ཁ་རྒོད་མས།
ཞེ་སྡང་ངོ་རྒྱུགས་ཨེ་ཡོད་གི།
ཕྱོགས་ཁག་སྐྱག་བཀླབས་ཨེ་ཡོད་གི།
གཞན་སྐྱོན་བཙན་བཙལ་ཨེ་ཡོད་གི།
ཁ་སྣ་རྩོད་པ་ཨེ་ཆེ་གི།
སྤྱི་དོན་རླུང་བསྐུར་ཨེ་མང་གི།
སྒེར་ནད་རྩོད་ཤུགས་ཨེ་ཆེ་གི།
ནད་རྙིང་ཟུག་གཟེར་ཨེ་ཆེ་གི།
རྒྱབ་མདུན་གྲིབ་མ་ཨེ་ཆེ་གི།
རང་མྱི་སྐྱག་བརྩེ་ཨེ་ཆེ་གི།
གཞན་མྱི་དགྲ་ངོར་ཨེ་བརྣག་གི།
རང་སྐད་རིན་ཆེན་ཨེ་གསོད་གི།
གཞན་སྐད་དིག་མར་ཨེ་འབད་གི།
དཔུང་བ་གསིག་གསིག་ཨེ་བྱེད་གི།།
“ང་ལ་བལྟས་སོང་”ཨེ་ཟེར་གི།
བཀུར་འོས་ཟེར་བཞིན་ཨེ་སྨད་གི།
འབྲེལ་ཡོད་ཟེར་ནས་ཨེ་གཤེ་གི།
དཔལ་ལྡན་ཟེར་ནས་ཨེ་བརྙས་གི།
ཕྱག་སྦྲེལ་ཟེར་ནས་ཨེ་ཕབ་གི།
ལས་འཆར་གྲོས་འཆར་མེད་ས་ནས།།
བཟའ་སྟངས་འཐུང་སྟངས་ཨེ་རྩོད་གི།
གྲོས་ཚོགས་ནང་གི་གླང་དམར་ཚོའི་བྱ་སྤྱོད་ཀྱིས་ངའི་སེམས་ནང་གི་དད་པ་གཏོར་སོང་། ད་ནི་གྲྭ་ཆས་དམར་པོ་གྱོན་མཁན་ཞིག་མཐོང་དུས་དད་གུས་ལས་ཐ་ཚོམ་མང་པོ་སྐྱེས་འདུག
ཆོས་བརྒྱུད་སྤྱི་འཐུས་ཟེར་བ་མེད་པ་བཟོས་བཞག་ན་ཏག་ཏག་རེད།
གོ་རྒྱུ་ཡོད་པའི་ཚིག་རྒྱན་སྙན་ངག་ངོ་མཚར་ཆེ་།
སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་ཡིན་ཟེར་།
ལག་ལེན་དམར་པོ་ཁྲིམས་འགལ་མང་།
ཁྲིམས་བཟོ་མ་ཐུབ་ནང་རྩོད་མང་།
འོས་འཕེན་མི་མང་བློ་ཕམ་བཟོས་།