གྲོས་ཚོགས་ཚོགས་དུས་གཉིས་པ་ཕྱོགས་བསྡོམས་གནང་བ། Posted on 2016-10-182016-10-18 By ཁ་བརྡ་ 57 Comments on གྲོས་ཚོགས་ཚོགས་དུས་གཉིས་པ་ཕྱོགས་བསྡོམས་གནང་བ། སྤྱི་ཚོགས་ཡོ་སྲང་སྐད་ཚོམས་ཀྱིས་མཚམས་སྦྱོར་བྱས། གློག་བརྙན་།
སྤྱི་འཐུས་ཤར་ཕྱོགས་ཁུག་རྟས། ་་་་་ རྒྱ་བོད་འབྲེལ་མཐུད་གྲ་སྒྲིག་ཡོད་གསུངས་པ་ཙམ་གྱིས་མིན་པར། མི་ཤུགས་དང་། རྒྱུ་ཤུགས་དང་དུས་ཚོད་ག་ཚད་བཏང་ཡོད་མེད་སྐོར་ལ་གསལ་པོ་བཟོ་དགོས་འདུག ་་་་་ ཟེར།
ཨ་མའི་བུ། བོད་ཀྱི་བུ། དྲང་བདེན་གྱི་བུ། ཕྱོགས་རིས་ཅན་རྣམས་ཀྱི་སྙིང་ལ་འཇིགས་པ་སྟེར་བའི་དཔའ་བོ། གླེན་པ་རྣམས་ཀྱི་ཀླད་པར་ཤེས་རིག་སྒྲོན་པའི་དཔའ་བོ། མིང་དོན་མཚུངས་པའི་སྤྱི་འཐུས། ལས་ཀ་བྱེད་ནུས་པ། བྱེད་ཤེས་པའི་སྤྱི་འཐུས། མི་རབས་གསར་པའི་ང་རྒྱལ་ཡིན། ལྷ་རྒྱལ་ལོ།།
ཤར་ཁུག་གི་བཤད་བཞིན་པ་ནི་སྤྱི་ཚོགས་དཀྲུགས་ཤིང་གི་སྐད་ཆ་མ་གཏོགས་བོད་མི་རིགས་ལ་ཕན་པའི་བཀའ་མོལ་སྣ་གཅིག་མི་འདུག ཁོ་རང་གི་བཙན་བྱོལ་ཆུང་ཆུང་འདི་ནང་བསྡད་དེ་བྱ་ངན་ག་རེ་སྤེལ་ཡོད་མེད་ཚང་མ་དྲན་པ་སྟེང་བརྗེད་སོང་ནས་ད་དུང་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་ལ་སྐྱོན་འཛུགས་བྱ་བཞིན་པ་ནི་བློ་ཡུལ་ལས་འདས་པའི་སེམས་ཕམ་རང་བཞིན་ཞིག་རེད་སྙམ།
དངོས་གནས་རེད། ངས་ཀྱང་དེ་ལྟར་བསམས་ཡོད། སྲིད་སྐྱོང་མཆོག་གིས་ང་ལས་དད་པ་ཆེ་བ་མེད་གསུངས་སོང་བས། སྐྱུགས་མེར་ལངས་སོང་། སྲིད་སྐྱོང་གིས་ག་དུས་ཡིན་ན་སྤྱི་ཚོགས་དཀྲུག་དཀྲུགས། དབུ་བསྐོར་ཞུ་ཞུ་པ་རེད་འདུག
་་་་་་་་་་་་ད་དུང་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་ལ་སྐྱོན་འཛུགས་བྱ་བཞིན་པ་ནི་བློ་ཡུལ་ལས་འདས་པའི་སེམས་ཕམ་རང་བཞིན་ཞིག་རེད་སྙམ། ་་་་་་་་་་་་་
ཤར་ཕྱོགས་ཁུག་རྟས་སྤྱི་འཐུས་ཀྱི་ཐོབ་ཐང་མ་བླངས་སྔོན་ནས། སྲིད་སྐྱོང་གཙོའི་མཐོ་རིམ་མི་སྣ་འགའ་རེར་སྐྱོན་ཕྱོགས་བརྗོད་པ་ཟེར་ན་འདྲ། དག་ཐེར་བྱས་པ་དེ་ཚོར་མང་པོས་དོ་སྣང་བྱེད་ཀྱིན་ཡོད་པ་རེད་ལ། དེ་ནི་བྱེད་འོས་པ་ཞིག་ཀྱང་ལོས་ཡིན་ཏེ། དམའ་ས་བཟུང་བྱས་རུང་། ནམ་གཞར་ཁ་གང་གྲག་ལ་དར་དམར་དར་དམར་ཟེར་བ་ལས་ཅང་མི་ཤེས་པའི་བྱིས་པ་སྣབས་ལུག་ཚོས་ཅི་བཤད་དང་རྩ་ནས་བསྡུར་ས་མེད་པ་ཞིག་ཡིན་པས་ནའོ། གང་ལྟར། སྐད་ཆ་སྤྱིར་བཏང་ནས་བཤད་ན་དེ་འདྲ་ཞིག་རེད། ཐེངས་འདིའི་གོང་གི་བརྙན་དེའི་ནང་ཅི་ཞིག་བཤད་ཡོད་མ་ཤེས། རྒྱུ་མཚན་ཉན་ཐུབ་ཀྱི་མི་འདུག
ཤར་ཁུག་ལགས། ཚེ་རིང་མཆེད་ལྔས་སྤྱི་རྒྱུ་སྒེར་བདག་ཟླ་བ་ཚེ་རིང་ལ། དམ་སྲི་འབྱུང་པོ། མི་ག་ལ་ཞིག ཅེས་ཐོངས་ཚོམ་ནས་བཟུང་བ་དེ་ལ་འགྲེལ་བཤད་ག་འདྲ་རྒྱག་དགོས་རེད་དམ།
བློ་ཕམ་པ་ཞིག་ལ་དེང་སང་བོད་ཀྱི་གྲོོས་ཚོགས་ནང་བོད་ཀྱི་རྩ་དོན་ལ་ཕན་པའི་གནད་དོན་སྐོར་བསམ་འཆར་འདོན་མཁན་ཉི་མོའི་སྐར་མ་ལྟ་བུ་རེད། དོན་མེད་ཁ་བདེ་ཀླད་སྟོང་མང་པོ་ཞིག་འཚོགས་ནས་གང་བྱུང་དོན་མེད་ཀྱི་གཏམ་གླེང་རྐྱང་གིས་དུས་འདའ་ཐབས་ཁོ་ནར་མངོན། སྤྱི་འཐུས་ཡིན་ནའང་སྤྱི་སེམས་ལྡན་པ་འགའ་རེ་ལས་གཞན་རང་ཉིད་སྐྱོན་གྱི་གོང་བུ་སོང་རྟག་ཏུ་གཞན་ལ་སྐྱོན་བརྗོད་མཁན་ཤ་སྟག་རེད་འདུག བསམ་པ་ཙམ་གྱིས་བློ་ཕམ་ཡ་དེ་འདྲ་རེད་འདུག ཨ་ཧོ་བོད་རང་བཙན་ཁག་པོ་རེད་འདུག གལ་སྲིད་གནས་སྟངས་དེ་འདྲའི་ཞིག་གི་འོག་འཚོ་དགོས་བྱུང་ན་འཚོ་ཐབས་དང་བྲལ་བ་རེད། ཡོད་པ་ལས་མེད་ན་དགའ། ཕན་པ་ལས་གནོད་པ་མང་བའི་རྒྱལ་ཁབ་ཆེ་ཡང་སྤང་བྱ་རེད།
ད་ལན་གྲོས་ཚོགས་ནང་ཟླ་ཕུན་དང་། ཟླ་ཚེ། ཤར་ཁུག སྒྲོལ་ཚེ། རྒྱ་ཐར་སོགས་ཀྱིས་བཀའ་ཤག་ལ་བསྟོད་པ་བརྒྱབ་སོང་ཡང་འདི་ཚིག་གཅིག་བཤད་མི་འདུག གྲོས་ཚོགས་ནང་བཤད་པ་དང་འདི་གཉིས་ཁ་མ་མཐུན་པ་ཆགས་འདུག ཧེཧེ།
ཁ་བརྡ་ཚང་གི་མཆན་འདེབས་པ་འགའ་རེར་ཡར་རྒྱས་ཟེར་བ་རུས་སྦལ་གྱི་སྤུ་རེད། ཕར་འཁོར་ནས་ཅི་ཞིག་གི་སྐད་ཆར་དཀྲུག་ཤིང་ཟེར་བས་མཚོན། ངན་ཞིག་ཟེར་བར་ཆེད་བསྐོས་འདྲ་རུང་། ཚུར་རང་གི་སྐད་ཆར་བསམ་བློ་གཏང་ཟེར་བ་ནི་རི་བོང་རྭ་རང་རེད། དེ་འདྲའི་མཆན་འདེབས་པ་ཚོ་ནི། མ་གཞི་ནས་བཀྲ་མི་ཤིས་པ་ཆེ་ཞིག་ཡིན་པ་ཤེས་དགོས། ཧ་ཧ།
ག་རེ་ཡིན་ཀྱང་། གླེང་གཞི་ཅན་གྱི་གནད་དོན་དེ་རིགས་ངེས་པར་དུ་གསལ་པོར་གླེང་དགོས་པར་མཐོང་། དེ་མིན་མི་གླེན་པས་བཤད་པའི་འཆལ་གཏམ་ཡང་གདམས་ངག་ལ་མི་འགྲོ་བའི་ངེས་པ་མི་འདུག ང་ཚོའི་སྲིད་སྐྱོང་ལ་ད་ལྟའི་ཨ་རིའི་སྲིད་འཛིན་འོས་མི་གྲོ་ན་དྲོ་རམ་གྱི་གཤིས་ཀ་མང་པོ་ཞིག་འཇགས་འདུག ཁོང་གིས་ང་ཡིན་ང་ཆེ་དེས་མི་མང་པོ་ཞིག་གི་སྣང་བར་འགྲོ་གི་མི་འདུག དོན་དངོས་ཡིན་ན་དོན་དངོས་ཡིན་དུ་ཅུགས་ཀྱང་། དོན་དངོས་ལས་འགལ་བའི་གནད་དོན་མང་པོ་གསུང་གི་འདུག སྲིད་སྐྱོང་གིས་༧གོང་ས་མཆོག་ལ་དད་པ་བྱེད་མཁན་ཁོང་རང་ལས་ལྷག་མེད་ལུགས་གྲོས་ཚོགས་ར་བའི་ནང་གསུངས། དེའི་སྒྲུབ་ཆཻད་དུ་དུས་འཁོར་དབང་ཆེན་ཐེངས་དགུ་ཙམ་ཞུས་ལུགས་དང་། བཞུགས་སྒར་དུ་སྲིད་སྐྱོང་གི་རྐུབ་སྟེགས་གནོན་པར་ཡོང་ལུགས་སོགས་བཤད། བཀའ་མོལ་དེ་ཚོ་གོ་དུས་ང་ཚོའི་སྲིད་སྐྱོང་གི་གནས་ཚད་དེ་ཡང་ལྷང་ལ་བུད་ཡོང་བའི་ཚོར་བ་ཞིག་སྦྱིན་གྱི་འདུག གང་ལྟར་ད་དུས་ཡིན་རུང་། སྲིད་སྐྱོང་གིས་གླེང་གཞི་ཅན་གྱི་བཀའ་མོལ་རེ་གསུངས་རྐྱང་གནང་གི་འདུག གཅིག་བྱས་ན་བོད་སྐད་གནས་ཚད་ཀྱི་མ་འདེངས་པ་ཡིན་གྱི་རེད། འོན་ཀྱང་ཆབ་སྲིད་པ་ཞིག་དང་ལྷག་པར་དུ་ཁྲིམས་ལུགས་མཁས་ཅན་དུ་ཆེས་མཁན་ཞིག་གིས་ངོས་ནས་བཤད་ན། ཚིག་འབྲུ་རེ་རེར་ཡང་བསམ་གཞིགས་བྱེད་དགོས་པར་སེམས། འོན་ཀྱང་སྲིད་སྐྱོང་གིས་དེ་ཚོར་དོ་སྣང་སེ་བྱེད་ཀྱི་མི་འདུག་ཀ
སྐྱབས་བཅོལ་ཡིན་པ་ཤེས་འདུག རྒྱ་མིའི་རྒྱ་དར་འཁྱེར་བ་ད་དུང་བརྗེད་འདུག མདོ་སྨད་བསམ་མེད་ཅུང་ཆུང་འགས་ཁོང་སྤྱི་འཐུས་ལ་ཡོང་ན་དབུ་མའི་ལམ་ལ་རེ་བ་ཡོད་སྒྲོག་རེེད། ཁ་སང་སྐུ་ངོ་རྒྱ་ལོས་རེ་བ་མེད་ལབ་སོང་། ཁོ་ཚོས་ད་དུང་འཁྲབ་སྟོན་མཇུག་སྐྱེལ་ལེ་རེད།
རྒྱ་བོད་རྒྱལ་དར་མཉམ་འཕྱར་བྱས་པ་དེ་འདྲའི་འཐབ་རྩོད་ཅིག་སུ་གང་གིས་བྱེད་ཐུབ་མེད། དར་དམར་མང་པོ་ལབ་མ་ལབ་གཏན་ནས་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ཤེས་པ་ལ། མཇུག་འབྲས་ཡག་པོ་ཡོང་ངེས་ཅན་གྱི་འཐབ་རྩོད་ཟེར་ན་དེ་འདྲ་རེད། ད་གླེགས་མི་འཁེལ་མ་སྡུག་གྱོང་རེད། རྒྱུ་མཙན་ཡོད་ན་གསུང་རོགས་ཞུ། ཧཧཧཧ
སྤྱི་འཐུས་གྲོས་ནས་བོད་མི་རིགས་ཀྱི་རིག་གཞུང་སྨན་རྩིས་ཁང་གི་ལོ་ཐོ་ལ་ཆ་མ་བཞག་ནས་ཕྱི་ལུགས་ལོ་རྩིས་ནས་ཤར་གླིང་ཟླ་སྒྲོན་བཀའ་བློན་ལ་འགྲོ་མ་ཐུབ་པ་ེ་ཁྲིམས་འགལ་དང་སྒྲིག་འགལ་བོད་མི་རིགས་ཀྱི་རིག་གཞུང་ནག་སྲུབ་བཏང་བ་མ་རེད་དམ་
བློ་སེང་དཔོན་པོ་གཏམ་དོད་ཅན།། བློ་སེང་དཔོན་པོ་རང་དོན་ཅན།། ཤར་ཁུག་དཔོན་པོ་དྲང་སེམས་ཅན།། ཤར་ཁུག་དཔོན་པོ་དམངས་སེམས་ཅན།།
མདོ་སྨད་སྤྱི་འཐུས་ཤར་ཕྱོགས་ཁུག་རྟས་གྲོས་ཚོགས་སུ་གླེང་བའི་བཀའ་མོལ་བསྐྱར་ལྡབ་བྱས་པའི་བརྒྱུད་རི་མ་གྱི་མཐའ་མཇུག་གི་དམིགས་ཡུལ་ནི། སྲིད་སྐྱོང་ལ་ཚ་ནན་དང་ཁ་གཏད་གཅོག་པའི་མཁྲིས་ནད་ད་དུང་མ་བསལ་བར་འདུག་པས་ཁོང་གི་ཀུན་སློང་དེ་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པས་གཟབ་གཟབ་མ་བྱས་ན་ཡང་བསྐྱར་ནམ་མཁའ་གཡའ་དང་ས་གཞི་རྡུལ་དུ་འགྱུར་ཉེན་མཐོང་།
གྲོས་ཚོགས་འཐུས་མིའི་ལས་འགན་བཅའ་སྒྲིག་ལ་འགན་འཁུར་ནས་ཁྲིམས་བཟོའི་ལས་འགན་སྒྲུབ་དགོས་པ་ལས་ཁྲིམས་འགལ་དང་སྒྲིག་འགལ་གྱི་བརྒྱུད་ནས་གྲོས་ཚོགས་ལས་རིམ་ལ་འགན་འཁུར་བླངས་རྒྱུ་དེ་དག་བཟང་སྤྱོད་དང་མཐུན་པའི་ཁྲིམས་མཐུན་ལ་ངོས་འཛིན་ནམ་ཡང་ཞུ་མི་ཐུབ་།
གཞུང་པ་ཚེ་དབང་བསོད་ནམས་ལ། རྟ་རྒྱུགས་སར་བོང་མགོ་རྒྱུགས་ཡ་ཡིན་པས། རང་གིས་ག་རེ་གསུང་གི་ཡོད སྙིང་རྗེཧཧཧཧཧ
ཧཧཧཧ། ཁོས་སྐུ་པར་དེ་མཆོད་གཤམ་ལས་ཟུར་དུ་ཁོ་རང་པར་བླང་སྐོད་བྱས་འདུག་བ་བྱས་ཙང་འདི་ཡང་དང་པོ་གཡོ་རྒྱུ་ཁྲམ་གསུམ་ལ་དགའ་མཁན་སྔོན་བརྡ་བསྟན་ཚར་འདུག མ་ཟད་བོད་གོས་མ་གྱོན་ད་དུང་ཧ་ལམ་ཕྱི་རྒྱལ་བ་ལྟ་བུ་སྐེ་དཀྲིས་ནར་མོ་ཞིག་གྱོན་འདུག་ད་ཏོག་ཙམ་མཁྱེན་ཡོན་ཅན་བཞིན་མཐོང་། ཡིན་ནའང་བལ་ཡུལ་དམར་གཞུང་ཁང་ནས་སྔོན་ལོ་གོར་མོ་ག་ཚད་རག་ཡོད་དམ་གཅིག་གསུང་ན་དྲང་པོ་རེད། མ་གཞི་འདི་རིགས་དེས་ཤུག་ལྡན་གདོན་འདྲེའི་དམ་སྲིར་ལ་དད་མཁན་རེད། ཕ་ཡུལ་རང་དུ་བསྡད་ན་རྟག་རྟག་རེད་དེ་། ཡིན་ནའད་ཡོ་རོབ་སྐྱབས་བཅོལ་ལ་འགྲོ་མ་ཐུབ་དུས་ཚོད་ཆུད་ཟོས་མ་བཏང་བར་དྷ་རམ་ས་ལར་བསྡད་ནས་སྒེར་དོན་འགྲུབ་རྒྱུ་ལས་སླ་མོ་ཡིན་པ་ཞུ་དགོས་ག་ཡོད།
སྤྱིར་བཏང་མི་འདི་ཚོས་གྲས་རྒྱ་གར་གསང་བའི་ལས་ཁུང་གསལ་ནན་པོ་བཏང་ནས་སྐྱེ་ལོ་སྐྱེ་ཚེས་ཁོ་རང་རྒྱ་མའི་ID ནང་བཥིན་བཀོད་ཡོད་ས་མ་རེད། ཁྲིམས་འགལ་ཆེན་པོ་རེད
སྔ་མོ་བོད་ཀྱི་གཏམ་དཔེ་ལ་། གཏམ་ཨ་ཕས་མ་བཤད་ཨ་མས་བཤད་། ཁྱི་བདག་པོའི་མ་བཀག་མགྲོན་པོའི་བཀག་། ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
གཞུང་པ་ལགས། པོའི་་མ་རེད་་་་པོས་རེད། བྱེད་འབྲེལ་ཙམ་ཡང་ཀླད་པས་མི་དཔོག་ན། ཆེན་པོའི་གཏམ་ལ་དཔྱོད་ཤེས་ག་ནས་ཡོང་། ཧཧཧཧ
ངོ་དེབ་ནང་གི་ང་ཚོའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་་་་་ https://www.facebook.com/AJStream/videos/1069693379740947/?hc_ref=NEWSFEED
སྔོན་དུས་སུ། གྲོས་ཚོགས་ནང་ལ་ཁ་མི་གྲག་མཁན་གྱི་སྤྱི་འཐུས་ཚོར། གསུང་མི་འབྱོན་པའི་སྤྱི་འཐུས། ཁ་ལ་རྡོ་རྗེ་རྒྱ་གྲམ་བཞག་ཡོད་པའི་སྤྱི་འཐུས་ཟེར་བ་སོགས་ངན་དམོད་བྱེད་པ་ཞིག་བྱུང་བ་རེད། ད་ཆ་ཁ་གྲག་མཁན་ཚོར་མང་ཚོགས་རྣམས་ཉོབ་བསྡད་ཡོད་པ་རེད།འདི་ཚོས་སྤྱི་དོན་ཁ་ལ་འཁྱེར་ནས་རང་གི་སྙན་གྲགས་ལ་བརྩོན་པ་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་སྤེལ་ནས་སྤྱི་ཚོགས་དཀྲུགས་པ་ལས་སྤྱི་དོན་ལ་ཤ་ཚ་བ་བྱེད་ཀྱི་མེད། ད་ལོར་གཞོན་པ་མང་པོ་ཞིག་གྟོས་ཚོགས་ནང་ལ་སླེབས་ཡོད་ནའང་། གཞོན་པ་ཚོར་ཡང་གཞོན་ཉམས་ཡོད་པར་མཐོང་མ་སོང་། བོད་མི་མང་ལ་མགོ་སྐོར་བཏང་ན་ཡག་པོ་མ་རེད། གཞུང་མང་བར་ལ་དཀྲུགས་ཤིང་བརྒྱབ་ན་ཡག་པོ་མ་རེད། མཛད་གཙོ་རྣམ་པར་མཚན་སྨད་བཟོས་ན་ཡག་པོ་མ་རེད། གཞུང་སྒེར་བར་ལ་མ་མཐུན་པ་བཟོས་ན་ཡག་པོ་མ་རེད། སྤྱི་འཐུས་ཡིན་ཟེར་བ་ཁྱོད་རང་ཚོས་བོད་གཞུང་མང་ལ་ཕན་ཐོགས་ཡོང་བའི་ལས་ཀ་སྒྲུབ་པའི་རེ་བ་གང་ཡང་བྱེད་ཀྱི་མེད། བོད་གཞུང་མང་ལ་གནོད་མི་སྐྱེལ་བའི་རེ་བ་འདོན་གྱི་ཡོད། རབ་དང་ཕུད་ཡིན་ན། ཁྱེད་རང་རྣམ་པས་མང་ཚོགས་དང་སྤྱི་ཚོགས་དཀྲུགས་རྐྱེན་བྱེད་པའི་སྐད་ཆ་བཤད་རྒྱུ་མཚམས་འཇོག་རོགས།
བྱང་ཆུབ་ལགས་ཀྱིས་ཡག་པོ་ཞེ་དྲག་གསུངས་འདུག ངས་བསམ་ང་ཚོ་མི་མང་ཚོ་ཤེས་འཇོན་གཉིས་ཀྱིས་སྟོང་པའི་རྟགས་གསལ་པོ་རེད། སྤྱི་འཐུས་འོས་བསྡུའི་ལམ་ནས་བསྐོ་ཡི་ཡོད་ཙང་འོས་དེ་མི་མང་གི་འཕེན་དགོས་རེད། མི་མང་ལ་ཤེས་ཡོན་མེད་པས་ཁ་བདེ་ཀླད་སྟོང་འགའ་ལ་ཡིད་ཆེས་བྱས་པའམ་ཡང་ན་ཕྱོགས་ཞེན་ཡང་ན་དཀྲུག་སེམས་བཅངས་ནས་དཀྲུག་ཤིང་པ་རྐྱང་རྐྱང་ལ་འོས་ཕངས་ནས་བདམས་པའི་འབྲས་བུར་དེ་མ་གཏོགས་གང་ཡོང་། ཁ་བླ་མ་མཁྱེ་ཟེར་ཞིང་དོན་ལ་དྲིན་ལན་ལོག་འཇལ་བྱས་བཀྲིས་པ་ཡོང་དཀའ་བོ་རེད། ཉམས་མྱོང་མེད་པའི་གཞོན་ནུ་ཁ་བདེ་ཀླད་སྟོང་དེ་ཚོ་ཕན་པ་ལས་གནོད་པ་ཆེ།།།།།
་་་་་་་་་་ ཁ་བླ་མ་མཁྱེ་ཟེར་ཞིང་དོན་ལ་དྲིན་ལན་ལོག་འཇལ་བྱས་བཀྲིས་པ་ཡོང་དཀའ་བོ་རེད། ཉམས་མྱོང་མེད་པའི་གཞོན་ནུ་ཁ་བདེ་ཀླད་སྟོང་དེ་ཚོ་ཕན་པ་ལས་གནོད་པ་ཆེ།།།།། ་་་་་་་་་་་
ན་ཚ་གང་ན་ཡོད་ན། དེ་ལ་སྨན་སྤྲོད་ཐབས་བྱེད་དགོས་བ་རེད། ན་ཚ་ཡོད་བཞིན་དུ་སྨན་དང་ནད་བཅོས་ཀྱི་ལག་ཐབས་མ་སྤྲད་ན། ཉིན་ཞིག་ནད་ཡམ་དེས་ང་ཚོ་བཙན་བྱོལ་བའི་བོད་མི་སྤྱི་སེམས་ཅན་དང་ལྷག་བསམ་ཅན་ཚང་མ་ལ་ནུས་བ་མེད་པར། ནོར་དང་དཔུང་ལ་རྒྱལ་ཁ་ཤོར་འགྲོ་བའི་ལམ་ངན། ད་ལྟ་ཁ་ཆེ་ཡུལ་ཁམས་ལ་འབྱོན་པ་ནང་བཞིན་ཡོང་སྲིད་པས། ཁ་རྒོད་པོ། ལག་རྒོད་པོ་རེ་འགའ་ཡོད་དགོས་བ་རེད་འདོད་དོ།
༅༅། བཤད་དང་མ་བཤད་བཤད་འདུག། སྐྱོན་བརྗོད་ཤ་སྟག་བཤད་འདུག། སྐྱོན་སེལ་ཐབས་ལམ་འདི་དང་འདི། བཤད་རྒྱུ་མེད་པ་ཀླད་སྟོང་རེད། བློ་སེང་སྐྱོན་བརྗོད་མ་བྱེད། མང་པོས་བདམས་པའི་སྲིད་སྐྱོང། གུས་པའི་བསྟོད་བསྔགས་མེད་ཀྱང། སྒེར་གྱི་མི་འདོད་སྐྱོན་བརྗོད་། བྱེད་དགོས་རྒྱུ་མཚན་གང་ཡིན། ཀླད་སྟོང་རྒྱུ་ནོར་འཕྲོག་གམ། ཡང་ན་ཁོས་ཤེས་ཡོན་ཏན། ཁྱོད་ཀྱི་ཤེས་ཀྱི་མེད་རེད།
གཞུང་པ་མཆོག་ནས་བོད་ཀྱི་སྨན་རྩིས་རིག་གཞུང་གི་ལོ་ཐོར་བརྩི་མི་དགོས་པར་ཕྱི་ལུགས་ཀྱི་ལོ་ཐོར་དང་ལེན་བྱེད་དགོས་པའི་བཀལ་མོལ་སྐྱུགས་བྲོ་བོ་གནང་བར་ཧང་མི་སངས། བོད་པས་བོད་ལུགས་ལོ་ཐོར་མཐོང་ཆེན་མེད་ན་རྒྱ་གར་དང་རྒྱལ་ཁབ་གཞན་གྱི་བོད་པའི་ལོ་ཐོ་བེད་སྤྱོད་གཏོང་ཨ་ཡོང་། དངོས་གནས་བསམ་བློ་ཡང་མཐོན་རེད་འདུག་སྙམ།
ཤར་གླིང་བུ་མོ་བཀའ་བློན་དུ་བསྐོ་མི་ཐུབ་པ་དེ་དོན་དངོས་གང་འདྲ་ཞིག་ཡིན་མིན་སྤྱི་ཚོགས་ནང་གསལ་པོ་རེད། དེ་བོད་ཀྱི་སྨན་རྩིས་རིག་གཞུང་གི་ལོ་ཐོའི་ནོར་འཁྲུལ་ཡིན་ལུགས་སོགས་བརྗོད་པ་ནི་བོད་ཀྱི་ལོ་ཐོའི་རིན་ཐང་དང་ཁྱད་ཆོས་མི་ཤེས་པ། དེ་བཞིན་རིག་གཞུང་གི་ཞག་རྩི་དེ་ཙམ་མེད་པའི་རྣམ་པ་རེད། མོ་རང་བཀའ་བློན་དུ་འཁོད་དང་མི་འཁོད་གནས་ཚུལ་མཐའ་འདས་རེད་ཡིན་ཡང་དེ་བོད་ཀྱི་ལོ་ཐོའི་སྐྱོན་སོགས་ཡིན་པ་བརྗོད་པ་ནི་ཀླད་མེད་རེད། དེ་ཡིན་ན། སོ་སོའི་ནང་དུ་བོད་ཀྱི་ལོ་ཐོ་དང་སྲིད་པ་ཧོ་སོགས་འཇོག་ན་རྨོངས་དད་དངོས་རེད། ཧཧཧ
ཨ་མའི་བུ། བོད་ཀྱི་བུ། དྲང་བདེན་གྱི་བུ། ཕྱོགས་རིས་ཅན་རྣམས་ཀྱི་སྙིང་ལ་འཇིགས་པ་སྟེར་བའི་དཔའ་བོ། གླེན་པ་རྣམས་ཀྱི་ཀླད་པར་ཤེས་རིག་སྒྲོན་པའི་དཔའ་བོ། མིང་དོན་མཚུངས་པའི་སྤྱི་འཐུས། ལས་ཀ་བྱེད་ནུས་པ། བྱེད་ཤེས་པའི་སྤྱི་འཐུས། མི་རབས་གསར་པའི་ང་རྒྱལ་ཡིན། ལྷ་རྒྱལ་ལོ།།
སྔོན་མ་གུང་ཐང་ཚུལ་ཁྲིམས་སྐུ་སྲོག་འཕྲོག་མཁན་རྒྱ་དམར་མ་རེད། བོད་ཨ་མདོབ་ཐ་ཆད་པས་ལས་དོན་འགྲུབ་རེད། མཚན་ཉིད་དགེ་དགེ་བཤེས་བློ་བཟང་དཀྲོང་མཁན་རྒྱ་དམར་མ་རེད་། ཤི་འདྲེ་གསོ་མཁན་ཤུགས་ལྡན་པ་བོད་ཁམས་པ་ཐ་ཆད་པ་རེད། མ་འོངས་པར་བློ་སེང་ལ་འགལ་རྐྱེན་འཕྲད་ན་རྒྱ་མི་གཞུང་ཚབ་གཅེས་ཕྲུག་ཤུག་ལྡན་ལྐོག་གསོ་བ་ཤར་ཁུག་ལ་ཁོ་ན་མ་གཏོགས་འགྲོ་ས་མ་རེད།
སྤྱི་འཐུས་ཚོས་དྲ་འབུ་དག་བསྒུལ། དྲ་འབུ་ཚོས་མི་མང་རྣམས་བསྒུལ། མི་མང་ཚོས་བླ་ཆེན་མི་ཆེན་བསྒུལ། སྒུལ་ཤུགས་འདིས་བོད་མི་རིགས་ཉེན་ཁའི་གནས་སུ་བསྐྱལ། ད་ང་ཚོས་རེ་བ་ཇི་ལྟར་བྱེད། ནུས་པ་ཇི་ལྟར་འདོན། རྒྱ་དམར་པོས་རྩ་མེད་བཏང་མ་ཐུབ་པའི་མི་རིགས་ཤིག ད་ནི་རང་གིས་མེད་པར་གཏོང་ངེས་རེད། བསམ་བློ་ཡག་པོ་ཐོངས།
ཆོལ་ཞེན་གྱི་ཆེད་དུ་རྒྱ་དམར་གྱི་དར་ཆ་ཁྱེར་མཁན་ཡང་གྲོས་ཚོགས་སུ་བསྐྱལ་ཐུབ་པའི་འཇོན་ཐང་དང་། ཁ་ཕོ་རུས་ཀྱི་དོན་དུ་༧གོང་ས་མཆོག་ལ་བརྒོལ་མཁན་ཡང་དྭངས་ལེན་བྱེད་ཐུབ་པའི་སྙིང་སྟོབས་འདི་དག་བོད་མི་རིགས་ཀྱི་ཆེད་དང་། ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་ཆེད་དུ་བཀོལ་ཐུབ་ན་ང་ཚོ་བོད་ལ་རྒྱལ་ཁ་ཞིག་མེད་པ་ག་ལ་སྲིད། གདོང་དམར་གྱི་ཟུངས་ཁྲག་སྙིང་དུ་ཡོད་མཁན་ཞིག་ཡིན་ན་ངེས་པར་དུ་བསམ་བློ་བཏང་རན་སོང་།
ཤ་ཁུག་ནས་གྲོགས་ཚོགས་ནང་སྐད་ཆ་ཡག་མོ་བཤད་གདའ། སྤྱི་འཐུས་ནས་འཛིན་སྐྱོངས་ཀྱི་ཕྱག་ལས་གནང་སྟངས་ལ་བྱ་ར་གནང་དགོས་པ་ཡིན་ལས། དེ་མིན་དེང་རབས་ན་གཞོན་ཚོས་དེང་དུས་སློབ་སྦྱོང་ཡོད་མདོག་སྟོན་ནས་སྒེར་དོན་ཁོག་བཅུག་དང་སྤྱི་དོན་ཆུ་བསྐུར་བྱ་མཁན་མི་ཉུང་བ་ཡོད་པས་གཟབ་ནན་བྱ་དགོས་པ་ཡིན། ཤ་ཁུག་ཁྱོད་ལྟ་བུ་ནས་གྲོས་ཚོགས་ནང་ཆ་ཤས་མ་ཉུང་བ་གནང་ནས་སྤྱི་དོན་དྲི་བ་གནང་སྟངས་ལ་མངགས་བརྗོད་ཞུ་རྒྱུ། ཁྱོད་ལྟ་བུ་གྲོས་ཚོགས་མེད་ན་སྲིད་སྐྱོང་བློ་སེང་ལགས་ནས་དེ་སྔོན་རང་སྣང་གང་དྲན་གནང་ཡོད་པ་དེ་དག་ལ་སྔར་སོང་ད་འགྲོ་མི་ཡོང་བར་ཕན་ཐོག་ཆེན་པོ་ཡོང་རྒྱུ་ཡིན། ཤ་ཁུག་རྒྱལ་ལོ།།
#47 རླུང་ཐོག། ་ལགས། ཁྱེད་རང་རླུང་ལངས་ནས། རང་ིས་བསམ་ཚད་ཁ་ནས་བཤད་པ་དང་། བྲིས་པ་ནི་ནོར་འཁྲུལ་ཆེན་པོ་རེད་དོ།།
གོང་དུ་བཀོད་པའི་མཆན་མང་པོ་ཞིག་ནི་གཞི་མེད་སྐྱོན་འཛུགས་དང་། རབ་བཏགས་ཁོ་ན་ལས་དེ་ཙམ་ལས་ལུགས་ཡོད་མཁན་མི་འདུག དྲང་པོར་བཤད་ན། དེང་སང་གི་ང་ཚོའི་སྤྱི་ཚོགས་ཆུང་ཆུང་དེ་ཆབ་སྲིད་ཀྱི་སྤྱི་ཚོགས་ཆུང་ཆུང་ཞིག་ཆགས་ཟིན་སྟེ། ལས་ཀ་ག་རེ་བྱས་ཀྱང་། ཆབ་སྲིད་ཁྲབ་དགོས་པ་ལྟ་བུ་ཆགས་ཡོང་གི་འདུག ལྷག་པར་དུ། འགོ་སྲིད་སྐྱོང་ནས་བར་གྲོས་ཚོགས་བར་ཚང་མའི་ཐུགས་དགོངས་ལ། རང་ཉིད་ཆབ་སྲིད་པ་ཞིག་ལས། མི་རིགས་ཀྱི་འཐབ་བརྩོད་པ་ཞིག་ཡིན་པ་སྔོན་མ་བརྗེད་ཚར་ཤག ཆབ་སྲིད་ཀྱི་གོ་དོན་མདོར་བསྡུས་ནས་བཤད་ན། རང་རྒྱལ་གཞན་ཕམ་རེད། རང་རེའི་རང་རྒྱལ་གཞན་ཕམ་དེ་གྲོས་ཚོགས་ར་བའི་ནང་གི་བཀའ་ཤག་དང་སྤྱི་འཐུས་རྣམས་པ་རེད། མདོར་ན། དེང་གི་དུས་འདིར་བོད་འདིར་ཤ་ཚ་མཁན་དང་བསམ་བློ་གཏོང་མཁན་ཧ་ཅང་གི་ཉུང་ཉུང་རེད། ལས་ཀྱི་སྣེ་མོར་གཏོགས་པ་ཕལ་མོ་ཆེ་ནི་ཆབ་སྲིད་པ་ཆགས་ཙང་། རང་ཉིད་ཀྱི་མཚན་དོན་ཁོ་ན་ལས་སྤྱི་དོན་ལ་བསམ་མཁན་ཧ་ཅང་ཉུང་ཉུང་རེད། དེའི་དབང་གིས་མཚམས་རེ། དང་བླངས་བཅའ་དངུལ་དེ་ཡང་སྤྲོད་འདོད་མེད་པའི་ཚོར་བ་ཞིག་ཡོང་གི་འདུག གང་ལྟར། དེ་ལྟའི་ཆར་འགོ་སྲིད་སྐྱོང་ནས་བར་གྲོས་ཚོགས་བར་གྱི་འཐུས་མི་ཚོས་སྤྱི་དོན་སྤྱི་བཙུག་ཏུ་མ་བཀུར་བར་རང་དོན་ཁོག་གཅུགས་དང་། ནང་དམེ་ཁོ་ནར་མགོ་འཁོར་ནས་གྲོས་ཚོགས་ར་བ་དེ་དམག་ས་ལྟ་བུ་ཞིག་བཟོས་ཚེ། དུས་དེ་ནས་བཟུང་ངས་དང་བླངས་བཅའ་དངུལ་མི་སྤྲོད་ཐག་ཆོད་ཡིན།
་་་་་་་་་་ འགོ་སྲིད་སྐྱོང་ནས་བར་གྲོས་ཚོགས་བར་ཚང་མའི་ཐུགས་དགོངས་ལ། རང་ཉིད་ཆབ་སྲིད་པ་ཞིག་ལས། མི་རིགས་ཀྱི་འཐབ་བརྩོད་པ་ཞིག་ཡིན་པ་སྔོན་མ་བརྗེད་ཚར་ཤག ་་་་་་་་་
་་་་་་་་་ གང་ལྟར། དེ་ལྟའི་ཆར་འགོ་སྲིད་སྐྱོང་ནས་བར་གྲོས་ཚོགས་བར་གྱི་འཐུས་མི་ཚོས་སྤྱི་དོན་སྤྱི་བཙུག་ཏུ་མ་བཀུར་བར་རང་དོན་ཁོག་གཅུགས་དང་། ནང་དམེ་ཁོ་ནར་མགོ་འཁོར་ནས་གྲོས་ཚོགས་ར་བ་དེ་དམག་ས་ལྟ་བུ་ཞིག་བཟོས་ཚེ། དུས་དེ་ནས་བཟུང་ངས་དང་བླངས་བཅའ་དངུལ་མི་སྤྲོད་ཐག་ཆོད་ཡིན། ་་་་་་་་ ཟེར།
ཧ་ཧ་ཧ་ ཤར་ཁུག་གིས་གཏམ་བཤད་དེ་ཆ་ཚང་བ་ཉོན་ཟིན་ ཁོས་སྐད་ཆ་བཤད་པའི་རྒྱུད་རིམ་ནང་ལ་བལྟ་ཡོང་དུས་ སྲིད་བསྐྱོང་གིས་ལས་དཀའ་ཡག་པོ་མ་བྱས་པ་དང་ བསྟན་པ་ཡར་འཕེལ་ལ་གནས་ཆུང་འདུན་ནས་མགྱོད་བཤགས་དགོས་ཚུལ་སོགས་བཤད་འདུག་ ་་ཧ་ཧ་ཧ་
ད་དུང་ཤར་ཁུག་གིས་ སྲིད་སྐྱོང་གིས་གང་ས་མཆོག་གིས་གནས་ཚད་ཧ་གོ་མིན་འདུག་འདུག་ ཁ་སྔོན་སྤྱི་ཟུར་དང་ཚོགས་ཟུར་ལ་གནང་པའི་བཀའ་སློབས་དང་ཡིག་ཆ་དེ་ཚོ་སྲིད་སྐྱོང་གིས་ཁོ་རང་ལ་ཡིན་པ་ངོས་ལན་བྱེད་ཀྱི་མིན་འདུག་ཟེར་ ཧ་ཧ་ཧ་ཧ་ཧ་ཧ
ད་བལྟས་ཡོང་དུས། སྲིད་སྐྱོང་ལ་བྱས་རྗེས་སྣེ་གཅིག་སྟོན་རྒྱུ་མེད་པ་མ་ཟད། བཙན་བྱོལ་སྒྲིག་འཛུགས་གཏོར་བཤིག་དང་། ཆོལ་ཁའི་བར་འགལ་རྐྱེན་ཆགས་གཞིའི་ལས་དོན་མང་པོ་གནང་བའི་བྱས་རྗེས་འདུག་ཅེས་བཤད་ཆོག་པ་འདུག ཨ་རི་དང་ཡོ་རོབ་ཀྱིས་རོགས་དངུལ་རྒྱ་གར་གཞིས་ཆགས་ཁག་ཏུ་ཁོས་བླངས་པ་ལྟ་བུ་གསུངས་ཀྱང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་རྐུབ་གསལ་བོ་གཙང་མ་བརྡོལ་སོང་། བོད་རྒྱ་འབྲེལ་མོལ་སྐོར་ག་ཚོད་གསུངས་ཀྱང་། སྐུ་ཚབ་ཟུར་པ་སྐལ་རྒྱམ་དང་ཤར་ཁུག་གིས་རྐུབ་ཡོངས་སུ་བརྡོལ་སོང་། ལྷན་ཁང་རེ་རེ་དང་གྲོས་ཚོགས་ལ་འགན་འཁུར་སྟངས་ཤར་ཁུག་གིས་གོང་དུ་གཅིག་དང་གཉིས་ཀྱིས་གསུངས་འདུག ད་ཅི་ཞིག་ལྷག་ཡོད་པ་རེད་དམ།
རྒྱ་གཞུང་གི་སྡུག་རྩུབ་དང་ཞི་ཅིན་ཕིང་ཕམ་འགྱུར་ཅིག བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་རྒྱལ་འགྱུར་ཅིག ཀརྡོས།
སློབ་སྦྱོང་ཡོད་ན་ཤར་ཁུག་མཆོག་ཏུ་མཐོང་།། ཤེས་ཡོན་མེད་ན་བློ་སེང་མཆོག་ཏུ་མཐོང་།། ཆོལ་ཞེན་ཆེ་ན་སྲིད་སྐྱོང་ཚད་མར་མཐོང་།། ཕྱོགས་རིས་མེད་ན་ཤར་ཁུག་ཡང་དག་མཐོང་།། མདོར་ན་སྲིད་སྐྱོང་སྤྱི་འཐུས་ཤར་ཁུག་གཉིས།། གང་ཡིན་ཅི་ཡིན་རྩོད་པ་མ་རྒྱག་པར།། རང་གི་བློ་མིག་རང་གིས་གཙང་མ་ཞིག། བཀྲུས་ན་དེའི་ཚེ་བདེན་རྫུན་མཐོང་བར་ངེས།། ཧ་ཝ་ཌི་ནས་འབུམ་རམས་ཐོན་པ་དང་།། ཁ་བ་ཅན་ནས་བོད་ཡིག་སྦྱངས་པ་གཉིས།། དཀྱིལ་འཁོར་གཅིག་གི་སྟེང་དུ་གདན་འཛོམས་ཏེ།། བོད་ཀྱི་གནད་དོན་ཞིབ་མོར་གླེང་བའི་དུས།། སུ་རྫུན་སུ་བདེན་སུ་དཔའ་སུ་ཁྲམ་སོགས།། གན་དང་འདི་ཡི་ངག་ལ་མ་ཉན་ཀྱང་།། གྲོས་ཚོགས་རྭ་བའི་བརྙན་འཕྲིན་མེ་ལོང་ནས།། གཅིག་དང་གཉིས་ཀྱིས་མཐོང་བས་བདེན་པ་རྙེད།།
མི་དམངས་ལ་ཤེས་ཡོན་མེད་ན་མང་གཙོའི་ལམ་ལུགས་དེ་རྒྱལ་ཁབ་ཅིག་གི་ནུས་ཤུགས་དང་མཐུན་སྒྲིལ་གཏོར་བར་ལག་ཆ་བཟང་ཤོས་དེ་ཡིན། འདིར་ཤེས་ཡོན་ཟེར་བ་འབྲི་ཀློག་ཙམ་མིན་པར་གོ་རྟོགས་ལ་གཙོ་བོ་གོ་དགོས། ངས་བསམ་པར་བོད་མི་ཚོ་མང་གཙོ་ལག་བསྟར་ཡག་ཡོང་སླད་ད་ལྟ་གོ་རྟོགས་ཀྱི་ཚད་མཐོ་རུ་གཏང་དགོས་འདུག ཆོལ་ཁག་ཆོས་ལུགས་འཐེན་འཁྱེར་གྱི་སེམས་དེ་རྩ་བ་ནས་མེད་པ་མ་ཆག་བར་མང་གཙོའི་ཐོབ་ཐང་ལོག་སྤྱད་ཀྱིས་སྤྱི་ཚོགས་བཟང་པོ་ཞིག་ཡོང་ཐབས་ཟད། ནང་མི་རྐུན་མ་ཡིན་ནའང་དེ་རྒྱབ་སྐྱོར་བྱེད། ཕྱི་མི་དྲང་པོ་ཡིན་ནའང་དེ་ལ་མཚན་སྨད་བྱེད། ལྟ་བ་དང་སྤྱོད་པ་དེ་ལས་མེད་ན་ཞི་བདེའི་རྒྱལ་ཁབ་བམ་སྤྱི་ཚོགས་ཤིག་རྨི་ལམ་ཙམ་དུ་ཟད། ཁ་ནས་འཛམ་གླིང་ཞི་བདེའི་ཆེད་དེ་དང་དེ་བྱ་དགོས་པའི་བསམ་འཆར་འདོན་སྐབས་བསམ་བློ་ཡག་པོ་ཞིག་བཏང་ན་སོ་སོས་སོ་སོ་ལ་མགོ་སྐོར་གཏོང་གིན་ཡོད་པ་ཤེས་ཐུབ། ང་ཚོར་དགོས་རྒྱུ་དེ་འགོ་ཁྲིད་དྲང་པོ་ཞིག་རེད། དེ་ཆོལ་ཁག་ཆོས་ལུགས་གང་གི་ནང་ལའང་ཡོད་ཆོག་རེད། སྤུན་ཟླ་ཚོ་བསམ་བློ་ཡག་པོ་ཐོངས་ཤིག སེང་ཕྲུག་ངའི་རེ་སྐུལ་ཡིན།
སེང་ཕྲུག་བརྟན་པས་སྐད་ཆ་གཟབ་ནན་གྱིས་བཤད་ཀྱི་འདུག འོན་ཀྱང་མང་གཙོ་ལག་བསྟར་ཚད་ལྡན་ཡོང་མིན་ཤོག་ཁག་གམ་བསམ་ཕྱོགས་མཐུན་པ་མེད་པའི་སྔོན་འགྲོའི་ཆ་རྐྱེན་དགོས་པ་རེད་ཅེས་བཤད་ན་དེ་ནི་མང་གཙོའི་རིང་ལུགས་ལ་རྒྱུས་མངའ་མེད་པའི་རྟགས་རེད། མང་གཙོའི་རིང་ལུགས་སྣ་ཚོགས་པ་འདྲ་མཉམ་ངང་ཞི་མཐུན་མཉམ་གནས་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ་དར་བའི་ལམ་སྲོལ་ཞིག་ཡིན་པས། རང་རང་གི་ཆོལ་ཁ་དང་ཆོས་བརྒྱུད་ལ་དགའ་མོས་དང་ཞེན་ཁོག་ཡོད་པ་ཙམ་གྱིས་ལག་བསྟར་མི་ཐུབ་དོན་གང་ཡང་མེད། གཙོ་བོ། རང་རང་གི་ཆོལ་ཁ་ཆོས་བརྒྱུད་དང་པོ་ཡང་དག་པར་ངོ་ཤེས་དགོས་པ། དེའི་རྗེས་གཞན་གྱི་ཆོལ་ཁ་དང་ཆོས་བརྒྱུད་ཡང་དག་པར་ངོ་ཤེས་པ། དེ་ལྟའི་རྨང་གཞི་ཡོད་ན། རྒྱུ་མཚན་དང་བཟང་སྤྱོད་ཀྱི་ཐོག་ནས་འདྲ་མཉམ་གྱི་ལྟ་བ་དེ་རྒྱུད་ལ་སྐྱེས་ཡོང་བ་རེད། དེ་སྐྱེ་བར་བྱེད་པ་ལ་ཤེས་ཡོན་གྱི་གནས་ཚད་ཚད་ལོངས་པ་ཞིག་དགོས་སྟབས། འགག་ས་དེ་ན་འགག་ཡོད་པ་རེད། དེ་མིན་མང་གཙོའི་རིང་ལུགས་ཀྱིས་མ་འགྲིག་པ། ཡང་ན་ཆོལ་ཁ་དང་ཆོས་བརྒྱུད་ཡོད་པས་མ་འགྲིག་པ་དེ་འདྲ་གང་ཡང་མ་རེད། གཙོ་བོ་མང་གཙོ་དང་། ཆོལ་ཁ་ཆོས་བརྒྱུད་ཀྱི་སྐད་ཆ་བཤད་མཁན་དང་དབུ་ཁྲིད་མཁན་ཚོས། དང་པོར་མང་གཙོ་དང་། ཆོལ་ཁ་ཆོས་བརྒྱུད་ཅི་ཡིན་མཁྱེན་རྟོགས་མ་ཐུབ་པས་ལན་པ་ཉག་ཅིག་རེད། དེ་ཤེས་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁའི་རྙོག་གྲ་གང་ནས་ཡོང་གི་འདུག སུས་བཟོ་ཡི་འདུག དེའི་རྒྱུ་མཚན་ཡང་ཤེས་ཡོན་ལ་རག་ལུས་པ་གསལ་བོར་སྣང་ངོར་ཤར་ཡོང་བ་དེ་རེད། ཁྱོད་ཀྱིས་བསམས་ན།།
རྒྱ་ནག་གི་དར་ཆ་ག་དུས་འཆར་འཆར་ཡོད་དམ། ལགས། མདོ་སྨད་སྤྱི་འཐུས་ཁུག་རྟ་ལགས།
བློ་སེང་དང་། ཁུག་རྟ་གཉིས་ལས། བོད་ཡིག་ཁུག་རྟ་མཁས་ཀྱང་། བོད་སྐད་བློ་སེང་མཁས་པ་འདུག་གདའ།
སྤྱི་འཐུས་ཤར་ཕྱོགས་ཁུག་རྟས།
་་་་་ རྒྱ་བོད་འབྲེལ་མཐུད་གྲ་སྒྲིག་ཡོད་གསུངས་པ་ཙམ་གྱིས་མིན་པར། མི་ཤུགས་དང་། རྒྱུ་ཤུགས་དང་དུས་ཚོད་ག་ཚད་བཏང་ཡོད་མེད་སྐོར་ལ་གསལ་པོ་བཟོ་དགོས་འདུག ་་་་་ ཟེར།
་་་་་ གྲོས་ཚོགས་ལ་དབུ་སྐོར་བཏང་བའི་ར་འཕྲོད་བྱུང་ཡོད་རེད། ་་་་་་
ཨ་མའི་བུ། བོད་ཀྱི་བུ། དྲང་བདེན་གྱི་བུ། ཕྱོགས་རིས་ཅན་རྣམས་ཀྱི་སྙིང་ལ་འཇིགས་པ་སྟེར་བའི་དཔའ་བོ། གླེན་པ་རྣམས་ཀྱི་ཀླད་པར་ཤེས་རིག་སྒྲོན་པའི་དཔའ་བོ། མིང་དོན་མཚུངས་པའི་སྤྱི་འཐུས། ལས་ཀ་བྱེད་ནུས་པ། བྱེད་ཤེས་པའི་སྤྱི་འཐུས། མི་རབས་གསར་པའི་ང་རྒྱལ་ཡིན། ལྷ་རྒྱལ་ལོ།།
ཤར་ཁུག་གི་བཤད་བཞིན་པ་ནི་སྤྱི་ཚོགས་དཀྲུགས་ཤིང་གི་སྐད་ཆ་མ་གཏོགས་བོད་མི་རིགས་ལ་ཕན་པའི་བཀའ་མོལ་སྣ་གཅིག་མི་འདུག ཁོ་རང་གི་བཙན་བྱོལ་ཆུང་ཆུང་འདི་ནང་བསྡད་དེ་བྱ་ངན་ག་རེ་སྤེལ་ཡོད་མེད་ཚང་མ་དྲན་པ་སྟེང་བརྗེད་སོང་ནས་ད་དུང་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་ལ་སྐྱོན་འཛུགས་བྱ་བཞིན་པ་ནི་བློ་ཡུལ་ལས་འདས་པའི་སེམས་ཕམ་རང་བཞིན་ཞིག་རེད་སྙམ།
དངོས་གནས་རེད། ངས་ཀྱང་དེ་ལྟར་བསམས་ཡོད། སྲིད་སྐྱོང་མཆོག་གིས་ང་ལས་དད་པ་ཆེ་བ་མེད་གསུངས་སོང་བས། སྐྱུགས་མེར་ལངས་སོང་། སྲིད་སྐྱོང་གིས་ག་དུས་ཡིན་ན་སྤྱི་ཚོགས་དཀྲུག་དཀྲུགས། དབུ་བསྐོར་ཞུ་ཞུ་པ་རེད་འདུག
་་་་་་་་་་་་ད་དུང་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་ལ་སྐྱོན་འཛུགས་བྱ་བཞིན་པ་ནི་བློ་ཡུལ་ལས་འདས་པའི་སེམས་ཕམ་རང་བཞིན་ཞིག་རེད་སྙམ། ་་་་་་་་་་་་་
ཤར་ཕྱོགས་ཁུག་རྟས་སྤྱི་འཐུས་ཀྱི་ཐོབ་ཐང་མ་བླངས་སྔོན་ནས། སྲིད་སྐྱོང་གཙོའི་མཐོ་རིམ་མི་སྣ་འགའ་རེར་སྐྱོན་ཕྱོགས་བརྗོད་པ་ཟེར་ན་འདྲ། དག་ཐེར་བྱས་པ་དེ་ཚོར་མང་པོས་དོ་སྣང་བྱེད་ཀྱིན་ཡོད་པ་རེད་ལ། དེ་ནི་བྱེད་འོས་པ་ཞིག་ཀྱང་ལོས་ཡིན་ཏེ། དམའ་ས་བཟུང་བྱས་རུང་། ནམ་གཞར་ཁ་གང་གྲག་ལ་དར་དམར་དར་དམར་ཟེར་བ་ལས་ཅང་མི་ཤེས་པའི་བྱིས་པ་སྣབས་ལུག་ཚོས་ཅི་བཤད་དང་རྩ་ནས་བསྡུར་ས་མེད་པ་ཞིག་ཡིན་པས་ནའོ། གང་ལྟར། སྐད་ཆ་སྤྱིར་བཏང་ནས་བཤད་ན་དེ་འདྲ་ཞིག་རེད། ཐེངས་འདིའི་གོང་གི་བརྙན་དེའི་ནང་ཅི་ཞིག་བཤད་ཡོད་མ་ཤེས། རྒྱུ་མཚན་ཉན་ཐུབ་ཀྱི་མི་འདུག
ཤར་ཁུག་ལགས། ཚེ་རིང་མཆེད་ལྔས་སྤྱི་རྒྱུ་སྒེར་བདག་ཟླ་བ་ཚེ་རིང་ལ། དམ་སྲི་འབྱུང་པོ། མི་ག་ལ་ཞིག ཅེས་ཐོངས་ཚོམ་ནས་བཟུང་བ་དེ་ལ་འགྲེལ་བཤད་ག་འདྲ་རྒྱག་དགོས་རེད་དམ།
བློ་ཕམ་པ་ཞིག་ལ་དེང་སང་བོད་ཀྱི་གྲོོས་ཚོགས་ནང་བོད་ཀྱི་རྩ་དོན་ལ་ཕན་པའི་གནད་དོན་སྐོར་བསམ་འཆར་འདོན་མཁན་ཉི་མོའི་སྐར་མ་ལྟ་བུ་རེད། དོན་མེད་ཁ་བདེ་ཀླད་སྟོང་མང་པོ་ཞིག་འཚོགས་ནས་གང་བྱུང་དོན་མེད་ཀྱི་གཏམ་གླེང་རྐྱང་གིས་དུས་འདའ་ཐབས་ཁོ་ནར་མངོན། སྤྱི་འཐུས་ཡིན་ནའང་སྤྱི་སེམས་ལྡན་པ་འགའ་རེ་ལས་གཞན་རང་ཉིད་སྐྱོན་གྱི་གོང་བུ་སོང་རྟག་ཏུ་གཞན་ལ་སྐྱོན་བརྗོད་མཁན་ཤ་སྟག་རེད་འདུག བསམ་པ་ཙམ་གྱིས་བློ་ཕམ་ཡ་དེ་འདྲ་རེད་འདུག ཨ་ཧོ་བོད་རང་བཙན་ཁག་པོ་རེད་འདུག གལ་སྲིད་གནས་སྟངས་དེ་འདྲའི་ཞིག་གི་འོག་འཚོ་དགོས་བྱུང་ན་འཚོ་ཐབས་དང་བྲལ་བ་རེད། ཡོད་པ་ལས་མེད་ན་དགའ། ཕན་པ་ལས་གནོད་པ་མང་བའི་རྒྱལ་ཁབ་ཆེ་ཡང་སྤང་བྱ་རེད།
ད་ལན་གྲོས་ཚོགས་ནང་ཟླ་ཕུན་དང་། ཟླ་ཚེ། ཤར་ཁུག སྒྲོལ་ཚེ། རྒྱ་ཐར་སོགས་ཀྱིས་བཀའ་ཤག་ལ་བསྟོད་པ་བརྒྱབ་སོང་ཡང་འདི་ཚིག་གཅིག་བཤད་མི་འདུག གྲོས་ཚོགས་ནང་བཤད་པ་དང་འདི་གཉིས་ཁ་མ་མཐུན་པ་ཆགས་འདུག ཧེཧེ།
ཁ་བརྡ་ཚང་གི་མཆན་འདེབས་པ་འགའ་རེར་ཡར་རྒྱས་ཟེར་བ་རུས་སྦལ་གྱི་སྤུ་རེད། ཕར་འཁོར་ནས་ཅི་ཞིག་གི་སྐད་ཆར་དཀྲུག་ཤིང་ཟེར་བས་མཚོན། ངན་ཞིག་ཟེར་བར་ཆེད་བསྐོས་འདྲ་རུང་། ཚུར་རང་གི་སྐད་ཆར་བསམ་བློ་གཏང་ཟེར་བ་ནི་རི་བོང་རྭ་རང་རེད། དེ་འདྲའི་མཆན་འདེབས་པ་ཚོ་ནི། མ་གཞི་ནས་བཀྲ་མི་ཤིས་པ་ཆེ་ཞིག་ཡིན་པ་ཤེས་དགོས། ཧ་ཧ།
ག་རེ་ཡིན་ཀྱང་། གླེང་གཞི་ཅན་གྱི་གནད་དོན་དེ་རིགས་ངེས་པར་དུ་གསལ་པོར་གླེང་དགོས་པར་མཐོང་། དེ་མིན་མི་གླེན་པས་བཤད་པའི་འཆལ་གཏམ་ཡང་གདམས་ངག་ལ་མི་འགྲོ་བའི་ངེས་པ་མི་འདུག ང་ཚོའི་སྲིད་སྐྱོང་ལ་ད་ལྟའི་ཨ་རིའི་སྲིད་འཛིན་འོས་མི་གྲོ་ན་དྲོ་རམ་གྱི་གཤིས་ཀ་མང་པོ་ཞིག་འཇགས་འདུག ཁོང་གིས་ང་ཡིན་ང་ཆེ་དེས་མི་མང་པོ་ཞིག་གི་སྣང་བར་འགྲོ་གི་མི་འདུག དོན་དངོས་ཡིན་ན་དོན་དངོས་ཡིན་དུ་ཅུགས་ཀྱང་། དོན་དངོས་ལས་འགལ་བའི་གནད་དོན་མང་པོ་གསུང་གི་འདུག སྲིད་སྐྱོང་གིས་༧གོང་ས་མཆོག་ལ་དད་པ་བྱེད་མཁན་ཁོང་རང་ལས་ལྷག་མེད་ལུགས་གྲོས་ཚོགས་ར་བའི་ནང་གསུངས། དེའི་སྒྲུབ་ཆཻད་དུ་དུས་འཁོར་དབང་ཆེན་ཐེངས་དགུ་ཙམ་ཞུས་ལུགས་དང་། བཞུགས་སྒར་དུ་སྲིད་སྐྱོང་གི་རྐུབ་སྟེགས་གནོན་པར་ཡོང་ལུགས་སོགས་བཤད། བཀའ་མོལ་དེ་ཚོ་གོ་དུས་ང་ཚོའི་སྲིད་སྐྱོང་གི་གནས་ཚད་དེ་ཡང་ལྷང་ལ་བུད་ཡོང་བའི་ཚོར་བ་ཞིག་སྦྱིན་གྱི་འདུག གང་ལྟར་ད་དུས་ཡིན་རུང་། སྲིད་སྐྱོང་གིས་གླེང་གཞི་ཅན་གྱི་བཀའ་མོལ་རེ་གསུངས་རྐྱང་གནང་གི་འདུག གཅིག་བྱས་ན་བོད་སྐད་གནས་ཚད་ཀྱི་མ་འདེངས་པ་ཡིན་གྱི་རེད། འོན་ཀྱང་ཆབ་སྲིད་པ་ཞིག་དང་ལྷག་པར་དུ་ཁྲིམས་ལུགས་མཁས་ཅན་དུ་ཆེས་མཁན་ཞིག་གིས་ངོས་ནས་བཤད་ན། ཚིག་འབྲུ་རེ་རེར་ཡང་བསམ་གཞིགས་བྱེད་དགོས་པར་སེམས། འོན་ཀྱང་སྲིད་སྐྱོང་གིས་དེ་ཚོར་དོ་སྣང་སེ་བྱེད་ཀྱི་མི་འདུག་ཀ
སྐྱབས་བཅོལ་ཡིན་པ་ཤེས་འདུག རྒྱ་མིའི་རྒྱ་དར་འཁྱེར་བ་ད་དུང་བརྗེད་འདུག མདོ་སྨད་བསམ་མེད་ཅུང་ཆུང་འགས་ཁོང་སྤྱི་འཐུས་ལ་ཡོང་ན་དབུ་མའི་ལམ་ལ་རེ་བ་ཡོད་སྒྲོག་རེེད། ཁ་སང་སྐུ་ངོ་རྒྱ་ལོས་རེ་བ་མེད་ལབ་སོང་། ཁོ་ཚོས་ད་དུང་འཁྲབ་སྟོན་མཇུག་སྐྱེལ་ལེ་རེད།
རྒྱ་བོད་རྒྱལ་དར་མཉམ་འཕྱར་བྱས་པ་དེ་འདྲའི་འཐབ་རྩོད་ཅིག་སུ་གང་གིས་བྱེད་ཐུབ་མེད། དར་དམར་མང་པོ་ལབ་མ་ལབ་གཏན་ནས་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ཤེས་པ་ལ། མཇུག་འབྲས་ཡག་པོ་ཡོང་ངེས་ཅན་གྱི་འཐབ་རྩོད་ཟེར་ན་དེ་འདྲ་རེད། ད་གླེགས་མི་འཁེལ་མ་སྡུག་གྱོང་རེད། རྒྱུ་མཙན་ཡོད་ན་གསུང་རོགས་ཞུ། ཧཧཧཧ
སྤྱི་འཐུས་གྲོས་ནས་བོད་མི་རིགས་ཀྱི་རིག་གཞུང་སྨན་རྩིས་ཁང་གི་ལོ་ཐོ་ལ་ཆ་མ་བཞག་ནས་ཕྱི་ལུགས་ལོ་རྩིས་ནས་ཤར་གླིང་ཟླ་སྒྲོན་བཀའ་བློན་ལ་འགྲོ་མ་ཐུབ་པ་ེ་ཁྲིམས་འགལ་དང་སྒྲིག་འགལ་བོད་མི་རིགས་ཀྱི་རིག་གཞུང་ནག་སྲུབ་བཏང་བ་མ་རེད་དམ་
བློ་སེང་རྒྱ་གཞུང་གི་ཚེར་མ་རེད། ཁུག་རྟ་དྷ་གཞུང་གི་ཚེར་མ་རེད་འདུག
བློ་སེང་དཔོན་པོ་གཏམ་དོད་ཅན།།
བློ་སེང་དཔོན་པོ་རང་དོན་ཅན།།
ཤར་ཁུག་དཔོན་པོ་དྲང་སེམས་ཅན།།
ཤར་ཁུག་དཔོན་པོ་དམངས་སེམས་ཅན།།
མདོ་སྨད་སྤྱི་འཐུས་ཤར་ཕྱོགས་ཁུག་རྟས་གྲོས་ཚོགས་སུ་གླེང་བའི་བཀའ་མོལ་བསྐྱར་ལྡབ་བྱས་པའི་བརྒྱུད་རི་མ་གྱི་མཐའ་མཇུག་གི་དམིགས་ཡུལ་ནི། སྲིད་སྐྱོང་ལ་ཚ་ནན་དང་ཁ་གཏད་གཅོག་པའི་མཁྲིས་ནད་ད་དུང་མ་བསལ་བར་འདུག་པས་ཁོང་གི་ཀུན་སློང་དེ་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པས་གཟབ་གཟབ་མ་བྱས་ན་ཡང་བསྐྱར་ནམ་མཁའ་གཡའ་དང་ས་གཞི་རྡུལ་དུ་འགྱུར་ཉེན་མཐོང་།
གྲོས་ཚོགས་འཐུས་མིའི་ལས་འགན་བཅའ་སྒྲིག་ལ་འགན་འཁུར་ནས་ཁྲིམས་བཟོའི་ལས་འགན་སྒྲུབ་དགོས་པ་ལས་ཁྲིམས་འགལ་དང་སྒྲིག་འགལ་གྱི་བརྒྱུད་ནས་གྲོས་ཚོགས་ལས་རིམ་ལ་འགན་འཁུར་བླངས་རྒྱུ་དེ་དག་བཟང་སྤྱོད་དང་མཐུན་པའི་ཁྲིམས་མཐུན་ལ་ངོས་འཛིན་ནམ་ཡང་ཞུ་མི་ཐུབ་།
གཞུང་པ་ཚེ་དབང་བསོད་ནམས་ལ། རྟ་རྒྱུགས་སར་བོང་མགོ་རྒྱུགས་ཡ་ཡིན་པས། རང་གིས་ག་རེ་གསུང་གི་ཡོད སྙིང་རྗེཧཧཧཧཧ
ཧཧཧཧ། ཁོས་སྐུ་པར་དེ་མཆོད་གཤམ་ལས་ཟུར་དུ་ཁོ་རང་པར་བླང་སྐོད་བྱས་འདུག་བ་བྱས་ཙང་འདི་ཡང་དང་པོ་གཡོ་རྒྱུ་ཁྲམ་གསུམ་ལ་དགའ་མཁན་སྔོན་བརྡ་བསྟན་ཚར་འདུག མ་ཟད་བོད་གོས་མ་གྱོན་ད་དུང་ཧ་ལམ་ཕྱི་རྒྱལ་བ་ལྟ་བུ་སྐེ་དཀྲིས་ནར་མོ་ཞིག་གྱོན་འདུག་ད་ཏོག་ཙམ་མཁྱེན་ཡོན་ཅན་བཞིན་མཐོང་། ཡིན་ནའང་བལ་ཡུལ་དམར་གཞུང་ཁང་ནས་སྔོན་ལོ་གོར་མོ་ག་ཚད་རག་ཡོད་དམ་གཅིག་གསུང་ན་དྲང་པོ་རེད། མ་གཞི་འདི་རིགས་དེས་ཤུག་ལྡན་གདོན་འདྲེའི་དམ་སྲིར་ལ་དད་མཁན་རེད། ཕ་ཡུལ་རང་དུ་བསྡད་ན་རྟག་རྟག་རེད་དེ་། ཡིན་ནའད་ཡོ་རོབ་སྐྱབས་བཅོལ་ལ་འགྲོ་མ་ཐུབ་དུས་ཚོད་ཆུད་ཟོས་མ་བཏང་བར་དྷ་རམ་ས་ལར་བསྡད་ནས་སྒེར་དོན་འགྲུབ་རྒྱུ་ལས་སླ་མོ་ཡིན་པ་ཞུ་དགོས་ག་ཡོད།
སྤྱིར་བཏང་མི་འདི་ཚོས་གྲས་རྒྱ་གར་གསང་བའི་ལས་ཁུང་གསལ་ནན་པོ་བཏང་ནས་སྐྱེ་ལོ་སྐྱེ་ཚེས་ཁོ་རང་རྒྱ་མའི་ID ནང་བཥིན་བཀོད་ཡོད་ས་མ་རེད། ཁྲིམས་འགལ་ཆེན་པོ་རེད
སྔ་མོ་བོད་ཀྱི་གཏམ་དཔེ་ལ་།
གཏམ་ཨ་ཕས་མ་བཤད་ཨ་མས་བཤད་།
ཁྱི་བདག་པོའི་མ་བཀག་མགྲོན་པོའི་བཀག་།
ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
གཞུང་པ་ལགས། པོའི་་མ་རེད་་་་པོས་རེད། བྱེད་འབྲེལ་ཙམ་ཡང་ཀླད་པས་མི་དཔོག་ན། ཆེན་པོའི་གཏམ་ལ་དཔྱོད་ཤེས་ག་ནས་ཡོང་། ཧཧཧཧ
ངོ་དེབ་ནང་གི་ང་ཚོའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་་་་་
https://www.facebook.com/AJStream/videos/1069693379740947/?hc_ref=NEWSFEED
ཤར་ཕྱོགས་ཁུག་རྟ། སྲིད་སྐྱོང་བློ་བཟང་སེང་གེ་ཡག་པོ་བཙིར་ཨ། དེ་མ་གཏོགས་དོ་ས་མི་གདའ་ཨ་རོགས།
སྔོན་དུས་སུ། གྲོས་ཚོགས་ནང་ལ་ཁ་མི་གྲག་མཁན་གྱི་སྤྱི་འཐུས་ཚོར། གསུང་མི་འབྱོན་པའི་སྤྱི་འཐུས། ཁ་ལ་རྡོ་རྗེ་རྒྱ་གྲམ་བཞག་ཡོད་པའི་སྤྱི་འཐུས་ཟེར་བ་སོགས་ངན་དམོད་བྱེད་པ་ཞིག་བྱུང་བ་རེད།
ད་ཆ་ཁ་གྲག་མཁན་ཚོར་མང་ཚོགས་རྣམས་ཉོབ་བསྡད་ཡོད་པ་རེད།འདི་ཚོས་སྤྱི་དོན་ཁ་ལ་འཁྱེར་ནས་རང་གི་སྙན་གྲགས་ལ་བརྩོན་པ་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་སྤེལ་ནས་སྤྱི་ཚོགས་དཀྲུགས་པ་ལས་སྤྱི་དོན་ལ་ཤ་ཚ་བ་བྱེད་ཀྱི་མེད། ད་ལོར་གཞོན་པ་མང་པོ་ཞིག་གྟོས་ཚོགས་ནང་ལ་སླེབས་ཡོད་ནའང་། གཞོན་པ་ཚོར་ཡང་གཞོན་ཉམས་ཡོད་པར་མཐོང་མ་སོང་།
བོད་མི་མང་ལ་མགོ་སྐོར་བཏང་ན་ཡག་པོ་མ་རེད། གཞུང་མང་བར་ལ་དཀྲུགས་ཤིང་བརྒྱབ་ན་ཡག་པོ་མ་རེད། མཛད་གཙོ་རྣམ་པར་མཚན་སྨད་བཟོས་ན་ཡག་པོ་མ་རེད། གཞུང་སྒེར་བར་ལ་མ་མཐུན་པ་བཟོས་ན་ཡག་པོ་མ་རེད།
སྤྱི་འཐུས་ཡིན་ཟེར་བ་ཁྱོད་རང་ཚོས་བོད་གཞུང་མང་ལ་ཕན་ཐོགས་ཡོང་བའི་ལས་ཀ་སྒྲུབ་པའི་རེ་བ་གང་ཡང་བྱེད་ཀྱི་མེད། བོད་གཞུང་མང་ལ་གནོད་མི་སྐྱེལ་བའི་རེ་བ་འདོན་གྱི་ཡོད། རབ་དང་ཕུད་ཡིན་ན། ཁྱེད་རང་རྣམ་པས་མང་ཚོགས་དང་སྤྱི་ཚོགས་དཀྲུགས་རྐྱེན་བྱེད་པའི་སྐད་ཆ་བཤད་རྒྱུ་མཚམས་འཇོག་རོགས།
བྱང་ཆུབ་ལགས་ཀྱིས་ཡག་པོ་ཞེ་དྲག་གསུངས་འདུག ངས་བསམ་ང་ཚོ་མི་མང་ཚོ་ཤེས་འཇོན་གཉིས་ཀྱིས་སྟོང་པའི་རྟགས་གསལ་པོ་རེད། སྤྱི་འཐུས་འོས་བསྡུའི་ལམ་ནས་བསྐོ་ཡི་ཡོད་ཙང་འོས་དེ་མི་མང་གི་འཕེན་དགོས་རེད། མི་མང་ལ་ཤེས་ཡོན་མེད་པས་ཁ་བདེ་ཀླད་སྟོང་འགའ་ལ་ཡིད་ཆེས་བྱས་པའམ་ཡང་ན་ཕྱོགས་ཞེན་ཡང་ན་དཀྲུག་སེམས་བཅངས་ནས་དཀྲུག་ཤིང་པ་རྐྱང་རྐྱང་ལ་འོས་ཕངས་ནས་བདམས་པའི་འབྲས་བུར་དེ་མ་གཏོགས་གང་ཡོང་། ཁ་བླ་མ་མཁྱེ་ཟེར་ཞིང་དོན་ལ་དྲིན་ལན་ལོག་འཇལ་བྱས་བཀྲིས་པ་ཡོང་དཀའ་བོ་རེད། ཉམས་མྱོང་མེད་པའི་གཞོན་ནུ་ཁ་བདེ་ཀླད་སྟོང་དེ་ཚོ་ཕན་པ་ལས་གནོད་པ་ཆེ།།།།།
མཆན་29དེ་ལ་རྗེས་སུ་ཡིད་རངས་དང་མངོན་པར་བསྟོད་དོ་།
་་་་་་་་་་ ཁ་བླ་མ་མཁྱེ་ཟེར་ཞིང་དོན་ལ་དྲིན་ལན་ལོག་འཇལ་བྱས་བཀྲིས་པ་ཡོང་དཀའ་བོ་རེད། ཉམས་མྱོང་མེད་པའི་གཞོན་ནུ་ཁ་བདེ་ཀླད་སྟོང་དེ་ཚོ་ཕན་པ་ལས་གནོད་པ་ཆེ།།།།། ་་་་་་་་་་་
ན་ཚ་གང་ན་ཡོད་ན། དེ་ལ་སྨན་སྤྲོད་ཐབས་བྱེད་དགོས་བ་རེད། ན་ཚ་ཡོད་བཞིན་དུ་སྨན་དང་ནད་བཅོས་ཀྱི་ལག་ཐབས་མ་སྤྲད་ན། ཉིན་ཞིག་ནད་ཡམ་དེས་ང་ཚོ་བཙན་བྱོལ་བའི་བོད་མི་སྤྱི་སེམས་ཅན་དང་ལྷག་བསམ་ཅན་ཚང་མ་ལ་ནུས་བ་མེད་པར། ནོར་དང་དཔུང་ལ་རྒྱལ་ཁ་ཤོར་འགྲོ་བའི་ལམ་ངན། ད་ལྟ་ཁ་ཆེ་ཡུལ་ཁམས་ལ་འབྱོན་པ་ནང་བཞིན་ཡོང་སྲིད་པས།
ཁ་རྒོད་པོ། ལག་རྒོད་པོ་རེ་འགའ་ཡོད་དགོས་བ་རེད་འདོད་དོ།
རྗེས་མ། རྒྱ་ནག་གི་དར་ཆ་ག་དུས་ཕྱར་འཆར་ཡོད་དམ། ལགས།
ཤར་ཁུག་ལཊ་༧གོང་ས་མཆོག་དང་གནས་ཆུང་མ་གླེང་རོག ཁྱོད་ཀྱིས་ གང་གླེང་ན་ཡང་བཀྲ་མི་ཤེས་པ་རེ་ཡོང་གི་འདུག
this is Indian soil any one who raise
Chinese national flag then he or she
must go back to China .
༅༅། བཤད་དང་མ་བཤད་བཤད་འདུག། སྐྱོན་བརྗོད་ཤ་སྟག་བཤད་འདུག།
སྐྱོན་སེལ་ཐབས་ལམ་འདི་དང་འདི། བཤད་རྒྱུ་མེད་པ་ཀླད་སྟོང་རེད།
བློ་སེང་སྐྱོན་བརྗོད་མ་བྱེད། མང་པོས་བདམས་པའི་སྲིད་སྐྱོང།
གུས་པའི་བསྟོད་བསྔགས་མེད་ཀྱང། སྒེར་གྱི་མི་འདོད་སྐྱོན་བརྗོད་།
བྱེད་དགོས་རྒྱུ་མཚན་གང་ཡིན། ཀླད་སྟོང་རྒྱུ་ནོར་འཕྲོག་གམ།
ཡང་ན་ཁོས་ཤེས་ཡོན་ཏན། ཁྱོད་ཀྱི་ཤེས་ཀྱི་མེད་རེད།
གཞུང་པ་མཆོག་ནས་བོད་ཀྱི་སྨན་རྩིས་རིག་གཞུང་གི་ལོ་ཐོར་བརྩི་མི་དགོས་པར་ཕྱི་ལུགས་ཀྱི་ལོ་ཐོར་དང་ལེན་བྱེད་དགོས་པའི་བཀལ་མོལ་སྐྱུགས་བྲོ་བོ་གནང་བར་ཧང་མི་སངས། བོད་པས་བོད་ལུགས་ལོ་ཐོར་མཐོང་ཆེན་མེད་ན་རྒྱ་གར་དང་རྒྱལ་ཁབ་གཞན་གྱི་བོད་པའི་ལོ་ཐོ་བེད་སྤྱོད་གཏོང་ཨ་ཡོང་། དངོས་གནས་བསམ་བློ་ཡང་མཐོན་རེད་འདུག་སྙམ།
ཤར་གླིང་བུ་མོ་བཀའ་བློན་དུ་བསྐོ་མི་ཐུབ་པ་དེ་དོན་དངོས་གང་འདྲ་ཞིག་ཡིན་མིན་སྤྱི་ཚོགས་ནང་གསལ་པོ་རེད། དེ་བོད་ཀྱི་སྨན་རྩིས་རིག་གཞུང་གི་ལོ་ཐོའི་ནོར་འཁྲུལ་ཡིན་ལུགས་སོགས་བརྗོད་པ་ནི་བོད་ཀྱི་ལོ་ཐོའི་རིན་ཐང་དང་ཁྱད་ཆོས་མི་ཤེས་པ། དེ་བཞིན་རིག་གཞུང་གི་ཞག་རྩི་དེ་ཙམ་མེད་པའི་རྣམ་པ་རེད། མོ་རང་བཀའ་བློན་དུ་འཁོད་དང་མི་འཁོད་གནས་ཚུལ་མཐའ་འདས་རེད་ཡིན་ཡང་དེ་བོད་ཀྱི་ལོ་ཐོའི་སྐྱོན་སོགས་ཡིན་པ་བརྗོད་པ་ནི་ཀླད་མེད་རེད། དེ་ཡིན་ན། སོ་སོའི་ནང་དུ་བོད་ཀྱི་ལོ་ཐོ་དང་སྲིད་པ་ཧོ་སོགས་འཇོག་ན་རྨོངས་དད་དངོས་རེད། ཧཧཧ
ཨ་མའི་བུ། བོད་ཀྱི་བུ། དྲང་བདེན་གྱི་བུ། ཕྱོགས་རིས་ཅན་རྣམས་ཀྱི་སྙིང་ལ་འཇིགས་པ་སྟེར་བའི་དཔའ་བོ། གླེན་པ་རྣམས་ཀྱི་ཀླད་པར་ཤེས་རིག་སྒྲོན་པའི་དཔའ་བོ། མིང་དོན་མཚུངས་པའི་སྤྱི་འཐུས། ལས་ཀ་བྱེད་ནུས་པ། བྱེད་ཤེས་པའི་སྤྱི་འཐུས། མི་རབས་གསར་པའི་ང་རྒྱལ་ཡིན། ལྷ་རྒྱལ་ལོ།།
ད་ནི་སྤྱི་ཚོགས་འདི་དཀྲུགས་རྒྱུའི་འཚམས་ཤིག་བཞག་ན་མི་བཟང་ངམ།
སྔོན་མ་གུང་ཐང་ཚུལ་ཁྲིམས་སྐུ་སྲོག་འཕྲོག་མཁན་རྒྱ་དམར་མ་རེད། བོད་ཨ་མདོབ་ཐ་ཆད་པས་ལས་དོན་འགྲུབ་རེད། མཚན་ཉིད་དགེ་དགེ་བཤེས་བློ་བཟང་དཀྲོང་མཁན་རྒྱ་དམར་མ་རེད་། ཤི་འདྲེ་གསོ་མཁན་ཤུགས་ལྡན་པ་བོད་ཁམས་པ་ཐ་ཆད་པ་རེད། མ་འོངས་པར་བློ་སེང་ལ་འགལ་རྐྱེན་འཕྲད་ན་རྒྱ་མི་གཞུང་ཚབ་གཅེས་ཕྲུག་ཤུག་ལྡན་ལྐོག་གསོ་བ་ཤར་ཁུག་ལ་ཁོ་ན་མ་གཏོགས་འགྲོ་ས་མ་རེད།
སྤྱི་འཐུས་ཚོས་དྲ་འབུ་དག་བསྒུལ། དྲ་འབུ་ཚོས་མི་མང་རྣམས་བསྒུལ། མི་མང་ཚོས་བླ་ཆེན་མི་ཆེན་བསྒུལ། སྒུལ་ཤུགས་འདིས་བོད་མི་རིགས་ཉེན་ཁའི་གནས་སུ་བསྐྱལ། ད་ང་ཚོས་རེ་བ་ཇི་ལྟར་བྱེད། ནུས་པ་ཇི་ལྟར་འདོན། རྒྱ་དམར་པོས་རྩ་མེད་བཏང་མ་ཐུབ་པའི་མི་རིགས་ཤིག ད་ནི་རང་གིས་མེད་པར་གཏོང་ངེས་རེད། བསམ་བློ་ཡག་པོ་ཐོངས།
ཆོལ་ཞེན་གྱི་ཆེད་དུ་རྒྱ་དམར་གྱི་དར་ཆ་ཁྱེར་མཁན་ཡང་གྲོས་ཚོགས་སུ་བསྐྱལ་ཐུབ་པའི་འཇོན་ཐང་དང་། ཁ་ཕོ་རུས་ཀྱི་དོན་དུ་༧གོང་ས་མཆོག་ལ་བརྒོལ་མཁན་ཡང་དྭངས་ལེན་བྱེད་ཐུབ་པའི་སྙིང་སྟོབས་འདི་དག་བོད་མི་རིགས་ཀྱི་ཆེད་དང་། ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་ཆེད་དུ་བཀོལ་ཐུབ་ན་ང་ཚོ་བོད་ལ་རྒྱལ་ཁ་ཞིག་མེད་པ་ག་ལ་སྲིད། གདོང་དམར་གྱི་ཟུངས་ཁྲག་སྙིང་དུ་ཡོད་མཁན་ཞིག་ཡིན་ན་ངེས་པར་དུ་བསམ་བློ་བཏང་རན་སོང་།
ཤར་ཁུག་གི་བཤད་པ་དེ་བདེན་ཁ་ཆེ། རྒྱ་དམར་དར་ཆ་འཕྱར་བ་མ་གཏོགས་གཞན་ཁྱེད་ལ་རྒྱབ་བསྐྱོར་ཡོད།
ཤ་ཁུག་ནས་གྲོགས་ཚོགས་ནང་སྐད་ཆ་ཡག་མོ་བཤད་གདའ། སྤྱི་འཐུས་ནས་འཛིན་སྐྱོངས་ཀྱི་ཕྱག་ལས་གནང་སྟངས་ལ་བྱ་ར་གནང་དགོས་པ་ཡིན་ལས། དེ་མིན་དེང་རབས་ན་གཞོན་ཚོས་དེང་དུས་སློབ་སྦྱོང་ཡོད་མདོག་སྟོན་ནས་སྒེར་དོན་ཁོག་བཅུག་དང་སྤྱི་དོན་ཆུ་བསྐུར་བྱ་མཁན་མི་ཉུང་བ་ཡོད་པས་གཟབ་ནན་བྱ་དགོས་པ་ཡིན། ཤ་ཁུག་ཁྱོད་ལྟ་བུ་ནས་གྲོས་ཚོགས་ནང་ཆ་ཤས་མ་ཉུང་བ་གནང་ནས་སྤྱི་དོན་དྲི་བ་གནང་སྟངས་ལ་མངགས་བརྗོད་ཞུ་རྒྱུ། ཁྱོད་ལྟ་བུ་གྲོས་ཚོགས་མེད་ན་སྲིད་སྐྱོང་བློ་སེང་ལགས་ནས་དེ་སྔོན་རང་སྣང་གང་དྲན་གནང་ཡོད་པ་དེ་དག་ལ་སྔར་སོང་ད་འགྲོ་མི་ཡོང་བར་ཕན་ཐོག་ཆེན་པོ་ཡོང་རྒྱུ་ཡིན། ཤ་ཁུག་རྒྱལ་ལོ།།
#47 རླུང་ཐོག། ་ལགས།
ཁྱེད་རང་རླུང་ལངས་ནས། རང་ིས་བསམ་ཚད་ཁ་ནས་བཤད་པ་དང་། བྲིས་པ་ནི་ནོར་འཁྲུལ་ཆེན་པོ་རེད་དོ།།
གོང་དུ་བཀོད་པའི་མཆན་མང་པོ་ཞིག་ནི་གཞི་མེད་སྐྱོན་འཛུགས་དང་། རབ་བཏགས་ཁོ་ན་ལས་དེ་ཙམ་ལས་ལུགས་ཡོད་མཁན་མི་འདུག དྲང་པོར་བཤད་ན། དེང་སང་གི་ང་ཚོའི་སྤྱི་ཚོགས་ཆུང་ཆུང་དེ་ཆབ་སྲིད་ཀྱི་སྤྱི་ཚོགས་ཆུང་ཆུང་ཞིག་ཆགས་ཟིན་སྟེ། ལས་ཀ་ག་རེ་བྱས་ཀྱང་། ཆབ་སྲིད་ཁྲབ་དགོས་པ་ལྟ་བུ་ཆགས་ཡོང་གི་འདུག ལྷག་པར་དུ། འགོ་སྲིད་སྐྱོང་ནས་བར་གྲོས་ཚོགས་བར་ཚང་མའི་ཐུགས་དགོངས་ལ། རང་ཉིད་ཆབ་སྲིད་པ་ཞིག་ལས། མི་རིགས་ཀྱི་འཐབ་བརྩོད་པ་ཞིག་ཡིན་པ་སྔོན་མ་བརྗེད་ཚར་ཤག ཆབ་སྲིད་ཀྱི་གོ་དོན་མདོར་བསྡུས་ནས་བཤད་ན། རང་རྒྱལ་གཞན་ཕམ་རེད། རང་རེའི་རང་རྒྱལ་གཞན་ཕམ་དེ་གྲོས་ཚོགས་ར་བའི་ནང་གི་བཀའ་ཤག་དང་སྤྱི་འཐུས་རྣམས་པ་རེད། མདོར་ན། དེང་གི་དུས་འདིར་བོད་འདིར་ཤ་ཚ་མཁན་དང་བསམ་བློ་གཏོང་མཁན་ཧ་ཅང་གི་ཉུང་ཉུང་རེད། ལས་ཀྱི་སྣེ་མོར་གཏོགས་པ་ཕལ་མོ་ཆེ་ནི་ཆབ་སྲིད་པ་ཆགས་ཙང་། རང་ཉིད་ཀྱི་མཚན་དོན་ཁོ་ན་ལས་སྤྱི་དོན་ལ་བསམ་མཁན་ཧ་ཅང་ཉུང་ཉུང་རེད། དེའི་དབང་གིས་མཚམས་རེ། དང་བླངས་བཅའ་དངུལ་དེ་ཡང་སྤྲོད་འདོད་མེད་པའི་ཚོར་བ་ཞིག་ཡོང་གི་འདུག གང་ལྟར། དེ་ལྟའི་ཆར་འགོ་སྲིད་སྐྱོང་ནས་བར་གྲོས་ཚོགས་བར་གྱི་འཐུས་མི་ཚོས་སྤྱི་དོན་སྤྱི་བཙུག་ཏུ་མ་བཀུར་བར་རང་དོན་ཁོག་གཅུགས་དང་། ནང་དམེ་ཁོ་ནར་མགོ་འཁོར་ནས་གྲོས་ཚོགས་ར་བ་དེ་དམག་ས་ལྟ་བུ་ཞིག་བཟོས་ཚེ། དུས་དེ་ནས་བཟུང་ངས་དང་བླངས་བཅའ་དངུལ་མི་སྤྲོད་ཐག་ཆོད་ཡིན།
་་་་་་་་་་ འགོ་སྲིད་སྐྱོང་ནས་བར་གྲོས་ཚོགས་བར་ཚང་མའི་ཐུགས་དགོངས་ལ། རང་ཉིད་ཆབ་སྲིད་པ་ཞིག་ལས། མི་རིགས་ཀྱི་འཐབ་བརྩོད་པ་ཞིག་ཡིན་པ་སྔོན་མ་བརྗེད་ཚར་ཤག ་་་་་་་་་
་་་་་་་་་ གང་ལྟར། དེ་ལྟའི་ཆར་འགོ་སྲིད་སྐྱོང་ནས་བར་གྲོས་ཚོགས་བར་གྱི་འཐུས་མི་ཚོས་སྤྱི་དོན་སྤྱི་བཙུག་ཏུ་མ་བཀུར་བར་རང་དོན་ཁོག་གཅུགས་དང་། ནང་དམེ་ཁོ་ནར་མགོ་འཁོར་ནས་གྲོས་ཚོགས་ར་བ་དེ་དམག་ས་ལྟ་བུ་ཞིག་བཟོས་ཚེ། དུས་དེ་ནས་བཟུང་ངས་དང་བླངས་བཅའ་དངུལ་མི་སྤྲོད་ཐག་ཆོད་ཡིན། ་་་་་་་་ ཟེར།
ཧ་ཧ་ཧ་ ཤར་ཁུག་གིས་གཏམ་བཤད་དེ་ཆ་ཚང་བ་ཉོན་ཟིན་ ཁོས་སྐད་ཆ་བཤད་པའི་རྒྱུད་རིམ་ནང་ལ་བལྟ་ཡོང་དུས་ སྲིད་བསྐྱོང་གིས་ལས་དཀའ་ཡག་པོ་མ་བྱས་པ་དང་ བསྟན་པ་ཡར་འཕེལ་ལ་གནས་ཆུང་འདུན་ནས་མགྱོད་བཤགས་དགོས་ཚུལ་སོགས་བཤད་འདུག་ ་་ཧ་ཧ་ཧ་
ད་དུང་ཤར་ཁུག་གིས་ སྲིད་སྐྱོང་གིས་གང་ས་མཆོག་གིས་གནས་ཚད་ཧ་གོ་མིན་འདུག་འདུག་ ཁ་སྔོན་སྤྱི་ཟུར་དང་ཚོགས་ཟུར་ལ་གནང་པའི་བཀའ་སློབས་དང་ཡིག་ཆ་དེ་ཚོ་སྲིད་སྐྱོང་གིས་ཁོ་རང་ལ་ཡིན་པ་ངོས་ལན་བྱེད་ཀྱི་མིན་འདུག་ཟེར་ ཧ་ཧ་ཧ་ཧ་ཧ་ཧ
ད་བལྟས་ཡོང་དུས། སྲིད་སྐྱོང་ལ་བྱས་རྗེས་སྣེ་གཅིག་སྟོན་རྒྱུ་མེད་པ་མ་ཟད། བཙན་བྱོལ་སྒྲིག་འཛུགས་གཏོར་བཤིག་དང་། ཆོལ་ཁའི་བར་འགལ་རྐྱེན་ཆགས་གཞིའི་ལས་དོན་མང་པོ་གནང་བའི་བྱས་རྗེས་འདུག་ཅེས་བཤད་ཆོག་པ་འདུག ཨ་རི་དང་ཡོ་རོབ་ཀྱིས་རོགས་དངུལ་རྒྱ་གར་གཞིས་ཆགས་ཁག་ཏུ་ཁོས་བླངས་པ་ལྟ་བུ་གསུངས་ཀྱང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་རྐུབ་གསལ་བོ་གཙང་མ་བརྡོལ་སོང་། བོད་རྒྱ་འབྲེལ་མོལ་སྐོར་ག་ཚོད་གསུངས་ཀྱང་། སྐུ་ཚབ་ཟུར་པ་སྐལ་རྒྱམ་དང་ཤར་ཁུག་གིས་རྐུབ་ཡོངས་སུ་བརྡོལ་སོང་། ལྷན་ཁང་རེ་རེ་དང་གྲོས་ཚོགས་ལ་འགན་འཁུར་སྟངས་ཤར་ཁུག་གིས་གོང་དུ་གཅིག་དང་གཉིས་ཀྱིས་གསུངས་འདུག ད་ཅི་ཞིག་ལྷག་ཡོད་པ་རེད་དམ།
རྒྱ་གཞུང་གི་སྡུག་རྩུབ་དང་ཞི་ཅིན་ཕིང་ཕམ་འགྱུར་ཅིག
བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་རྒྱལ་འགྱུར་ཅིག
ཀརྡོས།
སློབ་སྦྱོང་ཡོད་ན་ཤར་ཁུག་མཆོག་ཏུ་མཐོང་།།
ཤེས་ཡོན་མེད་ན་བློ་སེང་མཆོག་ཏུ་མཐོང་།།
ཆོལ་ཞེན་ཆེ་ན་སྲིད་སྐྱོང་ཚད་མར་མཐོང་།།
ཕྱོགས་རིས་མེད་ན་ཤར་ཁུག་ཡང་དག་མཐོང་།།
མདོར་ན་སྲིད་སྐྱོང་སྤྱི་འཐུས་ཤར་ཁུག་གཉིས།།
གང་ཡིན་ཅི་ཡིན་རྩོད་པ་མ་རྒྱག་པར།།
རང་གི་བློ་མིག་རང་གིས་གཙང་མ་ཞིག།
བཀྲུས་ན་དེའི་ཚེ་བདེན་རྫུན་མཐོང་བར་ངེས།།
ཧ་ཝ་ཌི་ནས་འབུམ་རམས་ཐོན་པ་དང་།།
ཁ་བ་ཅན་ནས་བོད་ཡིག་སྦྱངས་པ་གཉིས།།
དཀྱིལ་འཁོར་གཅིག་གི་སྟེང་དུ་གདན་འཛོམས་ཏེ།།
བོད་ཀྱི་གནད་དོན་ཞིབ་མོར་གླེང་བའི་དུས།།
སུ་རྫུན་སུ་བདེན་སུ་དཔའ་སུ་ཁྲམ་སོགས།།
གན་དང་འདི་ཡི་ངག་ལ་མ་ཉན་ཀྱང་།།
གྲོས་ཚོགས་རྭ་བའི་བརྙན་འཕྲིན་མེ་ལོང་ནས།།
གཅིག་དང་གཉིས་ཀྱིས་མཐོང་བས་བདེན་པ་རྙེད།།
མི་དམངས་ལ་ཤེས་ཡོན་མེད་ན་མང་གཙོའི་ལམ་ལུགས་དེ་རྒྱལ་ཁབ་ཅིག་གི་ནུས་ཤུགས་དང་མཐུན་སྒྲིལ་གཏོར་བར་ལག་ཆ་བཟང་ཤོས་དེ་ཡིན། འདིར་ཤེས་ཡོན་ཟེར་བ་འབྲི་ཀློག་ཙམ་མིན་པར་གོ་རྟོགས་ལ་གཙོ་བོ་གོ་དགོས།
ངས་བསམ་པར་བོད་མི་ཚོ་མང་གཙོ་ལག་བསྟར་ཡག་ཡོང་སླད་ད་ལྟ་གོ་རྟོགས་ཀྱི་ཚད་མཐོ་རུ་གཏང་དགོས་འདུག ཆོལ་ཁག་ཆོས་ལུགས་འཐེན་འཁྱེར་གྱི་སེམས་དེ་རྩ་བ་ནས་མེད་པ་མ་ཆག་བར་མང་གཙོའི་ཐོབ་ཐང་ལོག་སྤྱད་ཀྱིས་སྤྱི་ཚོགས་བཟང་པོ་ཞིག་ཡོང་ཐབས་ཟད།
ནང་མི་རྐུན་མ་ཡིན་ནའང་དེ་རྒྱབ་སྐྱོར་བྱེད། ཕྱི་མི་དྲང་པོ་ཡིན་ནའང་དེ་ལ་མཚན་སྨད་བྱེད། ལྟ་བ་དང་སྤྱོད་པ་དེ་ལས་མེད་ན་ཞི་བདེའི་རྒྱལ་ཁབ་བམ་སྤྱི་ཚོགས་ཤིག་རྨི་ལམ་ཙམ་དུ་ཟད། ཁ་ནས་འཛམ་གླིང་ཞི་བདེའི་ཆེད་དེ་དང་དེ་བྱ་དགོས་པའི་བསམ་འཆར་འདོན་སྐབས་བསམ་བློ་ཡག་པོ་ཞིག་བཏང་ན་སོ་སོས་སོ་སོ་ལ་མགོ་སྐོར་གཏོང་གིན་ཡོད་པ་ཤེས་ཐུབ།
ང་ཚོར་དགོས་རྒྱུ་དེ་འགོ་ཁྲིད་དྲང་པོ་ཞིག་རེད། དེ་ཆོལ་ཁག་ཆོས་ལུགས་གང་གི་ནང་ལའང་ཡོད་ཆོག་རེད། སྤུན་ཟླ་ཚོ་བསམ་བློ་ཡག་པོ་ཐོངས་ཤིག
སེང་ཕྲུག་ངའི་རེ་སྐུལ་ཡིན།
སེང་ཕྲུག་བརྟན་པས་སྐད་ཆ་གཟབ་ནན་གྱིས་བཤད་ཀྱི་འདུག འོན་ཀྱང་མང་གཙོ་ལག་བསྟར་ཚད་ལྡན་ཡོང་མིན་ཤོག་ཁག་གམ་བསམ་ཕྱོགས་མཐུན་པ་མེད་པའི་སྔོན་འགྲོའི་ཆ་རྐྱེན་དགོས་པ་རེད་ཅེས་བཤད་ན་དེ་ནི་མང་གཙོའི་རིང་ལུགས་ལ་རྒྱུས་མངའ་མེད་པའི་རྟགས་རེད།
མང་གཙོའི་རིང་ལུགས་སྣ་ཚོགས་པ་འདྲ་མཉམ་ངང་ཞི་མཐུན་མཉམ་གནས་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ་དར་བའི་ལམ་སྲོལ་ཞིག་ཡིན་པས། རང་རང་གི་ཆོལ་ཁ་དང་ཆོས་བརྒྱུད་ལ་དགའ་མོས་དང་ཞེན་ཁོག་ཡོད་པ་ཙམ་གྱིས་ལག་བསྟར་མི་ཐུབ་དོན་གང་ཡང་མེད། གཙོ་བོ། རང་རང་གི་ཆོལ་ཁ་ཆོས་བརྒྱུད་དང་པོ་ཡང་དག་པར་ངོ་ཤེས་དགོས་པ། དེའི་རྗེས་གཞན་གྱི་ཆོལ་ཁ་དང་ཆོས་བརྒྱུད་ཡང་དག་པར་ངོ་ཤེས་པ། དེ་ལྟའི་རྨང་གཞི་ཡོད་ན། རྒྱུ་མཚན་དང་བཟང་སྤྱོད་ཀྱི་ཐོག་ནས་འདྲ་མཉམ་གྱི་ལྟ་བ་དེ་རྒྱུད་ལ་སྐྱེས་ཡོང་བ་རེད། དེ་སྐྱེ་བར་བྱེད་པ་ལ་ཤེས་ཡོན་གྱི་གནས་ཚད་ཚད་ལོངས་པ་ཞིག་དགོས་སྟབས། འགག་ས་དེ་ན་འགག་ཡོད་པ་རེད།
དེ་མིན་མང་གཙོའི་རིང་ལུགས་ཀྱིས་མ་འགྲིག་པ། ཡང་ན་ཆོལ་ཁ་དང་ཆོས་བརྒྱུད་ཡོད་པས་མ་འགྲིག་པ་དེ་འདྲ་གང་ཡང་མ་རེད། གཙོ་བོ་མང་གཙོ་དང་། ཆོལ་ཁ་ཆོས་བརྒྱུད་ཀྱི་སྐད་ཆ་བཤད་མཁན་དང་དབུ་ཁྲིད་མཁན་ཚོས། དང་པོར་མང་གཙོ་དང་། ཆོལ་ཁ་ཆོས་བརྒྱུད་ཅི་ཡིན་མཁྱེན་རྟོགས་མ་ཐུབ་པས་ལན་པ་ཉག་ཅིག་རེད། དེ་ཤེས་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁའི་རྙོག་གྲ་གང་ནས་ཡོང་གི་འདུག སུས་བཟོ་ཡི་འདུག དེའི་རྒྱུ་མཚན་ཡང་ཤེས་ཡོན་ལ་རག་ལུས་པ་གསལ་བོར་སྣང་ངོར་ཤར་ཡོང་བ་དེ་རེད། ཁྱོད་ཀྱིས་བསམས་ན།།