ལོག་སྨྲ་ཚར་གཅོད།
ངས་ནམ་རྒྱུན་དགོན་པའི་ནང་དུ་སྡོད་སྐབས་སྒྲིག་ཆས་ཙམ་ལས་ཕྱི་ལོག་ཏུ་འགྲོ་སྐབས་གྲྭ་པའི་རྩེ་ཞྭ་དེ་དང་སྟོད་འགག་གཟན་གསུམ་གྱོན་པའི་གོམས་གཤིས་དེ་ཙམ་མེད། དེས་རྐྱེན་པས་རང་ལ་དགའ་ཞེན་ཆེ་བའི་གྲོགས་པོ་རྣམས་དང་དགོན་པ་གྲྭ་ཚང་ཆོས་ལུགས་སོགས་ལ་སྙིང་ཉེ་བའི་མི་རྣམས་ཀྱིས་དེ་གསུམ་གྱོན་དགོས་པའི་བསླབ་བྱ་གོ་བཀོན་དང་འབྲེལ་མ་གྱོན་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲི་བ་གཅིག་རྗེས་གཉིས་མཐུད་དུ་བཏང་དང་གཏོང་བཞིན་འདུག་མོད། དེ་ནི་ཁོང་རྣམ་པས་ངའི་སེམས་ངོགས་ན་ཡོད་པའི་རྒྱུ་མཚན་ངོ་མ་དེ་མ་ཤེས་པས་ལེན་པ་ལོས་ཡིན།
སྟོན་པས་མ་གནང་ལ་འདུལ་བ་ནས་མ་བཤད་ཅིང་དགེ་སྦྱོང་གི་འཚོ་བའི་ཡོ་བྱེད་བཅུ་གསུམ་གྱི་ཁོངས་སུ་མ་གཏོགས་པའི་རང་རེ་བོད་ཀྱི་གྲྭ་ཆས་དེ་ཚོར་ཞིབ་གཟིགས་ཤིག་བྱོས་དང་། གྲྭ་པ་གཅིག་གི་ཆས་གོས་རྣམས་ཁུར་ན་གཡག་རྒྱབ་ཅིག་དང་གྱོན་ན་ལུས་པོས་ཁྱོག་ཚད་ཅིག་ལ་རང་གིས་གྱོན་ཏེ་གཞན་གྱིས་བལྟས་ན་གདོན་འདྲེ་མངོན་སུམ་འདྲ་བ་ཞིག་ཡོད་དེ། སྔ་མོར་ཇོ་བོ་རྗེས་བོད་ལ་ཐོག་མར་ཕེབས་སྐབས་བོད་ཀྱི་བླ་གྲྭ་རྣམས་ཀྱིས་ཁོང་ལ་བསུ་བར་བྱས་པར་མཐོང་དུས་ཇོ་བོས་བོད་ཀྱི་གདོན་འདྲེ་སླེབས་སོང་གསུངས་ནས་རེ་ཞིག་བྲོས་སོང་བའི་ལོ་རྒྱུས་ཡོད་པ་བཞིན་རེད། ཡང་སྒོས་ལྷག་པར་དུ་རྩེ་ཞྭ་དང་སྟོད་འགག་གཟན་དམར་དེ་གསུམ་ནི་དམག་ཆས་ཡིན་གྱི་གྲྭ་ཆས་ཤིག་ག་ནས་ཡིན།
དེ་ཡང་གསུམ་པོ་འདི་རྣམས་སྔ་དུས་རོ་མན་གྱི་གོང་རིམ་དམག་དཔོན་རྣམས་ཀྱི་དྲག་པོའི་ཆས་གོས་རྫིག་ཉམས་བསྟན་བྱེད་གཙོ་བོ་དེ་ཆགས་ཡོད་ལ། དེ་ནི་སི་པཱ་ཊ་ཀེ་སུ་(Spartacus)ཞེས་པའི་དཔའ་རྒོད་དེས་རོ་མན་ལ་ཁ་གཏོད་གདོང་ལེན་ཇི་ལྟར་བྱས་པའི་ལོ་རྒྱུས་ནས་ཤེས་ཡོང་བ་ཞིག་རེད། སྤྱི་ལོ་སྔོན་གྱི་ལོ༢༥༠ཡས་མས་ཤིག་གི་ནང་། རྒུ་རིག་རྒྱལ་ཁམས་དེ་བཞིན་རོ་མན་གྱིས་མངའ་འོག་ཏུ་བཅུགས་ཤིང་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་བྲན་གཡོག་སོགས་ངན་དགུ་ཡོད་ཚད་བྱས་ཏེ། མཐར་རོམ་གྱིས་རྒུ་རིག་སོགས་ཡོ་རོབ་ཀྱི་ཡུལ་གྲུ་མང་པོར་དབང་སྒྱུར་བྱས་པའི་ངན་འབྲས་སུ་མི་རྣམས་ཀྱི་སེམས་ཁམས་ལ་དམག་ཆས་འདི་གྱོན་མཁན་ལ་ཞེད་སྣང་དང་དམག་འཁྲུག་གི་བག་ཆགས་ངན་པ་ཡོད་བཞིན་དུ་ང་ཚོའི་བོད་ཀྱི་གྲྭ་པས་ད་དུང་དམག་ཆས་འདི་རྣམས་གྱོན་ནས་ཡུལ་གྲུ་དེ་དག་ལ་ཕྱིན་པ་ཡིན་ན་འཚེ་མེད་ཞི་བདེ་ཡི་བག་ཆགས་འཇོག་རྒྱུའི་ཚབ་ལ་ཐད་ཀར་དམག་འཁྲུག་དང་ཞེད་སྣང་གི་ཚོར་བ་ཞིག་སྟེར་ངེས་ཡིན།
དཀའ་ངལ་འདིའི་འོག་ནས་དེ་སྔོན་༧གོང་ས་མཆོག་གིས་ཀྱང་བོད་ཀྱི་གོས་ཆེན་སྟོད་འགག་སོགས་གྲྭ་ཆས་རྫིག་པོ་རྣམས་ལ་དགག་པ་ཡང་ཡང་བསྐྱོན་གནང་ཡོད། དེར་བརྟེན་ང་ཚོས་གོང་གི་གྲ་ཆས་དེ་གསུམ་ལ་འགྲེལ་བཤད་སྙིང་རྗེ་པོ་ཞིག་མི་རྒྱག་ཀ་མེད་ཆགས་ཡོད། སྲོག་འཕྲོག་མཁན་གྱི་མདའ་མོ་ལ་ང་ཚོའི་བོད་ཀྱི་དགེ་འདུན་པས་ཚེ་སྲིང་བྱེད་ཀྱི་ཡོ་བྱེད་མདའ་དར་དང་ཚེ་མདའ་སོགས་བསྒྱུར་བ་བཞིན་མི་གསོད་མཁན་རོ་མན་གྱི་དམག་མིའི་ཆས་གོས་རྣམས་མི་མི་གསོད་པའི་གྲྭ་པའི་རྩེ་ཞྭ་སྟོད་འགག་གཟན་གསུམ་ལ་བསྒྱུར་བ་རེད་ཅེས་བཤད་ན་མ་གཏོགས། དོན་དངོས་ནང་བཞིན་བོད་ཀྱི་དགེ་འདུན་པས་རྫིག་ཉམས་བསྟན་ཆེད་རོ་མན་གྱི་དམག་ཆས་གྱོན་པ་རེད་ཅེས་སུས་བཤད་ཕོད་དམ།
ང་ཚོའི་གྲྭ་ཆས་དེ་ཚོའི་འབྱུང་ཁུངས་ལ་དབྱེ་ཞིབ་རེ་གནང་ན་གསལ་བོ་ཆགས་ཡོང་གི་རེད་པ། དེ་མིན་དམག་ཆས་ཡིན་པ་དང་དེ་ཆོ་མེད་ཅང་མེད་ཡིན་ཚུལ་བཤད་བསྡད་ལ་བར་མ་དཀྱིལ་ཞིག་ནས་བཤད་པ་ལས་ལུས་ཡོད་པར་མགོ་མེད་པ་ལྟར་སྣང་གི སྤྱིར་ཡག་པོ་བྲིས་གནང་འདུག་པས་བཀའ་དྲིན་ཆེ་ཞུ།
འདིའི་སྐོར་སྔར་ཡང་བགྲོ་གླེང་ཐེངས་མང་བྱས་སོང་། འདྲ་བའི་ཆོས་རྣམས་དངོས་མ་ཡིན།
བ་མིན་བ་ལང་གི་ཕྲུ་གུ་ཡིན་དོན་མེད། སྟག་ཞི་མི་ཡི་ཕ་རྒན་ག་ལ་ཡིན།
ལྷ་ཁང་སྟེང་གི་གསེར་ཏོག་དེ་ཨ་མྱེས་ཁྲོ་ཐུང་གི་འཇེ་ཡི་ཏོག་ལ་དཔེ་ལྟོེས་ཏེ་བཟོས་པ་ཡིན་ཁོ་ཐག་རེད།
ཧ་ཧ་ཧ་།
མིན་པའི་བདེན་དཔང་ཡོད་ན་ཁུར་ཤོག
བོད་རྒྱུད་ནང་བསྟན་པའི་རྗེས་འཛིན་པའི་གྲྭ་བ་ཚོས་གྱོན་པའི་གྲྭ་ཆས་དེ་དམིགས་བསལ་བ་ཞིག་རེད་འདུག་ག དེ་ནང་པའི་དགེ་འདུན་གཞན་དང་རྩ་བ་ཉིད་ནས་མི་མཚུངས་ཤིང་ཤཀྱའི་བཀའ་གང་ལས་ཀྱང་ལུང་དུ་མ་བསྟན་པའི་གྲྭ་ཆས་དེ་ཚོར་ཞིབ་འཇུག་ངེས་པར་དགོས་གལ་མཐོང། འདི་ཡི་རིགས་རྩ་བ་ཉིད་ནས་སྦས་སྐུང་བྱས་ནས་བསྡད་ན་གང་ནས་འགྲིག ངེས་པར་དུ་རྩད་གཅོད་ཞིབ་འཇུག་དགོས་པར་མཐོང།
བོད་བརྒྱུད་ནང་བསྟན་གྱི་ཆས་གོས་མི་འདྲ་བ། རྒྱ་ནག་གི་ནང་བསྟན་གྱི་ཆས་གོས་མི་འདྲ་བ། ཀོ་རི་ཡའི་ནང་པའི་ཆས་གོས་མི་འདྲ་བ། འབར་མ་དང་ཐའི་ལནྜ་གྱི་སོགས་ཀྱི་ཆས་གོས་མི་འདྲ་བ་མང་པོ་འདུག བོད་པ་གཅིག་པུ་རེད་མི་འདུག དེ་ལ་ཧ་ལས་རྒྱུ་མི་འདུག་བནྡེ་ལགས།
བོད་པའི་གྲྭ་ཆས་འདི་ང་ཚོ་དང་ཧ་ཅང་ཁ་ཐག་རིང་བའི་རོ་མན་དང་གྷི་རི་སི་ལྟ་བུའི་རྒྱལ་ཁབ་དེ་དག་གི་དྲག་ཆས་ལ་མཐའ་གཅིག་དོགས་སློང་བྱེད་དགོས་དོན་ཨེ་ཡོད་བསམ་སོང་མོད་ཡིན་ཡང་སོག་པོའི་གྱོན་གོས་ཀྱི་ཁྲོད་ན་ང་ཚོས་ཞིབ་འཇུག་བྱེད་དགོས་ས་མང་གི
འདིར་ཟིན་བྲིས་པ་ཁོང་ཉིད་གྲྭ་པ་ཡིན་པ་གཞིར་བཞག་གིས་བྲིས་འདུག་ཀྱང་། ཅི་སྟེ་ཡིན་པའི་ཟོལ་བྱས་པ་ཞིག་ཡིན་ན་རྫུན་གྱི་འགོ་འཛུགས་པའི་ཟིན་བྲིས་ཞིག་ལ་མཆན་འདེབས་པ་ངལ་བའི་རྒྱུ་ལས་མ་འདས་མོད། དོན་འདི་ང་ལ་ལྐོག་ཏུ་གྱུར་པས་རྣམ་དབྱེ་བྱ་ཐབས་མེད། དེའི་ཕྱིར་རེ་ཞིག་དང་པོའི་དབང་དུ་བྱས་ཀྱང་དོན་དག་མང་པོ་ཞིག་མགོ་མ་ཚོས་པར་ལྷག་འདུག་ལ། མཆན་པ་མང་པོས་ཟིན་བྲིས་པས་ཕྱོགས་ལ་འཐད་པའི་འཐེ་བོང་བསྟན་འདུག
གནས་ཚུལ་ཁ་ཤས་ལ་འགྲེལ་བཤད་ངས་ཀྱང་བྱེད་འདུག་པས་གང་འཇོན་ཞུ་རྒྱུ་ཡིན། ལོ་རྒྱུས་དཔེ་ལ་བཞག་པ་དེ་མི་འཐད་དེ། ཇོ་བོ་ཆེན་པོས་བོད་ཀྱི་གདོན་འདྲེ་སླེབས་གསུངས་པ་དེ་བོད་པའི་གྲྭ་ཆས་ལ་གསུངས་པ་མིན་གྱི། བོད་ཀྱི་གྲྭ་པས་སོག་པོའི་མི་ཆེན་དག་གི་ཕྱོགས་ཆས་སུ་བྱས་པ་དག་གཟབ་སྤྲོས་ལ་བརྩིས་ནས་གྱོན་ནས་ཕེབས་བསུར་བཅར་བས་ཇོ་བོས་མི་དགྱེས་པའི་གསུང་གནང་བ་ཡིན། དེ་ཡིན་པ་ནི། དེའི་རྗེས་ཚང་མས་བོད་ཀྱི་གྲྭ་ཆས་བསྣབས་ནས་བྱོན་པས་ཇོ་བོས་དགྱེས་ཉམས་ཆེན་པོ་གནང་བ་དེ་གས་མཚོན་ནོ།། ལྷག་པར་དུ་གཟན་གྲྭ་ཆས་སུ་སངས་རྒྱས་ཀྱིས་ལུང་མ་བསྟན་པར་སྨྲ་བ་ནི་འཚོ་བའི་ཡོ་བྱད་མིང་གོ་བ་ཙམ་ལས་གང་དང་གང་ཡིན་ངོས་འཛིན་མ་ཐུབ་པས། གསར་རྟགས་ཆེན་པོ་ཡིན་ཏེ། ( ‘གསར་རྟགས་’ ཞེས་པ་གྲྭ་སར་འཛིན་གྲྭ་གཞོན་པ་ཚོས་རང་གིས་བལྟ་རྒྱུ་ཡིན་པའི་གཞུང་གི་ནང་དོན་ཡག་པོ་མ་ཤེས་པར་ཚོད་ཚོད་བྱས་ནས་རྒན་པར་རྟགས་བསལ་འཕེན་སྐབས་ནོར་འཛོལ་བྱུང་ན་འཕྱ་ལད་རྒྱག་རྒྱུའི་ཐ་སྙད་ཅིག་ཡིན།) འཚོ་བའི་ཡོ་བྱད་ནང་གི་རྔུལ་གཟན་ཞེས་པ་དེ་ད་ལྟ་ང་ཚོས་སྤྱོད་བཞིན་པའི་གཟན་འདི་ཉིད་མ་ཡིན་ན། དེ་ལས་གཞན་ཇི་འདྲ་ཡོད་པ་ཁྱོད་ཀྱིས་སྨྲོས་ཤིག
དེ་ནས་སྟོད་འགག་དེ་ཡང་སངས་རྒྱས་ཀྱིས་དངོས་སུ་གྱོན་པར་མ་བཅས་ཀྱང་བཀག་པ་ནི་རྩ་བ་ནས་མ་ཡིན་ཏེ། བཀག་པ་ནི་མི་རུང་བ་བཞིའི་སྒོ་ནས་དགག་དགོས་པ་ལས་དེ་གང་ཡང་མེད་པས་སོ།། ད་དུང་སྟོད་འགག་ལ་མཚོན་རྒྱུ་མང་པོ་ཞིག་ཡོད་དེ། གླང་པོ་ཆེའི་རྣ་བ་འདྲ་བ་དེ་ནི་རྒྱ་གར་གནས་བརྟན་རྣམས་ཀྱི་བཀའ་དྲིན་དྲན་པ་དང་། དེ་ལ་འཕྲི་སྐུད་སྔོན་པོ་བཏང་བ་ནི་བོད་ཀྱི་འདུལ་བའི་བསྟན་རྒྱུན་ཉག་ཕྲའི་སྐབས་རྒྱའི་གནས་བརྟན་དག་གི་ཁ་སྐོང་གི་གྲོགས་མཛད་པས་དེའི་བཀའ་དྲིན་དྲན་པ་དང་། ལྟག་པ་སེང་གེའི་དཔུང་པ་དང་འདྲ་བར་ཡོད་པ་ནི་ཚུལ་ཁྲིམས་རྣམ་དག་དང་ལྡན་ན་ངན་སོང་དུ་སྐྱེ་བའི་བག་ཚ་བ་མེད་ཅེས་བརྡ་སྟོན་པ་སོགས་གོ་རྒྱུ་མང་།
ཞྭ་མོའི་འགྲེལ་བཤད་ངས་ཡག་པོ་མི་ཤེས་མོད་སངས་རྒྱས་ཀྱིས་གནང་བ་མ་གཏོགས་བཀག་ཡེ་མ་ཡིན་པ་ནི། ཉེས་བྱས་ཀྱི་སྐབས། ཞྭ་མ་ཡིན་པའི་གོས་ཀྱིས་མགོ་བསྟུམས་པ་ལ་ཉེས་བྱས་སུ་གསུངས་པས་གོ་ནུས་སོ།།
འདིར་ཟིན་བྲིས་པ་ཁོང་ཉིད་གྲྭ་པ་ཡིན་པ་གཞིར་བཞག་གིས་བྲིས་འདུག་ཀྱང་། ཅི་སྟེ་ཡིན་པའི་ཟོལ་བྱས་པ་ཞིག་ཡིན་ན་རྫུན་གྱི་འགོ་འཛུགས་པའི་ཟིན་བྲིས་ཞིག་ལ་མཆན་འདེབས་པ་ངལ་བའི་རྒྱུ་ལས་མ་འདས་མོད། དོན་འདི་ང་ལ་ལྐོག་ཏུ་གྱུར་པས་རྣམ་དབྱེ་བྱ་ཐབས་མེད། དེའི་ཕྱིར་རེ་ཞིག་དང་པོའི་དབང་དུ་བྱས་ཀྱང་དོན་དག་མང་པོ་ཞིག་མགོ་མ་ཚོས་པར་ལྷག་འདུག་ལ། མཆན་པ་མང་པོས་ཟིན་བྲིས་པས་ཕྱོགས་ལ་འཐད་པའི་འཐེ་བོང་བསྟན་འདུག
གནས་ཚུལ་ཁ་ཤས་ལ་འགྲེལ་བཤད་ངས་ཀྱང་བྱེད་འདུག་པས་གང་འཇོན་ཞུ་རྒྱུ་ཡིན། ལོ་རྒྱུས་དཔེ་ལ་བཞག་པ་དེ་མི་འཐད་དེ། ཇོ་བོ་ཆེན་པོས་བོད་ཀྱི་གདོན་འདྲེ་སླེབས་གསུངས་པ་དེ་བོད་པའི་གྲྭ་ཆས་ལ་གསུངས་པ་མིན་གྱི། བོད་ཀྱི་གྲྭ་པས་སོག་པོའི་མི་ཆེན་དག་གི་ཕྱོགས་ཆས་སུ་བྱས་པ་དག་གཟབ་སྤྲོས་ལ་བརྩིས་ནས་གྱོན་ནས་ཕེབས་བསུར་བཅར་བས་ཇོ་བོས་མི་དགྱེས་པའི་གསུང་གནང་བ་ཡིན། དེ་ཡིན་པ་ནི། དེའི་རྗེས་ཚང་མས་བོད་ཀྱི་གྲྭ་ཆས་བསྣབས་ནས་བྱོན་པས་ཇོ་བོས་དགྱེས་ཉམས་ཆེན་པོ་གནང་བ་དེ་གས་མཚོན་ནོ།། ལྷག་པར་དུ་གཟན་གྲྭ་ཆས་སུ་སངས་རྒྱས་ཀྱིས་ལུང་མ་བསྟན་པར་སྨྲ་བ་ནི་འཚོ་བའི་ཡོ་བྱད་མིང་གོ་བ་ཙམ་ལས་གང་དང་གང་ཡིན་ངོས་འཛིན་མ་ཐུབ་པས། གསར་རྟགས་ཆེན་པོ་ཡིན་ཏེ། ( ‘གསར་རྟགས་’ ཞེས་པ་གྲྭ་སར་འཛིན་གྲྭ་གཞོན་པ་ཚོས་རང་གིས་བལྟ་རྒྱུ་ཡིན་པའི་གཞུང་གི་ནང་དོན་ཡག་པོ་མ་ཤེས་པར་ཚོད་ཚོད་བྱས་ནས་རྒན་པར་རྟགས་བསལ་འཕེན་སྐབས་ནོར་འཛོལ་བྱུང་ན་འཕྱ་ལད་རྒྱག་རྒྱུའི་ཐ་སྙད་ཅིག་ཡིན།) འཚོ་བའི་ཡོ་བྱད་ནང་གི་རྔུལ་གཟན་ཞེས་པ་དེ་ད་ལྟ་ང་ཚོས་སྤྱོད་བཞིན་པའི་གཟན་འདི་ཉིད་མ་ཡིན་ན། དེ་ལས་གཞན་ཇི་འདྲ་ཡོད་པ་ཁྱོད་ཀྱིས་སྨྲོས་ཤིག
དེ་ནས་སྟོད་འགག་དེ་ཡང་སངས་རྒྱས་ཀྱིས་དངོས་སུ་གྱོན་པར་མ་བཅས་ཀྱང་བཀག་པ་ནི་རྩ་བ་ནས་མ་ཡིན་ཏེ། བཀག་པ་ནི་མི་རུང་བ་བཞིའི་སྒོ་ནས་དགག་དགོས་པ་ལས་དེ་གང་ཡང་མེད་པས་སོ།། ད་དུང་སྟོད་འགག་ལ་མཚོན་རྒྱུ་མང་པོ་ཞིག་ཡོད་དེ། གླང་པོ་ཆེའི་རྣ་བ་འདྲ་བ་དེ་ནི་རྒྱ་གར་གནས་བརྟན་རྣམས་ཀྱི་བཀའ་དྲིན་དྲན་པ་དང་། དེ་ལ་འཕྲི་སྐུད་སྔོན་པོ་བཏང་བ་ནི་བོད་ཀྱི་འདུལ་བའི་བསྟན་རྒྱུན་ཉག་ཕྲའི་སྐབས་རྒྱའི་གནས་བརྟན་དག་གི་ཁ་སྐོང་གི་གྲོགས་མཛད་པས་དེའི་བཀའ་དྲིན་དྲན་པ་དང་། ལྟག་པ་སེང་གེའི་དཔུང་པ་དང་འདྲ་བར་ཡོད་པ་ནི་ཚུལ་ཁྲིམས་རྣམ་དག་དང་ལྡན་ན་ངན་སོང་དུ་སྐྱེ་བའི་བག་ཚ་བ་མེད་ཅེས་བརྡ་སྟོན་པ་སོགས་གོ་རྒྱུ་མང་།
ཞྭ་མོའི་འགྲེལ་བཤད་ངས་ཡག་པོ་མི་ཤེས་མོད་སངས་རྒྱས་ཀྱིས་གནང་བ་མ་གཏོགས་བཀག་ཡེ་མ་ཡིན་པ་ནི། ཉེས་བྱས་ཀྱི་སྐབས། ཞྭ་མ་ཡིན་པའི་གོས་ཀྱིས་མགོ་བསྟུམས་པ་ལ་ཉེས་བྱས་སུ་གསུངས་པས་གོ་ནུས་སོ།། མུ་འཐུད་བགྲོ་གླེང་གནང་རོགས།
གྲོགས་དབྱངས་ཅན་འབངས་ལགས་སོགས་པ་རྣམས་གསོན་དང་། བོད་ཀྱི་སྟོད་འགག་སྐོར་ལ་བཤད་མཁན་མང་བས་ཚང་མར་རོབ་ཙམ་བལྟས་སྐབས། རོ་མན་དམག་ཁྲབ་ལ་དཔེ་བལྟས་མིན་མི་མཐུན་པ་འདུག་ཀྱང་དེ་གཉིས་ཧ་ཅང་གི་གཅིག་པ་འདྲ་པོ་ཡོད་པ་ཚང་མས་ཁས་བླངས་འདུག་པས་ཁྱེད་ཀྱིས་ཀྱང་ཁས་ལེན་དགོས་སོ། དམ་ཆོས་འདུལ་བ་ནས་བཤད་པའི་དགེ་སློང་གི་ཆས་གོས་དེ་རྣམས་གང་དྲན་དྲན་ཞིག་མིན། དེ་ཚོར་རུང་བ་དང་ཚད་ལྡན་གཉིས་རེ་ཚང་དགོས་པ་སྟོན་པ་རང་གིས་བཅས་པ་ཡིན་ཞིང་རུང་བ་ལ་རྒྱུ་རུང་བ་དང་ཁ་དོག་རུང་བ་གཉིས། ཚད་ལྡན་ལ་རྔུལ་གཟན་གྱི་ཆེ་ཚད་ཁྲི་དྲུག་ལས་ལྷག་པ་མེད་ཀྱང་བོད་ཀྱི་གྲྭ་གཟན་ནི་ཁྲི་བཅུ་དྲུག་ལས་ཀྱང་བརྒལ་འདུག་པས་འཚོ་བའི་ཡོ་བྱེད་བཅུ་གསུམ་ནང་དུ་གང་ཡང་མིན་པར་ངེས་དགོས། རོ་མན་གྱི་རྟ་དམག་དཔོན་པོའི་སྟོད་རྒྱབ་ཏུ་འཕྱང་བའི་གཟན་རིང་དེ་ནི་མི་ཐོག་ནས་རྟ་ཐོག་དང་རྟ་ཐོག་ནས་ས་ཐོག་བར་རེག་རྒྱུ་ཡོད་པ་ཞིག་རླུང་བུས་རྒྱང་དུ་གཡོ་རྒྱུ་ཡོད་པ་ཞིག་འདུག་པས་དེར་དཔེར་བླངས་པ་ཐག་ཆོད་ཆོད་པ་རེད། རྩེ་ཞྭ་ནི་རོ་མན་གྱི་དམག་ཞྭ་དང་འདྲ་བ་ཙམ་མ་ཟད་ཕལ་ཆེར་གཅིག་ཡིན་ཟེར་ན་ཆོག་པས་དཔེར་བླངས་མིན་དོགས་པ་དང་རྩོད་པ་མི་དགོས་པ་ཡིན།
གོང་ནས་དགེ་འདུན་རྒྱ་མཚོ་ལགས་ཀྱིས་བཤད་པ་གནད་ལ་ཁེལ་འདུག མཚུངས་ཆོས་ཅུང་ཙམ་ཡོད་ན་དེ་ཡིན་པའི་ངེས་པ་ཞིག་གང་ན་ཡོད། ནང་པའི་ཡུལ་གྲུ་དག་གི་གྲྭ་བའི་ཆས་གོས་ཀུན་གཅིག་མཚུངས་ཡིན་ཞིང་བོད་གཅིག་པོའི་གྲྭ་ཆས་མ་འདྲ་བ་ཞིག་ཡིན་ན་དེ་ལྟར་དོགས་སློང་བྱེད་ཆོག་ཀྱང་དེ་འདྲ་ནི་མ་རེད། གླེང་རིན་མི་འདུག
གོང་དུ་ཁྲི་དྲུག་ཅེས་པ་ནི་དག་ཆ་ནོར་འདུག་པས་ཁྲུ་དྲུག་ལ་ཆོས་རོགས།
ད་ལྟ་གྱོན་བཞིན་པའི་གཟན་རིང་འདི་ནི་རྔུལ་གཟན་དང་རྔུལ་གཟན་གྱི་གཟན་གཉིས་ཡུག་གཅིག་ལ་འཐུད་པ་ཙམ་ལས། དོན་ལ་འཚོ་བའི་ཡོ་བྱད་གཉིས་ཡིན། དེ་ཡང་ཁ་བའི་ལྗོངས་སུ་གནམ་གཤིས་གྲང་ཆེ་བས་བོད་ཀྱི་འདུལ་འཛིན་གོང་མ་རྣམས་ཀྱིས་ཕྱག་ལེན་དེ་ལྟར་མཛད་པ་ཤེས་དགོས་པ་ཡོད་དོ།།
ཆས་གོས་ཇི་ལྟར་ཡིན་རུང། བོད་པ་ཡིན་ན། སྔར་བོད་ཀྱི་རིག་གཞུང་ལ་གཅེས་པ། མདོ་སྨད་པ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་མཛད་པ་བཞིན་དུ། བོད་ཀྱི་ཡི་གེར་ཁ་སྐད་མ་ཤོར་བ་དགོས། དིང་སང་སྔར་ལས་ལྷག་པ་འབྲི་མཁན་མང་པོ་ཡོད་ཀྱང་། དེ་དག་གིས་ཁ་ནས་གང་འཐོན་པ་དེ་གཙོ་བོར་བྱེད། དག་ཡིག་སྦྱོང་དགོས་སྙམ་པ་མེད། སྔོན་གྱི་སྒྲ་གདངས་ཁ་ནས་འཐོན་དཀའ། ལྷག་པར་དུ། སའི་རྗེས་འཇུག་དང་། ཡང་འཇུག་ཁ་ནས་འཐོན་དཀའ་བས། ཕྱི་ལོགས་ཞེས་པའི་མིང་ཚིག་ཙམ་ཡང་། དག་པར་འབྲི་བ་ལ་འབད་བརྩོན་མེད་པ། བོད་ཀྱི་བརྡ་དག་སྔ་སྲོལ་ལས་ཉམས་པ་ཁ་རུ་ཁྱེར་ནས། བོད་ཀྱི་གྲྭ་པའི་ཆས་ལ་འཕྱས་འདོགས་པ་རུང་བ་མ་ཡིན། བོད་ཀྱི་གྲྭ་པའི་ཆས་གོས་ཇི་ལྟར་བྱུང་བ་ཡིན་རུང་། ད་ལྟར་མི་འཚེ་བའི་སྲོལ་འཛིན་པ་པོས་གྱོན་པ་ལ་རྩི་བཀུར་བྱེད་དགོས། གཅན་གཟན་གྱི་པགས་རིགས་གྱོན་ནས་འབྱོར་ལྡན་ཡིན་པར་ངོམས་སོ་རྒྱབ་པ་ལ་ཇོ་བོ་རྗེ་ཐུགས་ཕམ་པ་ཐག་ཆོད། ཅེས་སོ།
དམག་ཆས་དང་གྲུ་ཆས་ཁ་ཁར་མ་ཤེས་ན་ཏྰ་ལས་དང་བྷོ་ཤུ་ཡང་ཁ་ཁར་ཤེས་རྒྱུ་མ་རེད། ཧ ཧ
གཞན་དཔེ་ཞིག་བོད་ལ་དར་བ་ཡིན་ན། དཔེ་དེ་དང་པོ་བོད་ལ་འདྲེན་མི་སུ་རེད། ཨ།
མཐོང་རྒྱ་དག་ཙམ་བསྐྱེད་ཀྱང་།། ལྐུག་པར་དཔྱོད་ཤེས་མེད་ན།
ཡོད་ཚད་ཡིན་ཤག་བྱས་ནས།། ར་མགོ་ལུག་སྦྱར་བྱེད་ཀི།
དེ་མིན་འཛམ་གླིང་ལ་ཁ་མདོག་དར་བའི་དར་ཚུལ་དེ་ཡང་ཤེས་དགོས་བ་རེད།
དེ་ནས། བཟོ་ལས་དར་ཚུལ་སོགས་ལ་རྒྱུས་ཡོད་གནང་ན། དེ་ནས། ལོག་སྨྲ་བའི་ལྐུག་ཞྭ་ཕུད་རན་པ་རེད་ཐལ། ཧ་ཧ། སྔ་མ་ཞིག་ལ་ཚང་མས་གོས་སུ་ཤིང་ལོ་གྱོན་པ་རེད། དེ་ཁྱེད་རང་གིས་མཁྱེན་ཡོད་མེད་མི་ཤེས།
འདྲ་བོ་འདྲོ་རིག་ན་དགོད་སྤྱད་ཟེར་བ་ལས།
འདྲ་བོ་འདྲ་བོ་རིག་ན་ལུང་འདྲེན་བྱེད་ནི་དཀོན་པོ་དཀོན་པོ་རེད་དོ། ཤ་ཉེ།
ཐུབ་པའི་རྗེས་འཇུག་རྣམས་གྲྭ་ཆས་དང་དམག་ཆས་གཅིག་པ་ཡིན། དམིགས་གསལ་དོགས་སློང་བྱེད་དགོས་ས་གང་ཡང་མེད་དོ།
འདྲ་པོ་འདྲ་པོ་ལྷ་སའི་ཁྲོམ་ལ་ཡོད།།
ལོག་སྨྲ་འདྲ་པོ་བི་ཧར་ཡུལ་ལ་འདུག།
གྲྭ་པ་དང་དམག་མི་འདྲ་པོ་འདུག དམག་དཔོན་དང་བླ་མ་འདྲ་པོ་འདུག གྲྭ་ཆས་དང་དམག་ཆས་འདྲ་པོ་འདུག དམག་དང་ཆོས་འདྲ་པོ་འདུག མ་འདྲ་ས་གཅིག་དེ་གྲྭ་པ་ཡག་པོ་རེད་དམག་མི་སྡུག་ཅག་རེད། དེར་བརྟེན་གྲྭ་པ་སྐྱབས་སུ་མཆིས་རེད། དམག་མི་སྐྱག་པ་བཟོ་རེད།
ཨ་རྐྱང་རྩེད་མོ་ཡིན་། རོ་མེན་གྱི་དམག་ཆས་མི་འདྲ་བ་མང་པོ་ཡོད་པའི་ཁུངས་ནས་འདྲ་ཤོས་དེ་ཁྱེར་ཡོང་། དེ་དང་འདྲ་བ་ཙམ་རྒྱུ་མཚན་དུ་བྱས་ནས་བོད་པའི་གྲྭ་ཆས་འདི་དེ་ལས་དཔེ་བླངས་ནས་བཟོས་པ་རེད་ཟེར་བ་དེ་རྩེད་མོ་མིན་ན། ལོག་སྨྲ་ཚར་གཅོད་ཡིན་ནམ་ལོག་སྨྲའི་རྗེས་འཇུག་ཅི་ཡིན་ཐེ་ཚོམ་སྐྱེ་བའི་གཞི་རེད་འདུག་ད།
སྔོན་དུས་སུ་བོད་ཀྱི་བླ་གྲྭ་ཚོས་གྱོན་པའི་སྟོད་འགག་གི་རྒྱུ་ཆར་བེད་སྤྱོད་པའི་གོས་ཆེན་ཡག་པོ་དེ་ཚོ་ར་ཤི་ཡ་ནས་ནང་འདྲེན་བྱས་པ་ཡིན་འདུག དེ་ཡང་གཙོ་བོར་ར་ཤི་ཡའི་ཡེ་ཤེའི་Orthodox ཆོས་དཔོན་ཚོས་གྱོན་སྲོལ་ཡོད་པའི་བེར་དེ་དག་གི་རྒྱུ་ཆ་རེད་འདུག དེ་དང་རོ་མན་གྱི་དམག་ཆས་བར་ན་འབྲེལ་བ་འདྲ་ཡོད་དམ།
འདྲ་བ་ཙམ་གྱིས་དཔེ་བླངས་པར་ཁས་འཆེ་དགོས་ན་མི་ཡང་འདྲ་བ་མང་པོ་འདུག་པས་དེ་ཚོ་ཡང་གཅིག་ནས་གཅིག་དཔེ་བླངས་ཏེ་བཟོས་པར་འདོད་དགོས་སམ། ཧ་ཧ་ཧ་
ཧ་ཧ། དཔྱད་སྟངས་བཙོག་གི མི་ལའང་མིག་གཉིས་དང་ཁ་གཅིག་འདུག་པས། མི་ཟོག་རེད་ཅེས་པ་དང་ཅིས་མི་འདྲ། ཧ་ཧ།
གོང་ནས་བཤད་པ་ལྟར་རེད། དེར་ཞིབ་འཇུག་ནན་མོ་བྱེད་ཐུབ་ན་ཡག་པོ་འདུག་བསམ་གི དོན་མེད་དུ་ཀི་བཏབ་ན་སྙིང་བོ་ཡོད་ནི་མ་རེད།
ཨ་ཕྱི་ཆོས་སྒྲོན་ནི་འཁན་ཆེན་སླ་མ་དཔལ་གྱེས་བསྡོ་རྗེ་རེད། ཁྱེད་ཀྱི་གོང་ས་མཆོག་ལ་གུས་ཞབས་མེད་པ་ཏ་ལས་ཞེས་པ་རྒྱ་དམར་ཚིག་དེ་བེད་ཆོད་མ་བྱེད་རོགས།
བདེ་མོ་ཁ་བརྡ་གྲ་བ་བཞུགས་པ་རྣམས།
མཁན་ཆེན་བླ་མ་ཟེར་བ་དེ་ཆོས་བ་ཡིན་མདོག་དང་མཁས་བ་ཡིན་མདོག་བྱེད་མཁན་ཞིག་རེད།རྒྱལ་བ་རིན་པོ་ཆེ་དང་ཀརྨ་པ་རྣམ་གཉིས་ལ་ཁ་གཏོང་མཁན་ངར་བ་ཞིག་རེད།དབྱིན་ལན་ན་ཆོས་ཚོགས་ཤིག་ཡོད་ནི་རེད་ཟེར།ཕྲག་དོག་གི་དུག་ཆུ་འཐུང་ཡོད་མཁན་ཞིག་རེད།བོད་གཞུང་གི་ཆབ་སྲིད་ཀྱི་སྐོར་ལའང་ཁ་བཏང་བ་གྲངས་མང་།དེ་ཡག་པོ་ཞིག་མ་རེད།
མཆན་སྤེལ་མཁན་ཚོ་ལ་བཀའ་དྲིན་ཆེ།
རྣམ་པ་ཚོས་ཕྱི་གསལ་ནང་གསལ་གྱིས་གསང་རྒྱ་འགྱེད་པར་གནང་འདུག
ཡིན་ན་ཡང་ཕུ་མདའ་གང་ནས་བཤད་ཀྱིན་ཡོད་པ་ནི། ཤེས་པར་དཀའ།