ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༧ པ་ཙམ་ལ་བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན། རང་ལོ་༢༨ ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་རྨོག་རི་དགོན་པའི་ཉེ་འདབས་ཀྱི་(འདན་ལུང་མདོ་)སུམ་མདོའི་ལམ་ཆེན་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་རྗེས་ཁོང་གི་སྐུ་ཕུང་ཡར་དགོན་ནང་དུ་གདན་འདྲེན་བྱས་ཡོད་ཀྱང་རྒྱ་གཞུང་གིས་བཙན་ཕྲོག་བྱེད་པར་དོགས་ནས་མཚན་མོ་དེ་རང་ལ་ཞུགས་འབུལ་བྱས་ཡོད་འདུག
གནས་ཚུལ་དེ་བྱུང་རྗེས་རྨོག་རི་དགོན་པ་དང་ཉེ་འདབས་ཀྱི་གྲོང་པ་ཁག་ཚང་མར་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས་དམ་བསྒྲགས་ནན་མོ་བྱས་ཡོད་འདུག འདི་ནི་ཀླུ་ཆུ་རྫོང་ཁོངས་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དྲུག་པ་དེ་ཡིན་ཞིང་། རྒྱལ་གཅེས་དཔའ་བོ་ཚང་མ་སྐུ་གྲོངས་ཚར་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཁོང་ནི་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་རྨོག་རི་སྡེ་བའི་ཕ་ལྷ་ཁོ་དང་། མ་ལྷ་མོ་འཚོ་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ལ་ཕ་གཅིག་པའི་མིང་སྲིང་བདུན་ཡོད་པའི་ནང་གི་ཆུང་ཤོས་དེ་ཁོང་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྨོག་རི་དགོན་པར་ཆོས་ཞུགས་བྱས་ཏེ་དགོན་པའི་འཆར་ཅན་གྱི་ཆོ་ག་ཕྱག་ལེན་དང་། འདོན་པ་བློ་འཛིན་སོགས་ཀྱི་རིམ་པ་ཚང་མ་མཐར་ཕྱིན་ཏེ། དེང་སྐབས་ཐུན་མོང་བའི་རིག་གནས་ཁག་དང་། ནང་དོན་རིག་པ་སོགས་ལ་སློབ་སྦྱོང་གནང་མུས་ཡིན་འདུག
རྨོག་རི་དགོན་བསམ་འཕེལ་གླིང་(དགེ་ལྡན་བྱམས་འཕེལ་གླིང་)ནི་ཟམ་ཚ་གསེར་ཁྲི་འཇིགས་མེད་ནམ་མཁས་ཕྱི་ལོ་༡༧༨༠ ལོར་ཕྱག་བཏབ་མཛད་ཅིང་། རྒྱུད་སྟོད་གྲྭ་ཚང་གི་ཕྱག་ལེན་ངོས་གཙང་ཚུགས། ཕྱིས་སུ་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ནས་ཁྲི་བ་དང་དགེ་རྒན་བསྐོ་གཏོང་གནང་སྲོལ་བྱུང་བ་ནས་ད་ལྟའི་བར་གནང་མུས་ཡིན་ཞིང་། དགེ་འདུན་པའི་ཞལ་གྲངས་༩༠ བཞུགས་པ་དང་། དེང་སྐབས་ཀྱི་ཟམ་ཚ་གསེར་ཁྲི་འདི་བ་སྐུ་ཕྲེང་བདུན་པ་ཡིན་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༨ ལ།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་པོའི་ཐུགས་རྗེས་སྐྱོང་བར་ཤོག །
གསོན་པོ་འཚོ་དབང་མི་འདུག ཤི་བོ་དུར་དབང་མི་འདུག ངོ་མ་ཞེ་སྡུག་གི
ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔
གླེན་ཞད་ཅན་གྱི་དཔའ་བོ་ཁྱེད་ནི་རུས་ཐལ་སྦར་མོ་གང་དུ་གྱུར།།
གསོན་ལས་ཤི་དགའ་ལམ་ཐིག་སྐྱ་མོ་ང་ཚོ་བོད་མིའི་ལས་དབང་རེད།།
རྣམ་ཤེས་བརྒྱ་ཡི་ཁུར་གྱིས་ནོན་པའི་ཤུལ་ལུས་བོད་མིའི་སྡུག་རྒན་མ།།
གདོང་གི་མིག་ཆུ་ལག་པས་འཕྱི་བཞིན་ཁྱེད་ཀྱི་ཕྱོགས་ལ་རྒྱངས་བལྟ་བྱེད།།
ཀླ་ཀློ་དག་ལ་གཤིན་དགེ་ཡོད་མ་ཡིན།།
དམར་སྲུང་དམག་གིས་ཏང་གླུ་མ་བླངས་མོད།།
གཞན་ཕྱིར་བདག་ཉིད་བཏང་བས་བདེན་སྟོབས་ཀྱིས།།
འགྲོ་བ་རྣམས་ལ་རང་དབང་ཐོབ་པར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུྃ
ཨོཾ་མ་ཎི་པདྨེ་ཧཱུྃ
ཨོཾ་མ་ཎི་པདྨེ་ཧཱུྃ
དམ་པ་ཁོང་སེམས་ཤུགས་ཆེ་ཁར་ཁོང་གི་སྐུ་ཕུང་ལ་བདག་གཅེས་ཞུ་མཁན་རྣམས་ཀྱང་ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད་། གུས་པས་དམ་པ་རྣམས་ལ་སྙིང་ཁོང་རུས་པའི་གཏིང་ནས་མྱང་ངན་ཞུ་བ་དང་ཆབས་ཅིག་གཞིས་བཞུགས་རྣམས་ལ་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་རྒྱུ་ཡིན།།
རྒྱ་ནག་གི་ལས་སྟངས་འདུག་སྟངས་འདི་ལ་ཞིབ་འདང་རེ་བྱས་ན། ཨ་མ་མ་གཏོགས་མི་ངོ་དང་ཐབ་ཀ་མ་གཏོགས་ས་ངོ་མི་ཤེས་བའི་རྒྱ་འདྲེ་འདི་ཚོས། ལག་པས་སྐྱག་པ་བཙུར་ན་སྐྱག་པ་འཇུར་བ་དང་། ལག་པས་སྐྱག་པ་ཕྱིས་ན་སྐྱག་པ་དག་པ་གཉིས་ཀྱི་དབྱེ་བ་མི་ཤེས་ཚོད་ལ་ལྟོས་ན། དགྲ་བོ་རྒྱ་དམར་ཚང་འདི་བསམ་བློ་རྗེས་ལུས་དང་ཐབས་ཇུས་རྗེས་ལུས་བ་ཞིག་ཡིན་པ་གསལ་པོ་ཪེད། དུས་རབས་ཀྱི་རྗེས་མི་ཆོད་པའི་མི་རིགས་རྗེས་ལུས་བ་འདི་ཚོ་ལ་མྱི་རིན་རེ་སྟེར་ནས་བསྡད་ན་གྱོང་རེད་ཡ།
ཚེ་སྲོག་བོད་མིར་འཐུམ་པའི་རིགས་ཞེན་དཔའ་བོ་ལ་གུས་ཕྱག་འབུལ།