ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ ཉིན་ཨ་མདོ་རྔ་པ་ཀིརྟིའི་དགོན་གྱི་གྲྭ་གཞོན་སངས་རྒྱས་རྒྱ་མཚོ། རང་ལོ་ ༡༧ ཡིན་པ་ཁོང་གིས་རྔ་པའི་རྫོང་མཁར་གྱི་གཞུང་ལམ་དུ། བོད་ལ་རང་དབང་དགོས་པའི་སྐད་འབོད་གནང་བཞིན་གོམ་བགྲོད་བྱས་པར། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་མི་སྣ་སོགས་ཀྱིས་མི་མང་གི་མཐོང་སར་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་ཡོད་ཀྱང་། ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་གནས་སྟངས་ཅི་ཡིན་གསལ་བོར་ཤེས་རྟོགས་ཐུབ་མེད། ཁོང་ནི་ཕ་ཡུལ་ཆོས་རྗེ་མ་ཡུལ་ཚོ་སོ་རུ་མ་སྡེ་བ་ནས་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། དེང་སྐབས་སྔོན་འགྲོའི་འཛིན་གྲྭ་དགུ་པ་ཡིན་པ་དང་། ཕ་མིང་ལ་རྗེས་དཀར་བཟོད་པ་དང་མ་མིང་ལ་དབང་ཁོ་ཡིན་ཞིང་། ནང་མིའི་འཚོ་ཐབས་སྔོན་ཆད་འབྲོག་པ་ཡིན་ཡང་དེང་སང་ཀིརྟི་དགོན་མཐའི་གྲོང་ནང་དུ་བབས་ཡོད་འདུག
གཞན་ཡང་གསལ་ལམ་ཁག་ཏུ་ཁོང་གིས་རང་ལུས་མེར་སྲེག་བཏང་ཚུལ་སྒྲོག་གིན་འདུག་ནའང་ཁུངས་ལྡན་གནས་ཚུལ་ལྟར་ན་ངོ་རྒོལ་སྐད་འབོད་བྱས་པ་ལས་རང་ལུས་མེར་སྲེག་བཏང་མེད་པ་དང་། དེ་མིན་ཨ་མདོ་རྔ་པའི་ནང་གནས་ཚུལ་གཞན་པ་རེ་བྱུང་ཡོད་ཚུལ་འདུག་ཀྱང་། ད་ལྟའི་ཆར་ཇི་བཞིན་གསལ་རྟོགས་མ་ཐུབ་པ་བཅས། བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༤ ལ།
ཉེ་བའི་ལོ་འདི་དག་གི་རིང་ལ་ང་ཚོའི་སྤུན་ཆུང་དང་། སྲིང་མོ། ཨ་ཁུ། ཨ་ཅེ་ཚང་མ་རེ་རེ་བཞིན་བསྲེགས་སོང་།
དེ་རིང་ཡང་གཅེས་ཕྲུག་གཉིས་བསྲེགས་སོང་།
གནས་ཚུལ་འདི་རེ་རེ་མཐོང་སྐབས། ང་ཉིན་གང་བོར་སེམས་པ་སྡུག་གིས་མནར་སོང་།
མེ་ལྕེ་དམར་བོའི་ཚ་ལྡུར་ཁྲོད་ཁོང་ཚོས་རང་གི་གཅེས་བའི་ལུས་པོ་བསྲེགས་སོང་།
ཁོང་ནི་ང་ཚོ་དང་གཅིག་པ་ཡིན། ཁོང་ཚོ་ལ་གཅེས་བའི་ཕ་མ་དང་། བུ་ཕྲུག སྤུན་མཆེད་བཅས་ཚང་མ་ཡོད།
ཁོང་ཚོའང་ཚེ་འདིར་ཡོང་ནས་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན།
རེད་དེ། སྐབས་ཤིག་འཛམ་གླིང་དབང་དུ་སྡུད་བའི་བཙན་པོའི་རྒྱལ་ཁབ་དེ་ད་ལྟ་འཐོར་ཞིང་། རང་གི་མི་རིགས་འདི་ཚར་ལ་ཉེ་བའི་དུས་འདིར།
ཁོང་ཚོས་འཇིག་སྣང་གི་མེ་ལྕེ་ཁྲོད་རང་དབང་གི་འབོད་སྒྲ་བསྒྲགས།
མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིན་ཏེ་གདོང་དམར་བ་རྣམས་འཚོ་ཞིང་གནས་ཐུབ་པར་བསམ།
བཟོད་གླག་མེད་པའི་ཁོང་ཚོའི་ན་ཟུག་དེ།
བོད་མི་དམངས་ཀྱི་ཆེད་དུ་ཡིན།
ང་ཚོ་མི་རེ་ངོ་རེ་དང་། ང་ཚོའི་མ་འོངས་བའི་ཆེད་དུ་ཡིན།
ང་ཚོར་རྣམ་སྨིན་འཁོར་བ་རེད། ང་ཚོས་བོད་ཀྱི་རྒྱལ་པོ་ལྷ་སྲས་དར་མའི་མགོ་ལ་རྭ་བཙུགས། གཏུམ་དྲག་ཅན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་མགོ་ལ་འོད་དཔག་མེད་ཀྱི་སྐུ་ཡིས་བརྒྱན་ཡོད་ཟེར་ནས་སྒྲོ་བཏགས་ལུང་བར་མི་ཤོངས་པ་ཞིག་བཤད། སྔ་མོར་བོད་ཀྱི་ལོ་རྒྱུས་ཁ་ཤས་ལ་བལྟས་ན་ཞེན་པ་ལོགས་ཀི་ཡ། །