བསྟན་འཛིན་ནས།
༄།། བཀའ་དྲིན་མཚུངས་མེད་༧་གོང་ས་རྒྱལ་བ་རིན་པོ་ཆེའི་མཆོག་དང་། ས་སྐྱ་གོང་མ་རིན་པོ་ཆེ། དཔལ་རྒྱལ་དབང་ཀརྨ་པ། དེ་བཞིན་གསང་སྔགས་རྙིང་མའི་ཤིན་དུ་ནས་བཀུར་འོས་དབུ་བླ་བཅས་ཀྱི་མཆོག་ལ།
འབྱུང་འགྱུར་འཚོག་རྒྱུའི་ཆོས་རྒྱུད་ཀྱི་ཚོགས་འདུའི་ཐོག་་ཁ་ཡོད་ལག་ཡོད་ཀྱི་བོད་པ་དང་ནང་པའི་དཀའ་ངལ་འདི་དག་ངེས་པར་དུ་གླེང་དགོས་འདུག་པས། ཐུགས་རྗེས་གཟིགས་འདི་ལ་ཐུགས་སྣང་གནང་རོགས། ཕལ་ཆེར་ཁྱེད་ཅག་གི་ཞབས་ཕྱི་རྣམས་ཀྱིས་ཡི་གེ་དེ་ཁྱེད་ཅག་ལ་བསྟན་མི་སྲིད་པས། ཁ་བརྡ་འདིར་འབུལ་བ་ཡིན།
གྲྭ་པ་ལོག་རྗེས། གྲྭ་ཆས་མི་གྱོན་པའི་ཁྲིམས།
ད་ལྟ་དད་ལྡན་མི་མང་གི་སེམས་ནང་ལ་བསུན་ཤོས་དེ་གྲྭ་པ་ལོག་རྗེས་ད་དུང་གྲྭ་ཆས་གྱོན་ནས། བུད་མེད་དང་མཉམ་དུ་ཕྱི་ལ་ལག་པ་འཆང་ནས་འགྲོ་བ་དང་། ཁྱིམ་ལ་གྲྭ་ཆས་མ་ཕུད་པར་རྒྱོ་རྒྱག་པ་དེ་རེད། ཁ་སང་དེ་རིང་གི་སྐད་འཕྲིན་ནང་ལ་ཡང་གྲྭ་པ་ལོག་ཟིན་པའི་བོད་པའི་བླ་མ་དང་སྤྲུལ་སྐུའི་མིང་ཡོད་པ་དེ་དག་གིས། གྲྭ་ཆས་གྱོན་བཞིན་དུ གཤམ་ཐབ་རྫེས་་ནས་རང་གི་དགའ་རོགས་དང་སློབ་མར་མཇེ་སྟོན་པ་དང་། བུད་མེད་ལ་ཕོ་མཚན་འཇིབ་འཇུག་པ། དེ་བཞིན་གྲྭ་ཆས་གྱོན་བཞིན་དུ་རང་གི་ཆུང་མ་མཉམ་དུ་རྒྱོ་བརྒྱབ་པ་དེ་རེད།་གནས་ཚུལ་དེ་ཆོས་རྒྱུད་ཕལ་པོ་ཆེར་འདུག དགེ་ལུགས་པ་ཅུང་མངོན་གསལ་ཆུང་བ་རེད།
དེ་དག་མིག་ལ་མཛེས་པོ་མི་འདུག གལ་ཏེ་གྲྭ་པ་ལོག་རྗེས་གྲྭ་ཆས་མི་གྱོན་པའི་ཁྲིམས་ཤིག་གཏན་འབེབ་བྱས་ན་གནས་ཚུལ་དེ་རིགས་འགོག་ཐུབ། གལ་ཏེ་གྲྭ་པ་ལོག་རྗེས་གྲྭ་ཆས་ཕུད་པའི་ཁྲིམས་གཏན་འབེབ་མ་ཐུབ་ན། མ་མཐར་ཡང་། རྒྱོ་རྒྱག་པ་དང་། བཟའ་ཟླ་མཉམ་དུ་ཉལ་ཁྲིའི་སྟེང་ངལ་གསོ་བའི་སྐབས་གྲྭ་ཆས་མི་གྱོན་པའི་ཁྲིམས་ཤིག་བཟོ་ཐུབ་ན་ཤིན་དུ་ལེགས། དེ་ལས་གཞན་པའི་དོན་གལ་ཆེ་བ་ཞིག་གླེང་དགོས་པ་ངས་མི་མཐོང་། རིན་པོ་ཆེ་རྣམ་པས་འདི་ལ་དོ་སྣང་གནང་རོགས།
གུས་བསྟན་འཛིན་ནས་དད་ལྡན་མི་མང་གི་བསམ་ཚུལ་རྣམས་ཀྱི་སྙིང་པོ་འདི་ཕུལ་བ་ལགས།
གུས་པར་བརྙན་ཐུང་དང་པར་འགའ་ཤས་ཡོད་རུང་། འདི་དག་འདིར་བསྟན་ན། ཆོས་རྒྱུད་འཐེན་འཁྱེར་པའི་ལག་ན་ཤོར་བར་དྭོགས་ནས་འཛེམས་པ་ཡིན།
མི་འདི་ཚོ་ཁོམ་སོང་ན་མི་འབྲི་དགུ་འབྲི། གྲོད་ཁོག་རྒྱག་སོང་ན་མི་བཤད་དགུ་བཤད། གྲྭ་ཆས་གྱོན་ནས་འཁྲིག་པ་བྱེད་ན་སྐྱོན་ག་རེ་ཡོད་པ་རེད། སྤྱིར་ནང་པའི་ལུགས་ལ་ཉོན་མོངས་དུག་ལྔ་སྤང་དགོས་ཤེས་གསུངས་མོད། གྲྭ་ཆས་གྱོན་ནས་ཞེ་སྡང་མེ་ལྟར་འབར་བ། འདོད་ཆགས་ཆུ་ལྟར་ཁོལ་བ། གཏི་མུག་མུན་ལྟར་འཐིབས་པ། ང་རྒྱལ་རི་ལྟར་མཐོ་བ། ཕྲག་དོག་ཚེར་མ་ལྟར་རྩུབ་པ་ཐམས་ཅད་སྤང་དགོས་པ་ལས། འཁྲིག་པ་སྤྱོད་པ་ཁོ་ན་དེ་ལྟར་འཛེམས་བྱ་ཡིན་པའི་གནད་འགག་ཅིག་མཐོང་མ་སོང་། སྤྱིར་འཁྲིག་སྤྱོད་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཡིན་མོད་ཀྱང་གཟུགས་པོར་དགོས་མཁོའང་ཧ་ཅང་ཆེའོ། དཔེར་ན་གྲོད་ཁོག་ལྟོག་ན་ཟ་མ་དགོས་པ་བཞིན་ནོ། གཟུགས་སྟོབས་རྒྱས་ན་འཁྲིག་སྤྱོད་ཀྱང་དེ་བཞིན་དགོས། གལ་ཏེ་ཁྱོད་ཀྱིས་འཁྲིག་སྤྱོད་ཀྱི་ལས་སྙིང་ན་སྤང་བསམ་ན་དཀའ་ཐུབ་སྤྱོད་དགོས་པ་རེད། ཟ་མའང་མ་ཤི་ཙམ་ཞིག་ལ་བསྟེན་དགོས་པ་རེད། དཔེར་ན་རྗེ་བཙུན་མི་ལ་ལྟ་བུ་རེད། ཁོང་ནི་རྟེན་རབ་བྱུང་མིན་ཀྱང་འཁྲིག་པ་གང་བྱུང་དུ་སྤྱད་ཡོད་པ་མ་རེད། རྒྱུ་མཚན་ནི་ཁོང་གི་གཟུགས་པོ་སྐྱོ་བོ་ཡིན་སྟབས་འཁྲིག་པ་སྤྱོད་པའི་ནུས་པ་ཡོད་པ་མ་རེད། ཧ་གོ་སོང་ངམ། །
གྲྭ་བས་འཁྲིག་སྤྱོད་མི་ཆོག་པ་བདེན་པ་ལོས་ཡིན། ཡིན་ཀྱང་དེ་ནི་ཆོས་ཁྲིམས་ཡིན་པ་ལས་རྒྱལ་ཁྲིམས་མ་རེད། གལ་ཏེ་མི་ཞིག་གིས་གྲྭ་བས་འཁྲིག་སྤྱོད་བྱེད་བཞིན་པའི་བརྙན་་ཐུང་ངམ་པར་སོགས་ལྐོག་ནས་བླངས་ཏེ་དྲ་ཐོག་ཏུ་བཀྲམས་ན་དེ་ནི་ཁྲིམས་འགལ་ཆེན་ཆེན་པོ་རེད། མི་དེ་ཁྲིམས་ཁང་དུ་སྐྱལ་ན་ལོ་མང་རིང་བཙོན་ཁང་ནས་སྡོད་དགོས་་པ་རེད། ཧ་གོ་སོང་ངམ། །
༼གུས་པར་བརྙན་ཐུང་དང་པར་འགའ་ཤས་ཡོད་རུང་། འདི་དག་འདིར་བསྟན་ན། ཆོས་རྒྱུད་འཐེན་འཁྱེར་པའི་ལག་ན་ཤོར་བར་དྭོགས་ནས་འཛེམས་པ་ཡིན།༽གལ་སྲིད་ཁྱེད་ཀྱིས་བརྙན་ཐུང་དང་པར་སོགས་དྲ་ཐོག་ཏུ་སྤེལ་ཡོད་ན་དེ་ནི་ནོར་འཁྲུལ་ཚབས་ཆེན་རེད། །
Secret sex tapes made without both parties’ knowledge and consent are illegal in many jurisdictions. In New York state, the “unlawful surveillance” statute makes it illegal to secretly record or broadcast a person undressing or having sex when that person has a reasonable expectation of privacy.
འདི་ནི་འདུལ་བ་མ་ཤེས་པ་དང་། ཤེས་ཀྱང་འཚོ་ཐབས་ཀྱི་རྐྱེན་པས་ཐབས་གཞན་མེདཔ་དང་། སེམས་ཁམས་མི་དྭངས་པ་དང་། བསམ་བཞིན་ཁྱད་གསོད་བྱེད་པ་སོགས་ལས་བྱུང་བ་དང་རྒྱུ་རྐྱེན་མང་བོ་ཞིག་འདུས་ཡོད་པར་སྙམ།
ཉོན་རྨོངས་དུག་གསུམ་སྤོང་བ་ལ་གཟན་ཤམ་གོན་པ་དང་མ་གོན་གཉིས་ལ་འབྲེལ་བ་དེ་ཙམ་མེད་པ་དང་། གཟན་ཤམ་གྱོན་པ་དེ་ཡང་ཉོན་རྨོངས་སྤོང་བྱེད་ཀྱི་གཉེན་པོ་དང་ཐབས་དངོས་མིན་ན་ཡང་གྲོགས་སུ་འགྱུར་བར་སྨྲས་མ་དགོས་པ་རེད། མ་ཟད་སངས་རྒྱས་ཀྱི་བཅས་པ་དང་དགོན་པའི་འགྲིག་ཁྲིམས་ཀྱང་ཡིན་པས་ངེས་པར་དུ་གུས་རྩིས་དགོས།
སློབ་གྲྭ་ཞིག་ལ་དཔེ་བཞག་ན་ཡང་སློབ་གྲྭའི་འགྲིག་ཆས་གྱོན་བཞིན་དུ་སྲང་ལམ་དུ་སོང་ནས་བྱ་སྤྱོད་མི་ལེགས་བ་བྱས་པ་ཡིན་ན་སློབ་གྲྭ་དེར་སྐྱོན་འབྱུང་ངེས་ཡིན། སྐོར་སྲུང་བ་དང་ཉེན་རྟོག་པས་ཀྱང་སློབ་གྲྭ་ལ་འདྲི་རྩེད་བྱེད་སྲིད་པ་རེད། དེས་ན་སློབ་གྲྭའི་ངོ་ཚ་དང་སློབ་མ་ཡོངས་ལ་ཁོང་ཁྲོ་སློང་གཞིར་འགྱུར་མི་སྲིད་ཅེས་སུ་ཞིག་གིས་བཤད་ཕོད་དམ། དེ་བཞིན་དུ་ནང་བ་དང་ཆོས་བརྒྱུད་དགོན་པ་སོགས་ལ་གཅིག་མཚུངས་རེད། གྲྭ་བ་ལོག་ཆོག་པ་དང་ལོག་རྗེས་ཅི་ཞིག་བྱེད་འདོད་ཀྱང་སུས་ཀྱང་ཇུས་གཏོགས་མེད་པ་རེད། འོན་ཀྱང་གཞན་གྲྭ་ཆས་གྱོན་ནས་གྲྭ་བ་ཡིན་མདོག་དང་གྲྭ་ཆས་གྱོན་ནས་བུད་མེད་ལ་གཡབ་ན་མི་འོས་པ་དང་ཁྱིམ་པ་སུན་འབྱིན་གྱི་ལས་ཁོ་ན་རེད། དེ་ལྟར་བྱས་ན་མིག་ལ་མི་མཛེས་ཤིང་དེ་འདྲ་ཨུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱེར་དགོས་པའི་བྱ་བ་ཡང་བྱེད་དགོས་དོན་ཅི་ཡིན་ནམ་སྙམ།
འདི་དག་གིས་ནི་དོན་དངོས་སུ་སངས་རྒྱས་ཀྱི་བཅས་པ་དང་དགེ་འདུན་གྱི་ནང་ཁྲིམས། བོད་པའི་ཆོས་ལུགས་པའི་ལུགས་སྲོལ་ལ་མཐོང་ཆུང་བྱས་པ་ཞིག་མཚོན་ཡོད། ཕྱི་མི་དང་ནང་བའི་ཆོས་མི་ཤེས་པ་དང་ནང་བའི་ཆོས་ལ་མི་དད་པ་ཚོས་འཕྱ་དམོད་བྱེད་པའི་གནས་སུ་གྱུར་བ་ཡིན་པས་ནང་བ་ཡང་དག་པ་ཞིག་གི་ངོས་ནས་བཟོད་མི་ཐུབ་པ་ཞིག་རེད།
འཛམ་གླིང་གི་རྒྱལ་ཁབ་གཞན་དང་ཆོས་ལུགས་གཞན་ཡིན་ན་སོ་སོའི་ཆོས་ལུགས་ལ་ཆེད་གསོད་བྱེད་མཁན་དག་རྒྱལ་ཁྲིམས་ལ་སྦྱོར་བ་དང་ཡང་ན་དམར་གསོད་ཀྱང་བྱེད་སྲིད་པ་རེད།
ཚང་མས་དགོངས་པ་བཞེས་རོགས།
འོ་ད་ཞྭ་དམར་ཀར་མ་དང་། དེའི་སྤུན་ཆེད་ལབ་ཙེ་མོ་། ཀ་ལུ་།
ཛོང་སར་མཁྱེན་ཙེ་། འབྲི་གུང་ཨ་ཡང་། ས་སྐྱ་པ་ནི་མི་ཤེས་གང་ལྟར་མང་པོ་འདུག ད་དུས་སྙིགས་མ་ལྔ་འདུ་།
དགེ་འདུན་ལགས། ཉེ་ཆར་གྲྭ་སའི་དགེ་བཤེས་ཤིག་གིས་གཏམ་བཤད་རིང་པོ་ཞིག་གནངས་ནས་དྲྭ་ཐོག་ཀུན་ལ་ཁྱབ་སོང་། དེ་ནི་གྲྭ་བའི་་སྤྱི་ཚོགས་ནང་དུ་མི་ཚེ་སྐྱལ་སྟངས་ཐེར་འདོན་མང་པོ་བྱས་པ་དེ་རེད། ཁྱིམ་པ་སུན་འབྱིན་དེ་མིན་ན་གང་ཡིན། དེ་ལས་ལྷག་ཅིག་གིས་ཁྱིམ་པ་སུན་འབྱིན་ཞིག་ཡོད་པ་ཁོ་བོས་ནམ་ཡང་མཐོང་མ་སོང་། ཕྱི་རྒྱལ་གྱི་སྤྱི་ཚོགས་ནང་ན་མཚན་མཐུན་ཡོངས་གྲགས་ཡིན་པར་མ་ཟད་ཁྲིམས་ཐོག་ནས་གཉེན་བསྒྲིགས་བྱེད་མཁན་ཧ་ཅང་མང་པོ་འདུག ད་མགོ་སྐོར་མ་གཏོང་རོགས། ཁྱེད་ཀྱིས་རང་གི་ཁ་སྤར་མོས་འགེབ་ཐུབ་ཀྱང་། ཉི་མ་སྤར་མོས་ནམ་ཡང་འགེབ་ཐུབ་ཀྱི་མ་རེད། ཆོས་བརྒྱུད་ཁ་ཅིག་གིས་བླ་སྤྲུལ་ཚོས་འཛེམས་མེད་གྱིས་གྲྭ་ཆས་གྱོན་ནས་གང་བྱུང་བྱེད་པ་དེ་གྲྭ་བའི་སྤྱི་ཚོགས་ཀྱི་འགྲོ་སྟངས་འདུག་སྟངས་ཡོད་ཚད་ཤེས་ནས་དེ་འདྲ་བྱེད་ཀྱི་ཡོད་པ་འདྲ། ཧ་གོ་སོང་ངམ། །
་་་་་་་་་་་་་་་་ དེ་བཞིན་གྲྭ་ཆས་གྱོན་བཞིན་དུ་རང་གི་ཆུང་མ་མཉམ་དུ་རྒྱོ་བརྒྱབ་པ་དེ་རེད།་གནས་ཚུལ་དེ་ཆོས་རྒྱུད་ཕལ་པོ་ཆེར་འདུག དགེ་ལུགས་པ་ཅུང་མངོན་གསལ་ཆུང་བ་རེད། ་་་་་་་་་་་་་་་་ ཟེར།
བོད་ཀྱི་ གྲྭ་ཆས་ འདི། གྲྭ་ཆས་ རེད་དམ། སྔགས་ཆས་ རེད། ཆོས་གོས་ གསེར་པོ་ དེ་དག གྲྭ་ཆས་དངོས་གནས་ ཡིན་པ་ འདྲ། ཧཧཧ།། །།
་་་་་་་་་་་་་་་་་་་་་་ འོན་ཀྱང་གཞན་གྲྭ་ཆས་གྱོན་ནས་གྲྭ་བ་ཡིན་མདོག་དང་གྲྭ་ཆས་གྱོན་ནས་བུད་མེད་ལ་གཡབ་ན་མི་འོས་པ་དང་ཁྱིམ་པ་སུན་འབྱིན་གྱི་ལས་ཁོ་ན་རེད ་་་་་་་་་་་་་་་་་་
མི་སྨྱོན་དང་ཁྱི་སྨྱོན་སོགས་ཀྱི་ཁ་མ་རྩེ་ན་ཡག་གི་རེད།
དགེ་འདུན་ལགས་གཡུག་ཤོག
ད་དེང་སང་ལ་ལས་གྲ་ཆས་གྱོན་ཏེ་ཆང་ས་རྒྱག་གི་ཡོད་རེད། ཁ་ཤས་ཀྱིས་ད་དུང་ལྐུག་འཚུབ་འཚུབ་དེ་ལ་རྒྱབ་སྐྱོར་བྱེད་གི་ཡོད་རེད།
ལྟད་མོ་འདུག
གལ་སྲིད་གླེང་ན་གླེང་དགོས་དེའི་ག་ལ་ཚད། གྲྭ་ཆས་གྱོན་ནས་མི་གསོད་པ་དང་། གྲྭ་ཆས་གྱོན་ནས་རང་གི་རྩ་བའི་བླ་མར་མཚན་སྨོད་བྱེད་པ་སོགས་ཀྱང་ངེས་པར་དུ་གླེང་དགོས།
བདེན་པ་རེད། གྲྭ་ཆས་གྱོན་ནས་གྲྭ་ཆུང་དང་བུ་ཆུངསོགས་ལབརླ་རྒྱོ་དེ་གླེང་དགོས་འདུག
གྲ་ཆས་གྱོན་བཞིན་ཆབ་སྲིད་ལ་ཁྲབ་པ་དེ་གླེང་དགོས་་འདུག གྲ་ཆས་གྱོན་ནས་འདོད་ཆགས་ཀྱི་ལས་དང་། ཞེ་སྡང་གི་ལས་དང་། ཕྲག་དོག་གི་ལས་སོགས་བྱས་པ་ཐམས་ཅད་གླེང་དགོས་འདུག
གྲ་བའི་སྒྲིག་འཛུགས་ལ་བདག་པོ་རྒྱག་རན་འདུག ལྷག་པར་གྲོས་ཚོགས་ནང་གི་གྲ་ཆས་གྱོན་མཁན་ཚོ་
སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས་།
བསམ་གཏན་ཤེས་རབས་ཕར་ཕྱིན་དྲུག་།
ལག་ལེན་ཐུབ་ན་འདུལ་ཁྲིམས་གཙང་།
མ་ཐུབ་སྐྱ་སེར་ཁྱད་པར་གང་།
གོང་གི་རྩོམ་པ་པོ་བསྟན་འཛིན་ནས། ༼གལ་ཏེ་གྲྭ་པ་ལོག་རྗེས་གྲྭ་ཆས་ཕུད་པའི་ཁྲིམས་གཏན་འབེབ་མ་ཐུབ་ན། མ་མཐར་ཡང་། རྒྱོ་རྒྱག་པ་དང་། བཟའ་ཟླ་མཉམ་དུ་ཉལ་ཁྲིའི་སྟེང་ངལ་གསོ་བའི་སྐབས་གྲྭ་ཆས་མི་གྱོན་པའི་ཁྲིམས་ཤིག་བཟོ་ཐུབ་ན་ཤིན་དུ་ལེགས།༽
ཧ་ཧ་ཧ་ཧ། ང་གད་མོ་འགོག་མི་ཐུབ་པ་ཞིག་རང་དབང་མེད་པར་ཤོར་སོང་། འོན་ཀྱང་ཡག་པོ་བྲིེས་འདུག རྒྱབ་སྐྱོར་ཡོད། །
འུ་ཐུག་པ་རེད། གྲྭ་པ་ལོག་ནས་ད་དུང་གྲྭ་ཆས་གྱོན་དགོས་ཡོད་ཟེར་བ་འདི། སློབ་གྲྭ་ཐོན་ནས་ད་དུང་སློབ་གྲྭའི་སྒྲིག་ཆས་གྱོན་དགོས་ཡོད་ཟེར་བ་དང་གཅིག་པ་མ་རེད་པས།
ཆོས་སྲིད་གཉིས་ལ་ཁྲིམས་ཀྱིས་ངོ་ཚ་ཡོད་།
ཆོས་ཁྲིམས་སྲུང་བའི་འགན་ཁུར་གྲཱ་པས་འགན་།
སྲིད་ཁྲིམས་སྲུང་བའི་འགན་ཁུར་སྐྱ་བོས་འགན་།
རང་རང་འགན་ཁུར་མ་ནོར་རང་གིས་སྲུངས་།
གཞུང་པ་ལགས། རྒྱལ་ཁབ་ཀྱི་ཁྲིམས་སྐྱ་སེར་དབྱེ་བ་མེད་པར་སྲུང་དགོས་རེད། །
ང་ཚོ་ཚང་མས་ངེས་པར་དུ་གཟབ་དགོས་རྒྱུ་གཅིག་ནི་ལོ་ཚད་མ་ལོན་པའི་ལོ་ཆུང་ཚོར་འཁྲུག་སྤྱོད་མི་བྱེད་རྒྱུ་དེ་རེད། བཙན་གཡེམ་སྨོས་མ་དགོས་པ་རེད། ལོ་ཚད་མ་ལོན་པའི་མི་ཞིག་དང་མཉམ་དུ་རང་མོས་ཀྱི་འཁྲུག་སྤྱོད་བྱས་ནའང་ཁྲིམས་འགལ་ཆེན་པོ་རེད། ཨ་རིར་ལྟ་བུ་མཚོན་ན་ལོ་ཚད་བཅོ་བརྒྱད་མ་ལོན་པའི་ཕོ་མོ་གང་ཡིན་ཀྱང་ཁྲིམས་འགལ་ཆེན་པོ་རེད། མ་མཐར་ཡང་ལོ་བཅུར་བཙོན་ཁང་དུ་སྡད་དགོས་རེད། རྒྱ་གར་ཡང་ལོ་ཚད་བཅོ་བརྒྱད་ཡིན་བསམ་བྱུང་། སྤྱིར་ལོ་ཚད་མ་ལོན་པར་འཁྲུག་སྤྱོད་བྱེད་མཁན་ཧ་ཅང་མང་པོ་རེད། འོན་ཀྱང་ཁྲིམས་གཏུག་མ་བྱས་ན་དེ་ཀ་རང་རེད། གལ་ཏེ་ཁྲིམས་གཏུག་བྱས་ཚེ་དེར་གཡོལ་ཐབས་བྲལ་བ་རེད། བོད་པའི་སྤྱི་ཚོགས་ནང་དུ་ལོ་ཚད་མ་ལོན་པར་འཁྲུག་སྤྱོད་བྱེད་མཁན་ཧ་ཅང་མང་པོ་རེད། མ་འོང་པར་ཁྲིམས་གཏུག་བྱེད་སྲིད་པ་རེད། ད་སྐབས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ནང་དུ་ཡེ་ཤུ་ཆོས་པ་ཚོར་དཀའ་ངལ་འཕྲད་བཞིན་པ་རེད། མ་འོང་པར་བོད་པའི་སྤྱི་ནང་དུ་དུས་ཚོད་སྔ་ཕྱི་ཙམ་མ་གཏོགས་དཀའ་ངལ་འདི་དན་དན་སླེབ་ཀྱི་རེད། །
རྒྱལ་ཁབ་ཀྱི་ཁྲིམས་ ( LAW )
སྐོར་གང་ཡང་བཤད་མེད་འདིེར་བཤད་པ་དེ་
ཆོས་ཁྲིམས་ ( Religion ་discipline ) སྐོར་དང་སྲིད་ཁྲིམས་ (Executive Rule )སྐོར་་བཤད་ཡོད་ན་རྒྱལ་བ་ལྔ་པ་དང་ཟླ་
བ་ལྔ་པ་མ་ནོར་གནང་རོགས་།
ད་གྲྭ་ཆས་ གྱོན་ནས་ འཁྲོད་སྤྱོད་དང་ རྒྱོའི་སྐོར་ལ། ཆེད་རྩོམ་དང་། མཆན་བཏགས་ཡ་མཚམས་འཇོག་གནོང་རོགས་གནོངས།། །།ཐུགས་རྗེས་གཟིགས།། །།
ལོ་ཚད་༡༨ མན་ཆད་ཆད་ལ་འཛམ་གླིང་ཽལ་མོ་ཆེས་དེ་ལ་ཕྲུ་གུ་ཐ་བསྙད་བཏགས་ཡོད་རེད། དེ་འདྲའི་ཕྲུ་གུ་འཁྲིགས་བྱས་ཚེ་དཔེ་མ་སྲིད་ཁྲིམ་ཆད་བཙོན་ནང་དུ་འདུག་རྒྱུ་ལས་གཞན་མེད་པས་་་་དེ་ཡིན་དུ་་་བོད་དང་ཧི་མ་ལ་ཡའི་དགེ་འདུན་པ་དང་འབྲུག་པའི་དགེ་འདུན་་་པ་ཚོས་མ་འོངས་པ་ཉེན་ཚབ་ཆེ་བས་་་་བླ་རྒན་ཚང་་མ་ཡི་ཤུ་བླ་མ་ལྟ་བུ་ཉེས་ཁ་་རེད་པས་གཟབ་གཟབ་གནང་རོག་་་་་སྐྱ་བོ་ལས་གྲྭ་བ་ཉེས་ཅན་མང་ན་ད་ག་བ་བསླེབས་སོང་་་གྲྭ་ཆས་གྱོན་ན་མ་གྱོན་་ཁྲིམས་འགལ་གང་ཡང་ཡོད་མ་རེད། མགོ་ལ་སྐྲ་ཡོད་ནེད་དེང་སང་ལྟ་ས་ཡོད་མ་རེང་་་་་ཨིན་ཇི་ཕོ་སར་ཚོ་ཀླད་དར་བཟོ་བཞིན་རེད། སྟོད་གོས་དམར་པི་སེར་པོ་ནི་དེང་སང་ཚང་མས་་གྱོན་བཞིན་རེད། གཙོ་བོ་ཕྲུ་གུ་དང་། བུད་མེད་བཙན་གཡེམ་གཉིས་འཛམ་གླིང་རྒྱལ་ཁབ་ཚང་མས་ཁྲིམས་འགལ་ཡིན་ངེ་གཟབ་དགོས། ་རྒྱོ་ལེ་
མཆན་བཡབ་མཚམས་འཇོག་ནམི་དགའ་འམ། ལགས།
ངོ་མ་ཡག་པོ་བྲིས་འདུག་ང་ཡང་དེ་ལྟར་བསམ་གྱི་འདུག་རྒྱབ་སྐྱོར་ཡོད
དེང་སྐབས་ཡེ་ཤུ་རྣམ་དག་གི་བླ་མ་བརྒྱ་ཕྲག་མང་པོར་ལོ་མང་པོའི་རིང་
བཙོན་ཆུང་རྣམས་ལ་བཙན་གཡེམ་བྱས་པར་ཁྲིམས་འོག་ཏུ་ཚུད་ནས་བཙོན་ཁང་དུ་སྔ་ཕྱི་མ་གཏོགས་འགྲོ་རྒྱུ་ངེས་སྐབས་བོད་པའི་གདན་ས་གཙོས་པས་དགོན་སྡེ་རྣམས་སུ་ཡོད་པའི་བླ་རྒན་རྣམས་ཆོས་གོས་གསེར་པོ་གྱོན་པ་ཙམ་གྱིས་ཡུལ་ཁྲིམས་ནས་ག་དུས་བར་དུ་གཡོལ་ཐུབ་བམ་?
གཞུང་པ་ལགས། འགྲེལ་བཤད་སྙིང་རྗེ་མོ་ཞིག་རྒྱབ་འདུག འོན་ཀྱང་རྒྱལ་ཁབ་སྲིད་ཀྱིས་བསྐྱངས་པ་མ་རེད་དམ། སྲིད་ཁྲིམས་ཟེར་ན་་རྒྱལ་ཁབ་ཀྱི་ཁྲིམས་ལོས་ཡིན། །
བོད་པའི་ནང་ཆོས་ཀྱི་བླ་མའི་མིང་འཁྱེར་ནས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་། ནང་པའི་རྗེས་འཇུག་རྣམས་ལ་མིང་ངན་བསམ་གྱིས་མི་ཁྱབ་པ་བཟོ་མཁན་གྱི་ཐོ་ཞིག་སྒྲིག་དགོས་འདུག ངས་ཤེས་པ་འདི་དག་ཡིན།
དབྱིན་ཇིའི་ལུང་པར་ཡོད་པའི་བསོད་རྒྱལ་སྤྲུལ་སྐུ། ཆོས་ཚོགས་ཀྱི་མིང་ལ་རིག་པ།
ཨེ་ཊ་ལི་ལ་ཡོད་པའི་གངས་ཅན་སྤྲུལ་སྐུ། ཆོས་ཚོགས་མིང་མ་ཤེས།
ཨ་རིར་ཡོད་པའི་དྲུང་པའི་བུ་མི་ཕམ་རྣམ་རྒྱལ། ཆོས་ཚོགས་ཀྱི་མིང་ལ་ཤམ་བྷ་ལ།
གཞན་པ་མིང་ཤེས་ན་འདི་ཞོག་དང་།
བསམ་ཤེས་ལགས། བསོད་རྒྱལ་དང་མི་ཕམ་གཉིས་ཀ་ཆོས་ཚོགས་བརྒྱ་ཕྲག་བརྒལ་བ་ཡོད་ས་རེད། སྟོབས་འབྱོར་མངའ་ཐང་ཧ་ཅང་ཆེན་པོ་རེད། སློབ་མ་ཁ་ཅིག་གིས་སྐྱོན་འཛུགས་བྱས་པ་དེ་ཕལ་ཆེར་བརྒྱ་ཆ་བརྒྱད་ཅུ་བདེན་གྱི་མ་རེད་སྙམ། ཅི་ཕྱིར་ཞེ་ན། གལ་ཏེ་བཙན་གཡེམ་དང་བརྡུང་བརྡེག་བྱས་པ་བདེན་ཚེ་རྒྱུ་མཚན་ཅི་ཕྱིར་མི་འདི་དག་ཁྲིམས་ཁང་དུ་མབསྐྱལ་བ་ཡིན། ནུབ་ཕྱོགས་ལུང་པ་ན་འདིའི་རིགས་ལ་གཡོལ་ཐབས་བྲལ་བ་རེད། གང་ལྟར་ཀྱང་མི་ཆེན་འདི་དག་བོད་པ་སྤྱི་ལ་བཀའ་དྲིན་ཆེན་པོ་རེད་སྙམ། །
https://www.facebook.com/photo.php?fbid=309898956273635&set=pcb.309899282940269&type=3&theater
་མའོངས་པ་་་་་སེ་ར་དང་དགའ་ལྡན་དགོན་་པ་འབྲས་སྤུངས་དགོན་སོགས་་གྲྭ་ཆུང་དོན་གསོད་རེས་མ་གཏོང་རོག ད་སྔིན་མ་ནང་བཞིན་་་བཙན་དབང་གི་ཐོག་ནས་བརླ་རྒྱོ་མ་གནང་རོག་་གལ་སྲིད་དགོས་་་་བླ་རྒན་ཕན་ཚུན་ལོ་ན་མཐུན་པ་རྣམས་གནང་ན་ཉེན་ཁ་མེད། རྒྱ་གར་ནང་་་མཚན་མཐུན་འཁྲིག་སྤྱོད་ཉེ་ཆར་ཁྲིམས་མཐུན་བྱུང་རེང། འོན་ཕྲུ་གུ་ལ་བྱེད་ཆོག་ཟེར་བ་དེ་མ་རེད། ངེས་པར་དུ་གཟབ་རོག་་་་བཀྲིན་ཆེ། ཡིན་དང་ཡིན་བསོད་རྒྱལ་དྲུང་སྲས་སོགས་ནི་ཕྲུ་གུ་ལ་བཟོ་ནེད་ཀྱང་་་བུད་མེད་སྣེ་མང་བརྟེན་དྲག་ནས་་བུད་མེད་ཕན་ཚུན་ཕྲག་དོག་གིས་་ཁྲིམ་ལོག་བཟོས་རེང། འོན་ཁོ་རང་གཉིས་ནོར་འཁྲུལ་རེང་་་ད་ཚོ་ང་ཚོས་རྒྱུས་ལོན་བྱས་ནས་གྲ་ཆུང་་་ལ་གཟབ་རིམརོག
018 at 8:13 pm
་མའོངས་པར།སེ་ར་དང་དགའ་ལྡན་དགོན་་པ་འབྲས་སྤུངས་དགོན་སོགས་ཀྱིས་གྲྭ་ཆུང་དོན་དུ་གསོད་རེས་མ་གཏོང་རོག ད་སྔོན་་མ་ནང་བཞིན་་་བཙན་དབང་གི་ཐོག་ནས་བརླ་རྒྱོ་མ་གནང་རོག་་གལ་སྲིད་དགོས་ན་་བླ་རྒན་ནང་ཕན་ཚུན་ལོ་ན་མཐུན་པ་རྣམས་བརླ་རྒྱོ་གནང་་ན་ཉེན་ཁ་མེད། རྒྱ་གར་ནང་་་མཚན་མཐུན་འཁྲིག་སྤྱོད་ཉེ་ཆར་ཁྲིམས་མཐུན་བྱུང་རེང། འོན་ཀྱང་ཕྲུ་གུ་ལ་བྱེད་ཆོག་ཟེར་བ་དེ་མ་རེད། ངེས་པར་དུ་གཟབ་རོག་་་་བཀྲིན་ཆེ། ཡིན་དང་ཡིན་བསོད་རྒྱལ་དང་དྲུང་སྲས་སོགས་ནི་ཕྲུ་གུ་ལ་བཟོ་མེད་ཀྱང་་་བུད་མེད་སྣེ་མང་བརྟེན་དྲག་ནས་་བུད་མེད་ནང་ཕན་ཚུན་ཕྲག་དོག་གིས་་ཁྲིམ་ལོག་བཟོས་རེང། འོན་ཁོ་རང་གཉིས་ནོར་འཁྲུལ་རེང་་་ད་ཚོ་ང་ཚོས་ད་རྒྱུས་ལོན་བྱས་ནས་གྲ་ཆུང་ལའང་གཟབ་དགོས་སྔོན་ཆེད་ཞུ་གིས་ཡོད།།
བསམ་འཆར་ཡག་པོ་འདུག
གཟན་ཤམ་འོག་གི་བརླ་རྒྱོ་སྟུ་རྒྱོ་གཉིས་ཀར་སྡིག་པ་ཡོད་ལེ་རེད། འཛམ་པ་བརྒྱ།
ད་དུང་ གཉིས་ལྷག་ འདུག སྟུ་རྒྱོ བརླ་རྒྱོ་ རྐུབ་རྒྱོ་ ཁ་རྒྱོ་ ངས་ མཆན་མ་ བཏབ་རོགས་ ཟེར་ན མི་ཉན་ ད་ འདི་ཡང ་ཟོ།། །།ཧཧཧ།། །།
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་།
དགེ་བ་མེད་ན་སྡིག་པ་གང་ན་ཡོད་།
འཇིག་རྟེན་སྐྱེ་འགྲོ་འདོད་པའི་འོག་ཏུ་སྐྱེས་།
དགེ་སྡིག་ངོ་སྤྲོད་སུ་ཡིས་ཐུབ་་།
བསམ་འཆར་དཔེ་ཡག་པོ་འདུག ཚིག་ཉུང་དོན་འདུས་རེད།
ཡག་པོ་འདུག དངོས་ཡོད་རེད
སངས་རྒྱས་ཀྱི་གསུངས་པའི་ཐེག་པ་གསུམ་གྱི་བཅས་ཁྲིམས་དེ་ཚོ་དང་བར་ནས་བལྟས་པ་ཡིན་ན། བོད་ཀྱི་རབ་སཉངགས་གཉིས་ཀྱིས་བརྒྱ་ཆའི་བཅུམཙམ་སྲུང་གི་ཡོད་ན་རབ་རེད། འདི་ནི་ངོ་མ་ངོ་ཚ་དགོས་པ་ཞིག་རེད།
སངས་རྒྱས་ཀྱི་གསུངས་པའི་ཐེག་པ་གསུམ་གྱི་བཅས་ཁྲིམས་དེ་ཚོ་དང་བསྡུར་ནས་བལྟས་པ་ཡིན་ན། དེང་སང་བོད་ཀྱི་རབ་སྔགས་གཉིས་ཀྱིས་བརྒྱ་ཆའི་བཅུ་ཙམ་སྲུང་གི་ཡོད་ན་རབ་རེད། འདི་ནི་ངོ་མ་ངོ་ཚ་དགོས་པ་ཞིག་རེད།
བཅོས།
རིག་པའི་རྡོ་རྗེ་ལགས། ཨ་རིའི་ཁྲིམས་ཁང་ནང་ལ། ཆོས་པ་རྣམས་ཀྱི་སྤྱོད་ངན་འཐེར་འདོན་བྱེད་པར། བརྙན་ཐུང་སོགས་དཔང་པོ་བསྟན་ན་ཁྲིམས་འགལ་རེད་མི་འདུག བྱས་ཙང་ཁྱེད་རང་བོད་མི་སྙོམ་ཆུང་ལ་འཇིགས་སྣང་མི་སྐུལ་བ་ཞུ།
ངས་ཀྱང་སྐད་འཕྲིན་བརྒྱུད་བླ་མའི་མིང་འཛིན་པ་ཞིག་གིས་བུད་མེད་ན་གཞོན་ཞིག་མཉམ་དུ་རྒྱོ་རྒྱག་བཞིན་པའི་བརྙན་ཐུང་ཕབ་ལེན་བྱས་ཡོད།
ང་ཚོས་གསང་ཀྱང་རུང་མི་གསང་ཀྱང་རུང་། རྒྱ་ནག་གཞུང་ལ་བོད་པའི་བླ་མ་དང་མཁན་པོ་ཚོས་མགྲོན་ཁང་ནང་སློབ་མ་མཉམ་དུ་རྒྱོ་རྒྱག་པའི་བརྙན་འཕྲིན་ཆུ་ཚོད་བརྒྱ་ལ་ཉེ་བ་ཡོད་ཟེར་བའི་ཟི་ཁྲོན་བདེ་འཇགས་མི་སྣའི་གཏམ་བཤད་དེ་ཁྱེད་ཀྱི་ཐོས་མི་འདུག ངས་དེ་ཝེ་པོའམ། འཕྲིན་ཕྲན་ཞིག་ནས་རིག་བྱུང་། སྐད་ཆ་དེར་བསམ་བློ་ཞིག་གཏོང་རན།
སྟོན་ཀ་ལགས། ཁྱེད་ཀྱིས་འགྲོ་སྟངས་ཤིག་ཧ་གོ་ཡི་མེད་ཚོ་རེད། མི་གཞན་ཞིག་གིས་གཞལ་ལ་བཙན་གཡེམ་དང་བརྙས་བཅོས་བྱེད་པ་སོགས་བདེན་པ་ར་སྤྲོད་བྱེད་པའི་དཔང་པོ་དགོས་པ་བདེན་པ་རེད། འོན་ཀྱང་ཕན་ཚུན་གཉིས་མོས་ཀྱིས་འཁྲིག་པར་སྤྱོད་པ་དེ་འཛམ་གླིང་སྤྱིའི་འགྲོ་སྟངས་ཤིག་ཡིན་པས་ལས་ནག་ཉེས་མ་རེད། འདི་འདྲའི་རིགས་བདག་པོས་བཀའ་འཁྲོལ་མེད་པར་ལྐོག་ནས་བརྙན་པར་སོགས་བླངས་ཏེ་ཁྱབ་བསྒྲགས་བྱས་ན་ཁྲིམས་འགལ་ཆེན་པོ་རེད། དངོས་གནས་ཡིན་ད། དཔེ་མཚོན་ཙམ་ཞིག་བཤད་ན་ད་ལོའི་འདིར་གླ་གཏོང་ཁ་ལོ་བ་ཞིག་ལ་འགྲུལ་བ་ཞིག་གིས་གླ་ཆ་མ་སྤྲད་པར་མ་ཟད་བརྡུང་བརྡེག་ཚད་མེད་པ་བཏང་བ་རེད། གླ་གཏོང་བས་བརྙན་ལེན་པར་ཆས་བཙུགས་ཡོད་པས་ཚང་མ་བདེན་པ་ར་སྤྲོད་ཡོད་སྙམ་ནས་ཁྲིམས་ཁང་དུ་སོང་བ་རེད། འོན་ཀྱང་ཁོང་ལ་རྒྱལ་ཁ་ཐོབ་ཡོད་པ་མ་རེད། རྒྱུ་མཚན་ནི་ཁོང་གིས་བརྙན་ལེན་པར་ཆས་ཡོད་ཅེས་ཉེན་བརྡ་མ་བཏང་བས་རེད། གསང་བའི་ཐོག་ནས་བརྙན་ལེན་བྱས་ཆོག་པ་མ་རེད། ད་ཧ་གོ་སོང་ངམ། ལོ་ཤས་གོང་ལ་རྒྱ་གར་ལྷོ་ཕྱོགས་ནས་གྲྭ་བཙུན་གཉིས་ཀྱིས་འཁྲུག་སྤྱོད་ཀྱི་བརྙན་པར་ཡོད་པའི་གློག་ཆས་ལ་སྐྱོན་ཤོར་ནས་རྒྱ་གར་བ་ཞིག་ལ་བཟོ་བཅོས་བྱེད་དུ་བཅུགས་པ་རེད། རྒྱ་གར་བས་གློག་ཆས་བཟོ་བཅོས་བྱས་ཏེ་བརྙན་པར་སོགས་མཐོང་ནས་ཁྱབ་བསྒྲགས་བྱས་སྐད་ཐོས། གལ་ཏེ་གྲྭ་བཙུན་དེ་གཉིས་ཀྱིས་ཁོང་ལ་ཁྲིམས་ལ་སྤྱོར་ཡོད་ན་རྒྱ་གར་བ་དེ་གཡོལ་ཐབས་མེད་པའི་ཉེས་པ་འཁུར་དགོས་རེད། ཧ་གོ་སོང་ངམ། སྙིང་རྗེ་བ་ཞིག་ལ། གྲྭ་བཙུན་དེ་གཉིས་ཀྱི་ངོ་ཙ་ནས་ཁྲིམས་ཁང་སོགས་ལ་གཏུག་མེད་ཚོད་རེད། །
ད་ཀུ་ཅི་ཕྲུ་གུར་འཇིགས་སྣང་བསྐུལ་བ་ལྟ་བུ་ང་ཚོར་མེད་པ་ཞུ། དཔང་རྟགས་འཚོལ་དུས། གསང་བ་བྱས་ནས་མ་བཙལ་ན་ཇི་ལྟར་འཚོལ།
ང་ཚོས་ཁྲིམས་ལ་གཏུག་དུས་ཁྲིམས་རྩོད་པ་དགོས་པའི་རྒྱུ་མཚན་ཧ་གོ་སོང་ངམ། ང་ཚོས་ཁྲིམས་ཤེས་ཀྱི་ཡོད་པ་མ་རེད། དེའི་ཕྱིར་ཁྲིམས་རྩོད་པར་གླ་ཆ་མང་པོ་སྤྲད་ནས་གླ་དགོས་རེད། ཧ་གོ་སོང་ངམ། སྤྱིར་ཨ་རི་ལ་མཚོན་ན་མངའ་སྡེ་སོ་སོའི་ཁྲིམས་འདྲ་ཡི་མ་རེད། བོད་པ་ཚོས་ཁྲིམས་ཤེས་ཀྱི་ཡོད་པ་མ་རེད། དེང་དུས་བརྙན་ལེན་པར་ཆས་སོགས་ཧ་ཅང་གི་སྟབས་བདེ་རེད་སྙམ་ནས་གང་བྱུང་ལ་བླངས་ན་ཁེ་ལས་ཉེན་ཆེ་བ་རེད་ཀོ། །
ཁྱེད་ཀྱིས་དབྱིན་ཡིག་ཤེས་ཀྱི་ཡོད་ན་འོག་གི་དེར་ལྟོས་དང་ཧ་ཅང་གི་ཤེས་སླ། །
https://www.forbes.com/sites/daniellecitron/2014/05/15/nonconsensual-taping-of-sex-partners-is-a-crime/
མི་དེས་ཁོང་དང་དགའ་རོགས་གཉིས་ཀྱིས་འཁྲིག་པ་སྤྱད་པ་དགའ་རོགས་ལ་གསང་ནས་ལྐོག་ཏུ་བརྙན་བླངས་ཡོད་པ་རེད། རྗེས་སུ་ཁོང་དང་དགའ་རོགས་གཉིས་ཁ་ཁ་གྱེས་རྗེས། བླུན་པོ་དེས་ཁྲིམས་གང་ཡང་མ་ཤེས་པའི་སྐྱོན་གྱིས། ཁོང་གིས་དགའ་རོགས་རྙིང་པར་བརྗོད་པ་འདི་ལྟར་། ལྐོག་ཏུ་བླངས་པའི་བརྙན་པར་གདོང་དེབ་ཐོག་ཏུ་འཇོག་གི་ཡིན་ཞེས་འཇིགས་སྣང་སྐུལ་བ་དེ་རེད། མོས་ཉེན་རྟོག་པར་གཏུག་པ་རེད། ཉེན་རྟོག་པས་ཁོང་གི་ཁྱིམ་ནས་བརྙན་པར་དེ་འདྲ་མང་པོ་བརྙེད་པ་རེད། རྗེས་སུ་ཁྲིམས་ཁང་ནས་ཐག་གཅོད་བྱས་པའི་འབྲས་བུར་ཁོང་བཙོན་ཁང་ལ་ལོ་གསུམ་དང་བུ་མོ་དེར་སྒོར་མོའི་ཀུན་གསབ་སྤྲད་དགོས་བྱུང་བ་རེད། །
སྣང་བ་མི་འགྲོ་བའི་སྐད་ཆ་ཤ་སྟག་རེད། ཨ་རིའི་ནང་ལ་ཡེ་ཤུ་ཆོས་དཔོན་ཚོས་ཕྲུ་གུར་བཙན་གཡེམ་བྱས་པ་པར་འགའ་ཤས་ཁྲིམས་ཁང་ནང་བསྟན་ནས། ཉེས་ཅན་བཟུང་བ་ཁྱེད་ཀྱི་ཤེས་ཀྱི་མེད་ཚོད།
ངས་གོང་ནས་གསལ་བྱེད་ཡག་པོ་བཤད་ཚར་ཡོད། ད་ང་ཐང་ཆད་སོང་། ཁྱེད་ཀྱི་འདོད་ལྟར་གནང་རོགས་ཞུ། །
རྒྱལ་ཁབ་མེད་པའི་བོད་པའི་ཆོས་བརྒྱུད་བླ་ཆེན་ཚོས་འདུལ་ཁྲིམས་ལས་ཆོས་ཁྲིམས་བཟོས་ཀྱང་བརྩི་མཁན་འི་ཡོད་ན་་་་་་་་ ལྷག་པར་ཀམ་ཚང་གི་མཐའ་ཡས་རྡོ་རྗེ་དཔེ་བརྗོད་ཡིན།
ཆོས་ལ་ དག་སྣང་ བསྐྱེད་པའི་ ཆེད་རྩོམ་ བར ཙམས་ དགོས་པ་ལས་ དད་མེད་ མང་པོའི་ དབུས་སུ་ དད་ལོག་ སྐྱེ་གཞི་རྣམས་ ཤོད་མི་ རིགས་ཏེ་ ཁྱིམ་ས ུན་འབྱིན་པར་ གསུངས་པ་ ལྟར་ དད་ལྡན་སུན་འབྱིན་པ་ལ་ ཡང་ གྱུར་པའི་ ཕྱིར།
གྲྭ་ཆས་གྱོན་བཞིན་བུད་མེད་བསྟེན་ན་ཡང་།།
རྫུན་དང་སྲོག་གཅོད་རྐུ་གསུམ་སྤོང་ན་ནི།།
མི་ནག་ཆོས་མེད་རྣམས་ལས་རབ་ཏུ་ལེགས།།
གྲྭ་ཆས་ལ་རྟེན་ཆོད་བྱེད་ཡིན་སྙམ་ཡོད།།
ཆོས་གོས་འཆང་བཞིན་བུད་མེད་བསྟེན་ན་ཡང་།།
ཉམས་པའི་དགེ་སློང་ཡིན་ཞེས་མཁས་རྣམས་བཞེད།།
བསྐལ་བཟང་དུས་སུ་ཡོངས་རྫོགས་བསྲུངས་བ་ལས།།
བསྐལ་ངན་དུས་སུ་སྣ་འགའ་བསྲུང་ལེགས་གསུངས།།
རབ་ཏུ་འབྱུང་བར་ངེས་འབྱུང་སྐྱེས་པ་དགོས།།
དེ་བས་རབ་ཏུ་འབྱུང་ལ་རང་དབང་དགོས།།
རབ་བྱུང་མི་ཐུབ་རབ་རྫུ་བྱེད་པ་ལས།།
མི་སྐྱ་དགེ་བསྙེན་བྱས་ཏེ་འདུག་ན་ལེགས།།
གཉིས་མོས་ཀྱིས་འཁྲིག་པ་སྤྱོད་པ་དེ་ཁྲིམས་དང་མཐུན་པ་རེད། གྲྭ་བཙུན་ཡིན་ཀྱང་རུང་མི་སྐྱ་ཡིན་ཀྱང་རུང་། བཙན་གཡེམ་དང་ལོ་ཚད་མ་ལོན་པར་འཁྲིག་པ་སྤྱོད་པ་སོགས་ཕོ་མོ་སུ་ཞིག་ཡིན་ཀྱང་ཁྲིམས་འགལ་རེད། གཅིག་ནི་ཁྲིམས་མཐུན་རེད། གཅིག་ཤོས་ཏེ་ཁྲིམས་འགལ་རེད། ཁྲིམས་མཐུན་གྱི་བྱ་བ་དེ་དག་བདག་པོས་བཀའ་བཀྲོལ་མེད་པར་ལྐོག་ནས་གཟུགས་བརྙན་སོགས་བླངས་ཏེ་སྤེལ་ན་ཁྲིམས་འགལ་ཡིན་པས་གཟབ་དགོས་སོ། ཁྲིམས་འགལ་གྱི་བྱ་བ་དེ་དག་བརྙན་པར་སོགས་སུ་ཕབ་ནས་བདེན་དཔང་དུ་ཉར་ན་ལུགས་དང་མཐུན་པ་རེད། །
གོ་ཐོས་ལ་ཕྱི་རྒྱལ་དུ་བཞུགས་མཁན་དགེ་ལུགས་ཀྱི་དགེ་བཤེས་ཞིག་གིས་རྙིང་མའི་སྔགས་པ་ཞིག་ལ་ཁྱོད་ཚོ་ཆང་འཐུང་བ་དང་སྐྱེས་དམན་ལ་འཁྲིག་པ་སྤྱད་པས་བསྟན་པ་ལ་ཞབས་འདྲེན་ཞུས་རབས་ཀྱི་སྐྱོན་བརྗོད་བྱས་པར་སྔགས་པ་དེས་ང་ཚོ་འཇིག་རྟེན་ན་ཆོག་པ་ཚོ་བྱེད་ཀྱིས་ཡོད་ཁྱེད་དགེ་བཤེས་ཚོ་མི་ཆོག་པ་བཙུན་ཆུང་ལ་བཙན་གཡེམ་བྱེད་པ་དང་ད་དུང་བཙུན་ཆུང་གི་ཆེད་དུ་གསོད་རེས་བྱེད་ཀྱིས་ཡོད་ལུགས་བརྗོད་སྐབས་དགེ་བཤེས་ཁ་བཙུམ་ནས་བསྡད་དགོས་པ་བྱུང་འདུག་གོ།
ད་ བོད་མིའི་ དགྲ་བོ་ དེ་ རྒྱ་གཞུང་ མིན་པར་ བོད་ཀྱི་ ཆོས་པ་ཚོ་ ཡིན་པ་ འདྲ། ཧཧཧཧ།། །།
bonjourའུ་ཐུག་པ་རེད། གྲྭ་པ་ལོག་ནས་ད་དུང་གྲྭ་ཆས་གྱོན་དགོས་ཡོད་ཟེར་བ་འདི། སློབ་གྲྭ་ཐོན་ནས་ད་དུང་སློབ་གྲྭའི་སྒྲིག་ཆས་གྱོན་དགོས་ཡོད་ཟེར་བ་དང་གཅིག་པ་མ་རེད་པས།
ཨ་ཕོ་ཚང་གི་དོན་མེད་འཐེན་འཁྱེར་གྱི་གཏམ་ཞིག་བཤད་བདའ། དེ་བཞིན་འདིའི་སྡོམ་པ་ཆལ་བའི་སྐོར་གླེང་མ་ཐག དྲ་གྲོགས་འགའ་ཤས་ལམ་སེང་རྙིང་མའི་བླ་མར་སྐྱོན་བརྗོད་བྱེད་པར་གོ་བཞིན་གདའ། གནོངས་དེ་གང་ནས་ཡོང་བ་རེད་དམ།
ང་ཚོ་རྙིང་མའི་རབ་འབྱུང་དང་སྔགས་ཀྱི་སྡེ་རྣམས་སྡོམ་པ་རང་སྲུང་ཡིན། སུ་གཅིག་ལ་ངོ་གནོངས་མི་དགོས་པ་ཡིན།
ཡ་མཚན་པ་ཞིག་ལ། མི་རེ་གཉིས་ནས་དཔེ་གད་མོ་ཤོར་བ་རེ་བཞག་འདུག དགོན་པ་ནས་བུད་པའི་གྲྭ་བ་དང་། སློབ་གྲྭ་ནས་བུད་པའི་སློབ་མ་གཉིས་ཀ་འགྲིག་ལམ་ཀྱི་གྲལ་ནས་བུད་ཚར་བ་རེད། འགྲིག་ལམ་གྱི་གྲལ་ནས་ཐོན་ཚར་དུས་གོན་པ་ཅི་ཞིག་གོན་མིན་ཁོང་ཚོའི་རང་དབང་རེད་། སུ་ཞིག་གིས་འགྲིག་ལམ་འཇོག་ཐུབ་གྱི་མ་རེད། གྲྭ་བ་དགོན་པ་ནས་བུད་ཚར་ནས་ད་དུང་གྲྭ་བ་ཡིན་ཁུལ་གྱིས་གྲྭ་ཆས་གྱོན་ན། མིག་ལ་མཛེས་པོ་ཡོད་མེད་ཇི་ལྟར་རུང་སོ་སོའི་འདོད་པ་ལྟར་རེད། སུ་ཞིག་གིས་འགྲིག་ལམ་འཇོག་པའི་ཐོབ་ཐང་ཡོད་པ་མ་རེད། རྒྱུ་མཚན་ནི་འགྲིག་ཁོངས་ན་མེད་པས་སོ། །
་་་་་་་་་་་་ ང་ཚོ་རྙིང་མའི་རབ་འབྱུང་དང་སྔགས་ཀྱི་སྡེ་རྣམས་སྡོམ་པ་རང་སྲུང་ཡིན། སུ་གཅིག་ལ་ངོ་གནོངས་མི་དགོས་པ་ཡིན། ་་་་་་་་་་ ཟེར་ན།
བསོ་རྒྱལ་རིན་པོ་ཆེ་དང་། ས་སྐྱོང་གཉིས་པོ་ཡང་སྡོམ་གཙང་དང་དམ་གཙང་རེད་དམ།
་
ཡང་། གྲྭ་པ་ལོག་ཚར་ན། གྲྭ་ཆས་གྱོན་པའི་ཐོབ་ཐང་མེད་པ་ནི། ཁ་གསལ་པོ་རེད། འོནད་ཀྱང་གྲྭ་པ་ལོག་ཀྱང་། གྲྭ་ཆས་མ་གྱོན་ན་རང་གི་ཚོར་མ་འཁྱོལ་ན་དམིགས་བསལ་མིན་འགྲོ་ཨ། ཧ་ཧ།། །།
བླ་ཆེན་གྱི་ཚོགས་འདུའི་སྐབས་འཁྲིག་སྤྱོད་དང་མཉམ་དུ་ཕམ་པ་གཞན་
མ་བྱིན་ལེན་དང་མི་ཆོས་བླ་མའི་རྫུན་དང་སྲོག་གཅོད་ངེས་པར་དུ་བཀའ་བསྡུར་གནང་དགོས་འདུག་ བོད་པའི་བླ་མ་གྲ་པའི་ནང་གཞུང་ལ་འཕྲལ་མ་སྤྲད་པར་ནག་ཚོང་རྒྱབ་མཁན་དང་ང་གཅིག་གི་སྤྲུལ་པ་ཡིན་གཉིས་ཀྱི་སྤྲུལ་པ་ཡིན་ཟེར་མཁན་དང་ད་དུང་བླ་མ་དམག་མི་ལ་ཕྱིན་་ནས་འབྱོན་རབས་བརྗོད་མཁན་དེ་འདྲ་འདུག་གོ།
ཡ་མཚན་པ་ཞིག་ལ། མི་རེ་གཉིས་ནས་དཔེ་གད་མོ་ཤོར་བ་རེ་བཞག་འདུག དགོན་པ་ནས་བུད་པའི་གྲྭ་བ་དང་། སློབ་གྲྭ་ནས་བུད་པའི་སློབ་མ་གཉིས་ཀ་འགྲིག་ལམ་ཀྱི་གྲལ་ནས་བུད་ཚར་བ་རེད། འགྲིག་ལམ་གྱི་གྲལ་ནས་ཐོན་ཚར་དུས་གོན་པ་ཅི་ཞིག་གོན་མིན་ཁོང་ཚོའི་རང་དབང་རེད་། སུ་ཞིག་གིས་འགྲིག་ལམ་འཇོག་ཐུབ་གྱི་མ་རེད། གྲྭ་བ་དགོན་པ་ནས་བུད་ཚར་ནས་ད་དུང་གྲྭ་བ་ཡིན་ཁུལ་གྱིས་གྲྭ་ཆས་གྱོན་ན། མིག་ལ་མཛེས་པོ་ཡོད་མེད་ཇི་ལྟར་རུང་སོ་སོའི་འདོད་པ་ལྟར་རེད། སུ་ཞིག་གིས་འགྲིག་ལམ་འཇོག་པའི་ཐོབ་ཐང་ཡོད་པ་མ་རེད། རྒྱུ་མཚན་ནི་འགྲིག་ཁོངས་ན་མེད་པས་སོ། །f
ངོ་མ་ཡ་མཚན་བཤད་འདུག ཡིན་ནའང་འདུལ་གཞུང་གི་འགྲོ་སྟངས་རྩ་བ་ནས་མ་ཤེས་པ་པའམ་ཤེས་བཞིན་དུ་ཁྱད་དུ་གསོད་སོ་སོ་ལ་རགས་ལས་པ་བདེན་པ་རེད། ནང་པ་སངས་རྒྱས་པའི་བསྟན་པའི་བསྟན་གྲལ་དང་ཡང་དགོས་བོད་ཀྱི་ཆོས་བརྒྱུད་དང་ཆོས་ལུགས་ཀྱི་གྲལ་དུ་སྡོདཁུལ་བྱས་ན་སོ་སོའི་ཆོས་ལུགས་ཀྱི་བླ་མའི་བཀའ་ལ་བརྩི་དགོས། དེ་ཡིན་དུས་དམ་ཆོས་འདུལ་བ་དང་མཐུན་པའི་ཕྱག་ལས་ཞིག་གནང་ཐུབ་ན་བསྟན་པ་སྤྱི་ལ་ན་རླབས་ཆེ་བ་ཡོད་པ་ཤེས་ལྡན་ཀུན་གྱིས་གླེང་བཞིན་པ་འདི་རེད། དེ་ཆོས་ལུགས་བྱེ་བྲག་པའི་སྐད་ཆ་གང་ཡང་མ་རེད།
ང་ལ་ཐབས་ཤེས་ཅིག་ཡོད། ང་ཚོས་དར་ཆ་ནག་པོ་བཟོས་ནས། བླ་མ་དང་སྤྲུལ་སྐུ་རྒྱོ་ལ་དགའ་བ་དེ་ཚོ་གྲྭ་ཆས་གྱོན་ན། དར་ཆ་ནག་པོ་འདྲེན་དགོས། ཡང་ན་ཁ་བཏགས་ནག་པོ་བཟོས་ནས། ཁོང་ཚོར་གཡོག་དང་གཞི་ནས་གྲྭ་ཆས་ཕུད་ཐུབ།
ཁྱེད་ཚོས་དངོས་གནས་མ་ཤེས་པ་ཡིན་ནམ། ཡང་ན་ཤེས་ནས་མ་ཤེས་ཁུལ་བྱས་པ་ཡིན། ང་ཚོར་རྒྱལ་ཁབ་ཡོད་པ་མ་རེད། བསྒྲིག་ཁོངས་ན་མེད་པའི་གྲྭ་བ་ཚོར་སྡོམ་པ་ཡོད་མེད་སུ་ཡིས་དབྱེ་འབྱེད་བྱེད་ཐུབ། གྲྭ་ཆས་གྱོན་མི་ཆོག་ཟེར་བས་ཁྲིམས་ལག་བསྟར་ཇི་ལྟར་བྱེད། གལ་ཏེ་གྲྭ་བ་མིན་ཀྱང་ཡིན་ཁུལ་བྱས་ནས་སྡད་ན་ཁྲིམས་བཟོ་མཁན་སུ་ཞིག་ཡིན། ལུང་པ་གང་ཡིན་ཀྱང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ན་གྲྭ་བ་དགོན་པ་ནས་བུད་ཚར་རྗེས་གྲྭ་ཆས་གོན་མི་ཆོག་ཟེར་བའི་ཁྲིམས་ཤིག་མེད་ན་ཐག་གཅོད་ཇི་ལྟར་བྱེད། འབྲུག་པ་འདྲ་ཞིག་ཡིན་ན་རང་བཙན་རྒྱལ་ཁབ་རེད། རྩ་ཁྲིམས་ནང་ན་མེད་ན་། ཡོད་པར་བཟོ་བཅོས་རྒྱབ་ཆོག་གི་རེད། ང་ཚོར་དེ་འདྲ་ཡོད་པ་མ་རེད། སྨོན་ལམ་རྒྱབ་ཏེ་སྡོད་རྒྱུ་རང་རེད། ཧ་གོ་སོང་། །
xxx་འདྲ་བོ་ཚོ། ཡག་པོ་ཞིག་ཉོན། དགོན་པ་ག་གེ་མོའི་གྲྭ་བ་ག་ག་གེ་མོར་སྡོམ་པ་ཡོད་པ་མ་རེད་ཟེར་བའམ། བཙུན་དགོན་ག་གེ་མོའི་ཨ་ནེ་ག་གེ་མོར་སྡོམ་པ་ཡོད་པ་མ་རེད་ཟེར་མཁན་མང་པོ་ཞེ་དྲག་འདུག བསྒྲིག་ཁོངས་ན་གནས་བཞིན་པའི་གྲྭ་བཙུན་ཚོ་གཙང་མ་བྱེད་མ་ཐུབ་ན། བསྒྲིག་ཁོངས་ན་མེད་པའི་གྲྭ་བཙུན་འཁྱམས་པོ་ཚོ་ཇི་ལྟར་གཙང་མ་བྱེད་ཐུབ༏ སྤྱིར་དགོན་ནང་ན་གནས་བཞིན་པའི་གྲྭ་བཙུན་ཚོར་འགྲིག་ལམ་དམ་པོ་འཇོག་རྒྱུ་ཧ་ཅང་ལས་སླ་བོ་རེད། འོན་ཀྱང་འགྲིག་ལམ་དམ་པོ་འཇོག་གི་མི་འདུག ཁྱེད་ཚོར་དངོས་གནས་ལྷག་བསམ་ཡག་པོ་ཞིག་ཡོད་ན་བླ་ཆེན་ཚོའི་ཚོགས་འདུ་སྐབས་དགོན་པའི་འགྲིག་ལམ་ཇེ་དམ་དུ་གཏོང་རྒྱུ་དང་གྲྭ་བཙུན་སྡོམ་པ་མེད་མཁན་ཚོ་དགོན་པ་ནས་ཕུད་རྒྱུ་དེ་རེད། འདི་ནི་ལག་ལེན་ཏུ་བསྟར་རྒྱུ་ལས་སླ་བོ་རེད་ལ་གལ་ཆེན་ཀྱང་རེད། ཧ་གོ་སོང་ངམ། །
དང་པོ་བླ་མ་དང་མཁན་པོ་ཆོས་ཤོད་མཁན་དེ་ཚོ་ནས་འགོ་ཚུགས་ན་རིམ་བཞིན་གྭ་པ་དམངས་ལ་བལྟ་ཆོག བསྟན་པ་མགོ་ནས་གཤིག་ཡོང་གི་ཡོད་སྟབས། དང་པོ་དེ་ལ་གདོང་ལེན་བྱེད་དགོས་སྙམ།
གྲྭ་པ་ མ་ཡིན་པར། གྲྭ་ཆས་ གྱོན་ བསྡད་མཁན་ མང་ཆེ་བ་ རྙིང་མ་པ་ དང་། བཀའ་བརྒྱུད་པ་ རེད། མ་གཏོགས ་ས་སྐྱ་པ་དང་ དགེ་ལུགས་པའི་ ནང་ལ་ ཕལ་མེད་པ་ ལྟ་བུ་རེད་ འདུག འདུལ་བའི་ ནང་ལ་ རྟགས་ཙམ་གྱི་ གྲྭ་པ་ གསུངས་པ་ ཡང་ ཡོད་རེད།
ཆོས་དབྱིངས་ལགས། རྫུན་བཤད་ནའང་ཚད་གཞི་ཞིག་ཡོད་པ་རེད། ཁྱེད་ཀྱི་རྫུན་ཏེ་ཧ་ཅང་ཐལ་འདུག ཁྱོད་ཀྱིས་ཡིག་འཁྱོག་ཅིག་འབྲི་ཤེས་པ་དེ་ལས་ངན་བསགས་པའི་རྒྱུ་རུ་གྱུར་འདུག མི་འདི་འདྲ་ལ་སྙིང་རྗེ་མི་སྒོམ་ན། སུ་ལ་སྒོམ་དགོས་པ་རེད། །
རྒྱལ་བ་རིན་པོ་ཆེར་དོན་མེདསྙོན་འཛུགས་བྱེད་མཁན་ནི་དོལ་རྒྱལ་སྟེན་མཁན་དང་རྒྱ་ནག་དམར་ཤོག་གཉིས་ལས་མེད། ཆོས་དབྱིངས་བསྟན་འཛིན་ཟེར་བ་འདི་དེ་གཉིས་གང་རུང་ཞིག་ཡིན་པར་ངེས། དེའི་ནང་ནས་དོལ་རྒྱལ་སྟེན་གསོལ་བ་ཡིན་པ་ཤིན་དུ་ངེས།
ཚང་མས་བདེན་བདེན་མོ་འདྲ་ཞིག་བཤད་འདུག།
གསེར་དང་དངུལ་སྒོར་གྱི་ནག་ཚོང་བརྒྱབ་མཁན་ལ་མ་བྱིན་ལེན་གྱི་ཕམ་པ་ཕོག་གམ?
སྤྲུལ་སྐུ་རྫུན་མ་ལ་མི་ཆོས་བླ་མའི་ཕམ་པ་ཕོག་གམ་?
སྤྲུལ་སྐུ་རྫུན་མ་བཟོ་མཁན་ལ་མི་ཆོས་བླ་མའི་ཕམ་པ་ཕོག་གམ་?
འདུལ་བ་ཡོད་དུས་སྡོམ་པ་མེད་ སྡོམ་པ་ཡོད་དུས་འདུལ་བ་མེད་ཟེར་བ་མི་བདེན་ནམ?
ཁྱེད་ཀྱི་གསུངས་པ་ཚང་མ་བདེན་པ་རེད། དེ་དག་ཚང་མར་ཕོག
བོད་བསྟན་པ་ཆབས་སྲིད་ལ་སྨན་པའི་དགོངས་འཆར་འདྲ་ཡོད་ན་མ་གཏོགས་སྤྱི་ཚོགས་གཏོར་ཤིགས་ཀྱི་ངན་འཚང་འདྲ་མ་གསུངས་རོགས་ཞུ།
ཆབ་སྲིད་ལ་སྨན་པ་ཐུབ་ཤེས་ལགས་ལ་གསུངས་རྒྱུ་ཡོད་ན་བློ་སེང་དང་སྤེན་ཚེ་གཉིས་ལ་གསུང་རན་འདུག་. འདིར་གླེང་བཞིན་པ་ནི་ཆོས་ཕྱོགས་སྡོམ་པ་ཡོད་མེད་དང་བསྟན་པ་སུས་བཤིག་དང་མ་བཤིག་གི་སྐོར་རེད་ བསྟན་པ་གྲ་དམངས་དཀྱུས་མ་ནས་བཤིག་པ་ལ་བསྟན་པའི་དབུ་ལ་བཞུགས་མཁན་རྣམས་དང་མི་མང་ཚང་མས་ཁ་རྡུང་བཏང་གིས་འདུག་. བསྟན་པ་དབུ་ནས་བཤིག་མཁན་རྣམས་ལ་སྡོམ་པ་ཡོད་མེད་མ་གླེང་པས་སྤྱི་ཚོགས་མི་འཁྲུགས་པར་ཕན་པར་འདོད་ནའང་བསྟན་པ་སྤྱི་ལ་གནོད་པ་རེད་. གང་ཡིན་ཟེར་ན་བསྟན་པའི་རྩ་བ་ཆོས་འདུལ་བ་རེད་འདུལ་བའི་ཉམས་ལེན་ལ་བསླབ་པ་རྒན་རིམ་མ་གཏོགས་གོ་ས་དང་
དབང་ཆ་ཆེ་ཆུང་ཡོད་མ་རེད་དོ།
༄༅། ཆོས་བྱེད་མ་ཐུབ་ན་ཕྱུ་པ་གྱོན་ནས་མི་སྐྱའི་ལུགས་སུ་སྤྱོད།
ཆོས་དང་འཇིག་རྟེན་གཉིས་ཕྱོགས་ནས་བརྒལ་བའི་མ་རབས་སྤྱོད་པ་སྤྱི་ཚོགས་ནང་
སྤེལ་བ་ཞབས་འདྲེན་རེད། ཆོས་པའི་ཞབས་འདྲེན་མིན་ན་ཅི།
ཨ་པ་གྲ་ཆས་གྱོན་ནས་ཆོས་ཁྲིའི་སྟེང་དུ་བསྡད། སྐྱེས་དམན་ཕྲུ་གུ་འཁྱེར་ནས་ཆོས་ཁྲིའི་ཟུར་དུ་བསྡད།
བསྡད་པ་གཉིས་ལ་ལྟོས་དང་ཆོས་ཁྲིམས་བརྒལ། བརྒལ་བ་གཉིས་པོ་མཐོང་དུས་སེམས་རེ་སྐྱོ།
སངས་རྒྱས་ཆོས་ལ་རྩེད་མོ་མ་རྕེ་ཨང །
ནང་པའི་ཆོས་དེ་རྩེད་ཆས་མ་ཡིན་ལགས།
བོད་པའི་ཞབས་འདྲེན་ནང་པའི་ཞབས་འདྲེན་རེད།
ཞབས་འདྲེན་བཞག་དགོས་རྒྱུ་མཚན་ཡོད་ན་ཤོད།
ཕ་ཞུགས་བུ་འཛིན་རེད་དོ།