རྩོམ་པ་པོ། དུང་དཀར་ཡོན་ཏན་རྒྱ་མཚོ།
སྟོན་པ་མཉམ་མེད་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། གྲྭ་ཕྲུག་ཆུང་ཆུང་ཚོའང་རིག་གནས་དང་ཤེས་རིག་སྣ་ཚོགས་ཡོད་སའི་དགོན་པ་དང་སློབ་གྲྭ་གཞན་ལ་འགྲིམ་དགོས་ཏེ། དཔེར་ན་དགོན་པ་ཆུང་ཆུང་རེ་མ་གཏོགས་ས་མི་ཤེས་ཆོ་ག་ཕྱག་ལེན་ཙམ་མ་གཏོགས་ཆོས་མི་ཤེས་ན། དེ་ནི་འཇིག་རྟེན་གྱི་ཁ་དཔེར། གོ་ཁ་མ་གཏོགས་ས་མི་ཤེས་ཕ་མ་མ་གཏོགས་ངོ་མི་ཤེས་ཞེས་པ་བཞིན། དུས་རབས…་ཉེར་གཅིག་པའི་ནང་འདིར་དོན་དངོས་སུ་དེ་འདྲ་ཡིན་ན་དེ་ནི་གནའ་བོའི་སྒོམ་ཆེན་པ་དག་དང་གཅིག་མཚུངས་རེད།
ཡིན་ནའང་་ཕྱི་ཚུལ་ཙམ་ལས་ནང་གི་ཉམས་ལེན་དང་རྟོགས་པ་དེ་བཅོས་མ་ཞིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད། འདི་ལྟར་ནང་བསྟན་ཚན་རིག་ཅན་དང་གོ་ལ་ཕུང་གཅིག་ཅན་དུ་འགྱུར་བཞིན་པའི་སྒང་འདིར་ནང་བསྟན་གྱི་རྗེས་འཇུག་དང་རྒྱུན་འཛིན་མཁན་ཚོ་འདི་ལྟར་བསྡད་པ་ཡིན་ན། དེ་ཉེན་ཁ་ཆེ་ཤོས་དང་བསམ་བློ་དམན་ཤོས་སུ་ཆགས་འགྲོ་གིན་ཡོད་པ་རེད། དེ་བས་དགོན་སྡེ་ཆུང་ཆུང་ཤེས་ཡོན་དང་སློབ་གཉེར་གྱི་ཆ་རྐྱེན་ཞན་ས་དག་གིས་བཀོད་སྒྲིག་དང་སྒྲིག་ལམ་ཡོད་པའི་ངང་ནས་གྲྭ་ཕྲུག་ལོ་གཞོན་ཚོའི་མ་འོངས་པའི་འཇོན་ཐང་དང་དུས་རབས་ཀྱི་ནང་བསྟན་པ་ཞིག་བྱ་རྒྱུའི་ཆེད་དུ། རྩ་བ་མ་བོར་བའི་སྟེང་ནས་སྐད་རིགས་སྣ་ཚོགས་དང་ཐ་ན་ཚན་རིག་གི་སྦྱང་ཚན་སོགས་ཡོད་པའི་དགོན་སྡེ་ཆེན་པོ་དང་སློབ་གྲྭ་སོགས་སུ་མངགས་རྒྱུ་དེ་ཧ་ཅང་གི་གལ་ཆེན་དུ་མཐོང་གིན་འདུག
དེ་མིན་གྲྭ་བ་རྒན་པ་ཚོས་དུས་རབས་ཀྱི་འགྲོས་དང་ཤེས་རིག་གི་ཚ་རླབས་སོགས་མང་པོ་ཞིག་མ་མཁྱེན་པར། གྲྭ་ཕྲུག་ཚོར་དགོན་པའི་ཕྱི་རོལ་ལ་འགྲོ་མི་ཆོག་པ་དང་ཕྱིའི་སློབ་གྲྭར་དེ་བས་ཀྱང་འགྲོ་མི་ཆོག དེ་མིན་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་ཁོ་ནར་བསླབ་ནས་རང་མགོ་ཐོན་ཙམ་གྱིས་གྲོང་ཆོག་གི་དམིགས་ཡུལ་འཛིན་དགོས་པ་ལྟ་བུའི་སློབ་གསོ་གཏོང་བ་སོགས་ནི་མདོར་ན་ཤ་མ་ཚ་བ་དང་སྒེར་སེམས་ཆེ་བའི་བསམ་བློ་ཞིག་ལས་གང་ཡང་མེད་པ་དེ་རྟོགས་དགོས། དེ་ཙམ་མ་ཡིན་པར་དོན་ངོ་མར་ནང་བསྟན་རིན་པོ་ཆེ་འདིའི་ཆེད་དང་དགེ་བ་རླབས་པོ་ཆེ་རེ་སྒྲུབ་རྒྱུའི་ཆེད་དུ་རབ་ཏུ་བྱུང་བ་ཡིན་ན་ད་ནི་ཤེས་རབ་ལ་བརྩོན་དགོས་པ་རེད། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་སྟེ།། ཞེས་གསུངས་པ་ནང་བཞིན་ནང་བསྟན་གཞུང་ལུགས་ཟབ་མོའི་རྩ་བ་མ་བོར་བའི་སྟེང་ནས་རིག་པའི་གནས་ལྔ་སོགས་ལ་སློབ་པར་བྱ་དགོས་པ་རེད།
ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྙེགས་ན་འང་ཐོས་པ་དང་ཤེས་རབ་རླབས་པོ་ཆེ་ཞིག་ལ་མ་བརྟེན་པར་འབད་མེད་ལྷུན་གྲུབ་ཏུ་ཤར་ཡོང་རྒྱུ་ཞིག་མེད་པ་དེ་མཁྱེན་གསལ་རེད། སྤྱོད་འཇུག་ལས་ཀྱང་། ལུས་ཀྱིས་ལེགས་པར་སྤྱད་པར་བྱ།། ཚིག་ཙམ་བརྗོད་པས་ཅི་ཞིག་ཕན།། ཞེས་དང་། ལྷོ་བྲག་ཕྱག་རྡོར་གྱི་རྣམ་ཐར་ལས་ཀྱང་། ཁ་ཡི་ཆོས་ཀྱིས་འཚང་མི་རྒྱ། ཞེས་གསུངས་པ་ནི་ཐོས་བསམ་དང་སྒོམ་པ་མེད་པའི་ཉམས་ལེན་ནམ་ཡང་ན་ཚིག་ཙམ་ཁོ་ནས་བསྟན་པ་རིན་པོ་ཆེ་འཛིན་མི་ནུས་པར་གསུངས་པ་རེད་དོ།།
དེ་བཞིན་དུ་གྲྭ་བ་རྒན་པ་འགའ་རེས་ཐོས་པ་མང་དུ་ཚོལ་མི་དགོས་སྙམ་པ་དང་། ཁྱད་པར་རིག་གནས་ཐུན་མོང་བ་ལ་སློབ་མི་དགོས། དགོན་པ་འདིའི་ཆོ་ག་ཙམ་རྫོགས་པས་ཆོག་སྙམ་པ་དག་གིས་བསམ་བློ་ཞིབ་མོར་གཏོང་རན་རེད། དེ་མིན་བློ་གྲོས་དང་ལྡན་པའི་གྲྭ་ཕྲུག་ཚོ་ཐོས་བསམ་ལ་བསྐུལ་བའི་ཀུན་སློང་བཟང་པོ་ཞིག་གང་ན་ཡོད། གནའ་བོའི་ཁྱིམ་ཚང་གིས་མནའ་མ་བླངས་བ་ནང་བཞིན་གྲྭ་ཕྲུག་རང་གི་ལོགས་སུ་ཡོང་ནས་བསྡད་པ་ནི་ཟས་གཡོས་སྦྱོར་བྱེད་མཁན་དང་ཁང་བའི་ཕྱི་ནང་བདག་དམ་བྱེད་མཁན་མདོར་ན་རང་གིས་ངལ་གསོ་བྱེད་པའི་ལག་ཆ་ཞིག་ཏུ་དངོས་བཟུང་བ་རེད། འདི་ནི་ཉེས་པ་གནམ་གྱིས་མི་ཁེབས་པའི་ནོར་འཁྲུལ་དང་སྒེར་གཅོད། བྲན་གཤིས་ཡ་ང་བ་ཞིག་རེད། འོན་ཀྱང་འདི་ལྟར་ང་ཚོའི་མི་རབས་མང་པོ་ཞིག་བཞུད་ཟིན་པ་རེད། དེ་བས་གྲྭ་ཕྲུག་གསར་བུ་ཚོར་ཐོས་པའི་རང་དབང་དང་གོ་སྐབས་གང་དགོས་པ་དེ་སྤྲད་དགོས་པ་དང་། དེ་མིན་ན་བསྟན་པ་དང་འགྲོ་བ་ཡོངས་ལ་གནོད་ཆེན་པོ་བྱེད་ཀིན་འདུག
ཡང་ཆོས་པ་འགའ་ཞིག་གིས་ཐོས་པ་ནི་གསུང་རབ་ལ་ཐོས་པས་ཆོག་སྙམ་ནས་ཆོག་ཤེས་བྱེད་མོད་ཀྱི། ཤེས་རབ་དང་ཐོས་པ་ལ་ཆོག་ཤེས་མེད་ན་ས་ཆོད་དམ་ཕན་ནུས་ཆེན་པོ་ཡོད་པ་རེད། དེ་ཡང་ཇི་སྐད་དུ། དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་ཞེས་གསུངས་པ་བཞིན་འཕགས་པའི་ནོར་བདུན་གྱི་ནང་དུ་ཐོས་པ་འགྲོ་བས་ཀྱང་ཐོས་པ་གལ་ཆེ་ཞིང་ལྷག་དོན་རྗེ་བླ་མའི་རྗེས་འབྲང་རྣམས་ཀྱིས་གསུང་རབ་དང་ཤེས་བྱའི་རྣམས་གྲངས་མང་པོའི་ཚིག་དོན་ལ་འབད་དགོས་ཏེ། ཀུན་མཁྱེན་ཡེ་ཤེས་ཞེས་གྲགས་པ་དེ་ནི་ཐོས་བསམ་སྒོམ་པའི་སྟོབས་ལས་བྱུང་ཞིང་ཇི་ལྟ་ཇི་རྙེད་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པ་ཞིག་ལ་ཟེར་གྱི། ཤེས་བྱ་དང་ཆོས་དང་རིག་པའི་གནས་ཐམས་ཅད་ལ་རྨོངས་པའི་རྒྱུ་ལས་མ་བྱུང་བས་ན། དགོན་པ་དགེ་རྒན་ཨུ་ཚུགས་ཅན་ཡར་མར་ལ་གཟིགས་མི་ཤེས་པ་རེའི་མདུན་ནས་མི་ཚེ་ཟ་པ་ནི་སྡུག་བསྔལ་བླ་ན་མེད་པ་དེའོ།།
ཆོས་པ་རང་ལྟ་འཁྲེག་འཛིན་མཁན་འགའ་ཞིག་གིས་ན་རེ། ལམ་རིམ་ཆེན་མོ་ལས་ལམ་མ་ནོར་བར་བགྲོད་པ་ལ་མང་དུ་ཐོས་པ་མི་དགོས་ཞེས་གསུངས་འདུག་ཟེར་བའི་ཅལ་ཅོལ་ཡང་མང་པོ་བཤད་པ་རེད། དེའི་དོན་ནི་ནང་རིག་པའི་སྡེ་སྣོད་ལ་ཐོས་བསམ་བྱེད་དགོས་པ་ལས། སྒྲ་སྙན་ངག་རྩིས་སོགས་ཕྱིའི་རིག་གནས་ལ་ཐོས་བསམ་བྱེད་མི་དགོས་ཞེས་བསྟན་པ་རེད་ཟེར་ན། དེ་ནི་མི་འཐད་དེ། བཤད་པ་པོ་རང་ཉིད་ཀྱིས་དེ་དག་ལ་ཐོས་བསམ་བྱེད་མི་འདོད་པ་སོགས་ཀྱིས་དེ་ལྟར་བཤད་པ་ནི་ཧ་ཅང་མི་ལེགས་སོ།།
དེ་ལྟར་ན་ཆོས་ལུགས་ཀྱི་ལུང་རིག་གཉིས་ལ་འགལ་ཡོད་པ་དེ་རྟོགས་པར་གྱིས། དེ་བས་བསྟན་པའི་རྒྱུན་སྐྱོང་མཁན་དང་འགྲོ་བར་ཆོས་ཀྱི་ལམ་སྟོན་གནང་མཁན་གྱི་རྗེས་འཇུག་གྲྭ་ཕྲུག་ཚོས་ངེས་པར་དུ་རིག་པའི་གནས་དང་དེང་རབས་ཀྱི་ཤེས་བྱ་ལ་སྦྱང་པར་རིགས་སོ།
འདི་ནི་ཉེས་པ་གནམ་གྱིས་མ་ཁེབས་པའི་ནོར་འཁྲུལ་དང་སྒེར་གཅོད། བྲན་གཤིས་ཡ་ང་བ་ཞིག་རེད་. འོན་ཀྱང་འདི་ལྟར་ང་ཚོའི་མི་རབས་མང་པོ་ཞིག་བཞུད་ཟིན་པ་རེད། དེ་བས་གྲྭ་ཕྲུག་གསར་བུ་ཚོར་ཐོས་པའི་རང་དབང་དང་གོ་སྐབས་གང་དགོས་པ་དེ་སྤྲད་དགོས་པ་དང་། དེ་མིན་ན་བསྟན་པ་དང་འགྲོ་བ་ཡོངས་ལ་གནོད་ཆེན་པོ་བྱེད་ཀིན་འདུག
ཡང་ཆོས་པ་འགའ་ཞིག་གིས་ཐོས་པ་ནི་གསུང་རབ་ལ་ཐོས་པས་ཆོག་སྙམ་ནས་ཆོག་ཤེས་བྱེད་མོད་ཀྱི། ཤེས་རབ་དང་ཐོས་པ་ལ་ཆོག་ཤེས་མེད་ན་ས་ཆོད་དམ་ཕན་ནུས་ཆེན་པོ་ཡོད་པ་རེད། དེ་ཡང་ཇི་སྐད་དུ་. དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་ཞེས་གསུངས་པ་བཞིན་འཕགས་པའི་ནོར་བདུན་གྱི་ནང་དུ་ཐོས་པ་འགྲོ་བས་ཀྱང་ཐོས་པ་གལ་ཆེ་ཞིང་ལྷག་དོན་རྗེ་བླ་མའི་རྗེས་འབྲང་རྣམས་ཀྱིས་གསུང་རབ་དང་ཤེས་བྱའི་རྣམས་གྲངས་མང་པོའི་ཚིག་དོན་ལ་འབད་དགོས་ཏེ། ཀུན་མཁྱེན་ཡེ་ཤེས་ཞེས་གྲགས་པ་དེ་ནི་ཐོས་བསམ་སྒོམ་པའི་སྟོབས་ལས་བྱུང་ཞིང་ཇི་ལྟ་ཇི་རྙེད་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པ་ཞིག་ལ་ཟེར་གྱི། ཤེས་བྱ་དང་ཆོས་དང་རིག་པའི་གནས་ཐམས་ཅད་ལ་རྨོངས་པའི་རྒྱུ་ལས་མ་བྱུང་བས་ན། དགོན་པ་དགེ་རྒན་ཨུ་ཚུགས་ཅན་ཡར་མར་ལ་གཟིགས་མི་ཤེས་པ་རེའི་མདུན་ནས་མི་ཚེ་ཟད་པ་ནི་སྡུག་བསྔལ་བླ་ན་མེད་པ་དེའོ།།
ཆོས་པ་རང་ལྟ་འཁྲེག་འཛིན་མཁན་འགའ་ཞིག་གིས་ན་རེ། ལམ་རིམ་ཆེན་མོ་ལས་ལམ་མ་ནོར་བར་བགྲོད་པ་ལ་མང་དུ་ཐོས་པ་མི་དགོས་ཞེས་གསུངས་འདུག་ཟེར་བའི་ཅལ་ཅོལ་ཡང་མང་པོ་བཤད་པ་རེད། དེའི་དོན་ནི་ནང་རིག་པའི་སྡེ་སྣོད་ལ་ཐོས་བསམ་བྱེད་དགོས་པ་ལས། སྒྲ་སྙན་ངག་རྩིས་སོགས་ཕྱིའི་རིག་གནས་ལ་ཐོས་བསམ་བྱེད་མི་དགོས་ཞེས་བསྟན་པ་རེད་ཟེར་ན། དེ་ནི་མི་འཐད་དེ་. བཤད་པ་པོ་རང་ཉིད་ཀྱིས་དེ་དག་ལ་ཐོས་བསམ་བྱེད་མི་འདོད་པ་སོགས་ཀྱིས་དེ་ལྟར་བཤད་པ་ནི་ཧ་ཅང་མི་ལེགས་སོ།། དེ་ལྟར་ན་ཆོས་ལུགས་ཀྱི་ལུང་རིག་གཉིས་ལ་འགལ་ཡོད་པ་དེ་རྟོགས་པར་གྱིས། དེ་བས་བསྟན་པའི་རྒྱུན་སྐྱོང་མཁན་དང་འགྲོ་བར་ཆོས་ཀྱི་ལམ་སྟོན་གནང་མཁན་གྱི་རྗེས་འཇུག་གྲྭ་ཕྲུག་ཚོས་ངེས་པར་དུ་རིག་པའི་གནས་དང་དེང་རབས་ཀྱི་ཤེས་བྱ་ལ་སྦྱང་པར་རིགས་སོ།
(ཨེ་མ་ཧོས་མཚམས་སྦྱོར་བྱས།)
བོད་ཀྱི་བླ་སྤྲུལ་ཚོས་གྲྭ་པ་གང་མང་མང་ཡོང་ཐབས་འབད་བརྩོན་བྱས། བོད་ཀྱི་ཕོ་ཡི་གྲངས་འབོར་གྱི་བརྒྱ་ཆ་སུམ་བཅུ་ཙམ་གྲྭ་པ་ཡིན། བོད་ཀྱི་མོ་ཡི་གྲངས་འབོར་གྱི་བརྒྱ་ཆ་ལྔ་ཙམ་བཙུན་མ་ཡིན། བོད་མོ་བརྒྱ་ཆ་དགུ་བཅུ་གོ་ལྔ་ལ་ཁྱོ་ཕོ་དགོས། གྲྭ་བའི་གྲངས་འབོར་མང་སོང་བས་རྒྱུ་མཚན་གྱིས་བོད་མོ་བརྒྱ་ཆ་༢༥་ལ་བོད་པའི་ཁྱོ་ཕོ་ཡིས་འདང་གི་མེད། འདི་ནི་ཆོས་ལུགས་པས་སྤྱི་ཚོགས་ལ་བཞག་པའི་གྲུབ་འབྲས་ཤིག་རེད།
རྒྱ་དམར་གུན་ཁྲན་ཏང་གིས་རྒྱ་ནག་པོའི་ཡུལ་དུ་སྐྱེས་སྒོ་བཀག་པས་རྒྱུ་མཚན་གྱིས་མོ་ལས་ཕོ་མང་བ་ཡོད། རྒྱ་ཕོ་རེ་ལ་རྒྱ་མོ་རེ་མནའ་མ་ལེན་དགོས་ན་འདང་ངེས་མེད། རྒྱལ་སྤྱིའི་གསར་འགྱུར་ཁག་གི་གནས་ཚུལ་བྱས་ན་རྒྱ་ནག་ལ་ཕོ་ཧྲེང་ས་ཡ་༣༠་འདུག་ཟེར་ནས་བཤད་ཀྱི་འདུག འདི་ནི་གུན་ཁྲན་ཏང་གིས་སྐྱེས་སྒོ་བཀག་པའི་སྲིད་ཇུས་ཡི་མཇུག་འབྲས་རེད།
བོད་ལ་ཆོས་ལུགས་པའི་བྱས་པ་བརྟེན་ནས་མོ་མང་བ་ཡོད། རྒྱ་ནག་ལ་ཏང་གིས་བྱས་པ་ལ་བརྟེན་ནས་ཕོ་མང་བ་ཡོད། ད་ནི་འཇིགས་སྣང་ཅན་གྱི་དུས་ཚོད་རེད། བོད་མི་རིགས་རྒྱ་ལ་འགྱུར་བའི་མདུན་ལམ་རེད། ང་ནི་ངོ་མ་སྐྲག་གི་འདུག བོད་པའི་བུ་མོ་བརྒྱ་ཆ་༢༥་ཡི་ཁྱོ་ཕོ་རྒྱ་མི་ལེན་ན་རྒྱུགས་པོ་བོད་མི་རིགས་ཀྱི་ངོ་བོ་ལ་འགྱུར་བ་འགྲོ་ངེས་བསམས་ཀྱི་འདུག
བསམ་ཤེས་ཅན་ཚོས་བོད་མི་རིགས་ཀྱི་ལས་དབང་ལ་ཐུགས་བཞེས་དགོས་པ་དང་། མཁས་དབང་ཚོས་ལམ་སྟོན་གནང་དགོས་ངེས་རེད་བསམས་ཀྱི་འདུག
ངས་རེ་བ་བྱས་ན་བོད་ཀྱི་གྲྭ་པ་རྣམས་ལ་མནའ་མ་ལེན་ཆོག་པའི་ཁྲིམས་ལུགས་ཤིག་བཟོས་ན་ཡག་པོ་འདུག་བསམས་ཀྱི་འདུག གྲྭ་པ་ཚོ་ཡང་མི་རེད། ཡིན་གཅིག་མནའ་མ་མ་ལེན་པ་ཙམ་གྱིས་ཆོས་འགྲུབ་འོང་གྱི་ཅང་མེད་པ།
རྗེ་གུང་ཐང་པས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་ནས། གཞུང་ལུགས་རྣམ་པ་དག་ལ་གེགས་བྱེད་ཡིན། རྩ་བ་བོར་ནས་ཡལ་ཀ་མ་རྙོབས་ཅིག ཅེས་གསུངས་འདུག་པས། དོན་མེད་པའི་བོད་སྒྲ་སྦྱོར་བམ་པོ་ཟེར་བ་དེ་ཚོ་དོར་ན་ཡག་ཤོས་རེད།
སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁྲིམས་ལུགས་ལ་གཏོར་བཅོམ་མ་བྱེད་རོགས།
་་་་་་་ ངས་རེ་བ་བྱས་ན་བོད་ཀྱི་གྲྭ་པ་རྣམས་ལ་མནའ་མ་ལེན་ཆོག་པའི་ཁྲིམས་ལུགས་ཤིག་བཟོས་ན་ཡག་པོ་འདུག་བསམས་ཀྱི་འདུག ་་་་་་ ཟེར།