཆ་བཤད་པ་མ་ཟད། དངོས་སུ་ལག་ལེན་གྱི་ཐོག་ནས་རྣམ་འགྱུར་སྟོན་དུས་སུ། ད་དུང་ཤེས་ཡོན་གྱི་མ་འདང་བ་དང་འགྲོ་བ་མ་ཤེས་པ་མང་པོ་མེད་འགྲོ། ལྷག་པར་དུ་དགྲ་དགའ་གཉེན་སྡུག་གི་གནད་དོན་ཞིག་ལ་ཆགས་མི་ཡོང་ངམ། དེའི་རྒྱུ་རྐྱེན་ནི། ང་ཚོ་ཚང་མས་བརྩི་བཀུར་བྱེད་དགོས་པ་ཞིག་སེམས་གཏིང་ནས་བརྩི་བཞིན་མེད་པ་དང་། འཆམ་མཐུན་བྱེད་དགོས་ས་ཞིག་ལ་ནུས་སྟོབས་གཅིག་ཏུ་སྒྲིལ་ཐུབ་ཀྱི་མེད་པ་གསལ་བོ་ཆགས་པ་མ་རེད་དམ། ཨ། དངོས་གནས་རང་རེད། བསམ་བློ་འཐུས་ཚང་མིན་པ་དང་ལངས་ཕྱོགས་བརྟན་པོ་ཞིག་མེད་པ་ལྷང་ལ་བུད་པ་མ་རེད་དམ། ཨ་ཧོ། ང་ཚོ་དབངས་མི་སེར་ཚོས་སུ་ཞིག་ལ་བློ་གཏད་དང་ཡིད་ཆེས་བྱེད་དགོས་པ་ཞིག་རེད་དམ། གཞན་ཡང་གྲྭ་པའི་རྣམ་འགྱུར་ཐོག་ནས་ཚུལ་མིན་གྱི་བསམ་སྤྱོད་འཁྱེར་སྟངས་དེས་ལྟ་མི་བཟོད་པའི་སྐྱུག་བྲོ་བའི་གནས་ཚུལ་ཞིག་ངང་དྷངམ་ཤུགས་ཀྱིས་མངོན་པ་ནི་ཇི་འདྲའི་ཁྱད་མཚར་ཞིག་རེད། དགེ་བཤེས་མ་རེད་དགེ་བཤིག་གི་རྣམ་འགྱུར་དང་ཉམས་ལེན་ཅི་ཡང་མེད་པས་རྗེས་ཕྱོགས་མི་མང་སྤྱི་ཡོངས་ཀྱིས་ངོས་འཛིན་མ་ནོར་བ་ཞིག་དང་འོས་འདེམས་མ་ནོར་བ་ཞིག་བྱེད་དགོས་པ་གནད་འགག་ཅིག་ཆགས་མིན་འགྲོ།
སྔ་ཕྱི་རེད་མ་གཏོགས་འདི་འདྲའི་བྱུང་རྒྱུ་ཡིན་པ་གཏན་འཁེལ་བ་ཚར་བ་ཞིག་རེད།
ལུང་བསྟན་གནང་བ་ངོ་མཚར་ཆེ།
གྲོས་ཚོགས་འཐུས་མི་འདི་ཚོ་གྲྭ་བ་འདྲ་ཡིན་དབང་དུ་བཏང་ན་གྲོས་ཚོགས་རྭ་བ་ནི་ཆོས་རྭ་ལྟ་བུ་ཡིན་པས་རྩོད་རྒྱུ་རེ་ཡོད་ན་བརྩད་པ་འགྲིག་འདུག ད་དུང་དབུས་གཙང་སྤྱི་འཐུས་ལ་དབུས་གཙང་ཆོལ་ཁའི་ཞེན་ཁོག་དགོས་པ་རེད་ལ། དེ་བཞིན་མདོ་སྟོད་སྨད་གཉིས་ཀྱང་དེ་དེ་བཞིན་རེད། ཡིན་ནའང་ལུང་ཚན་བྱེ་བྲག་པའི་ཞེན་ཁོག་དེ་བོད་སྤྱི་བའི་ཞེན་ཁོག་གི་སྒང་ལ་འཇོག་མི་ཉན་པ་དེ་ཡང་ཤེས་རྒྱུ་གལ་ཆེན་ནང་གི་གལ་ཆེན་རེད། མ་ཟད་ཆོས་བརྒྱུད་ཀྱི་ཞེན་ཁོག་དེ་བོད་ཡོངས་ལ་ཁྱབ་དགོས་པ་རེད། མ་གཞི་ཆོས་བརྒྱུད་ཀྱི་འཐུས་མི་ཡིན་ན་འདི་དགོས་རྒྱུ་ཞིག་མ་རེད། ༧གོང་ས་མཆོག་སྐུ་བཞུགས་རིང་ལ་ལམ་ལུགས་འདི་རྩ་མེད་བཟོས་ན་དགའ་ས་རེད། འདི་ཚོས་སོ་སོའི་ལས་དོན་མི་བསྒྲུབས་པར་སྐལ་མེད་སར་སྐེ་བསྲིངས་རྒྱུར་གོམས་ཡོད་ཐལ། ___སྨན་རི་གཡུང་དྲུང་ཟླ་བས།
རྒྱ་གར་དབུས་གཞུང་གི་གྲོས་ཚོགས་གོང་འོག་གཉིས་དང་ས་གནས་གྲོས་ཚོགས་སོགས་སུ་ལྟོས་སྐབས་བོད་གཞུང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་འཆར་བྱུང་རྗེས་ཁ་རྩེད་ཙམ་ལས་ལག་པ་དང་རྐུབ་སྟེགས། གློག་ཆས(mike)སོགས་དབྱུག་ནས་ཟིང་མ་བློངས་པ་ལྷ་རྒྱས་རེད་དྲན། སྤྱིར་བཏང་ནས་གནད་དོན་འདི་བྱུང་རྗེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཛྷགཙོ་བས་ཨ་རིས་བོད་སྐད་རླུང་འཕྲིན། གཞན་ཡང་ནོ་བེ་རླུང་འཕྲིན་དང་དུས་བབས་དང་བང་ཆེན་དྲ་གནས་སོགས་ནང་ཡང་ཤུགས་ཆེན་བཤད་བ་དང་བྷབྲིས་ཏེ་དགག་བ་དང་མཐུན་བ་གཉིས་ཐོག་བགྲོ་གླེང་ཟབ་མོ་གནང་ཡོད། གཅིག་ནི་མང་གཙོ་ཡིན་པའི་རྟགས་ལྗངས་ཁུ་དེ་སྟོན་འོང་ནས་བཤད་བརྗོད་རང་དབང་བེད་སྤྱོད་ཡོད་ཙམ་འགྲིགས་ཡོད་སྣང་མོོད། ཕྱོགས་གཞན་ཞིང་ནས་སྐུ་འོས་སྤྱིར་འཐུས་རྣམས་པའི་མི་དམངས་སྐུ་ཚབ་གནང་སྟངས་ཀྱི་བཟང་སྤྱོད་དང་འགལ་ཡོད་པ་ཞིང་ལ་ཡང་ངེས་འཛིན་ཆོག།
གླེང་གཞི་འདིས་ཆོལ་ཁག་དང་ཆོས་རྒྱུད་ཟེར་ནས་ཁྱེད་ཀྱི་ཁ་དང་ངའི་སྣ་ལབ་ནས་མང་དག་གཅིག་བཤད་དེ་རྐང་འདྲེན་རྒྱུ་ཞིག་མ་གཏོགས་མེད། འདི་ཚོའི་སྐོར་ལ་བློ་ཟོལ་པ་མེད་ཞིང་དང་བློ་འདང་པའི་ངང་ནས་བཟང་ངན་དབྱེ་བ་་རྟོགས་དགོས་སྙམ། བདེ་མོ།
སྔོན་མ་ཞིག་ལ་བོད་མི་མང་སྤྱི་འཐུས་རྣམས་རྒྱལ་ཁབ་གང་ས་གང་ནས་ཡོང་གི་ཡོད་པ་རེད། ཕྱིའི་རྒྱལ་ཁབ་ཁག་ནའང་སྤྱི་འཐུས་མང་པོ་ཞིག་ཡོད་ཙང་དེའི་འགྲོ་སོང་ལ་དཀའ་ངལ་ཕྲད་དེ་བྱང་ཨ་རི་དང་ཡོ་རོབ་སོགས་ནས་རང་ཁོངས་ནས་སྤྱི་འཐུས་འདེམས་རྒྱུ་བྱས་པ་རེད་བསམས་སོང་།
དེ་བས་སྤྱི་འཐུས་སྒྲོལ་མ་འཚོས་ད་ཐེངས་བསོད་སྟོབས་ཀྱི་གནམ་གྲུའི་འགྲོ་སོང་སྤྱི་འཐུས་ནས་བཏང་བ་དེར་གྲོས་གཞི་བཏོན་པ་དེ་འགྲིགས་པ་ཞིག་རེད་འདོད། དེ་ནི་ཆོལ་ཁ་དང་འབྲེལ་བ་ཡོད་པ་ཞིག་མ་རེད། སྤྱི་འཐུས་ཀྱི་སྒྲིག་གཞི་འཐུས་ཚང་ཅན་དུ་འགྲོ་བར་འབྲེལ་་བ་ཡོད་པ་ཞིག་རེད། དེས་ན་དེར་རྒྱབ་སྐྱོར་བྱེད་མཁན་ཚོའང་དེ་ལས་མ་འདས། དེ་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་འཐུས་དེ་ཚོའང་ནམ་རྒྱུན་ཆོལ་ཁའི་ཕྱོགས་ཞེན་མེད་མཁན་སྤྱི་འཐུས་ཡག་པོ་རྐྱང་རྐྱང་རེད། ཕལ་ཆེར་ཆོལ་ཁའང་གསུམ་གྱི་ཁོངས་ནས་མེད་འགྲོ་བསམ་བསམ་ཞིག་འདུག
ཡིན་ནའང་བསོད་སྟོབས་ཀྱི་རྒྱབ་རྩར་ལངས་ནས་རྩོད་པ་རྒྱག་མཁན་དེ་ཚོ་སུ་སུ་ཡིན་མིན་ད་རུང་འདི་ནས་ཤེས་ཀྱི་མི་འདུག དུས་བབ་ཀྱི་མཆན་ནས་ཤེས་གསལ་ལྟར་ན་འཇུ་ཆེན་དཀོན་མཆོག་ཟེར་བ་ཞིག་གི་མིང་འདུག ཡིན་ནའང་མོས་ཅི་ཞིག་བཤད་མིན་ཤེས་གི་མི་འདུག
རྙོག་དྲའི་གཞི་མ་དེ་བསོད་སྟོབས་ཀྱི་ལམ་གྲོན་སྤྱི་འཐུས་རྒྱུན་ལས་ཀྱིས་བཏང་བ་དེ་རེད། དེ་སྒྲིགས་འགལ་རེད་དམ་མ་རེད། ཡིན་ན་སྒྲིགས་འགལ་བྱེད་མཁན་དེ་སུ་རེད། ཆོལ་ཁའི་ཕྱོགས་ཞེན་གྱིས་རྩོད་གཞི་སློང་མཁན་དེ་ཚོ་སུ་དང་སུ་རེད་དེ་གསལ་བོ་བཟོ་དགོས་ཀྱི་འདུག
མ་གཞི་སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ཟེར་བ་འདི་རྟག་པར་རྙོག་དྲའི་འབྱུང་ཁུངས་ཤིག་རེད། ཟམ་གདོང་རིན་པོ་ཆེ་ཚོགས་གཙོ་ཡིན་སྐབས་གྲོས་ཚོགས་སྐབས་ཁོ་ལ་གསལ་འདེབས་དང་ཁོའི་འབྲེལ་མེད་ཀྱི་སྐད་ཆ་ལ་ཐེངས་གཅིག་མིན་དུ་གྲོས་ཚོགས་ནང་ཚོད་འཛིན་བྱས་པའང་དྲན། འཇམ་ནོར་གྱིས་ཀྱང་བསོད་སྟོབས་སྐོར་ཁོང་གི་རྩོམ་བྲིས་ཤིག་ནང་ནན་པོ་བྱས་གླེང་བ་དྲན་གྱི་འདུག ངས་ཀྱང་མདོ་སྟོད་ཀྱི་གྲོགས་པོ་ཁ་ཤས་ཤིག་ལ་བཤད་རྒྱུ་བྱུང་། ཁྱེད་ཚོས་བསོད་སྟོབས་ལྟ་བུ་དེ་འདྲ་གང་ཡང་མི་ཤེས་མཁན་བོང་གུ་འདྲ་བོ་འདི་འདྲ་སྤྱི་འཐུས་ནང་འདེམས་རྒྱུ་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་ལའང་ཕན་ཐོགས་གི་མ་རེད་ལ་མདོ་སྟོད་མི་མང་ལའང་ཕན་ཐོགས་གི་མ་རེད་་ཟེར་ནས་ཤོད་གི་ཡོད། ཡིན་ནའང་ཧང་སངས་པ་ཞིག་རྗེས་མའི་སྤྱི་འཐུས་འོས་འདེམས་ཤིག་གི་སྐབས་ཁོ་ཟམ་གདོང་རིན་པོ་ཆེའི་རྗེས་ལ་སླེབས་འདུག་པ་དེ་རེད།
སྤྱི་འཐུས་ལྷ་མོ་སྐྱབས་ཧྥ་རན་སི་ནས་ཕར་འགྲོ་ཐུབ་ས་ནས་བསོད་སྟོབས་ཨོ་སི་ཀྲེར་ལི་ཡ་ནས་འགྲོ་མི་ཐུབ་པ་དེ་ངས་མགོ་ཚོད་གི་མི་འདུག མདོ་སྟོད་ཁོངས་མི་ཤེས་འཇོན་གཉིས་ལྡན་གང་ས་གང་ན་མཐོང་རྒྱུ་འདུག རྗེས་མ་ནས་བོང་རྒན་འདི་འདེམས་མ་ཡོང་ང།
ང་ཚོས་སྤྱི་མཐུས་འདེམས་ཕྱོགས་དང་བཀའ་ཁྲི་འདེམས་སྟངས་གང་ཐད་ནས་འོས་འཕེན་པ་དག་གིས་རང་གི་ལྟ་གྲུབ་ཀྱི་བསམ་ཚུལ་དང་ལྡན་པའི་ཐོག་འོས་འདེམས་བྱེད་རྒྱུ་དེ་ཆེས་ཉུང་བ་རེད། ཕྱོགས་ཞེན་གྱི་བསམ་བློ་དབང་བཙན་པའི་ཐོག་མི་དེ་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་ཡོད་མཁན་ཞིག་རྩ་བའི་ཆ་རྐྱེན་དུ་བརྩི་བ་ནི་དངོས་ཡོད་གནས་ཚུལ་རེད། རྒྱུ་མཚན་དེས་སྤྱི་མཐུས་དག་གིས་ཀྱང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་དེ་རང་གི་ལས་དོན་དུ་བརྩིས་ཏེ་རྟག་ཏུ་དེ་ཁ་ལ་ཁྱེར་བཞིན་ཡོད། སུ་ཞིག་གིས་གིས་ལག་ཆ་རུ་གྱུར་པའི་བསོད་སྟོབས་འདིས་ཀྱང་རྟག་ཏུ་ཁམས་པ་དང་མདོ་སྟོད་ཞེས་མཆུ་རྩེར་ཁྱེར་ཏེ་རྙོག་གླེང་བཟོ་བཞིན་ཡོད་མོད་མདོ་སྟོད་མི་མང་གིས་དེ་ལེགས་ཆ་རུ་རློམས་ཏེ་རྟག་ཏུ་ཁོ་ལ་འོས་ཤོག་འཕེན་བཞིན་གདའ། ལོ་ཤས་སྔོན་དཔལ་ལྡན་ས་སྐྱའི་གྲྭ་ས་ཁ་ཤས་ནས་བསོད་སྟོབས་ལ་འོས་ཤོག་མི་འཕེན་པའི་རེེ་བསྐུལ་ཇི་ལྟར་བྱས་ཀྱང་དེ་ལས་ཟློག་ཐུབ་མེད། དེ་བཞིན་ཟིན་བྲིས་པ་དག་གིས་ཀྱང་འཕེལ་རྒྱས་ཚང་སྒྲོལ་མ་མཚོ་མོ་སོགས་སྐྱོན་མེད་དཀར་སར་སྒྲུབ་བཞིན་པ་འདི་ཉིད་ཀྱང་དོན་དུ་ཆོལ་ཁའི་ཞེན་ཁོག་ལས་མ་འདས་པ་ཞིག་མངོན་གསལ་རེད། ཞན་ཆ་འདི་དག་ཡོང་ཁུངས་གཙོ་བོ་ནི་གཞུང་གི་སྲིད་ཇུས་ཀྱི་ཁ་ཕྱོགས་ནོར་བའི་དབང་གིས་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་རེད། གལ་སྲིད་ང་ཚོས་ཆོལ་ཁ་དང་ཆོས་ལུགས་ཞེས་པའི་ཐ་སྙད་རྫོབ་པོ་འདི་དག་བེད་སྤྱོད་མི་བྱེད་པར་རང་བཙན་དང་དབུ་མའི་ལམ་ཞེས་ཆབ་སྲིད་ཀྱི་ཕྱོགས་ཁག་གཉིས་སུ་ཕྱེས་ནས་གཞུང་འཛིན་བཀའ་ཤག་འདེམས་པ་དང་གཞིས་སྒར་ཆེ་ཁག་དག་ལས་དེར་གནས་མི་མང་གིས་སྤྱི་མཐུས་འདེམས་ཚེ་རྩོད་རྙོག་འདི་དག་མེད་པ་མ་ཟད་ལས་དོན་སྒྲུབ་ཕྱོགས་ལ་ཡང་ཉེར་མཁོའི་རང་བཞིན་གྱུར་བ་ནི་ལྟ་ཅི་སྨོས། འོན་ཀྱང་འདི་དག་གླེང་བའི་ཁོར་ཡུག་ཧ་ཅང་དོག་ཏེ་ལྷ་སྲིན་སྡེ་བརྒྱད་ཀྱི་རྭ་བ་ལས་བརྒལ་དགོས་པའི་ཕྱིར།
ཆོས་ལུགས་དང་ཆོལ་ཁ་ཟེར་བ་འདི་དག་ང་བོད་ལ་ཡོད་སྐབས་གསལ་ཆ་མི་ཆེ་མོད་རྒྱ་གར་དུ་འབྱོར་རྗེས་རང་བཞིན་གྱིས་ངའི་སེམས་ལ་བགས་ཆགས་ནག་པོ་ཞིག་གཞག་སོང་། ད་ལྟར་ངས་ཆོལ་ཁ་གཉིས་ལ་གཞན་དང་གཅིག་ལ་རང་ཞེས་པའི་ཐ་སྙད་ངན་པ་ཞིག་དང་ལྷན་ཨ་མཐས་སུ་བཟུང་བགས་ཆགས་ཤིག་ཀྱང་ནན་པོ་བྱས་ནས་ཉར་ཡོད།
གྲོས་ཚོགས་ཀྱི་ནང་དོན་གང་འདྲ་ཡིན་མིན་སྔ་མོ་ཤེས་ཡོད། དེ་རིང་གྲོགས་ཚོགས་མཇུག་བསྡུ་མ་ཐུབ་པ་དེ་མི་དམངས་ལ་བསླབ་བྱ་ཟབ་མོ་ཞིག་བརྒྱབ་པ་རེད། མི་མང་གིས་གྲོགས་ཚོས་ཀྱི་མ་འགྲིག་པར་ངོས་བཟུང་ནས་ཧ་ལས་ལས་དང་། ཁ་བརྡུང་གཏོང་ཁུལ་བྱེད་ཀྱི་ཡོད་ཀྱང་། མདོར་ན་ནོར་འཁྲུལ་དེ་གྲོས་ཚོགས་ཀྱིས་བཟོས་པ་རེད། གྲོགས་ཚོགས་དེ་མི་མང་རང་གིས་འདེམས་པ་རེད། མི་དམངས་ཀྱི་འཐུས་མི་གཙང་མ་རེ་འདེམས་ཐུབ་མེད་པ་ལ་ཐུག་ཡོད་པ་རེད། དེའི་ཕྱིར་ནོར་འཁྲུལ་འདི་གྲོས་ཚོགས་ཀྱི་འཐུས་མི་དང་འཐུས་མི་འདེམས་མཁན་གྱི་བོད་མི་རེ་རེ་ལ་བགོ་བཤའ་བརྒྱག་རྒྱུ་ཡོད་པ་ཞིག་རེད། བོད་ཀྱི་ཁ་དཔེར་”ཨ་མས་བསྐོལ་བའི་ཐུག་པ། ཞིམ་པོ་མེད་ནའང་འཐུང་དགོས”ཟེར་བ་ལྟར། རང་གིས་འདེམས་པའི་འཐུས་མི་ཡག་པོ་མེད་ཀྱང་བརྩི་དགོས་ཟེར་ན་འདོད་སོང་།
སྤྱི་འཐུས་ནོར་ལུག་འདྲ་བོ་འདེམས་ན་མཇུག་འབྲས་འདི་ལས་གང་ཡོང་།
h
སྟག་སྨྱོན་གྱིས་བཤད་པ་དེ་དེ་བཞིན་ནོ།
དྲ་གྲོགས་བཟང་པོ་ཚོ། སྟག་སྨྱོན་ཟེར་བའི་དཀྲུགས་ཤིང་དམ་ཉམ་ཡ་མེད་འདི་ཤི་འདྲེའི་ཁོལ་པོ་འདིས་ལོ་སྔ་མ་ནས་ད་བར་ཟུར་ལྟ་དང་། སྟག་སྨྱོན། གདོང་དམར་གྱི་བུ། མེ་རི། སྦིང་སྦིང་། ནོར་ནོར་ཟེར་བ་སོགས་མིང་འདྲ་མིན་སྣ་དགུ་བཀོལ་ནས་བོད་གཞུང་དམངས་གཉིས་ལ་ཁ་མ་བཏང་ས་ཞིག་དང་། སྙིང་མ་བསྔོགས་ས་ཞིག་མེད། ད་སྐབས་ཡང་མི་འདི་ལ་གོ་སྐབས་ཐེངས་གཅིག་ཤར་བས་འུག་པ་ལ་མུན་རུབ་པ་ལྟ་བུར་དགའ་ཐག་ཆོད་ནས་སྤྱི་འཐུས་ཀྱི་རྙོག་དྲ་དེ་ཆེ་རུ་གཏོང་ཨེ་ཐུབ་བལྟ་གིན་འདུག་པས་དྲ་གྲོགས་ཚོས་མི་འདི་ལ་གཟབ་དགོས། རང་རེ་བོད་གཞུང་ལ་རེ་ལྟོས་འཆའ་མཁན་ཚོས་རང་གིས་རེ་ལྟོས་བྱེད་སའི་སྤྱི་འཐུས་ཀྱི་སྐྱོན་ཡོན་རེ་གླེང་རྒྱུ་བབ་ཅིང་འོས་པ་ཞིག་ཡིན་མོད། ཟ་ཁ་ཡར་བསྟན་དང་སྙིང་ཁ་ཕྱིར་བསྟན་གྱི་རིགས་འདི་ལ་བོད་གཞུང་གི་སྐྱོན་གླེང་རྒྱུའི་འོས་བབས་མེད་ཅིང་། ཅི་སྟེ་གླེང་ན་དེ་ནི་དགྲ་ཕྱོགས་ནས་གླེང་བ་ལ་བརྩི་ངེས་ཡིན། དྲ་གྲོགས་རྙིང་པ་རྣམས་ཀྱིས་ཤེས་ཀྱང་གསར་བ་རྣམས་ཀྱིས་མི་འདིའི་བསམ་སྤྱོད་མི་ཤེས་པས་འོག་ཏུ་མི་འདིས་བྲིས་པའི་མཆན་གཅིག་རང་གཟིགས་འབུལ་ཞུས་ཡོད། འདི་ལ་ལྟོས་དང་སྟག་སྨྱོན་ཤེས་པར་འགྱུར་ངེས། ད་དུང་དགོས་ན་མི་འདིས་ད་བར་དྲ་ཐོག་ཏུ་བཏབས་པའི་མཆན་ཁག་ཅིག་དང་། དྲ་གྲོགས་མང་པོ་ཞིག་གིས་ཁོ་ལ་བལྟ་ཚུལ་ཅི་ཡོད་ཉུང་བསྡུས་ཤིག་ཕྱོགས་བསྡེབས་བྱས་པ་བཅས་རིགས་མི་འདྲ་བ་ཁག་གཉིས་ཡོད་པས་རིམ་གྱིས་གཟིགས་འབུལ་ཞུ་ཆོག ཁར་སང་དུས་བབ་ཐོག་ཏུ་ཤི་འདྲེའི་ཁོལ་པོ་འདི་སླེབས་འདུག་ཀྱང་སྟག་སྨྱོན་རྫུན་མ་ཞིག་དང་གདོང་དམར་གྱི་བུ་རྫུན་མ་ཞིག་ཡོད་པ་དེ་གཉིས་ཡིན་རྒྱུ་རེད་སྙམ་ནས་ཐེར་འདོན་བྱས་མེད་མོད། དེ་རིང་བལྟས་དུས་སྤྱི་འཐུས་ལ་བྲིས་པའི་ཁོའི་དགྲ་རྩོམ་དེའི་ཕྱེད་ཁོ་རང་གི་ཟིན་བྲིས་ཤི་བོ་དེའི་ནང་དུ་བཞག་འདུག་པས་སྟག་སྨྱོན་དེ་སྟག་སྨྱོན་ངོ་མ་ཡིན་པར་ཤེས་ནས་ངོ་སྤྲོད་དང་ཐེར་འདོན་སྦྲགས་མ་འདི་བྲིས་པ་ཡིན།
༡༽ སྟག་སྨྱོན།
༢༠༠༩/༠༨/༠༩ ཉིན་འདོན་སྤེལ་བྱས།
མིང་རྫུན་བཀོལ་བཞིན་པའི་བཙན་པོ་དང་བསམ་གཏན་སྟག་སྨྱོན་མིང་ཅན་སོགས་དྲ་སྐྱག་ཚོར་ཤོད་རྒྱུར། ཁྱེད་ཚོ་ང་ལ་མི་དགའ་དོན་ཉེ་སྔོན་དྲ་སྐྱག་ཅིག་གིས་ངས་དོལ་ཚོགས་ཀྱི་མགྲོན་ཁང་ཞིག་ཏུ་ལས་ཀ་བྱས་རབས་ཤིག་བཤད་འདུག་པས་རྐྱེན་གྱིས་ཡིན་ན་དེ་ནི་གཞི་མེད་ཀྱི་བསྙོན་འཛུགས་ཤིག་རེད་ཅེས་ཤོད་རྒྱུ་ཡིན། འདི་ངའི་གྲོགས་པོ་ནང་མ་ཞིག་གིས་བཤད་པ་ངས་ཤེས་སོང་། བཤད་མཁན་ཡང་སུ་ཡིན་ཤེས་ཡོད། དངོས་གནས་བཤད་ན་ངའི་ཕ་མ་དང་ཨ་མྱེ་སོགས་ཀྱི་རིང་ལ་དོལ་རྒྱལ་བརྟེན་གསོལ་བྱེད་མྱོང་ཡོད། ཡིན་ན་ཡང་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་ནས་མཚམས་འཇོག་གཙང་མ་བྱས་ཟིན། དགའ་ལྡན་ཁྲི་པ་ཡན་ཆད་ཀྱིས་སྔོན་ཆད་དོལ་རྒྱལ་བརྟེན་གསོལ་བྱེད་མྱོང་ཡང་མཚམས་འཇོག་གཙང་མ་ཞུས་རྗེས་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཡིན་པ་ཁྱེད་ཚོས་ལོས་ཤེས། དེ་མིན་བཙན་བྱོལ་ཁྲོད་ཀྱི་ཟམ་སྟོང་ཚུད་པའི་བླ་མ་བརྒྱ་ཆའི་དགུ་བཅུ་གོ་དགུ་ལ་ཡིད་ཆེས་མེད་ཅེས་བཤད་མྱོང་། དེ་ནི་དེ་ཙམ་གྱི་ཚབས་ཆེན་ཞིག་ཨེ་ཡིན། རང་བཙན་ལག་དེབ་ལ་དངུལ་སྤྲོད་ཀྱི་མིན་ཞེས་བཤད་པ་བདེན། སྤྲོད་རྒྱུ་ཡང་མིན། ན་ནིང་ནས་རང་གི་པར་མགོ་དང་མིང་བཀོག་རྗེས་གད་སྙིག་ནང་དུ་གཡུག་ཚར། འོན་ཀྱང་དེ་ཡང་ཟམ་སྟོང་སྲིད་གཞུང་ལ་ཡིད་ཆེས་མེད་པའི་རྣམ་འགྱུར་རྣལ་མ་ཞིག་བསྟན་པ་ལས་གང་ཡང་མིན། ང་ཡང་རང་ཉིད་བོད་མི་ཞིག་ཡིན་པས་རང་གི་ས་ན་བོད་དོན་སྒྲུབ་བཞིན་ཡོད། བོད་དོན་སྒྲུབ་མཁན་ཞིག་ཡིན་ན་རང་བཙན་ལག་དེབ་ལ་སྒོར་མོ་སྤྲོད་མཁན་ཞིག་ཡིན་དགོས་པའི་ངེས་པ་ཨེ་ཡོད། བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོར་ལྟོས་དང་། བོད་ཡིག་ལ་རེ་ཐག་བཅད་པ་ཡིན་ཡང་ཟེར་མྱོང་མོད། དེ་ཡང་བོད་ཡིག་གིས་ཁ་ལག་སྤྲོད་མི་ཐུབ་པའི་གནས་ལུགས་ཤིག་བཤད་པ་ཡིན། ལྟོས་དང་བཙན་བྱོལ་ནང་གི་ཕྱུགས་པོ་རྒྱག་པ་ཚོ་བོད་ཡིག་མི་ཤེས་མཁན་དང་། བོད་ཡིག་ཤེས་མཁན་གྱི་གསར་འབྱོར་ཚོ་འབའ་ཁུག་སྟོང་པ་ཡིན་པ་མཐོང་ཨེ་མྱོང་། དེ་མིན་ཁྱོད་ཚོས་སྐྱོན་བརྗོད་དང་འཇིགས་སྐུལ་ཅི་བྱེད་ཀྱང་ཆོག ཡིན་ན་ཡང་གོ་རིམས་ཡོད་པ་ཞིག་གལ་ཆེ། ངས་ནམ་ཡིན་ཡང་གནས་ལུགས་ཀྱི་སྐད་ཆ་མ་གཏོགས་བཤད་མི་ཤེས་པས། གནས་ལུགས་ཀྱི་སྐད་ཆ་ཉན་རྒྱུར་མི་དགའ་བ་ཚོས་ངའི་ཟིན་བྲིས་ལ་མ་བལྟས་ན་ཡག་ཤོག་རེད། གལ་སྲིད་བལྟས་ནས་མ་དགའ་ན་སྐྱག་པ་ཟོས་ཟེར་རྒྱུ་ལས་གཞན་གང་ཡང་མེད། ༢༠༠༩ ༠༣ ༡༣ལ་བྲིས་པའི་དུས་བབ་ནང་གི་ཟིན་བྲིས།་་་་་་་་་་་་་་་་་་་་་་་་་་་་
གནད་དོན་འདི་ཡི་ཐོག་ནས་ང་ཚོས་བགྲོ་གླེང་དང་ཐེར་འདོན་བྱེད་དགོས་པ་གལ་ཆེན་ཞིག་རེད་འོན་ཏེ་གྲོས་ཚོགས་སུ་བྱུང་བའི་གནད་དོན་དེ་ཡང་རང་ལྟ་མཆོག་འཛིན་ཞིག་དང་ཞེན་ཁོག་ནག་པོ་ཞིག་གིས་མཇུག་འབྲས་ཡིན་པ་ནི་དགག་ཕྱོགས་སྒྲུབ་ཕྱོགས་གཉིས་ཀྱི་མི་སྣ་དག་གི་ཡོང་ཁུངས་ལས་ཀྱང་ཤེས་ནུས། གནད་དོན་ཆུང་ངུ་འདི་ཙམ་ལ་བརྟེན་ནས་ཁོ་ཚོས་རྙོག་གླེང་ཆེན་པོ་བཟོ་བར་དཔག་ཚེ་མ་འོངས་པ་གོ་སྐབས་ཤིག་རག་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་མིང་ཁྱེར་བའི་རྩོད་གླེང་ཆེན་པོ་ཞིག་བྱེད་པར་ཐེ་ཚོམ་ཅི་ཡང་མེད། ངས་བཤད་པ་བདེན་དུ་མི་རློམ་ཚེ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཁམས་པ་མི་མང་ཟེར་བ་དེ་ལས་སླ་བོ་ཡོད་མ་རེད་ད་་་ཟེར་བའི་ཚིག་འདི་ཀྱང་ཁོང་ཚོས་འཆར་གཞི་གང་ཡིན་ཤེས་ནུས། སྤྱིར་ཟིན་བྲིས་པ་ང་རང་ཁམས་པ་ཞིག་ཡིན་མོད་མདོ་སྟོད་ཀྱི་སྤྱི་འཐུས་དག་ལས་འབར་བ་སྐལ་བཟང་ཟེར་བ་དེ་དང་གསེར་རྟ་ཚུལ་ཁྲིམས་ཟེར་བ་གཉིས་ལས་གཞན་རྣམས་བླུན་པོ་ཆུ་སྣ་གར་ཁྲིད་མཁན་ཤ་སྟག་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད། དེ་བརྟེན་ཁོ་ཚོས་བློ་ཕམ་བྱེད་དགོས་པའི་བྱ་བ་འདི་དག་ཀྱང་འབྱུང་འགྱུར་ཡང་མུ་མཐུད་རྒྱུ་རེད་སྙམ། དེ་བཞིན་མདོ་སྨད་ཀྱི་སྤྱི་འཐུས་དག་ལ་ཡང་རིགས་བསྒྲེ་ཆོགས། ཡ་མཚན་པ་ཞིག་ལ་ང་ཚོས་སྤྱི་འཐུས་འདེམས་ཕྱོགས་འདི་ཉིད་བསམ་བློ་ཡག་པོ་གཏང་ན་རྩོམ་པ་པོ་མཐུན་ཚོགས་ཤིག་འདེམས་པ་དང་ཧ་ཅང་མཚུངས་སྤྱི་ཚོགས་ནང་དུ་གོ་རྒྱུ་ཡོད་མེད་ཀྱི་རྩོམ་ཉོག་ཐ་ཐོར་འབྲི་མཁན་དག་ཆབ་སྲིད་ཀྱི་གོ་རྟོགས་དང་མང་ཚོགས་ཀྱི་སེམས་ཁུར་ཡོད་མེད་ལ་མ་བརྟེན་པར་འདེམས་ཀྱང་བྱེད་པ་ནི། བེར་འཇིགས་དང་ལྷ་མོ་སྐྱབས་གསེར་ཚུལ་དང་གསེར་ཚུལ་ཧོར་གཙང་དང་སྨོན་མཐར་སོགས་ཀྱིས་ཤེས་ནུས། གང་ལྟར་ངས་བཤད་འདོད་པ་ནི་རྙོག་གླེང་འདི་དག་མི་ཡོང་བའི་ཆེད་རྩ་བའི་བསྒྱུར་བཅོས་ཤིག་བྱེད་དགོས་པ་ནི་སྤྱི་འཐུས་འདེམས་སྟངས་དེ་ཡིན། རབ་ན་ཆོས་རྒྱུད་སྤྱི་འཐུས་དག་དགོས་གལ་མི་ཆེ་བའི་རང་བཞིན་དུ་སོང་ཁོང་ཅག་ལ་ཁ་བཏགས་རེ་དང་བཅས་བཀྲ་ཤིས་བདེ་ལེགས་ཞུས་ནས་གྲྭ་སར་ཁག་ཏུ་དགེ་རྒན་དང་དཀོར་གཉེར་སོགས་ཀྱི་ལས་ཀ་རེ་ཕུལ་ནས་ཕེབས་སྐྱེལ་སྟབས་བདེ་ཞིག་ཞུ་དགོས། དེ་བཞིན་ཆོལ་ཁའི་སྤྱི་འཐུས་དག་ཀྱང་ཧི་མ་བཅའ་དང་ལྷོ་ཕྱོགས་བལ་ཡུལ་འབྲུག་སོགས་ས་གནས་དེ་གའི་མི་མང་གིས་ས་གནས་སོ་སོར་ནས་འདེམས་ཚེ་རྙོག་གླེང་འདི་དག་ཡོང་གཞི་མེད། ཡིན་གཅིག་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཡིན་ཟེར་ནས་ཆོལ་ཁ་ནས་འདེམས་དགོས་ན་མདོ་སྟོད་ནས་མི་བཅུ་དང་དེ་བཞིན་མདོ་སྨད་དབུས་གཙང་སོགས་ནས་མི་བཅུ་རེ་ལུང་ཁུལ་སོ་སོར་ལ་མ་བལྟོས་པར་བོད་རྒྱ་ཆེན་མི་མང་ཡོངས་ནས་འདེམས་དགོས། དེ་ལྟར་བྱས་ཚེ་སྤྱི་འཐུས་སྤུས་ཚད་ལ་ཡར་རྒྱས་འགྲོ་བར་ངས་ཁས་ལེན་ཞུ་ཆོག ད་དུང་ནན་གཏན་ཞུ་རྒྱུ་ཞིག་ལ་བསེ་རུ་དང་ཀླུ་སྨྱོན་མི་ནག་ཚང་གསུམ་ལས་གཞན་པའི་ཟིན་བྲིས་པ་རྣམས་ད་ནི་ཞེན་ཁོག་གི་ལམ་འགག་ཀྱག་ཀྱོག་དེ་དག་བསྐྱུར་ན་ལེགས། དེ་ལྟར་མིན་ན་་ཁྱེད་ཅག་ཡང་དཔང་སྒྲིག་པའི་རུ་དཔུང་ཞིག་ལ་ངོས་འཛིན་བྱེད་རྒྱུ་ལས་ཐབས་ཅི་ཡོད།
གཤམ་གསལ་གྱི་སྐད་ཆ་འདི་དག་མི་ཞིག་གིས་ངའི་མིང་སྤྱད་ནས་ང་ལ་འབྲི་ཁུལ་བྱས་པ་ཞིག་རེད། དེའི་ཕྱིར་ངས་དུས་བབ་ཚང་ལ་མིང་གཅིག་ཡང་ནས་བསྐྱར་དུ་འགོད་མི་ཐུབ་པའི་ཐབས་ལམ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད་ཟེར་ནས་སྔོན་མ་ནས་བཤད་མྱོང་། ང་ལ་ག་རེ་རེད་དང་ག་རེ་མ་རེད་ལབ་པ་ཙམ་གྱིས་ཕན་གནོད་ཀྱི་ཁྱད་པར་མི་འགྲོ་བས་རྩོད་པ་བརྒྱབ་ནས་ལན་འདེབས་འདོད་མི་འདུག དེ་ཡང་བོད་མིའི་ནང་རང་གི་འདོད་པ་དང་མ་མཐུན་ན་སྐྱུགས་བྲོའི་བྱེད་སྟངས་འདི་འདྲ་དྲན་མཁན་ཡང་ཡོད་པ་ཤེས་རྒྱུ་གལ་ཆེ།
༡༽ སྟག་སྨྱོན།
༢༠༠༩/༠༨/༠༩ ཉིན་འདོན་སྤེལ་བྱས།
མིང་རྫུན་བཀོལ་བཞིན་པའི་བཙན་པོ་དང་བསམ་གཏན་སྟག་སྨྱོན་མིང་ཅན་སོགས་དྲ་སྐྱག་ཚོར་ཤོད་རྒྱུར། ཁྱེད་ཚོ་ང་ལ་མི་དགའ་དོན་ཉེ་སྔོན་དྲ་སྐྱག་ཅིག་གིས་ངས་དོལ་ཚོགས་ཀྱི་མགྲོན་ཁང་ཞིག་ཏུ་ལས་ཀ་བྱས་རབས་ཤིག་བཤད་འདུག་པས་རྐྱེན་གྱིས་ཡིན་ན་དེ་ནི་གཞི་མེད་ཀྱི་བསྙོན་འཛུགས་ཤིག་རེད་ཅེས་ཤོད་རྒྱུ་ཡིན། འདི་ངའི་གྲོགས་པོ་ནང་མ་ཞིག་གིས་བཤད་པ་ངས་ཤེས་སོང་། བཤད་མཁན་ཡང་སུ་ཡིན་ཤེས་ཡོད། དངོས་གནས་བཤད་ན་ངའི་ཕ་མ་དང་ཨ་མྱེ་སོགས་ཀྱི་རིང་ལ་དོལ་རྒྱལ་བརྟེན་གསོལ་བྱེད་མྱོང་ཡོད། ཡིན་ན་ཡང་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པ་ནས་མཚམས་འཇོག་གཙང་མ་བྱས་ཟིན། དགའ་ལྡན་ཁྲི་པ་ཡན་ཆད་ཀྱིས་སྔོན་ཆད་དོལ་རྒྱལ་བརྟེན་གསོལ་བྱེད་མྱོང་ཡང་མཚམས་འཇོག་གཙང་མ་ཞུས་རྗེས་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཡིན་པ་ཁྱེད་ཚོས་ལོས་ཤེས། དེ་མིན་བཙན་བྱོལ་ཁྲོད་ཀྱི་ཟམ་སྟོང་ཚུད་པའི་བླ་མ་བརྒྱ་ཆའི་དགུ་བཅུ་གོ་དགུ་ལ་ཡིད་ཆེས་མེད་ཅེས་བཤད་མྱོང་། དེ་ནི་དེ་ཙམ་གྱི་ཚབས་ཆེན་ཞིག་ཨེ་ཡིན། རང་བཙན་ལག་དེབ་ལ་དངུལ་སྤྲོད་ཀྱི་མིན་ཞེས་བཤད་པ་བདེན། སྤྲོད་རྒྱུ་ཡང་མིན། ན་ནིང་ནས་རང་གི་པར་མགོ་དང་མིང་བཀོག་རྗེས་གད་སྙིག་ནང་དུ་གཡུག་ཚར། འོན་ཀྱང་དེ་ཡང་ཟམ་སྟོང་སྲིད་གཞུང་ལ་ཡིད་ཆེས་མེད་པའི་རྣམ་འགྱུར་རྣལ་མ་ཞིག་བསྟན་པ་ལས་གང་ཡང་མིན། ང་ཡང་རང་ཉིད་བོད་མི་ཞིག་ཡིན་པས་རང་གི་ས་ན་བོད་དོན་སྒྲུབ་བཞིན་ཡོད། བོད་དོན་སྒྲུབ་མཁན་ཞིག་ཡིན་ན་རང་བཙན་ལག་དེབ་ལ་སྒོར་མོ་སྤྲོད་མཁན་ཞིག་ཡིན་དགོས་པའི་ངེས་པ་ཨེ་ཡོད། བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོར་ལྟོས་དང་། བོད་ཡིག་ལ་རེ་ཐག་བཅད་པ་ཡིན་ཡང་ཟེར་མྱོང་མོད། དེ་ཡང་བོད་ཡིག་གིས་ཁ་ལག་སྤྲོད་མི་ཐུབ་པའི་གནས་ལུགས་ཤིག་བཤད་པ་ཡིན། ལྟོས་དང་བཙན་བྱོལ་ནང་གི་ཕྱུགས་པོ་རྒྱག་པ་ཚོ་བོད་ཡིག་མི་ཤེས་མཁན་དང་། བོད་ཡིག་ཤེས་མཁན་གྱི་གསར་འབྱོར་ཚོ་འབའ་ཁུག་སྟོང་པ་ཡིན་པ་མཐོང་ཨེ་མྱོང་། དེ་མིན་ཁྱོད་ཚོས་སྐྱོན་བརྗོད་དང་འཇིགས་སྐུལ་ཅི་བྱེད་ཀྱང་ཆོག ཡིན་ན་ཡང་གོ་རིམས་ཡོད་པ་ཞིག་གལ་ཆེ། ངས་ནམ་ཡིན་ཡང་གནས་ལུགས་ཀྱི་སྐད་ཆ་མ་གཏོགས་བཤད་མི་ཤེས་པས། གནས་ལུགས་ཀྱི་སྐད་ཆ་ཉན་རྒྱུར་མི་དགའ་བ་ཚོས་ངའི་ཟིན་བྲིས་ལ་མ་བལྟས་ན་ཡག་ཤོག་རེད། གལ་སྲིད་བལྟས་ནས་མ་དགའ་ན་སྐྱག་པ་ཟོས་ཟེར་རྒྱུ་ལས་གཞན་གང་ཡང་མེད། ༢༠༠༩ ༠༣ ༡༣ལ་བྲིས་པའི་དུས་བབ་ནང་གི་ཟིན་བྲིས།་་་་་་་་་་་་་་་་་་་་་་་་་་་་
རྒྱ་ནག་གི་ངོས་ནས་བོད་འདི་ཁྱུར་མུད་གཏོང་ཐུབ་པའི་ཡིད་ཆེས་བྱེད་པའི་རྒྱུ་མཚན་གཉིས་ཡོད་པ་རེད། དང་པོ། རྒྱ་ནག་བོད་མི་རིགས་ལས་གྲངས་འབོར་ཆེས་མང་པ་དང་འཕྲུལ་རྩལ་དང་དམག་ཤུགས་སོགས་ཀྱི་ཐད་ནས་བོད་ལས་ཆེས་སྔོན་ཐོན་ཡིན་པ་དེ་རྒྱ་ནག་གི་ཡིད་ཆེས་བྱེད་ས་དང་པོ་རེད། གཉིས་པ། བོད་མི་རིགས་ནང་ཁུལ་ལ་ཆོས་ལུགས་དང་ཆོལ་ཁའི་འཐེན་ཁྱེར་གྱི་འགལ་ཟླའི་དབང་གིས་བོད་གཞུང་ཁ་འཐོར་ནུས་མེད་དུ་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་བྱས་ཡོད་པ་རེད། དེའི་ཕྱིར་ང་ཚོར་རྒྱ་ནག་གི་དཔལ་འབྱོར་དང་འཕྲུལ་རྩལ་དང་དམག་ཤུགས་ཉམས་ཆགས་གཏོང་རྒྱུའི་སྟོབས་ཤུགས་འདང་ངེས་ཡོད་པ་མ་རེད། འོན་ཀྱང་ང་ཚོར་བོད་མི་ནང་ཁུལ་ལ་ཆིལ་སྒྲིག་དམ་གཙང་བྱེད་རྒྱུའི་རང་དབང་དང་ནུས་པ་ཡོངས་རྫོགས་རང་ལག་ན་ཡོད་པ་རེད། སྤྱི་འཐུས་ཚོས་ཆིལ་སྒྲིལ་གྱི་ཆེད་དུ་བཟོད་སྲན་དང་བློས་གཏོང་ག་རེ་བྱེད་དགོས་ན་ཐེ་ཚོམ་བྱེད་མི་འོས་མོད། འོན་ཀྱང་སྤྱི་འཐུས་ཚོའི་ནང་ན་མིག་རྒྱང་དང་ལ་རྒྱའི་ཁྱབ་ཚད་ཆེས་ཆུང་ཆུང་ལས་མེད་མཁན་མང་བོ་ཡོད་སྟབས་བོད་ཀྱི་རེ་བ་བརླག་བྲོ་བཟོ་གི་ཡོད་པ་རེད། གལ་སྲིད་བོད་མི་ནང་ཁུལ་ལ་ཆིལ་སྒྲིལ་མ་ཡོང་ན་རྒྱ་ནག་གི་དམིགས་ཡུལ་འགྲུབ་བྱེད་ཀྱི་ཆ་རྐྱེན་གལ་ཆེ་ཤོས་གཉིས་ཡོངས་སུ་ཚང་ཟིན་པ་རེད། ཆ་རྐྱེན་དང་པོ་དེ་རྒྱ་ནག་ཁོ་རང་ཚོ་ལ་ཡོད་ཡོད་པ་རེད། ཆ་རྐྱེན་གཉིས་པ་དེ་བོད་མའི་ངོ་ཚབ་སྤྱི་འཐུས་ཚོས་བསྐྲུན་གི་ཡོད་པ་རེད།
དམ་ཆོས་དབྱངས་འཛོམས་ལགས་ནས་བདེན་གཏམ་འོ་མ་འདྲ་ཞིང་བཤད་འདུག། བོད་ཕྱི་ནང་གཉིས་སུ་མཆིས་པའི་བོད་རིགས་ཡོངས་ཀྱི་་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ནི་མཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་བཀའ་ཤག་དང་། ཡང་དགོས་སྤྱི་འཐུས་ལྷན་ཚོགས་འདི་ཆགས་ཤིང་ཡོད་པ་བརྗོད་མི་དགོས་མོད། ཁ་སྔོན་སྤྱིར་འཐུས་གཅིག་ནས་ཕྱག་རོགས་༡༤ཡི་ས་རྟགས་བསྡུས་ཏེ་མདོ་སྟོོོད་སྤྱིར་འཐུས་བསོད་གནས་སྟོབས་རྒྱས་ལགས་དང་འབྲེལ་བའི་འགྲོ་གྲོན་སྤྱིར་འཐུས་རྒྱུན་ལས་ནས་སྦྱིན་པ་དེ་ཚུལ་བདེན་ཞིན་མེད་པར་གྲོས་གཞི་ཞིང་སྟོན་སྐབས་མང་པོ་ཞིང་ནས་ངོ་སྒོལ་བྱོས་ནས་གྲོས་ཚོགས་ནས་བུད་དེ་ཆས་ཙམ་གྲོས་ཚོགས་མུ་མཐུད་འགྲོ་ཐུབ་མེད། ཁོང་རྣམས་པས་ཁྱེད་ཀྱི་དཔྱ་ཁྲལ་དང་ངས་སྦྱིན་པའི་དཔྱ་ཁྲལ་གྱི་དངུཌྷཌྷལ་གད་སྙིག་ནང་གཡུག་སོང། ད་རིང་བྷབྷབོད་སྤྱིར་པའི་དོན་ལ་ལབ་གླེང་མང་ཙམ་གནང་ན་བསམ་ནས་རེ་བ་གང་ཐུབ་ཞིང་རྒྱག་ཁུལ་བྱས་ཀྱང་དོན་མེད་རྩེད་སྙོག་དེ་མཉམ་དུ་ཡལ་སོང།
ད་རིང་གི་བྱེད་སྟངས་དེ་ལ་མི་དམངས་ཚོས་སྐྱར་ཞིབ་ཟབ་མོ་གནང་ནས་ཐེངས་༡༥པའི་སྤྱིར་འཐུས་འོས་འདེམས་བྱ་ཤོག་ཐད་རང་དོན་བཤད་པ་ལས་བོད་དོན་བཤད་མཁན་གྱི་འཐུས་མི་ཞིག་དགོས། སྤྱིར་འཐུས་རྒྱུ་ཆེ་མི་དགོས་ལ་སྤྱིར་འཐུས་སྟོབས་ཆི་ཡང་མི་དགོས། ངད་མི་དམངས་རྣམས་ལ་དགོས་པའི་སྤྱིར་འཐུས་ནི་སྤྱིར་སེམས་ཡོད་དགོས། དེ་སོང་གི་དུས་འདི་ནི་བོད་རིགས་ལ་གཞི་ན་དབང་སྟོབས་ཀྱི་འཐབ་རྩེད་བྱ་བའི་དུས་མ་རེད། སྤྱི་པའི་དོན་བསྒྲུབ་མ་ཐུབ་ན་འཐུས་མི་གནང་བའི་ལས་ཡོད་མ་རེད། དྲ་གྲོགས་ཚོ། རྗེས་མ་འོས་འདེམས་སྐབས་མ་ནོར་མ་བྱ་རོགས།
ང་ཁམས་པ་ཞིང་ཡིན་ཡང་ཁམས་པའི་སྐུ་ཚབ་གནང་སྟེ་སྤྱིར་དོན་ཐོག་བསམ་སྣང་མེད་པའི་སྤྱིར་འཐུས་འགའ་རིག་སྐབས་སྐྱུག་དྲོ་ཐལ། དེ་ལུགས་ཆོལ་ཁག་གཞན་ནང་ཡང་ཡོད་སྲིད།
ནོར་བ་གཉིས་དང་འགྲིགས་པ་གཉིས།
ངས་བལྟས་ན་ད་རེས་གྲོས་ཚོགས་ཀྱི་སྔ་ཕྱིར་ནོར་འཁྲུལ་གཉིས་བྱས་འདུག
གཅིག རྒྱ་བལ་འབྲུག་གསུམ་དུ་སྡོད་པའི་སྤྱི་འཐུས་ཤིག་ཕྱི་རྒྱལ་དུ་ཡོད་ན་དེའི་ལམ་གྲོན་གཞུང་གིས་གཏོང་བའི་ལམ་ཁ་མེད་བཞིན་དུ་སྤྱི་འཐུས་རྒྱུན་ལས་ཀྱིས་བཏང་བ་དེ་རྒྱུན་ལས་ཀྱི་ནོར་འཁྲུལ་རེད། དེ་དྲང་མོ་བཤད་ན་བསོད་སྟོབས་ཀྱི་ནོར་འཁྲུལ་མ་རེད།
དེ་ནས་འབྱུང་འགྱུར་དེ་འདྲ་འགོག་པའི་ཆེད་གྲོས་འཆར་བཏོན་པ་ནི་འགྲིགས་པ་ཞིག་རེད། གྲོས་འཆར་གང་ཞིག་ལ་རྒྱབ་སྐྱོར་བྱས་ནའང་འགྲིགས་ལ་ངོ་རྒོལ་བྱས་ནའང་འགྲིགས། དེ་ཡང་དཔུང་ཁག་གཉིས་ཆ་འགྲིགས་གི་འདུག གྲོས་ཚོགས་གང་ཞིག་ཡིན་ནའང་དེ་འདྲ་རེད། བསམ་ཚུལ་མཐུན་མིན་བྱུང་ནའང་དེ་མཐའ་མཇུག་མང་མོས་ཀྱིས་ཐག་གཅོད་བྱེད་པའི་ལམ་ཁ་ཞིག་ཡོད་པ་རེད།
ད་མ་འགྲིགས་པ་གཉིས་པ་དེ་ག་རེ་རེད་ཟེར་ན། གྲོས་ཚོགས་ནས་ཕྱི་ལ་ཐོན་ཕྱིན་པ་དེ་རེད། གྲོས་ཚོགས་ནས་ཕྱི་ལ་ཐོན་ཕྱིན་པ་དེ་མཐའ་མཇུག་གི་མང་མོས་ཐག་གཅོད་བྱེད་རྒྱུར་བརྩི་མེད་རྡོག་རོལ་བྱས་པ་ཞིག་རེད་ལ་རྗེས་མའི་ལས་གཞི་ཁག་ཀྱང་འགག་བཅུག་སྟེ་གྲོས་ཚོགས་ལ་བར་ཆད་བཟོས་པ་ཞིག་ཅི་ལ་མིན། ད་རུང་ཐེངས་རྗེས་མའི་གྲོས་ཚོགས་ཀྱང་ཚོགས་ཐུབ་མིན་ལ་ཐེ་ཚོམ་འཛིན་དགོས་པ་ཞིག་རེད།
གཙོ་བོ་མདོ་སྟོད་ཀྱི་སྤྱི་འཐུས་མང་ཆེ་བ་་གྲོས་ཚོགས་ནས་ཐོན་ཕྱིན་པ་དེ་འགྲིགས་གི་འདུག་འགྲིགས་གི་མི་འདུག་མདོ་སྟོད་མི་མང་ལ་སྐད་ཆ་མང་ཟིག་དྲིས་ན་ཡག་པོ་རེད། ངས་བལྟས་ན། སྔོན་མ་ཆུ་སྒང་གིས་ཐེ་ཝན་དང་མཉམ་་གྲོས་ཆོད་བཞག་པར་མདོ་སྟོད་མི་མང་བརྒྱ་ཆའི་དགུ་བཅུ་ལྷག་གིས་ངོ་རྒོལ་བྱས་ཡོད་པ་དེ་བཞིན་ཡིན་རྒྱུ་རེད་བསམ།
གྲོས་ཚོགས་ལ་བར་ཆད་བཟོས་པ་དེར་སུ་ཞིག་གིས་རྒྱབ་སྐྱོར་བྱེད་གི་རེད། རྒྱལ་བ་རིན་པོ་ཆེས་སྤྱི་འཐུས་ནང་སླེབས་པ་ནས་སྤྱི་མི་ཞིག་བྱེད་དགོས་གསུངས་པ་ལྟར་སྤྱི་མི་ཞིག་བྱེད་མ་ཐུབ་པ་དེར་སུ་ཞིག་གིས་རྒྱབ་སྐྱོར་བྱེད་གི་རེད། ཁྱེད་ཚོ་མདོ་སྟོད་མི་མང་གི་འཐུས་ཚབ་ཡིན་པ་མ་གཏོགས་དྷ་སའི་སྲིད་དོན་པ་རེ་ཟུང་གི་འཐུས་མི་མིན་པ་དེའང་ཤེས་པར་གྱིས། མདོ་སྟོད་མི་མང་གི་ཐོབ་ཐང་ཞིག་གི་ཆེད་ཡིན་ན་ཁག་མི་འདུག ད་རུང་བསོད་སྟོབས་ཀྱིས་ཆོལ་གསུམ་མི་མང་གི་མདུན་ནས་ངེད་ཚོ་ཁམས་པ་ལས་སླ་པོ་མ་རེད་ད་ཟེར་བ་དེ་ཚོ་རྫབ་ཆེན་གྱི་སྐད་ཆ་རེད། ད་རྗེས་མ་ནས་ཆོལ་ཁའི་ཕྱོགས་ཞེན་ཅན་ཞིག་ཡིན་ཕྱིན་སྤྱི་འཐུས་ལ་མ་འདེམས་རོགས་ཞུ་གི་ཡིན། དེ་ཚོ་ཆོ་མི་འདུག ང་རང་མདོ་སྟོད་པ་ཞིག་མིན་ཡང་མ་འགྲིགས་པ་དེ་འགྲིགས་གི་མི་འདུག་ཟེར་ནས་བཤད་དགོས་གི་འདུག དེ་ཙམ་ཡིན།
ད་དུང་སྤྱི་འཐུས་ཚོར་འགྲིག་དང་མི་འགྲིག་པའི་སྐད་ཆ་མང་པོ་བཤད་ཟིན་པ་རེད།
ངས་བལྟས་ན་འདི་ལྟར་ཡོང་རྐྱེན་རྩ་བ་ཐུག་ས་དེ་ང་ཚོ་མི་མང་ཚོ་མ་རེད་དམ།
མི་མང་གི་རང་གི་ངོ་ཚབ་མཚོན་པའི་སྤྱི་འཐུས་བདམས་ཤིང་། ཁོང་རྣམས་ཀྱིས་ང་ཚོའི་ཚབ་མཚོན་མི་སྣ་གནང་སྟེ།
གཞུང་གི་སྲིད་སྟེགས་ལ་འཁོད་པ་ཙམ་མ་ཟད། འཕྲལ་ཕུགས་ཀྱི་བྱ་བ་ལས་ཀྱི་འཁོར་ལོ་བསྐོར་དང་། སྐོར་བཞིན་པའི་སྐབས་སུ་དོན་རྐྱེན་འདི་བྱུང་བ་རེད། ངས་དེ་སྔོན་ནས་བཤད་པ་བཞིན། འབྱུང་འགྱུར་གྱི་སྤྱི་འཐུས་འདེམས་སྟངས་ཐད་མང་ཚོགས་ངོས་ནས་སྤྱི་འཐུས་དཀྱོག་དཀྱོག་རིགས་འདེམས་མི་རིགས་པ་དེ་ཡིན་པར་འདོད། །
གཏམ་དཔེ་འདི་ཡང་བོད་མི་མང་གི་གཏམ་དཔེ་རེད།
ཁོང་ཁྲོའི་རྗེས་ལ་འགྲོ་མཁན་སྨྱོན་པ་ཡིན།།
ཁོང་ཁྲོ་སློང་མཁན་མེད་ན།།
བཟོད་པ་སུ་ལ་སྒོམས།།
ཁོང་ཁྲོས་ཁོང་ཁྲོ་འདུལ་མི་ཐུབ།།
གཏམ་དཔེ་འདི་བློ་ལ་བཟུང་རོགས་གནང་།
ཕྱིས་འབྱུང་ཕན་ཐོགས་ཡོང་ངེས་པ་ཡིན་ནོ།།
(རེ་སྐུལ། ཁར་སང་ངས་བཏང་བའི་མཆན་རེ་ཟུང་དྲ་བདག་གིས་བསུབ་འདུག སྤྱིར་ཡིན་ན་དྲ་བདག་གི་སྐུ་དབང་ཡིན་པས་ཞུ་རྒྱུ་གང་ཡང་མེད་མོད། གོ་སྐབས་བྱུང་ན་སྤྱི་འཐུས་མང་པོ་ཞིག་ལྐོག་གསོད་བྱེད་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་མྱོང་མཁན་གྱི་སྟག་སྨྱོན་ཟེར་བ་འདིའི་མཆན་མ་བསུབ་བར་ཏུ། སྟག་སྨྱོན་ལ་ཁ་གཏད་གཅོག་པའི་མཆན་ཡང་མི་བསུབ་རྒྱུ་དེ་མཆན་འདེབས་པ་ཞིག་གི་ཐོབ་ཐང་ལ་དཔག་པའི་རེ་བ་ཡིན།)
ངོ་ཚ་རྒྱུ་མེད་པའི་སྟག་རྒན་སྐྱག་ཤོར། སྟག་སྨྱོན་རྫུན་མ་ཞིག་ཡོད་པ་དེ་ངས་ཤེས་ཡོད། འོན་ཀྱང་གོང་གི་མཆན་དེ་དུས་བབ་ནང་གི་ཁྱོད་ཀྱི་རང་ཤི་བརྒྱབ་ཟིན་པའི་ཟིན་བྲིས་ཤི་བོ་དེ་མ་ཤི་གོང་། དེའི་ནང་ནས་དངོས་སུ་བླངས་པ་ཡིན་པས། དེ་ཁྱོད་སྟག་སྨྱོན་གྱིས་བྲིས་པ་མིན་ན་ཁྱོད་ཀྱི་ཕ་མེས་ཡང་མེས་ཀྱི་རིང་གི་ཡི་དམ་ཤི་འདྲེ་དམ་སྲི་དོལ་རྒྱལ་གྱིས་བྲིས་ནས་ཁྱོད་ཀྱི་ཟིན་བྲིས་ནང་དུ་བཅུག་པ་ཨེ་རེད། ཁྱོད་ཀྱི་ཟིན་བྲིས་སྒོ་ཕྱེ་སྤྱད་ཀྱི་གསང་བའི་ཨང་གྲངས་ཡོད་ས་དེ་ཁྱོད་དང་ཁྱོད་ཀྱི་ཡི་དམ་ཤི་འདྲེ་དེ་གཉིས་མིན་པ་གཞན་སུ་ཡོད།
ལྟོས་དང་ད་དུང་ངོ་ཚ་རྒྱུ་མེད་པར་“འོན་ཀྱང་ང་ཚོར་བོད་མི་ནང་ཁུལ་ལ་ཆིལ་སྒྲིག་དམ་གཙང་བྱེད་རྒྱུའི་རང་དབང་དང་ནུས་པ་ཡོངས་རྫོགས་རང་ལག་ན་ཡོད་པ་རེད།”ཟེར། འོ་ན་ཁྱོད་ཀྱིས་བོད་གཞུང་དམངས་གཉིས་དང་། ཁྱད་པར་དུ་ཟམ་གདོང་རིན་པོ་ཆེ། རྒྱ་རི་རིན་པོ་ཆེ་སོགས་སྲི་ཞུ་མཐར་ཕྱིན་པའི་མི་རྗེ་བཀའ་དྲིན་ཅན་རྣམས་དང་། དགེ་ལུགས་ཕུད་པའི་ཆོས་བརྒྱུད་གཞན་གྱི་བླ་ཆེན་རིན་ཐང་ཅན་ཚོར་མིང་རྫུན་འདྲ་མི་འདྲའི་ཐོག་ནས་གཞི་མེད་ཀྱི་སྐུར་འདེབས་དང་སྐྱོན་འཛུགས་ཚོད་འཛིན་མེད་པར་བྱེད་དོན་ཅི་ཡིན། དེ་མཐུན་སྒྲིལ་གྱི་ཆེད་དུ་ཨེ་རེད། ཨ་ཡ་མཚན། ཁྱོད་ཀྱིས་མཐུན་སྒྲིལ་གྱི་ཐབས་ལམ་དེ་འདྲ་ཞིག་ཡིན་པ་རེད།
བཙན་བྱོལ་བའི་མི་ལོ་ལྔ་བཅུའི་རིང་གི་གྲུབ་འབྲས་དེ་༧སྐྱབས་མགོན་རིན་པོ་ཆེས་བླ་ན་མེད་པའི་དབུ་ཁྲིད་དང་། དམངས་གཙོའི་ཀ་བ་གསུམ་གྱི་གཙོས་པའི་བོད་གཞུང་གིས་འཛིན་སྐྱོང་གི་བྱས་རྗེས་གཉིས་ཀ་མཉམ་དུ་རེད་མ་གཏོགས། སྐྱབས་མགོན་རིན་པོ་ཆེ་མི་གཅིག་སྔ་དྲོ་བཀའ་ཤག་ལ་བཞུགས། ཉིན་གུང་གྲོས་ཚོགས་སུ་ཕེབས། དགོང་མོར་ཁྲིམས་ཞིབ་སོགས་ལ་བྱོན། མཚན་གུང་ལྷན་ཁང་གཞན་པ་ཁག་ཏུ་ཕྱག་ལས་གནང་ནས་བཟོས་ཡོང་བ་དེ་འདྲ་ཞིག་མ་རེད་ད། དེང་སང་དམངས་གཙོ་དང་སློབ་སྦྱོང་ཆེས་ཡར་ཐོན་ཅན་གྱི་གནས་ཡུལ་རྒྱ་གར་རྒྱལ་ཁབ་ལ་མཚོན་ན་ཡང་། གྲོས་ཚོགས་ཀྱི་ནང་དུ་ཕོར་བ་དང་རྐུབ་སྟེགས་སོགས་ཀྱིས་གཞུ་རེས་ཡང་ཡང་ཡོང་བཞིན་པར་མ་ཟད། གཞུང་གི་དཔོན་རིགས་དང་། མངའ་སྡེའི་དཔོན་རིགས་འོས་བསྡུ་སོགས་ཀྱི་སྐབས་སུ་མི་མང་པོའི་ཚེ་སྲོག་ཤོར་བའི་གནས་ཚུལ་ཡང་ཡོང་གི་ཡོད་པ་ཁྱོས་ལོས་ཤེས། དེས་ན་བོད་པའི་སྤྱི་འཐུས་ཁ་ཤས་ཕོར་བ་དང་རྐུབ་སྟེགས་སོགས་ཀྱིས་གཞུ་རེས་བྱེད་མ་འདོད་ནས་ཚོགས་ཁང་ནས་ཕྱིར་ཐོན་པ་དེ་དེ་ཙམ་གྱི་ཧ་ལས་ཤིང་བློར་མི་ཤོངས་བ་ཞིག་ཅི་ཡང་མིན། དེ་ལས་སྤྱི་ཚོགས་ནང་གི་སྐྱག་འབུ་ཁྱོད་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་བྱས་རྗེས་བླ་མེད་མངའ་བའི་གྲོས་ཚོགས་འཐུས་མི་ཚོ་ར་རྫི་ལུག་ལུག་རྫི་ཡིན་རབས་དང་། གོ་སྐབས་བདེ་བོ་ཞིག་རག་ན་གསོད་རྒྱུ་ཡིན་ཚུལ་གྱི་ཐ་ཚིགས་བསྒྲགས་པ་དེ་ནག་ཉེས་ཆེ་བ་ཡིན་པས་ངས་དོལ་ཁྱི་ཁྱོད་ལ་སོར་མོ་གང་གི་གོ་སྐབས་ཨེ་སྤྲོད་ལྟོས་ཤིག ཁྱོད་ཀྱི་ཁྲག་དམར་བོའི་དྲི་མ་བྲོ་བའི་མཆན་དེ་ཚོར་གཅིག་ལྟོས་དང་། གལ་ཏེ་ཁྱོད་ནུབ་ཕྱོགས་པའི་གསང་སྤྱོད་འཁྲུ་བཞིན་མེད་པར་སྤྱི་འཐུས་ཀྱི་འཐུས་མིའི་ནང་དུ་ཡོད་ན་ཁྱོས་ཅི་འདྲ་ཞིག་བྱེད་ས་རེད།
ཆོག་གི དེ་རིང་འུ་གཉིས་ཀས་བོད་གཞུང་མི་བཤད། སྤྱི་འཐུས་མི་བཤད། ཟམ་གདོང་མི་བཤད། བོད་ཀྱི་བླ་སྤྲུལ་ཚོ་མི་བཤད། དེ་རིང་ཁྱོད་བཤད་རྒྱུ་བྱེད། འོ་ན་ད་བར་ཁྱོས་བོད་ལ་ཕན་པའི་ལས་ཀ་ཅི་བྱས་ཡོད། ཁྱོད་དེ་འདྲའི་འཇོན་པོ་རྒོད་པོ་ཞིག་ཡིན་ན་ཅིའི་ཕྱིར་བོད་མི་མང་གིས་ཁྱོད་སྤྱི་འཐུས་སུ་མ་འདེམས་པ་རེད། ངས་ཞིབ་འཇུག་བྱས་པ་ལྟར་ན་ཁྱོད་ཀྱི་འཇོན་ཐང་ནི། ཁྱོད་ཀྱིས་གོ་སྐབས་རག་ན་སྤྱི་འཐུས་ཚོ་གསོད་རྒྱུ་ཡིན་པའི་སྐད་ཆ་བཤད་ཀྱི་འདུག དགེ་ལུགས་ཀྱི་བླ་སྤྲུལ་མ་ཡིན་པའི་བོད་ཀྱི་བླ་སྤྲུལ་གཞན་ཚོ་ལ་མཚན་སྨོད་གཏོང་གི་འདུག ཡང་དགེ་ལུགས་ཀྱི་བླ་སྤྲུལ་མ་ཡིན་པའི་བོད་ཀྱི་བླ་ཆེན་གཞན་པ་ཚོ་མྱ་ངན་ལས་འདས་སྐབས་མིང་འདྲ་མིན་བཀོལ་ནས་སྙིང་ཚིམ་བརྡར་གྱི་འདུག བཀྲ་མ་ཤིས་པའི་རྟགས་སུ་བཀའ་ཤག་ལ་ཐོག་བརྒྱབ་པ་རེད་ཟེར་ནས་ཀྲུང་གོའི་བོད་ལྗོངས་ཟེར་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བ་དེ་ཚོའི་སྟེང་གི་དགྲ་རྩོམ་ཚོ་དང་གཅིག་པ་གཅིག་རྐྱང་སྤེལ་གྱི་འདུག ༧གོང་ས་ཆེན་པོས་མཐའ་ཡས་པའི་གཟིགས་རྒྱངས་ཡངས་པོས་ལམ་དབུ་མ་ཞེས་བོད་རྒྱ་གཉིས་ཕན་དང་རྒྱལ་སྤྱིའི་ཐོག་ཚད་མཐོའི་གདེངས་འཇོག་ཐོབ་པའི་ཆབ་སྲིད་ཀྱི་ལམ་འདི་གསར་གཏོད་གནང་བ་ཡིན་མོད། ཁྱོད་ཀྱིས་བྲིས་པའི་ཏིན་གྱིས་བུ་ལོན་འཇལ་བ་ཟེར་བ་དེའི་ནང་། ཏིན་གྱིས་༧གོང་ས་མཆོག་ལ་ཚོད་ལྟ་གཅིག་བྱས་ཏེ་ཉམས་ཚོད་ལོན་རྗེས་ཕམ་ཉེས་སུ་བཏང་བ་རེད་ཅེས་བྲིས་འདུག ཁྱོད་རང་ཉིད་གྲྭ་བ་ལོག་པས་མ་ཚད་ལྟ་བ་ཡང་ལོག་ཚར་བའི་དམ་ཉམས་ཡ་མེད་ཅིག་ཡིན་བཞིན་དུ་ངོ་ཚ་མེད་པར་གྲྭ་ལོག་གཞན་ཚོར་བསྡིག་གི་འདུག ཁྭ་ཏས་མི་གཙང་ཟོས་པའི་མཆུ་ཏོ་བཞིན་དུ་རང་གི་སྐྱུགས་བྲོ་བའི་བྱ་སྤྱོད་ཆ་ཚང་གཞན་གྱི་མགོ་ལ་གཡོག་གི་འདུག ངས་ཁྱོད་ཀྱི་ཡོན་ཏན་དང་ཁྱོད་ཀྱི་འཇོན་ཐང་མཐོང་བ་ནི་འདི་ཙམ་ཡིན་པ་ལས་གཞན་གང་ཡང་མཐོང་མ་སོང་ན་ད་ཁྱོད་ཀྱིས་ཁྱོད་རང་གི་ཡོན་ཏན་དང་འཇོན་ཐང་བྱས་རྗེས་ཚོ་རེ་རེ་བཞིན་དུ་ཤོད་དང་། དེ་ནས་ཁྱོད་ཀྱིས་བོད་གཞུང་མང་གཉིས་ལ་ཁ་གཏོང་ཆོག་མི་ཆོག་དང་། ནག་པོ་བཟོ་ཆོག་མི་ཆོག་གཟོད་ཤེས་པར་འགྱུར་བ་ཡིན།
ད་དུང་ངས་བལྟས་ན་ཁྱོད་ནི་ཁོག་ན་གཡུ་ལོ་མེད་པའི་སྐྱག་ཤོར་གྲུམ་པ་ལྟ་བུ། གཡོ་རྒྱུ་ཆེ་བས་ཝ་མོ་ལྟ་བུ། བླང་དོར་མི་ཤེས་པའི་ཕག་པ་ལྟ་བུ། ངོ་ཚ་མེད་པས་ཁྱི་ལྟ་བུ། བོད་གཞུང་གི་སྐུ་དྲིན་གྱིས་མུ་གེས་མ་ཤི་ཙམ་ཞིག་བྱུང་རུང་། ད་ཆར་རང་བཙན་ལག་དེབ་ཀྱང་པར་མགོ་བཀོག་ནས་གད་སྙིགས་ནང་དུ་གཡུག་པས་དྲིན་ལག་ལོག་འཇལ་བྱེད་པ་ལ་བྱ་གོ་བོའི་ཕྲུ་གུ་ལྟ་བུ། རང་གི་བཤད་པའི་སྐད་ཆ་ལ་རང་གིས་འགན་མི་ཁུར་བའི་གཡེམ་མ་མུ་ཅོར་སྨྲ་བ་ལྟ་བུ། བསམ་བློ་དང་ཀུན་སྤྱོད་ཆ་ཚང་མི་གཙང་བའི་སྐྱག་ལུད་ཀྱི་རྫབ་དོང་ལྟ་བུ། ཁ་ནས་ཐོན་ཚད་ཡིད་དུ་མི་འོང་བ་དང་སྐྱུགས་མེར་ལངས་དགོས་ས་འབའ་ཞིག་ཡིན་པས་སྐྱག་ཁུང་ལྟ་བུ་ཞིག་རེད་འདུག།
དེ་རིང་འུ་གཉིས་ཀས་བོད་ཀྱི་བླ་སྤྲུལ་ཚོ་མི་གླེང་རྒྱུ་བྱེད། འོན་ཀྱང་འོག་གི་ཁྱོད་ཀྱིས་བྲིས་པའི་མཆན་གཞན་པ་གཉིས་བོད་གཞུང་དང་བཀའ་བློན་ཁྲི་པ་བོད་ཀྱི་རིག་གཞུང་སོགས་ལ་བྲིས་པའི་མཆན་རེད། འདི་ཚོ་ཡང་ཁྱོད་ཀྱིས་བྲིས་པ་མིན་ཞེས་ཟེར་རྒྱུ་ཨེ་ཡིན།
སྟག་རྒན།
འགྱོད་པ་སྐྱེ་དགོས་པའི་ལས་ཀ་དང་པོ་ནས་མ་བྱས་ན་ཡག་གི་རེད། རྗེས་ལ་སྐུང་དགོས་དུས་ད་དཀའ་མོ་ཟིག་ཨེ་རེད། ལྟོས་དང་།
༡༽ ཁོ་བོ་ཤི་ཡང་བོད་གཞུང་དང་བོད་ཡིག་གིས་ཕན་སྲིད་པའི་རེ་བ་མེད། འོན་ཀྱང་རང་བཙན་ལག་དེབ་ཀྱི་དངུལ་མ་སྤྲད་ཐབས་མེད་རེད། དེ་མ་སྤྲད་ན་གུང་གསེང་ལ་འགྲོ་རྒྱུའི་ལམ་ཁ་བཀག་འདུག ཟམ་གདོང་རིན་པོ་ཆེ་ལ་དགོས་པ་ནུབ་ཕྱོགས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོ་མ་ཡིན་པར། ཁོ་ཚོའི་དངུལ་གཅིག་པོ་རེད། ཁོང་གིས་ནུབ་ཕྱོགས་ཀྱི་བོད་མི་ཚོ་ཁྲིམས་འགལ་བ་དང་ནག་ཅན་པ་རེད་ཟེར་བ་དེ་ནས་བཟུང་ངས་བོད་གཞུང་ལ་རེ་བ་བཅད་པ་ཡིན། ༢༠༠༩ ༠༣ ༡༣ལ་བྲིས་པའི་དུས་བབ་ནང་གི་ཟིན་བྲིས།་་་་་་་་་་་་་་་་་་་་་་་་་་་་
༢༽ ཟམ་སྟོང་བླ་མ་མང་འོས་བཀའ་ཁྲི་དང་པོར་འདེམས་པ་དང་། བོད་གཞུང་བཀའ་ཤག་གི་རྩེ་ལ་ཐོག་བརྒྱབ་ནས་བོད་ཀྱི་རྒྱལ་དར་གཏོར་བ་རེད། དེ་ནི་ཁོང་གི་བྱས་ཉེས་རྐྱང་བྱས་ནས་བོད་དང་བོད་ཀྱི་རྒྱལ་དར་རྩ་མེད་འགྲོ་རྒྱུ་ཡིན་པའི་ངན་ལྟས་ཚོད་འདུག དེ་ནི་ལྷ་སྲུང་མངོན་ཤེས་ཅན་ཞིག་ཁྲོས་པའི་སྔོན་བརྡ་ཡང་ཡིན་པ་འདྲ། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༦པ།་་་་་་་་་་་་་་་་་་་་་་་་
ཉེ་སྔོན་གནས་ཚུལ་འདི་གོ་མ་ཐག་ང་ཡང་གྲོགས་པོ་ཚོ་ཇི་བཞིན་སེམས་སྐྱོ་བ་དང་ཡིད་མུག་པ་ཞིག་བྱུང་། ཡིན་ན་ཡང་ཁོང་ཁྲོ་ལངས་མ་བྱུང་། ད་འདིའི་སྐོར་གྱི་མཆན་གང་ཡོད་ཚང་མ་བཀླགས་ནས་ཚར་བ་ཞིག་ཀྱང་མི་འདུག བསམ་ཚུལ་གཅིག་གཉིས་བྱུང་བ་འདིར་སྤེལ་འདོད་བྱུང་།
དང་པོ། གྲོས་ཚོགས་འཐུས་མི་ཕྱིར་ཐོན་གནང་མཁན་ཚོས་ ཁོང་ཚོ་ཐོན་ན་གྲོས་ཚོགས་འཚོགས་མི་ཐུབ་པ་གསལ་པོར་མཁྱེན་གི་ཡོད་པ་རེད། དེས་ན། གྲོས་ཚོགས་འཚོགས་མི་ཐུབ་པའི་ཆེད་དུ་གྲོས་ཚོགས་ནས་ཐོན་པ་དེ། འོས་པོ་མ་རེད། ཡག་པོ་མ་རེད། བོད་གཞུང་ལ་ཐུབ་ཚོད་རེད། སྤྱི་འཐུས་ཀྱི་འགན་མ་སྒྲུབ་པ་རེད། བཅའ་ཁྲིམས་རིན་པོ་ཆེར་གུས་ཞབས་མ་བྱས་པ་རེད། འོན་ཀྱང་། འདི་ལ་བྱེད་རྒྱུ་གཅིག་ཀྱང་ཡོད་མ་རེད། བྱེད་ཐུབ་པ་གཅིག་ཀྱང་ཡོད་པ་མ་རེད། ཐབས་ལམ་ཁ་ཤས་ཤིག་ཡོད་པ་ནི། གཅིག་ཁྲིམས་གཏུགས་བྱེད་རྒྱུ་དེ་རེད། གཉིས་ནས་མི་མང་གི་ཐོག་ནས་གྲོས་ཚོགས་ནས་ཐོན་མཁན་ཚོའི་མཚན་དངོས་ནས་བཏོན་ནས། དགོངས་པ་ཞུ་རུ་འཇུག་པའམ་མ་འོངས་པའི་སྤྱི་འཐུས་སུ་མི་སླེབས་པའི་ཐབས་ཤེས་བྱེད་དགོས་པ་རེད། དེ་དོན་ཚན་གཅིག་ཡིན།
དེ་ནས་དོན་ཚན་གཉིས་པ་ཞིག་ནི། སྤྱི་འཐུས་སྒེར་པའི་ལམ་གྲོན་ཙམ་མ་ཡིན་པའི་བརྗོད་གཞི་གང་ཡིན་ཡང་གྲོས་ཚོགས་སུ་སླེབས་སླེབས་པ་རེད། དེ་ལ་གྲོས་ཚོགས་ཀྱི་འགྲོ་ལུགས་ཐོག་ནས་བརྡར་ཤ་གཅོད་དགོས་པ་རེད། གྲོས་ཚོགས་ཀྱི་ལམ་ལུགས་ཐོག་ནས་དགག་བྱ་བྱེད་དགོས་པ་རེད། དེ་མིན་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནད་འགག་ཡོད་པའི་གཞུང་འབྲེལ་གྲོས་འཆར་དེ་འདྲའང་གཡུགས་པ་ནི་ཡག་པོ་མ་རེད་དྲན།
དེ་ནས་དོན་ཚན་གསུམ་པ་ནི། ང་ཚོའི་དམངས་གཙོ་ནི་བཙན་བྱོལ་གྱི་དམངས་གཙོ་ཞིག་རེད། བརྩི་དགོས་པའི་ཁྲིམས་ལུགས་ཉུང་ཉུང་རེད། སྐད་ཆ་བཤད་སྟངས་གཞན་ཞིག་བྱས་ན། མ་བརྩིས་ན་ཉེས་ཆད་ཕོག་པའི་ཁྲིམས་ལུགས་ཉུང་ཉུང་རེད། དེ་ནི་བཙན་བྱོལ་གྱི་གནས་བབ་དྲན་པ་ཞིག་རེད། ཤོག་གུའི་སྟེང་གི་དམངས་གཙོ་མཚོན་པར་བྱེད་པ་ཞིག་རེད།
དེ་ནས་དོན་ཚན་མཐའ་མ་དེ་ནི། གྲོས་ཚོགས་འཐུས་མི་སྒེར་གཅིག་ཨོ་སི་ཊི་རི་ལི་ཡ་ལ་སྤོར་པ་དེ་ཐེངས་འདིར་མ་གཏོགས་ཤེས་མ་བྱུང་། འོན་ཀྱང་། འདི་ཡང་གཞན་ལ་མེད་ཅིང་ང་ཚོར་ཡོད་པའི་གནས་སྟངས་ཤིག་ཡིན་རྒྱུ་རེད། ཏན་ཏན་གྲོས་ཚོགས་འཚོགས་དུས་གཉིས་ལ་གནམ་གླ་གོང་ཆེན་པོ་འབུལ་མི་ཐུབ་པའི་དཀའ་ངལ་ཡོད་སྲིད་པ་རེད། དཀའ་ངལ་འདི་སེལ་རྒྱུའི་ཐབས་ལམ་གཅིག་ནི། གྲོས་ཚོགས་ཀྱི་ཐོག་ནས་དམིགས་བསལ་མ་དངུལ་འཚོལ་དགོས་རྒྱུ་དེ་རེད། ཐབས་ལམ་གཞན་འཚོལ་དགོས་རྒྱུ་རེད། ཐབས་ལམ་ཡོད་བཞིན་དུ་མི་འཚོལ་བ་དེ་ཡང་ཡག་པོ་མ་རེད།
གོང་གསལ་ནི་ཕྲན་གྱི་དྲན་འཆར་རྣམས་ཡིན། ཟློས་པ་ཡོད་ན་དགོངས་འགལ་མེད་པ་ཞུ།
༡ ༽ འཆར་གཞི་མང་ལ་ཐབས་ལམ་མེད་པ། ༢ ༽གྲོས་བསྡུར་མང་ལ་གྲོས་ཆོད་ཉུང་བ། ༣ ༽གྲོས་ཆོད་ཡོད་ཀྱང་ལག་ལེན་དཀོན་པ། ༤༽བྱ་བ་སྒྲུབ་པར་དུས་བཅད་མེད་པ། ༥ ༽གཞུང་དོན་སྒྲུབ་ཚེ་བཅའ་ཁྲིམས་མེད་པ་དེ་རྒྱལ་ཁབ་སུ་ལ་མཚོན་ཡང་སྐྱོན་ཆེན་པོ་ཞིག་རེད།
ཀ ༽སྤྱི་དོན་པ་ཞིག་ཡིན་ཚེ་གཞན་གྱིས་སྐྱོན་བརྗོད་གང་བྱུང་བཀའ་སློབ་དང་ཉེན་བརྡ་རུ་དགོངས་དགོས་པ་ལས་ དགྲ་རུ་འཛིན་ག་ལ་རུང། སྐྱོན་བརྗོད་དེ་རྒྱུ་མཚན་ལྡན་ན་དངས་ལེན། རྒྱུ་མཚན་མེད་ན་བཏང་སྙོམ། ཚབ་ཆེན་སྐུར་འདེབས་གསལ་བཤད་བྱས་ཏེ་གོ་བར་བྱེད་དགོས།
ཁ ༽སྐྱོན་བརྗོད་ཀྱི་ཟུར་ཙམ་བྱུང་ཚེ་ཚོགས་པ་ཁྱིམ་རྒྱུད། ཆོལ་ཁ་ཆོས་རྒྱུད་ཚང་མ་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་རྒྱབ་ལང་བྱེད་རྐྱང་གིས་སྒེར་གྱི་བྱ་བ་ཏེ་ཕྱོགས་ཁའི་སྤྱི་དོན་དུ་ཨུ་ཚུགས་ཚ་བོས་ཡོད་དགུ་རྩླ་སྤྲུགས་བྱས་ཏེ་སྒྱུར་ཐབས་བྱེད་པ་དེ་ནོར་འཁྲུལ་ཚབ་ཅཻན་ཞིག་རེད་སྙམ།
ག ༽སྤྱི་དོན་སྒྲུབ་མཁན་ཞིག་ཡིན་ཚེ་ཤེས་ཡོན། ལྷག་བསམ། ཐབས་འཇུས། སྙིང་སྟོབས། བཟོད་པ། བརྩོན་འགྲུས། ཚུགས་ཐུབ། གཟུ་བོ་སོགས་ཀྱི་ཆ་རྐྱེན་དགོས། རང་དོན། སྤྲོ་ཐུང། ཕྱོགས་རིས། གཡོ་རྒྱུ། ཀོ་ལོང་དམ་པོས་རང་ཆེ་འབྱིན་མཁན་ལ་གཞན་གྱིས་གུས་བཀུར་དང། བསྔགས་པ་ཇི་ལྟར་ཐོབ།
འདི་ནི་གང་ཟག་སྒེར་ལ་སྐྱོན་བརྗོད་གཏན་ནས་མིན་པས་གོ་ལོག་མི་གནང་བར་ཞུ། རྨོངས་རྒན་གྱིས་འཕྲལ་གཏམ།
གནས་ཚུལ་འདིའི་ཐད་ཕྱོགས་གཉིས་ཀྱི་གནས་ཚུལ་ལ་བསམ་བློ་གཏོང་རོགས་གྱིས་ཟེར་ནས་རེ་བ་ཞུས་ཡོད། རང་ཉིད་ལ་ཆ་མཚོན་ན་མུ་མཐུད་འདིའི་ཐད་ལ་ཡག་སྡུག་མི་བཤད་པ་དཔྱད་བརྟག་གཏོང་བཞིན་པ་ཡིན། གནས་ཚུལ་འདི་ཅུང་ཛ་དྲག་ཏུ་མཐོང་བས་གནས་ཚུལ་ལ་རྒྱུས་མངའ་མེད་ན་ཅི་བསམ་བཤད་པའི་རང་འདོད་ལའང་བཀག་བསྡོམ་བྱེད་བཞིན་པ་ཡིན། འདི་ཡང་ནང་ཁུལ་གཅིག་སྒྲིལ་ལ་གནོད་ཡོང་བསམ་ནས་ནམ་རྒྱུན་དང་མ་འདྲ་བ་སྲན་ཅི་ཐུབ་བྱེད་བཞིན་ཡོད།
སྤྱི་འཐུས་ཀྱི་གྲོས་འཆར་འདི་ལ་ཕྱོགས་གཉིས་ཀ་ལ་བལྟས་ནས་བཤད་ཐུབ་ན་ཡག་པོ་རེད། སྤྱི་འཐུས་ནང་དུ་ཡིན་ནའང་འདྲ། དྲ་རྒྱའི་སྟེང་དུ་ཡིན་ནའང་འདྲ། མི་དམངས་ཀྱི་ནང་དུ་ཡིན་ནའང་འདྲ། འདི་ལ་ལྟ་ཚུལ་ཕྱོགས་གཉིས་སུ་འདུག གལ་སྲིད་ལྟ་ཚུལ་དེ་གཉིས་ཕན་ཚུན་ལ་བརྩི་འཇོག་མེད་པར་ངའི་དེ་བདེན་པ་ཡིན་དང་ཁོང་ཚོའི་དེ་ཕྱོགས་རེས་ཡིན་བའི་རྒྱུ་མཚན་ཁུངས་བསྐྱེལ་མེད་པའི་ལྟ་ཚུལ་མཁྲེགས་པོ་མུ་མཐུད་དུ་འཛིན་གྱིན་སྡོད་ན་རྙོག་དྲ་འདི་མུ་མཐུད་དུ་ཇེ་ཆེར་འགྲོ་བ་ལས་གཞན་མེད།
གནད་དོན་འདིའི་ཐད་དཔྱད་གཞི་རྗེན་པ་རྣམས་དྲ་ཐོག་ཏུ་འགོད་རྒྱུ་འགོ་བཙུགས་ཀྱི་ཡིན།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན།
མདོ་སྨད་སྤྱི་འཐུས་ལྔ། བསྡོམས་པའི་སྤྱི་འཐུས་བཅུའི་བརྒྱ་ཆ་༥༠།
སྤྱི་འཐུས་སྒྲོལ་མ་མཚོ་མོ།
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།
སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ།
སྤྱི་འཐུས་སྨོན་དཀར་བསོད་ནམས་ཕུན་ཚོགས།
སྤྱི་འཐུས་ཡེ་ཤེས་སྒྲོལ་མ།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན་དབུས་གཙང་སྤྱི་འཐུས་ལྔ། བསྡོམས་པའི་དབུས་གཙང་སྤྱི་འཐུས་བཅུའི་བརྒྱ་ཆ་༥༠།
སྤྱི་འཐུས་རྒྱལ་ནོར་ཚེ་དབང་།
སྤྱི་འཐུས་ཚེ་རིང་སྒྲོལ་མ།
སྤྱི་འཐུས་སྒྲོལ་མ་ཚེ་རིང་།
སྤྱི་འཐུས་ཟླ་བ་ཚེ་རིང་།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན་མདོ་སྟོད་སྤྱི་འཐུས་གཉིས། བསྡོམས་པའི་མདོ་སྟོད་སྤྱི་འཐུས་བཅུའི་བརྒྱ་ཆ་༢༠།
སྤྱི་འཐུས་ཚེ་རིང་གཡུ་སྒྲོན།
སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན།
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན་ཡོ་རོབ་སྤྱི་འཐུས་གཅིག བསྡོམས་པའི་ཡོ་རོབ་སྤྱི་འཐུས་གཉིས་ཀྱི་བརྒྱ་ཆ་༥༠།
སྤྱི་འཐུས་བསོད་ནམས་ཚེ་རིང་ཕིར་སི། ༼མངའ་རིས། དབུས་གཙང་། ༽
གྲོས་འཆར་གྲོས་ཚོགས་སུ་བགྲོ་གླེང་དུ་མ་འབྱོར་བའི་སྔོན་དུ་གྲོས་འཆར་ལ་མིང་རྟགས་བཀོད་མཁན་ས་སྐྱའི་སྤྱི་འཐུས་གཅིག བསྡོམས་པའི་སྤྱི་འཐུས་གཉིས་ཀྱི་བརྒྱ་ཆ་ ༥༠།
སྤྱི་འཐུས་པད་མ་འབྱུང་གནས། ༼སྟོད་རུམ་ཐོགས། དབུས་གཙང་།༽
གང་འདྲ་བྱས་ནས་མིང་རྟགས་བསྡུས་པ་རེད་དམ།
གྲོས་འཆར་འདི་ལ་གལ་ཆེ་པོ་འདི་འདྲ་གཟིགས་ནས་མིག་རྟགས་འདི་འདྲ་མང་པོ་བསྡུས་དགོས་པའི་ཛ་དྲག་གྱི་རྒྱུ་མཚན་གང་ལ་ཐུག་ཡོད་དམ།
གལ་སྲིད་བོད་སྤྱི་པའི་རྒྱུ་དངུལ་འཕྲོ་བརླག་ཏུ་བཏང་བ་ཞིག་ཏུ་ངོས་བཟུང་ལ་ལམ་གྲོན་མ་བཏང་བའི་སྔོན་གྱི་དུས་ཡུན་ནང་དུ་དཔུང་ཁག་སྒྲིག་པ་ལས་ཐག་གཅོད་འདི་ལ་ངོ་རྒོལ་གྱི་བརྡ་ལན་མེད་པ་གང་རེད།
ཚོགས་ཁང་ནས་ཕྱིར་ཐོན་མཁན་གྱི་མི་བཅུ་གཉིས།
ཁོང་ཚོས་གྲོས་ཚོགས་ནས་ཕྱིར་རུ་ཐོན་པ་ཚོས་གྲོས་བྱས་ནས་ཕྱིར་རུ་ཐོན་པ་རེད་དམ།
གང་ལྟར་ཕྱིར་ཐོན་པའི་སྤྱི་འཐུས།
ཐུབ་བསྟན་འཕེལ་རྒྱས། ༼དགེ་ལུགས༽
གཡུ་དྲུང་རྒྱལ་མཚན། ༼བོན༽
ཀརྨ་ཤེས་རབ་མཐའ་ཕྱིན། ༼བཀའ་བརྒྱུད་༽
ཨོ་རྒྱན་སྟོབས་རྒྱས། ༼མདོ་སྟོད་༽
སྐལ་བཟང་རྒྱལ་མཚན།༼མདོ་སྟོད་༽
ཚུལ་ཁྲིམས་བསྟན་འཛིན།༼མདོ་སྟོད་༽
འཇུ་ཆེན་དཀོན་མཆོག༼མདོ་སྟོད་༽
རྒྱུན་ལས་ནས་ཕྱིར་འཐོན་མཁན།
བེ་རི་འཇིགས་མེད་དབང་རྒྱལ།༼དགེ་ལུགས་༽
བསོད་ནམས་བསྟན་འཕེལ། ༼རྙིང་མ་༽
ཀརྨ་ཆོས་འཕེལ། ༼དབུས་གཙང་༽
སྨོན་ལམ་མཐའ་ཕྱིན། ༼བོན༽
ཚེ་རིང་པོ། ༼ ས་སྐྱ་༽
སྤྱི་འཐུས་ཁྱོན་བསྡོམས་སྤྱི་འཐུས་༤༣་ནས་སྤྱི་འཐུས་༡༢་ཕྱིར་རུ་ཐོན་པ་རེད། སྤྱི་འཐུས་ལྷག་མ་༣༡་ཡོད་དགོས། གྲོས་ཚོགས་འཚོགས་པར་ཉུང་མཐར་སྤྱི་འཐུས་༢༨་ཡོད་དགོས། སྤྱི་འཐུས་གསུམ་ག་བར་ཕྱིན་པ་རེད། གནས་ཚུལ་ཤེས་པའི་ཐོག་ནས་བསམ་ཚུལ་གསུངས་རོགས་གྱིས། གོང་གི་ཕྱིར་ཐོན་པའི་ནང་དུ་ཆོལ་ཁོངས་ནས་ཡིན་པ་མདོ་སྟོད་ཀྱི་མི་བཞི་ཡོད། སྐྱེས་ཁོངས་ནས་བརྩིས་ན་རྒྱུན་ལས་ནང་དུ་མདོ་སྟོད་པ་མང་བ་ཡོད། བོད་སྤྱི་བའི་ལས་དོན་སྒྲུབ་སའི་ལས་ཁུངས་ཚང་མའི་ནང་དུ་ཆོལ་ཁའི་མི་སྣ་གྲངས་བཤེར་གྱིས་གྲངས་འབོར་འདྲ་མཉམ་མེད་ན་ཙམ་གྱིས་ཡིད་ཆེས་མེད་པའི་བསམ་བློ་ཞིག་ཡོད་ན། ལས་ཁུངས་ཆེ་ཆུང་ཁག་ལ་གྲངས་བཤེར་བྱེད་པའི་དུས་ཚོད་རེད། སྤྱི་འཐུས་སུ་སྐྱེས་ཁོངས་ནས་བརྩིས་ན་མདོ་སྟོད་པ་མང་བའི་རྒྱུ་མཚན་ནི་ཆོས་བརྒྱུད་ཀྱི་སྤྱི་འཐུས་ནས་ཡོང་ཀྱི་ཡོད། དེ་ནི་མདོ་སྟོད་ལ་ཆོས་ལུགས་པ་མང་པའི་རྒྱུ་མཚན་གྱིས་འདི་འདྲ་ཞིག་ཆགས་པ་རེད་མ་གཏོགས་དམིགས་བསལ་ཐོབ་བ་ནི་མ་རེད། ཆོལ་ཁ་སོ་སོར་ཆོལ་ཁ་གཞན་དང་མ་འདྲའི་ཆེད་ལས་དང་དེའི་མང་ཉུང་ཡོད་པ་ཏན་ཏན་རེད།
ཕྱིར་རུ་ཐོན་པ་འདི་ཁྲིམས་མཐུན་དང་ཁྲིམས་འགལ་གང་ཡིན་བཅའ་ཁྲིམས་ལ་གཟིགས་འཚལ།
ཕྱིར་རུ་ཐོན་པ་འདི་འགྲིགས་ཡོད་མེད་ཀྱི་དགོངས་ཚུལ་སོ་སོའི་ཞེན་ཕྱོགས་གཅིག་པོར་མ་བསྟུན་པར་ཕྱོགས་ཡོངས་ལ་བལྟས་ནས་བཤད་རོགས།
ད་ལྟའི་བར་དུ་ཟིན་བྲིས་སུ་བཀོད་པའི་ནང་དུ་ཕྱོགས་གཉིས་སུ་གྱེར་འདུག དེ་གཉིས་ཀྱི་བསམ་ཚུལ་ལ་གཞིགས་ན་མ་འོངས་པ་ལེགས་ཕྱོགས་ཀྱི་འགྱུར་བ་ཞིག་གི་ཁ་ཕྱོགས་ན་བསམ་ན་ཡག་གི་རེད།
ཡག་ཤོས་བྱུང་ན་ཆོལ་ཁའི་མིང་འདི་དག་གཡུགས་ནས་གང་ཟག་སྒེར་གྱི་སྐྱོན་ཆ་ཐེར་འདོན་བྱེད་ན་ཡག་གི་རེད། ང་རང་ལ་བོད་པ་ཞིག་ཡིན་པའི་སྟེང་ནས་ཁེ་ཕན་རག་མྱུང་བ་ལས་ཆོལ་ཁའི་ཕྱོགས་ནས་ཕན་གནོད་འབྲུ་གཅིག་ཐོབ་མ་མྱོང་།
ཞིབ་འཇུག་ཡག་པོ་ཞིག་བྱོས་དང་། སྔོན་མ་ཆུ་སྒང་གསར་རྙིང་གཉིས་སུ་གཏོར་བའི་ལས་འགུལ་འཁྱེར་མཁན་སྐབས་གཙོ་བོ་ནི་དེ་དུས་ཀྱི་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་བློ་བཟང་བསྟན་འཛིན་རེད། དེ་ཡང་སྐབས་དེ་དུས་བཀའ་ཤག་གི་བཀོད་ཇུས་འོག་ནས་མཆོང་རྒྱུག་བྱས་པ་རེད། འོས་ཤོག་འཕེན་སྟངས་ཀྱང་ཁ་སྔོན་ཧོན་སུ་གཞིས་ཆགས་ཀྱི་ཟམ་གདོང་བཀའ་ཁྲི་ལ་ཡང་བསྐྱར་ཡོང་དགོས་པའི་སྙན་ཞུ་དང་འབྲེལ་བའི་འོས་ཤོག་འཕེན་སྟངས་ལས་ཀྱང་ཐབས་ཇུས་ངན་པ་རེད། མི་དྲང་པོ་ཞིག་ཡིན་སྙམ་པ་ཡོད་ན་ཕྱོགས་ལྷུང་མེད་པའི་ཐོག་ནས་ཞིབ་འཇུག་བྱོས། ཤེས་པའི་ཐོག་ནས་སྐད་པ་བཤད་ན་ཡག་གི་རེད།
བོད་ནང་གི་ཆབ་སྲིད་བཙོན་པ་ཞིག་དང་སྤྱི་འཐུས་ཤིག་ལ་འགྲོ་སོང་བཏང་བར་ཕྱོགས་རེས་རེད་ཟེར་ནས་ག་ཚོད་བཤད་ཀྱང་འདོད་པ་གྱིས། འདི་བོད་མི་དམངས་ཀྱི་ཤ་ཁྲག་ལས་གྲུབ་པའི་རྒྱུ་དངུལ་འཕྲོ་བརླག་ཏུ་བཏང་བ་རེད་ཟེར་བ་ནི་མི་དམངས་ཀྱི་སེམས་སུ་འགྲོ་བདེ་བའི་སེམས་ཚོར་ཞིག་བསྐྲུན་ནས་དེའི་སྟེང་རྟ་རྒྱུག་འཐེན་གྱི་ཡོད་པ་རེད།
ངེད་ཚོའི་དམངས་གཙོའི་སྒྲོམ་གཞི་ཐོག་མ་འཛུགས་དུས་ཀྱི་སྤྱི་ཚོགས་ཀྱི་འཁོར་ཡུག་ནང་དུ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཞེ་འཁོན་དང་འཁྲུག་འཛིང་ཆེ་བའི་སྐབས་སུ་ཆོལ་ཁ་དང་ཆོས་བརྒྱུད་ལ་གཞིགས་ནས་སྤྱི་འཐུས་འོས་གཞི་ཡོང་སྟངས་སོགས་བཟོས་པ་རེད། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་ཁུངས་འདི་བརྒྱུད་མ་དགོས་པ་ཞིག་བྱུང་ན་ཡག་པོ་རེད། ཡིན་ནའང་འདི་འདྲ་ཞིག་བྱེད་པའི་དུས་ཚོད་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་སླེབས་ཡོད་མེད་ལའང་བསམ་བློ་གཏོང་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད། ཡོ་རོབ་དང་བྱང་ཨ་མེ་རི་ཁའི་སྤྱི་འཐུས་ལ་བལྟས་ན་འདི་འདྲ་ཞིག་རག་ཡོད་མེད་ཤེས་ཐུབ།
ངེད་ཚོའི་སྤྱི་ཚོགས་ལ་བལྟས་ན་ཆོལ་ཁའི་ཕྱོགས་ཞེན་དེ་ནད་རྙིང་རེད། ད་སྐབས་དེ་རྒྱུན་འཛིན་བྱེད་མཁན་གཏེ་བ་གཅིག་ནི་གསར་འབྱོར་བ་ཚོའི་ཁོངས་ནས་ཡོང་གི་ཡོད་པ་རེད། དེ་ལས་གཞན་པ་ནི་ཆོལ་ཁའི་ངོ་བོ་མཚོན་པའི་ཚོགས་པ་བྱེ་བྲག་པའི་ཁུངས་ནས་ཡོང་གི་ཡོད་པ་རེད། དེ་དག་ནི་སྤྱི་འཐུས་ཆོལ་ཁ་ལ་ཕྱོགས་ཞེན་ཡོད་མཁན་ཚོ་རྒྱུན་མཐུད་ནས་གསོ་སྐྱོང་བྱེད་ཀྱི་ཡོད་པ་རེད། ཨ་རིའི་བྱེད་སྟངས་ལ་ཁ་བསྒྱུར་ན་དེ་ནི་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བའི་ཐོག་ནས་ཡོང་བའི་ཆབ་སྲིད་ཚོགས་པ་དེ་དག་རེད།
འོས་བསྡུ་ལས་ཁང་གིས་ནོར་བཅོས།
འཇུ་ཆེན་དཀོན་མཆོག་རྒྱུན་ལས་རེད།
ད་དུང་ཡང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང༌། རྡོ་རྗེ་དབང་འདུས། བསོད་ནམས་དགྲ་འདུལ་བཅས་ཕྱི་ལ་ཐོན་པརེད་འདུག
དུས་བབ་ཚང་གིས་མི་བཅུ་གཉིས་དེ་ད་དུང་ཁ་གསལ་ཡོད་མ་རེད།
སྤྱི་འཐུས་ཚེ་བརྟན་ནོར་བུ་དང་།
བསྟན་འཛིན་མཁས་གྲུབ། བསོད་ནམས་སྟོབས་རྒྱས་བཅས་དེ་ཉིན་དགོངས་ཞུས་རེད་ཟེར་བ་བཅས།
མེ་སྒྱོགས་རྒྱ་མཚོ་ལགས། ཁྱེད་ཀྱིས་དཔྱད་ཞིབ་བྱས་པའི་ཁོངས་སྨོན་མཁར་བསོད་ནམས་ཕུན་ཚོགས་མདོ་སྨད་སྤྱི་འཐུས་མ་རེད།
ཁོ་ཡུ་རོབ་སྤྱི་འཐུས་དང་ཕ་ཡུལ་གཙང༌ཡིན་པ་དང༌། ཡང་མདོ་སྟོད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ཟེར་བ་འདུག་ཀྱང་ཚེ་རིང་གཡུ་སྒྲོན་མདོ་སྨད་སྤྱི་འཐུས་རེད།
ད་དུང་དབུས་གཙང་སྤྱི་འཐུས་ས་རྟགས་རྒྱག་མཁན་གཞན་ཞིག་ནི་ངག་དབང་ལྷ་མོ་རེད་འདུག་པས་དེ་ལུགས་བརྒྱ་ཆ་དབྱེ་དགོས།
སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་མི།
ཚོགས་གཙོ། སྤེན་པ་ཚེ་རིང་།
ཚོགས་གཞོན། རྒྱ་རི་སྒྲོལ་མ།
རྒྱུན་ལས་བསོན་ནམས་བསྟན་འཕེལ།
རྒྱུན་ལས་བསོད་ནམས་དགྲ་འདུལ།
རྒྱུན་ལས་ཚེ་རིང་པོ།
རྒྱུན་ལས་བེ་རི་འཇིགས་མེད་དབང་རྒྱལ།
རྒྱུན་ལས་སྨོན་ལམ་ཐར་ཕྱིན།
རྒྱུན་ལས་རྒྱལ་རོང་ཟླ་བ་ཚེ་རིང་།
རྒྱུན་ལས་ཀརྨ་མ་ཆོས་འཕེལ།
རྒྱུན་ལས་འཇུ་ཆེན་དཀོན་མཆོག
རྒྱུན་ལས་སྒྲོམ་མ་ཚེ་རིང།
ཁྱོན་བསྡོམས་རྒྱུན་ལས་བཅུ་གཅིག་ཡོད།
སྤྱི་འཐུས་རྒྱུན་ལས་མང་ཆེ་བ་མདོ་སྟོད་ནས་རེད་འདུག བསོད་ནམས་སྟོབས་རྒྱལ་ཟེར་བ་འདི་ཡང་མདོ་སྟོད་ནས་རེད་འདུག དེར་བརྟེན་རྒྱུན་ལས་ཀྱིས་མང་མོས་ཐག་གཅོད་འདི་ཆོལ་ཁའི་ཕྱོགས་རིས་ལ་བརྟེན་ནས་བྱུང་བའི་རྒྱུ་མཚན་གང་ཡོད་དམ། ཡང་མིན་ན་སྤྱིར་སྟངས་ནས་ཆོལ་ཁ་གཞན་ལ་ཡིད་མ་ཆེས་བའི་དོགས་པ་ཞིག་ཡོད་པ་རེད།
བོད་སྤྱི་པའི་ལས་དོན་སྒྲུབ་སའི་ལས་ཁུངས་ཡོད་ཚད་ཀྱི་ལས་མི་ཆོལ་ཁའི་གྲངས་བཤེར་ཐོག་གྲངས་འབོར་ཆ་མཉམ་མེད་ན་ཕྱོགས་རིས་ཀྱི་ཡོད་པའི་དོགས་པ་སྐྱེས་དགོས་སམ། ཡང་ན་བོད་གཞུང་གི་མགོ་རྐུབ་ཚང་མ་ལ་ཆོལ་ཁའི་གྲངས་བཤེར་གཏོང་དགོས་པ་རེད་དམ།
ཕྱོགས་གཅིག་གིས་ཆོལ་ཁའི་ཕྱོགས་ཞེན་བྱེད་པའི་དོགས་པ་སྐྱེས་པ་དང་ཕྱོགས་གཉིས་པའི་དཔུང་སྒྲིག་བྱེད་པའི་དོགས་པ་སྐྱེས་པ་འདི་གཉིས་ཁོངས་བསྐྱེལ་ཐུབ་པ་ཞིག་མ་བྱུང་ན་གཞི་རྩའི་རྩོད་གཞི་མུ་མཐུད་དུ་གནས་མུས་རེད།
བྱང་ཨ་མེ་རི་ཁ་དང་ཡོ་རོབ་ཀྱི་སྤྱི་འཐུས་ཚོ་ཡང་དབུས་གཙང་ནས་རེད་འདུག དེ་ལའང་སྤྱན་གཉིས་ཀ་ཐང་ཐང་ཡིན་ན་བལྟ་དགོས་པའི་གནད་དོན་གཅིག་རེད།
ཆོལ་ཁའི་ཞེན་ཕྱོགས་ཀྱིས་བོད་སྤྱི་པའི་རྩ་དོན་ལ་བར་ཆད་བཟོ་བའི་ཉེས་པ་དང་དཔུང་སྒྲིག་བྱེད་པའི་སྟོབས་ཤུགས་ཀྱིས་ཐབས་ཇུས་འཐེན་པའི་གཡོ་ཇུས་ནམ་ཡང་གུ་ཡངས་མེད་པ་གཅིག་མཚུངས་རེད།
མུ་མཐུད་དུ་དཔྱད་གཞི་རྗེན་པ་འདི་དག་དང་དོགས་འདྲི་འདི་དག་གཏོང་རྒྱུ་ཡིན།
མ་གཞི་ནས་གནད་དོན་འདི་མ་ཤེས་གོང་ནས་བཙན་བྱོལ་ཆབ་སྲིད་ཀྱི་སྒྲོམ་གཞི་འདི་ལ་རང་ཚུགས་མེད་པར་རྟོགས་ཡོད། དེ་འདྲ་སོང་ཙང་fucked up ཆགས་ཚར་འདུག་ཟེར་ཡོད། མགོ་ནས་རྐུབ་བར་ཕྱི་གསལ་བར་གསལ་གྱི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་དགོས་ཀྱི་ཡོད་པ་བསམས་ཡོད།
གནས་ཚུལ་མ་ལྷགས་པའི་གོང་དུ་ཚང་མ་འགྲིག་ཡོད་མདོག་མདོག་གིས་དགོད་མོའི་གདོང་པ་བསྟན་ནས་ཡ་རབས་ཡིན་མདོག སྤྱོད་བཟང་ཡིན་མདོག གནས་ཚུལ་འདི་འདྲ་ལྷགས་ཚར་ནས་དགའ་ཐག་ཆོད་ནས་ཕྱོགས་ལྷུང་འཁྱོག་བརྗོད་ཀྱི་འདོད་ཕྱོགས་བསྒྲུབ་ནས་སྨྱོ་ཚུབ་ཚུབ་བྱེད་ཀྱིན་པ་འདི་ལ་ང་ཡ་མཚར་སྐྱེས།
མེ་སྒྱོགས་ལགས་ཀྱིས་ཞོགས་པ་སྔ་མོ་ནས་གནད་དོན་འདིའི་སྐོར་ལ་གནས་ཚུལ་འགའ་འཁྱེར་ཡོང་བར་བཀའ་དྲིན་ཆེ།
ངེད་རང་སྒེར་ངོས་ནས་འདིའི་སྐོར་ལ་རྩོམ་ཐུང་ཞིག་འབྲི་མུས་ཡིན། རྗེས་སུ་མཇལ་ཡོང
སྤྱིར་འཐུས་བསོད་ནམས་སྟོབས་རྒྱལ་ལགས་སུ་གནད་དོན་འདིའི་ཐོག་བསམ་ཚུལ་ཅི་ཡོད་འདྲི་རྒྱུ་དེ་གལ་ཆེ་དྲན། ཕྲན་ནས་གོ་པར་གྷགཞི་ན་སྤྱིར་འཐུས་བསོད་ནམས་སྟོབས་རྒྱལ་ལགས་࿊ཀྱིས་འགྲོ་ཌྷགྲོན་ལན་ནས་Australiaལ་རྐུབ་དབྱུག་དབྱུག་བཏང་ནས་ཆས་ཟིན་ཟེར། མིས་ཁུལ་འཛིམ་ཞིན་སྦྱིན་ནས་ཆས་འདུག། ཡོང་རྒྱུ་བསྡད་པའི་གྲོས་ཚོགས་སྐབས་སུ་ཁོང་གིས་འགྲོ་གྲོན་སུས་གཏོང་རྒྱུ་ཡིན་པ་ལྟ་དགོས། ངོ་མ་མི་དེ་སྐྱུག་དྲོ་བ་ཞིག་འདུག། དགེ་ལོགས་འཕེལ།
མེ་སྒྱོགས་རྒྱ་མཚོ་ལགས། ཁྱེད་རང་གིས་དྭངས་བླངས་ཀྱི་སྒོ་ནས་གྲོས་ཚོགས་ཀྱི་གནས་ཚུལ་མང་ཟིག་ངེད་ཚོར་མཁོ་སྤྲོད་བྱས་པ་ཐུགས་རྗེ་ཆེ།
བག྄ྲོ་ག྄ླེང་ཡག་པོ་འདུག
ང་ཉི་མ་འདི་ཚོ་གཉིད་མི་ཁུག།བོད་ཕྱི་ནང་གི་གནས་སྟངས་དང་ད་ལྟའི་སྤྱི་འཐུས་ཀྱི་ཚོགས་འདི་ལ་བལྟས་ན་དངོས་ནས་སེམས་ངུ་དགོས་པ་ཞིག་དང་།སེམས་སྐྱོ་དགོས་པ་ཞིག་རེད་།
མེ་སྒྱོགས་རྒྱ་མཚོ་ལགས། ཁྱེད་དངོས་གནས་བོད་ཀྱི་ཆབ་སྲིད་ལ་གོ་རྟོགས་ཡོད་པ་ཞིག་རེད་འདུག་ལ། གོང་གི་གནས་ཚུལ་ཁ་ཤས་གསར་འགྱུར་བརྒྱུད་ལམ་ཁག་ན་ཡང་སྦས་པ་བྲིས་འདུག་བསྔགས་བརྗོད་ཡོད།
དུས་འཁོར་དང་མ་སྦྱར་ནས་ད་དུང་མ་འོང་པར་རང་རེའི་བོད་དོན་ཁ་ཕྱོགས་སྐོར་ལ་བགྲོ་གླེང་རྨངས་གཞི་འདྲ་ཁྱེར་གནང་ཤོག
ང་ལ་ཕན་ཐོག་ཅུང་ཡོང་ས་འདུག
གཞིས་ལུས་རྣམས་སེམས་ཤུགས་ཆག་གཞི་ཡིན་པས་སྐྱོན་བརྗོད་བྱེད་དགོས་ན། འདི་ལ་མ་བྱས་པ་ག་རེ་ཡིན་ནམ།
ཟླ་བ་ཚེ་རིང་གིས་བོད་མི་ཆབ་སྲིད་བཙོན་པ་རྒྱ་གར་དུ་སླེབས་ནས་བལྟ་རྟོག་བྱེད་མཁན་མེད་པ་སྟོང་ཕྲག་མང་བོ་དང༌། དེ་ཚོའི་ཕྲུ་གུ་གྲངས་མེད་པ་སློབ་གྲྭ་འགྲོ་མ་ཐུབ་པ་ལུས་ཡོད་པ་རེད་ཟེར། ཅི་འདྲའི་ཧམ་པ་ཚ་བ་ལ། སྟོང་ཕྲག་དང་གྲངས་མེད་པ་ཞེས་པའི་ཚིག་དེ་ལ་ལྟོས་དང༌། ཧམ་པ་ཁོ་རང་གིས་གང་བྱས་ཆོག་སྙམ་གྱིན་ཡོད་པ་རེད། དེ་ལྟར་བཤད་པའི་དམིགས་ཡུལ་གང་ཡིན་ནམ། གསལ་པོ་རེད། སྤྱི་འཐུས་ལྷན་ཚོགས་དང༌བོད་གཞུང་། དེ་བཞིན་དགུ་བཅུ་གསུམ་ཚོགས་པ་སོགས་ལ་དམའ་འབེབས་བྱེད་པ་རེད། ཆབ་སྲིད་བཙོན་པ་ཡིན་ཕྱིན་སྐུ་སྒེར་ནས་ཀྱང་གཟིགས་རྟོག་གནང་གི་ཡོད་པས་དེ་ལ་ཡང་དམའ་འབེབས་བྱེད་པ་རེད། དེ་ཚོ་ཆུང་ཆུང་རེད། དམིགས་ཡུལ་གཙོ་བོ་ནི། བོད་ནང་གི་ཆབ་སྲིད་བཙོན་པ་གཙོ་བོར་བྱས་པའི་བོད་མི་རྣམས་སེམས་ཤུགས་ཆག་བཅུག་པ་དང༌། བོད་གཞུང་ལ་ཡིད་ཆེས་བརླག་བཅུག་རྒྱུ་དེ་རེད། ཁོས་ཨ་རིའི་དང་ཨ་ཤ་ཡ་སོགས་ཀྱི་རླུང་འཕྲིན་ནང་བཤད་པ་ལས་ཀྱང་དམིགས་ཡུལ་གསལ་པོ་རེད། འདི་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་ཆགས་ཡོད། ཁོ་ལ་དེ་ཙམ་གྱི་རྒྱུས་མངའ་མེད་མཁན་ཞིག་གིས་བལྟས་ན། བོད་མི་མང་སྤྱི་འཐུས་ཞིག་གིས་དེ་ལྟར་བཤད་འདུག་ཅེས་བདེན་པ་གཟུང་སྲིད་པ་རེད། དེར་བརྟེན་ཁོ་པ་སྔར་ནས་བཀའ་ཤག་དང་གྲོས་ཚོགས། བོད་གཞུང་ཆེས་མཐོ་བའི་ཁྲིམས་ཁང་སྟེ་དམངས་གཙོའི་ཀ་བ་གསུམ་ཆར་ལ་བརྩི་བཀུར་མི་བྱེད་མཁན། དོལ་རྒྱལ་དང་འདྲ་བ་སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ་ཞེས་པ་ལྟར་བོད་གཞུང་ལ་སྔ་ནས་བློ་ལོག་སྡོད་པ་ཞིག་ཡིན་པར་ཤེསབཅུག་དགོས་པ་རེད། དེ་ལྟར་ཤེས་ན་གཞི་ནས་ཁོས་བཤད་པ་ལ་ཡིད་ཆེས་བྱེད་ཀྱི་མ་རེད།
ཆབ་སྲིད་བཙོན་པ་བོད་གཞུང་གིས་ལྟ་རྟོག་མ་བྱས་པ་སྟོང་ཕྲག་མང་བོ་མི་དགོས་སྟོང་ཕྲག་གཅིག་སྟོན་ཤོག་དང༌། ཡང་ན་བརྒྱ་སྟོན་དང༌། དེ་དག་ཕ་ཡུལ་གང་ནས་རེད། མིང་དང་སྡོད་གནས་གང་དུ་རེད། ངོ་མ་མི་འདི་ཚོའི་སྐད་ཆ་ལ་ལྟོས་དང༌།
དྲ་གྲོགས་ཀུན་རིན་གྱི་གསུང་པ་དེ་ལ་རྒྱབ་སྐྱོར་ཡོད། སྤྱི་འཐུས་ཟླ་བ་ཚེ་རིང་གིས་གསུང་པ་དེ་བདེན་པ་མ་རེད་ བོད་ནས་ཕེབས་པའི་བོད་རིགས་སྤུན་ཟླ་རྣམས་ལ་བོད་གཞུང་གི་བལ་ཡུལ་ནས་ལམ་གྲོན་བཏང་ནས་ལྡི་ལིར་སྣེ་ལེན་ཁང་དུ་སྐྱེལ་གྱི་ཡོད་དེ་ནས་རིམ་བཞིན་སློབ་གྲྭ་ལ་འགྲོ་མཁན་དང་གྲྭ་ས་སོགས་ལ་འགྲོ་མཁན་སོ་སོས་འདོད་མོས་བཞིན་བཏང་གི་ཡོད། ཆབ་སྲིད་བརྩོན་པ་དག་ལ་དམིགས་བསལ་གྱི་གཟིགས་སྐྱོངས་གནང་གི་ཡོད་གཙོ་བོ་བདེ་སྲུང་ལས་ཁུངས་ནས་འགན་ལེན་གྱི་ཡོད་འཕྲོད་བསྟེན་ལས་ཁུངས་སོགས་ཀྱི་གཟིགས་སྐྱོངས་གནང་དང་གནང་མོས་རེད་ ད་ལྟ་བར་དུ་ཁྲི་ཁྲག་མང་པོ་ལོས་བསྡད་པ་ཞིག་མཐོང་མ་སོང་། ཟླ་བ་ཚེ་རིང་གིས་གསུང་སྟངས་དང་ལས་ཀ་བྱས་ཕྱོགས་ལ་ལྟས་པ་ཡིན་ གཞིས་བཞུགས་བོད་མིའི་བཙན་བྱོལ་བོད་གཞུང་ལ་ཡིད་ཆེད་མེད་པ་བཟོ་ཡ་དེ་རེད་ གང་ཡིན་ཟེར་ན་ ཟླ་བ་ཚེ་རིང་ཁོ་རང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་མི་རྩི་མཁན་གྱི་སྤྱི་འཐུས་ཐ་ཤེལ་ཞིག་རེད་ བོད་མི་སྐྱོ་བོ་དག་གི་མིང་ཁུར་ནས་ཁོས་ག་རེ་བྱས་ཡོད་མིན་ཚང་མས་མཁྱེན་གསལ་རེད། ཁོས་བོད་གཞུང་ལ་མི་དགའ་བ་འདི་འདྲ་བྱེད་དགོས་དོན་གང་ཡིན་ནམ། ད་དུང་ཁོ་དྲང་པོ་ཡིན་པ་དང་བདེན་པ་ཡིན་སོགས་ཀྱི་སྐད་ཆ་མང་དག་ཞིག་བཤད་སོང་། ཟླ་བ་ཚེ་རིང་འདི་ལ་དངོས་གནས་ངོ་ཚ་ཡ་མི་འདུག་ བཙན་བྱོལ་བོད་གཞུང་གི་ཁྲིམས་ལ་མི་རྩི་མཁན་སྤྱི་རྒྱུ་སྒར་བདག་བྱེད་མཁན་གྱི་རྐུ་མ་ཁོས་སྐད་ཆ་ལ་ཉན་འཇོག་མ་བྱེད་དྲ་གྲོགས་ཚོ། རྗེས་སུ་མཇལ་ཡོང་།
ཀུན་རིན་ལགས་དེ་འདྲ་གསུང་མི་རུང་། ཁྱེད་ཀྱིས་གཟིགས་དང་དངོས་གནས་ཁོང་གི་བཤད་པ་དེ་ལྡན་པ་རེད།
ཁྱེད་ཀྱིས་གཟིགས་དང་སྤྱི་ལོ་༢༠༠༨ལོའི་བོད་ནང་ནས་བཙོན་འཇུག་བྱས་པ་དང་དམར་གསོད་བཏང་སོང་བ་རྣམས་ཀྱིས་ཕྲུག་གུ་ག་ཚོད་ཡོད་མེད་ཁྱེད་ཀྱིས་མཁྱེན་སམ། ངས་ལྟས་ན་དེ་ངོ་མ་ལྡན་པ་རེད་སྙམ། གནད་དོན་དེ་དག་ལ་ཁྱེད་ཀྱིས་ཞིབ་འཇུག་ཡག་པོ་ཞིག་བྱས་ནས། ཁྱེད་ཀྱིས་གསུང་རོགས་གྱིས།
ཁམས་སྐད་ཀྱི་བརྙན་འཕྲིན་གསར་ཏུ་ཐོན་པར་དགའ་བསུ་ཞུ་་་་་་་མ་གཞི་བོད་རིགས་ཡོངས་གཅིག་གྱུར་དང་བོད་སྐད་གཅིག་གྱུར་འདོད་པའི་མཁས་དབང་དང་་མཁྱིན་རྒྱ་ཡངས་པའི་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གི་དགོངས་ཚུལ་ལ་ཁམས་སྐད་བརྙན་འཕྲིན་གསར་མཛུག་གྱི་ལས་གཞི་འདི་སྐྱོན་དུ་མཐོང་མིན་གང་ལྟར་རྒྱ་ནག་སྲིད་གཞུང་གི་རྒྱབ་འདུན་མི་འདྲ་བའི་སྲིད་ཇུས་འོག་བྱུང་བར་འོས་འཚམ་མ་ཡིན་པ་མཐོང་སྲིད་་་་་ཡིན་ཡང་བོད་མི་རང་ཉིད་བཙན་བྱོལ་བ་ཞིག་པའི་ཆ་ནས་གནས་སྟངས་འདིར་འགྲེལ་བཤད་གཅིག་ཞུ་འདོད་བྱུང་ད་བར་ང་འཚོའི་སྤྱི་ཚོགས་ནང་གཅིག་སྒྲིག་གྱི་བསམ་བློ་ལྡན་པའི་གཏམ་བཤད་བྱེད་མཁན་རེ་ཀྱང་མཐོང་ཐོས་དཀོན་ལ་་་་་་ད་དུང་དངོས་མིན་གྱི་སྤྲུལ་པ་མང་པོ་ལྟོན་ཏེ་ཕྱོགས་ཞེན་གྱི་ལམ་དུ་འགྲོ་བཞིན་པའི་དབུས་སྤྱི་མཐུས་གྲོས་ཚོགས་ནས་དུས་བབ་རྩོམ་སྒྲིག་པའི་བར་བོད་རིགས་ནང་ཁོང་ཁ་བྲལ་ལ་དགའ་བ་རྣམས་ཀྱི་སེམས་ལ་བདེ་སྡུག་མི་ཤེས་པའི་འཚོ་སྣང་ཁྲོད་མདོ་བསྡུས་ནས་བཤད་ན་ཁམས་སྐད་བརྙན་འཕྲིན་གསར་ཏུ་མཛུག་པ་དེ་ངོས་རང་གི་ལྟ་ཚུལ་གཅིག་ལ་དགའ་བའི་དུས་ལ་བབ་འདུག་སྙམ་་་ད་དུང་་་་་ཡོན་ནིན་ས་ཁུལ་དུ་ཁམས་སྐད་བརྙན་འཕྲིན་གཅིག་བྱུང་ན་་་་་་་་་་བོད་རང་སྐྱོང་ལྗོངས་སུ་ཡང་ཁམས་པ་ཇི་ཡོད་རྣམས་ཀྱི་ཐབས་སྟངས་ལྟརཁམས་སྐད་བརྙན་འཕྲིན་གཅིག་རག་ཐབས་དགོས་་་་་དངོས་གནས་ཡིན་ལྷ་རབ་བྱུང་ན་གནས་ཚུལ་འདི་མི་དགོས་པ་ཞིག་དང་བོད་མི་རིགས་ཀྱི་ཕམ་ཁ་ཞིག་རེད་ཏེ་ཁུང་ལུང་གང་མེད་པར་དཔུང་སྒྲིག་གྱི་རྣམས་པ་གསལ་པོ་ཡོད་པའི་ཐོག་དོན་དག་ཆུང་ཆུང་ཞིག་ལ་སྤྱི་མཐུས་མི་གྲང་བཅུ་བཞི་ཡི་ས་རྟགས་བཀོད་པ་དང་ཆོལ་ཁ་གཞན་ནས་ཡིན་པའི་སྤྱི་མཐུས་འགའ་རེའི་རང་ཉིད་ལ་ཉེས་པ་དེ་མ་འཛུགས་ན་འགྲིག་ཁི་{་ཨ་ལ་ཨ་ལ་ལ}་་བསམ་པ་ཞིག་ཁྱེར་ནས་གཟིགས་མོར་གཟིགས་བཞིན་པའི་དབུས་སྤྱི་མཐུས་གྲོས་ཚོགས་ཀྱི་བརྙན་འཕྲིན་དངོས་སུ་མཐོང་དུས་ད་དངོས་ནས་བོད་ལ་རེ་བ་མི་འདུག་བསམ་པ་ཞིག་དང་དབུས་སྤྱི་མཐུས་གྲོས་ཚོགས་དེ་དབུས་པའི་གྲོས་ཚོགས་འདྲ་པོ་ཞིག་མཐོང་སོང་་་་་མ་གཞི་ཨ་མདོ་བ་དང་ཁམས་པ་རྣམས་གཞན་གྱི་དབང་རྒྱུར་འོག་འགྲོ་དགོས་དེ་རྩམ་མེད་ཀྱང་ཨ་མདོ་བའི་ཁྲོད་སྤྱི་མཐུས་བསྟན་འཛིན་མགོན་པོ་ལས་དྲང་བདེན་གྱི་གཏམ་བཤད་བྱེད་ཕོད་མཁན་མེད་པ་ནི་རྒྱུ་མཚན་གཅིག་རང་མཐོང་་་་་་་་་་་་སྤྱི་དོན་ལ་བསམ་ཞིབ་མི་བྱེད་པའི་སྐྱོན་དང་རང་དོན་གཙོ་བོ་འཛིན་པའི་འདུ་ཤེས་ལས་བྱུང་བ་རེད་་་་་རྩ་བས་དབུསགཙང་གི་་སྤྱི་མཐུས་རྣམས་ཀྱི་བཤད་དོན་ཕྱི་ལོ་༢༠༠༠ལོར་དབུས་གཙང་གྱི་ཁོང་ནས་ཡིན་པའི་སྤྱི་མཐུས་གཉིས་ཨ་རེའི་་ནས་ཕེབས་སྐབས་ལམ་འགྲོན་མ་སྤྲོད་པ་དེ་ཁུང་སུ་བགྲང་པའམ་ན་ཚ་དེ་གཟུང་ནས་མདོ་སྟོད་སྤྱི་མཐུས་བསོད་ནམ་སྟོབས་རྒྱལ་ལ་ལམ་འགྲོན་སྤྲོད་མི་མཆོག་ཅེས་གྲོས་འཆར་འདོན་གྱི་ཡོད་་འདི་ནི་གཏམ་སྙན་པོ་ཇི་ཙམ་བཤད་རྒྱུ་ཡོད་ན་ཡང་ཆོལ་ཁའི་དོན་ནས་བོད་སྤྱི་དོན་ཞིག་ཡིན་པ་སྒྲུབ་མི་ཐུབ་པ་ཞིག་རེད་་་་་་་་འོན་ཀྱང་ཁམས་པ་དང་ཨ་མདོ་བའི་སྤྱི་མཐུས་འགའ་རེ་ས་རྟགས་བཀོད་མཁན་གྱི་་ཁོངས་སུ་འདུག་་་་་་་་་ཁོང་རྣམས་ཀྱི་གནས་ལུགས་འདི་མ་ཤེས་པ་ཡིན་མིན་གང་ལྟར་ས་རྟགས་བཀོད་དགོས་པའི་རྒྱུ་མཚན་ཞིག་མེད་པ་མཐོང་་་་་གོ་ཐོས་ལ་གྲོས་ཚོགས་ནང་གཏམ་བཤད་ཟིན་རྗེས་གནས་ཚུལ་འདི་འདྲ་ཡིན་པ་ཤེས་མ་སོང་སྔོན་ནས་གནས་ཚུལ་འདི་དང་གནས་སྟངས་འདི་ཤེས་ན་དོན་དག་དེར་བདག་པོ་རྒྱབ་ས་མ་རེད་ཅེས་བཤད་མཁན་ཡོད་འདུག་་་་་་་་་་་་་་་་དེ་བརྟེན་མ་འོངས་པ་བོད་ཅེས་པའི་ཡིག་གེ་འདི་དང་བོད་སྐད་ཅེས་པའི་ཡི་གེ་གཉིས་པོ་འདི་ལ་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་དེ་བཞིན་དབུས་གཙང་དང་ཁམས་པ་ཨ་མདོ་བ་སོགས་ཀྱི་དགྲ་དགའ་གཉིན་སྡུག་གྱི་བྱ་བ་རང་ལ་གཞི་མེད་བརྩོད་པ་ཞིག་རག་ཐབས་མི་བྱེད་པ་གཅིག་སྒྲིག་གི་བསམ་བློ་ཡོད་པ་ཞིག་མ་བྱུང་ན་བོད་དོན་གླིང་མི་དགོས་པ་དང་བོད་སྐད་སྐྱོན་མི་དགོས་མཐོང་་་
དྲྭ་བདག་ལགས། ང་ཁ་བརྡ་ལ་དངོས་གནས་གད་མོ་ཤོར་གྱིན་འདུག ཧོར་འཇིག་སྒེར་གྱི་གནས་ཚུལ་དེ། དགེ་ལུགས་དང་རྙིང་མ་གཉིས་ལས་ཀྱང་རྩ་ཆེ་བའི་རྒྱུ་མཚན་གང་ཡིན་ནམ།
གང་ལྟར་བཀུར་འདེབས་ཀྱི་དྲྭ་སྒོ་རྒྱག་པ་དེ་ལ་ཡག་སོང་ཞུ་རྒྱུ་ཡིན
ཁོ་རེ། སྟུ་ལྡག་ཚོ། ད་ཁྱོད་ཚོ་གཉིད་གུག་སོང་ནི་ཨེ་རེད། འདང་གུང་དབྱིན་མོ་འཛག་རྒྱུ་མང་སོང་ནི་ཨེ་རེད། ད་ཐོན་ཤོག་དང༌། ང་ཚོ་ཡང་དྲ་རྒྱ་ནང་ཁ་ཅག་དང་སྣ་རལ་རབས་བཤད། གོ་ཨེ་ཐལ། (འདི་ཨ་མདོ་ཡོངས་རྫོགས་ལ་ཟེར་ལེ་མིན་གོ།)་
ད་ང་ཚོ་དོགས་པ་ཆེན་ཤོས་ཅིག་ཡོད། དེ་ནི།
༼༡༽གྲོས་ཚོགས་ནང་བཀྲ་མ་ ཤིས་པའི་གྲོས་འཆར་ཁུར་མཁན་ཁ་ཚ་རའི་བུ་མོ་ཁྱི་ཡི་ཆོལ་ཁའི་མིང་ཐོག་ནས་སྤྱི་ འཐུས་ལང་མཁན་དེ་རྒྱ་དམར་ནག་གི་སོ་བ་དེ་འདྲ་ཡིན་མིན་ནན་པོ་ལྟ་དགོས་ཀྱི་འདུག
༼༢༽བཀྲ་མ་ཤིས་པའི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དབུས་གཙང་སྤྱི་འཐུས་དེ་རྒྱ་དམར་ནག་དང་འབྲེལ་བ་འདུག་ལྟ་དགོས།
༼༣༽ས་ཡིག་རྒྱག་མི་དགོས་ བཞིན་དུ་ས་ཡིག་རྒྱབ་ནས་དཀྲུགས་ཤིང་སློང་མཁན་སྤྱི་འཐུས་བཅུ་གཉིས་དེ་རེ་རེ་ བཞིན་ཁོ་ཚོའི་དམིགས་ཡུལ་དང་དགོས་པ་ག་རེ་ཡིན་མིན་སྐོར་ལ་ནན་བྱེད་དགོས་ཀྱི་ འདུག
༼༤༽ལྷག་དོན་ཚོགས་འདུའི་གཙོ་སྐྱོང་མི་ནུས་པའི་ཚོགས་གཙོ་འཆལ་ཕོ་རྐུབ་ཀྱོགས་དེ་ཚོགས་གཙོ་ནས་དགོངས་པ་ཞུ་དགོས་ཀྱི་འདུག
དྲ་གྲོགས་འགའ་རེའི་ཆོལ་ཁའི་སྐད་ཆ་ཞིག་འདྲེས་ནས་གསུངས་འདུག་པས་ངའི་རེ་བར་བཟོད་སེམས་གནང་རོགསཞུ་་་་་བོད་ཁམས་སྤྱི་དང་མཐའ་ན་སོ་སོ་ལ་བདེ་སྐྱེད་དགོས་ན་གཅིག་སྒྲིག་ནི་བདེ་སྐྱེད་ཀྱི་འབྱུང་རྩ་ཡིན་པ་ཤེས་དགོས་པས་་་་གོང་ཏུ་ངས་བྲིས་པའི་ནང་དོན་དེར་རྩ་བས་ཚུལ་ཁྲིམས་འོད་ཟེར་ཁོང་སྐུ་ཉིད་ལ་བཏང་བའི་ཡིག་གེ་ཞིག་ལས་གནད་ལུག་གཞན་འདྲེས་པའི་ནང་དོན་ཞིག་མིན་དེ་ཡང་ཁྱེད་རྣམས་པས་འཐེན་ཁྱེར་མེད་པ་དྲང་པོའི་ལམ་ནས་གཟིགས་ན་ཡིག་ནོར་གང་ཞིག་ཡོད་ན་ཡང་ཤེས་དགོས་པའི་གནས་ལུགས་མང་པོ་ཡོད་འདས་ཟིན་པའི་བོད་ཀྱི་སྐུ་ངོས་དང་ད་ལྟའི་སྐུ་ངོས་གཉིས་ཀྱི་བར་ཁྱེད་པ་ནམ་ཡང་མ་བྱུང་ན་་་་་་་་་་་བོད་ཀྱི་རྩ་དོན་རང་བཙན་དང་དབུ་མའི་ལམ་ཟེར་བ་དེར་རྨི་ལམ་ནང་གི་རྨི་ལམ་རེད་་་་་་་་་་་་གནས་སྟངས་འདི་འདྲ་ལ་བརྟེན་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ཇུས་སྔར་ལས་ཇེ་དམ་གྱི་འགྱུར་བ་གང་མང་ཞིག་སོང་ཡོད་པ་མཁྱིན་དགོས་ངེས་རེད་་ད་བར་ངས་བོད་མིའི་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་མ་བཟོ་ན་དགའ་ཚུལ་བཤད་མྱོང་བ་ལས་དོན་དམ་པར་སོ་སོ་སྐྱེ་བོ་ཞིག་གི་ངོས་ནས་ཉོས་མོང་མ་སྤང་ན་དེའི་དབང་གི་ཉེས་པ་ཡོང་བ་ལ་དགག་པ་རྒྱབ་ཐབ་བྲེལ་བས་དེ་འདྲ་ནམ་ཡང་ཞུ་གི་མེད་་་་འོན་ཀྱང་ང་རང་འཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དགེ་མཚན་ལ་བསམ་ཞིབ་དགོས་ལ་ཕན་གནོད་ལ་དེ་བས་བསམ་བློ་བཏང་དགོས་་་་་་་་་་ཚན་མའི་རིགས་ལམ་ཁྲོད་དུ་ཡོད་པ་བཞིན་སྤྱི་ཡི་སྟོང་བ་ངེས་ན་བྱེ་བྲག་གི་སྟོང་བ་ངེས་པས་ཁྱབ་པས་་་་ནམ་ཞིག་བོད་གཞུང་ལ་མ་འགྲིག་པ་འདྲ་བྱུང་ན་་་་་་་་སྡ་ས་ཡོད་པའི་དབུས་གཙང་རྒྱུན་ལས་དང་་་་་་་་་ཨ་མདོའི་རྒྱུན་ལས་་་་་ཁམས་པའི་རྒྱུན་ལས་སོགས་ལ་བདེ་སྐྱེད་གྱི་ཉི་མ་ནུབ་ནས་ཤར་ན་མ་རྟོགས་་དུས་དེ་ནས་འཇུག་སྒྲིག་ངེས་རེད་་་་་་་་བོད་རིགས་རྣམས་ལ་རང་གཤེས་ངན་པ་ཞིག་ཡོད་པ་དེ་བོད་པ་ཞིག་གི་མ་འགྲིག་པ་གང་ཞིག་བྱུང་ན་གྲོས་འཆར་དང་འབྲེལ་མོའི་ལམ་ནས་གསལ་ཐབས་མེད་པ་དཔའ་ངོམ་དང་ཁྲིམས་སྟུག་གྱི་མགོ་ནས་འཇུག་བར་དོན་ཆུང་ལ་དོན་ཆགས་པ་ཐེངས་རེ་གཉིས་མིན་་་ངས་དུས་རྒྱུན་བཤད་གྱི་ཡོད་་་་་ཨ་མདོ་བ་འཚོ་ལ་འགྱོན་ཐང་ཡོད་ན་དེ་སྔོན་བལ་ཡུལ་དབུས་སྣེ་ལེན་ཁང་ཏུ་བོད་ཨ་མདོ་མི་བཟང་ཞིག་སྐྱབས་བཅོལ་དུ་འབྱོར་ནས་ཉིན་གྲངས་འགའ་རྗེས་སུ་བལ་དམག་གི་གཙན་དབང་ཁོ་ནས་རྒྱ་ནག་ལ་རྩིས་སྤྲོད་དེ་མཐར་དམར་གསོདབཏང་འདུག་པས་་་་་་་གནས་ཚུལ་དེ་འཚོ་མ་གོ་མདོག་མདོག་བྱེད་ན་ཡག་པོ་མ་རེད་་་་་་་་དེ་བཞིན་དབུས་པ་དང་ཁམས་པ་འཚོའི་ཀྱང་གནས་ཚུལ་དེ་འདྲ་དང་གནས་སྟངས་དེ་འདྲ་ཐུབ་དུས་་་་་་་་བོད་གཞུང་ལ་ཞུས་ན་གང་དགའ་ཟེར་གྱི་འདུག་པ་ལས་མཐའ་ན་སྡ་སའི་་་་་་རྒྱ་གར་ཁ་ལོ་བ་འཚོ་ལ་ཁ་གཏད་བཅར་ནུས་པ་དང་ཐུབ་མཁན་མེད་པ་དྲང་མོ་ཡིན་་་་་་་་་་་་་་་་་་་་་་་་་་་ད་ཡོད་མདོག་བྱེད་ན་གནོད་པ་ལས་ཕན་ཐོག་མི་འདུག་
བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད། ཕི་ཌི་ཨེཧཕ། པར་འདེབས། གློག་འཕྲིན།
དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་མིའི་རང་དབང་རྩོམ་སྒྲིག་པའི་བཅར་འདྲི།
བོད་མིའི་རང་དབང༌། ཉེ་ཆར་ གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་མཐའ་མ་གཉིས་ལ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ ལོན་པས་ཚོགས་འདུ་མཇུག་བསྡོམས་གནང་མ་ཐུབ་པ་སོགས་ཀྱི་སྐོར་བརྒྱུད་ལམ་ཁག་ཏུ་ གནས་ཚུལ་མང་པོ་ཐོན་འདུག་ཀྱང་འཛིན་སྐྱོང་གི་དགོངས་ཚུལ་གསལ་སྟོན་གནང་མི་འདུག་ ན་འདིའི་སྐོར་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡོད་དམ།
བཀའ་ཁྲི། མང་གཙོའི་གྲོས་ཚོགས་སུ་གྲུབ་ཆ་མ་ལོངས་པའི་གནས་ཚུལ་ཡང་ཡང་ཡོང་སྲིད་པ་ཞིག་ ཡིན་པས་ཧ་ལས་དགོས་དོན་མ་མཐོང་ཞིང༌། འདིའི་སྐོར་ང་ལ་དམིགས་བསལ་བསམ་ཚུལ་གང་ཡང་མེད།
བོད་མིའི་རང་དབང༌། གསར་ཤོག་ཁག་ཏུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བྱུང་རིམ་ འདི་ལ་བརྟེན་ནས་སྐབས་བཅུ་བཞི་པའི་སྤྱི་ལྷན་ཕྱིར་བསྡུ་འགྲོ་སྲིད་ཚུལ་བཀའ་ གནང་འདུག་ན་དེ་ལ་བཀའ་ཁྲི་མཆོག་གི་གཟིགས་ཚུལ་གང་ཡོད་དམ།
བཀའ་ཁྲི། ངས་དེ་འདྲ་བཀའ་གནང་བ་མཇལ་མ་བྱུང་ཡང༌། དཔལ་ལྡན་ཚོགས་གཙོ་མཆོག་གིས་དེ་ལྟར་བཀའ་གནང་ཡོད་ན་དེ་ལ་རྒྱབ་ལྗོངས་དང་རྒྱུ་ མཚན་ཞིག་ཡོད་ཤག་ལས་ངས་འགྲེལ་བརྗོད་ཞུ་རྒྱུ་གང་ཡང་མེད། ང་རང་གིས་བྱུང་རིམ་དེ་དག་ཚབས་ཆེ་ཞིག་ཏུ་མཐོང་གི་མེད།
བོད་མིའི་རང་དབང༌། ད་ལན་གྱི་གླེང་གཞི་སྤྱི་འཐུས་སྒེར་ གྱི་གྲོས་འཆར་ཞིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། གྲོས་འཆར་དེའི་སྐོར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།
བཀའ་ཁྲི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་གི་འོག་ སྤྱི་འཐུས་སྒེར་ལ་གྲོས་འཆར་འདོན་རྒྱུའི་ཐོབ་ཐང་ཡོད་པ་དང༌། ཚོགས་གཙོས་གྲོས་འཆར་འདོན་རྒྱུའི་བཀའ་འཁྲོལ་བསྩལ་ཏེ་གྲོས་ཚོགས་ལས་རིམ་དུ་ འཁོད་པ་མ་ཟད། གྲོས་ཚོགས་ནང་དུའང་མང་མོས་ཀྱིས་ཚུད་ཟིན་པའི་གྲོས་འཆར་ཞིག་ཡིན་སྟབས། ང་དང་བཀའ་ཤག་ལ་བསམ་ཚུལ་གང་ཡང་ཡོང་གཞི་མེད། ལར་ནས་གྲོས་འཆར་ཐོག་བགྲོ་གླེང་འགྲོ་བཞིན་པ་ཡིན་སྟབས་བསམ་ཚུལ་ཡོད་ན་གྲོས་ ཚོགས་སུ་ཞུ་རྒྱུའི་གོ་སྐབས་འཐོབ་ངེས་ཡིན་པས་ད་ལྟ་བརྒྱུད་ལམ་ཐོག་བཤད་དགོས་མ་ མཆིས།
བོད་མིའི་རང་དབང༌། གླེང་གཞིའི་བྱུང་རྐྱེན་ཆོལ་ཁའི་ སྤྱི་འཐུས་བྱེ་བྲག་པ་ཞིག་བཞུགས་ཡུལ་ཕྱི་རྒྱལ་དུ་གནས་སྤོས་ཟིན་པ་ལ་སྤྱི་ འཐུས་རྒྱུན་ལས་ནས་སྔར་ལམ་དང་མི་འདྲ་བར་གྲོས་ཚོགས་སུ་ཚོགས་ཞུགས་ཆེད་ལམ་གྲོན་ གནང་རྒྱུའི་ཐག་གཅོད་གནང་བ་དེར་བཀའ་ཁྲི་མཆོག་གི་དགོངས་ཚུལ་གང་ཡོད་དམ།
བཀའ་ཁྲི། སྤྱི་འཐུས་བྱེ་བྲག་པར་ཚོགས་ཞུགས་ཆེད་ལམ་གྲོན་ གནང་དང་མི་གནང་ལ་བསམ་ཚུལ་གང་ཡང་མེད་ཀྱང༌། ད་རེས་ཐག་གཅོད་གནང་ཕྱོགས་ཀྱི་ལས་རིམ་ཚུལ་མཐུན་མ་བྱུང་བ་དེ་ལ་བསམ་ཚུལ་ཤུགས་ ཆེ་ཡོད། གང་ཡིན་ཟེར་ན། མང་གཙོའི་ལྟ་གྲུབ་དང་ལམ་སྲོལ་གཞིར་བཟུང་ཁྲིམས་ཞིབ་པ་རྣམ་པ་དང༌། སྤྱི་འཐུས་རྣམ་པ། བཀའ་བློན་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ཀྱི་གསོལ་ཕོགས་དང༌། ཟུར་ཕོགས། ལས་ཐོན་བགྲེས་ཕོགས། མཚན་དོད། ལས་དོད། ཐོབ་ཐང་གཞན་དག་སོགས་འཛིན་སྐྱོང་གིས་ཐག་གཅོད་མི་ཆོག་པར་ཁྲིམས་ལུགས་གཏན་ འབེབས་ཀྱི་ལམ་ནས་ཐག་གཅོད་གནང་དགོས་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ ཚན་ཁག་ནང་གསལ་ཡོད། དེ་འདྲའི་ཆ་རྐྱེན་བསྐྲུན་དགོས་དོན་ནི་སྣེ་མོ་དེ་དག་གི་ཐོབ་ཐང་དང་ཁེ་ཕན་ཁག་ ལ་གང་བྱུང་གིས་སྤོར་གཅོག་དོ་ཕོགས་ཡོང་གཞི་མེད་པར་ཁྲིམས་ཐོག་ནས་སྲུང་སྐྱོབས་ བྱས་ཏེ་ཁོང་ཚོས་གཞུང་དོན་ཕྱག་ལས་གནང་སྐབས་རང་གི་ཁེ་ཕན་སྐོར་རེ་དྭོགས་མི་ འབྱུང་བའི་ཆེད་དུ་ཡིན། ཁྱད་པར་བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པའི་མཚན་དོད་དང་ལས་དོད། དམིགས་བསལ་ཐོབ་ཐང་གཞན་དག་བཅས་ཁྲིམས་ལུགས་གཏན་འབེབས་ལྟར་འབུལ་དགོས་པ་བཅའ་ ཁྲིམས་དོན་ཚན་ ༤༦ པ་དང་ ༥༠ པའི་ནང་ཞལ་གསལ་ཡོད་པ་དང༌། ལམ་ གྲོན་དང་འགྲིམས་འགྲུལ་ཟུར་ཕོགས་ཀྱང་ཐོབ་ཐང་ཁུངས་སུ་ཚུད་པ་ཡིན་སྟབས། སྤྱི་འཐུས་ལས་ཐོག་རྣམ་པར་བཞུགས་གནས་རྒྱལ་ཁབ་གཞན་དུ་སྤོས་སྐབས་ལམ་གྲོན་འབུལ་ རྒྱུའི་ཆ་རྐྱེན་སྒྲིག་གཞི་བསྐྱར་བཅོས་ཀྱི་ལམ་ནས་གྲོས་ཚོགས་ཀྱིས་གཏན་འབེབས་ གནང་བ་ཡིན་ན་ཀླན་ཀ་ཡོང་གཞི་མེད་ཅིང༌། འཛིན་སྐྱོང་ནས་ཀྱང་རྒྱབ་གཉེར་ཞུ་རྒྱུར་དཀའ་ངལ་མེད། ཁྲིམས་ཡིག་དང་སྒྲིག་གཞི་གསར་བཟོས་སམ་བསྐྱར་བཅོས་ཇི་ལྟར་ཡང་གཏན་འབེབས་སམ་ བསྐྱར་བཅོས་ཟིན་པའི་རྗེས་ནས་ཕྱག་བསྟར་གནང་རྒྱུ་ཡིན་སྟབས། འདས་པའི་བྱུང་རབས་ཀྱིས་མིག་འགྲན་ཡོང་གཞི་མེད། དེ་མིན་སྒྲིག་འཛུགས་དང་འཛིན་སྐྱོང་གི་ཐག་གཅོད་རིགས་སྔོན་བྱུང་དང་མི་མཐུན་པ་ ཆགས་ཚེ་དྲང་བདེན་མ་ཡིན་པའི་ཀླན་ཀ་ཡོང་གཞི་ཡོད་པ་དངོས་བདེན་རེད། ཁྲིམས་ཀྱི་དབང་བསྒྱུར་ལ་མང་གཙོའི་ཀ་བ་གསུམ་ཀས་སྲུང་སྐྱོབ་གནང་གལ་ཤིན་ཏུ་ཆེ། ཞེས་གསུངས།
བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་བདུན་རེའི་གསར་ཤོག་བོད་མིའི་རང་དབང་གི་ རྩོམ་སྒྲིག་པས་བཀའ་བློན་ཁྲི་པ་མཆོག་ལ་བཅར་འདྲི་ཞུས་པ་དེ། བོད་གཞུང་གི་དྲ་རྒྱ་ལས་འདིར་དྲངས་པ་ཡིན།