ཨོ་རྒྱན་ཉི་མ།
དེང་སང་གྲྭ་བ་ཚོས་ཉིན་མཚན་མེད་པར་དྲ་བར་གཡེངས་ཏེ། ཐོས་བསམ་སྒོམ་གསུམ་ལ་བར་ཆད་བྱེད་བཞིན་པར་མ་ཟད། སྡོམ་དང་། དམ་ཚིག་ལ་གནོད་པའི་ལས་མང་པོ་ཞིག་དྲ་བ་ལ་བརྟེན་ནས་དང་། ཁ་པར་ལ་བརྟེན་ནས་འབྱུང་བཞིན་པ་རེད། གྲྭ་བ་འགའ་ཞིག་གིས་མི་རིགས་དང་། རིག་གཞུང་ཁ་ལ་འཁྱེར་བཞིན་རང་གི་དུས་ཚོད་གང་ཡོད་དྲ་བར་སྐྱེལ་ཏེ། རྩོལ་འཆལ་མང་པོ་ཞིག་བྲིས་བསྡད་པ་ལ་བརྟེན་ནས། དུས་ཚོད་ཡོད་ཚད་དྲ་རྩོམ་ལ་ཤོར་ནས་སྦྱང་བྱ་དངོས་དེ་བརླགས་སོང་བ་དང་། ཡང་འགའ་ཞིག་གིས་དྲ་བ་ནས་འདོད་པའི་བསྟན་བཅོས་དང་། འདོད་པའི་གློག་བརྙན། བརྩེ་དུང་གི་སྒྲུང་སོགས་བལྟས་དྲགས་པས། གྲྭ་བའི་སྤྱི་ཚོགས་ལས་དགོངས་ཞུ་བྱ་དགོས་ཐུག་པ་དང་། ཁ་པར་འདིས་གྲྭ་བ་དང་། བུད་མེད་བར་ལ་འབྲེལ་བ་འཛུགས་བྱེད་ངོ་མ་ཞིག་རེད། གྲྭ་བ་ཁྲེབ་དོ་ཚོས་བུ་མོ་འདྲ་མིན་གྱིས་ཁ་པར་ཨང་གྲངས་འཚོལ་ཏེ། གྲྭ་བའི་སྤྱི་ཚོགས་ནང་དུ་འགྲེམས་པ་དང་། གྲྭ་བ་དག་གིས་དང་པོ་མཉམ་མཚར་དང་། ཕྱིས་སུ་དངོས་སུ་ལག་ལེན་ཐོག་འགྲོ་མཁན་ཡང་མང་པོ་རེད།
དེ་ཕྱིར་དགོན་པ་དེ་ཚད་ལྡན་ཞིག་དང་། གཙང་མ་ཞིག ད་དུང་བསྒྲིགས་ཁྲིམས་ཡོད་པ་ཞིག་བྱ་འདོད་ན། གྲྭ་བ་དང་། དྲ་རྒྱ་གཉིས་སོ་སོར་འབྱེད་དགོས་ངེས་ཤིག་རེད། ཁ་པར་ཡང་དྲ་བ་སྒོ་འབྱེད་མི་ནུས་པ་གོང་ཆུང་ངུ་དག་ལས། གོང་ཆེན་པོ་བེད་ཆོད་གཏོང་མི་ཆོག་པ་བྱ་དགོས་ངེས་ཤིག་རེད། ཁ་པར་གོང་ཆེན་དག་ནི་གློག་ཀླད་ཆུང་ངུ་ནང་བཞིན་གྱི་བེད་ཆོད་ཡོད་མཁན་མང་པོ་རེད། དེའི་ནང་དུ་གློག་བརྙན་དང་། གླུ་གཞས་སོགས་ཡོད་ཚད་བལྟ་ཉན་བྱེད་ཐུབ་པས། གྲྭ་བ་དགོན་པ་ལ་སུན་པའི་ཆ་ཤས་ཤིག་གློག་དང་། དྲ་བ་འབྲེལ་འདི་དག་གིས་བྱེད་བཞིན་ཡོད་ཚོད་རེད།
གློག་བརྙན་ནང་ནས་ཀྱང་འདོད་པའི་ཡོན་ཏན་ཆ་ཚང་ལྟར་བཏུབ་པའི་རྒྱུ་ལམ་མང་པོ་རེད། ད་ལྟ་རྒྱ་གར་དང་། རྒྱ་ནག་སོགས་ལ་ཕལ་ཆེར་མེད་པ་འདྲ། ཕྱིའི་རྒྱལ་ཁབ་ཁག་ཏུ་གང་ལྟ་འདོད་ན་ཡང་། རྒྱུ་ལམ་དེ་ཉོས་ན་བསླེབ་ཡོང་བ་ཞིག་རེད། དེ་ཙམ་དུ་མ་ཟད་གྲྭ་བས་ཆགས་རྩོམ་འབྲི་བ་དང་། ཆབ་སྲིད་ཀྱི་རྩོམ་འཚེ་བའི་སྤྱོད་པ་དང་འབྲེལ་བ་དག་ནི་གཏན་དུ་མི་རུང་བའི་ཆོས་ཤིག་ཡིན་པར་སེམས། ང་ཚོ་མཉམ་མེད་བུ་རམ་ཤིང་པའི་བསྟན་པའི་རྗེས་འཇུག་ཡིན་ཟེར་བཞིན་པ་རེད། ཟེར་བ་བཞིན་དོན་ལ་གནས་ཐུབ་པ་དེ་ཡང་གལ་ཆེན་པོ་རེད། ཁ་ནས་བཤད་པ་དང་དོན་ལག་ལེན་གཉིས་སོ་སོར་གྱུར་སོང་ན། ཁག་པོ་རེད་རོགས་ལོ།
འདོད་བསྟན་ལ་ལྟོས་ན་མི་རིགས་འཕེལ་རྒྱས་ལ་ཕན་པའི་གཞི་མར་འགྲོ་བས་གྲངས་ཉུང་བོད་མིར་མཚོན་ན་ཡག་པོ་འདུག གཞན་ལ་ལག་པ་སྲེང་བ་ལས་འཚོ་བ་རང་སྟེང་ལངས་ན་ཡག་པོ་ཡོད། དེ་ནི་མི་གཅིག་ལ་མཚོན་ན་བདེ་སྐྱིད་ཀྱི་གཞི་མ་རེད་ལ། སེམས་ལ་མཚོན་ན་བཀག་རྒྱ་ལས་གྲོལ་བའི་སྔོན་འགྲོ་ཡིན། འཚོོ་བ་གཞན་ལ་རྟེན་དགོས་ཚེ་དུས་ཀུན་སྟབས་སྟུན་དང་གཞན་དབང་དུ་འཚོ་དགོས་བས་སེམས་ཀྱི་སྐད་ཆ་གཅིག་ཀྱང་ཅི་འདོད་དུ་བཤད་མི་ཐུབ་སྟེ། བཤད་ཅིང་གཞན་གྱི་སེམས་སུ་མ་བབ་ཚེ་འཚོ་བར་གནོད་ཤུགས་ཡོད། རྩོམ་ཡིག་མང་དུ་སྤེལ་ན་ཤེས་རབ་འཕེལ་བའི་རྒྱུ་རུ་འགྲོ་བས་དོན་མེད་ཀྱི་ཐུགས་ཁྲལ་རེད།
གྲྭ་བས་དྲ་བ་ལྟ་མི་ཆོག་ཟེར་ན་ཏྲ་ལི་བྷནགྱི་བཤད་སྟངས་རེད། ཁ་མ་བཟུང་ན་ཉིན་གཅིག་ལ་ཨ་མེ་རི་ཁས་ཏག་ཏག་བཟོ་ཡོང་།
ཁ་བྱང་དེ་ནི་ཆེས་མ་བདེན་བསམ་བསམ་འདྲ་ཞིག་འདུག། དེའི་སྐོར་རྒྱ་ནག་དྲ་རྒྱ་དམ་འཛིན་དོ་དམ་ལས་ཁུང་ལ་འབྲེལ་བ་བྱས་ན་ལས་སླ་པོའི་ངང་དཀའ་ངལ་བསལ་ཐུབ་ཀི་རེད། ལམ་དབུ་མ་ཚང་གིས་རྒྱ་ནག་ལ་འབྲེལ་བ་ཞིག་བྱོས་དང་། ད་ཐང་ང་ཚོ་ལ་ཁེ་ཅིག་ཡོད་ས་རེད་ད། ཧ་ཧ།
རང་གི་ལུས་ལ་དཔེ་སློངས་ལ།
གཞན་ལ་གནོད་པ་མ་བྱེད་ཅིག
ཅེས་པའི་གདམས་པ་ལས་རྒྱང་རིང་དུ་སོང་བ་ཞིག་བྱུང་ན། ག་ཚོད་འབྲི་ཡང་། ཐང་ཆད་པའི་རྒྱུ་ཁོ་ན་ལས། དོན་དག་ཅིག་འདུག་གམ།
ཧཧཧཧཧཧཧཧ་དྲྭ་ལམ་དང་གྲྭ་བ་ཁ་ཁ་ཕྱེས་སོང་ན་བོད་པའི་དྲྭ་ལམ་ཕལ་ཆེ་བ་གཟིམ་འགྲོ་ས་རེད། གང་ཡིན་ཟེར་ན། སྐྱེས་དམན་ཡོད་མཁན་བོད་པ་ཚོ་སྐྱེས་དམན་དང་བུ་ཕྲུག་སོགས་གསོ་སྐྱོང་ཆེད་ཁོམ་ལོངས་མེད་ཅིང་། སློབ་ཕྲུག་ཚོ་དང་གྲྭ་བ་ཚོ་དྲྭ་ལམ་ལ་མ་ཕེབས་ན་ཕེབས་མཁན་མེད་དོ། སེམས་ཁྲལ་མི་དགོས་ས་སེམས་ཁྲལ། སེམས་སྡད་ཚོད་མེད་ན་གློག་ཀླད་ལ་ལག་པས་ཡིག་བཏགས་བྱེད་ཡེ་ཚད་བཟུང་དགའ་འོང་།
གྲྭ་པ་དང་དྲ་པ་གཉིས་འཛོམས་ན་ལྟས་ངན་ཡིན་མིན་མི་ཤེས་ཀྱང་། གྲྭ་པ་དང་དྲ་པ་གཉིས་འཛོམས་ན་བློ་སྐྱེད་ཏན་ཏན་ཡོད་རེད་གདའ།
བརྒྱ་ཕྲག་ཉེར་གཅིག་པའི་གྲྭ་པས། ངེས་པར་དུ་དྲ་རྒྱ་ལྟ་ཤེས་པ་དང་། དེའི་ནང་ལ་རང་གི་བསམ་ཚུལ་འབྲི་ཤེས་མཁན་ཅིག་ངེས་པར་དགོས་རེད་སྙམ་ལགས།
ཨོ་ཉི་ལགས། གྲྭ་པ་ཚོས་ཟེར་ན་ཁྱོན་ནས་མི་འགྲིག ཁྱེད་ཀྱི་གསུངས་པ་ལྟར་འགའ་རེ་དེ་ལྟར་གནང་བར་་ངོས་ལེན་ཡོད། འོན་ཀྱང་གྲྭ་པས་དྲ་རྒྱའི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་གནང་མཁན་ཡང་མི་ཉུང་བ་རེད། གྲྭ་པ་དགོན་པར་ཡིན་ལུགས་ཚུལ་མཐུན་གནང་མཁན་མང་པོ་ཡོད། གྲྭ་པ་ཚོས་ཟེར་ན་ཡག་ཉེས་ཚང་མ་གཅིག་ལ་སྡོམ་བཞིན་འདུག དེ་ཤེས་ཡོན་པའི་ལས་ཀ་མ་རེད། ཡང་ན་ཁྱེད་རང་ཤེས་ཡོན་པ་མ་རེད།
འདི་ན་དྲ་བའི་སྐོར་ན་བསམ་ཚུལ་ཞིག་འདུག་
སེར་སྨད་དགེ་སྐོས་ལ་བཅར་འདྲི།
• བཅར་འདྲི་ཞུ་མཁན། ཨ་གཙང་གནས་ལུགས་རྒྱ་མཚོ།
བཅར་འདྲི་ཞུ་སའི་ས་གནས། རྒྱ་གར་ལྷོ་ཕྱོགས།
༢ ༽དྲི་བ།
སྐུ་ཉིད་ཀྱི་དགོངས་ཚོད་ལ་ནང་པའི་དགོན་སྡེ་ཁག་ལ་དུས་རབས་དང་བསྟུན་ནས་འགྱུར་བ་གང་འདྲ་གཏོང་དགོས་ཀྱི་འདུག་སྙམ།
ལན། ༽
སྤྱིར་བཏང་དུས་རབས་དང་བསྟུན་ནས་འགྱུར་བ་གཏོང་དགོས་པ་དེ་འདྲ་ཏན་ཏན་ཆགས་ཡོད་པ་རེད། གང་ཡིན་ཟེར་ན། དེང་སང་གི་ཚོགས་སྡེ་གང་འདྲ་ཞིག་ཡིན་ཡང་ཚོགས་སྡེ་དེས་སྤྱི་ཚོགས་ནང་དུ་ནུས་ཤུགས་ཤིག་འདོན་པ་ལ། དང་ཐོག་ཚོགས་སྡེ་དེར་སྤྱི་ཚོགས་ནང་དུ་གཟི་བརྗིད་དང་ཆེ་མཐོང་དགོས་པ་རེད། ཚོགས་སྡེ་གང་ཞིག་ལ་གཟི་བརྗིད་དང་ཆེ་མཐོང་ཡོད་ན་གཟོད་ཚོགས་སྡེ་དེས་སྤྱི་ཚོགས་ནང་དུ་ལས་དོན་རླབས་ཆེན་པོ་ཞིག་སྒྲུབ་ཐུབ་རྒྱུ་དང་། གཟི་བརྗིད་དང་ཆེ་མཐོང་མེད་ན་ལས་འགུལ་གང་ཡང་སྒྲུབ་མི་ཐུབ་པ་མངོན་གསལ་དོད་པོ་རེད།
དེ་འདྲ་ཡིན་དུས་ཆེ་མཐོང་ཡོང་བར་ཐོག་དང་པོ་དུས་རབས་དེ་དང་དེའི་མིས་བཀུར་བར་འོས་པའི་ཡོན་ཏན་དང་ལྡན་དགོས་པ་མ་ཟད། དུས་རབས་ལ་དཔགས་པའི་བསམ་བློའི་གནས་ཚད་ཡང་དག་པ་ཞིག་ལྡན་དགོས་པ་ཧ་ཅང་གལ་ཆེ། གང་ལྟར་ང་ཚོས་མི་རབས་གསར་པ་ཞེས་ལབ་བསྡད་པ་དེ་ཚོའི་བསམ་བློ་དང་བསྟུན་ནས་འགྲོ་དགོས་ཀྱིན་ཡོད། གང་ཡིན་ཟེར་ན་གནའ་བོའི་སྐབས་བསམ་བློའི་ནང་ནས་བརྩི་མཐོང་བྱེད་ས་ཡིན་པའི་ཀུན་སྤྱོད་དེ་འདྲའི་རིགས་གང་ཞིག་དེང་སང་གི་མིས་མཐོང་ན་གད་མོ་ཤོར་ས་ཡིན་པ་དེ་འདྲ་ཡང་མང་པོ་ཞིག་ཡོད་པ་རེད། འོན་ཀྱང་སྐབས་དེ་དང་དེའི་སྤྱི་ཚོགས་ནང་ལ་སྒྲིག་བསྡད་པ་ཞིག་རེད། བྱས་ཙང་དགོན་སྡེ་ཁག་ལའང་དུས་རབས་བསྟུན་ནས་འགྱུར་བ་གཏོང་དགོས་པ་ཏན་ཏན་རེད་དེ། འགྱུར་བ་གཏོང་ལུགས་དེར་མཚམས་དང་ཚིགས་བཟུང་རྒྱུའི་ལྕགས་རི་གཅིག་ཀྱང་མེད་པ་མ་རེད། ང་ཚོས་ཤམ་ཐབས་ལ་ལྕགས་རི་བརྒྱབ་ཚར་བ་རེད། བརྒྱ་ཆ་བརྒྱ་ཐམ་པ་གང་དྲན་གྱི་སྟེང་ནས་འགྲོ་མི་ཆོག་པ་གསལ་པོ་ཞེ་དྲག་རེད། དཔེ་བཞག་ན། དགེ་འདུན་པ་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ངེས་པར་བརྩི་བསྲུང་ཞུ་དགོས་པ་རེད་དེ། རྒྱལ་ཁྲིམས་ནང་ལ་གྲྭ་པ་ཚོས་མི་གསོད་དགོས། མི་ཚངས་པར་སྤྱོད་དགོས་ཟེར་ན་དེར་སྲོག་ལ་བབས་ཀྱང་དགོངས་དག་ཟེར་བ་མ་གཏོགས་ལྷག་མེད་པ་རེད། མ་ཟད་དེ་འདྲའི་ཁྲིམས་ཤིག་ཡོད་ན་འཇིག་རྟེན་མ་རབས་ཀྱི་ཕྱོགས་སུ་འགྲོ་བ་དང་མི་ཆོས་ཀུན་སྤྱོད་དང་བྲལ་བ་ཞིག་རེད། འོ་ན་ང་ཚོ་དེ་འདྲའི་རིགས་ཀྱི་ལྕགས་རི་ཞིག་གི་མཚམས་དང་ཚིགས་ལས་མི་འགལ་བ་བྱས་ནས་འགྱུར་བ་གཏོང་དགོས་པ་རེད་བསམ་གྱིན་ཡོད།
གང་ལྟར་ངས་ཞུས་པ་འདི་དགོན་སྡེ་རྣམས་སུ་དམ་ཆོས་འདུལ་བའི་དགོངས་དོན་གྱི་རྒྱ་ལས་མི་འགལ་བའི་ཐོག་ནས་སྤྱི་ཚོགས་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་དགོས་ཞེས་ཞུ་ཡི་ཡོད། མ་གཞི་གནད་དོན་འདིའི་སྐོར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱི་《བོད་རིག་པའི་ཞིབ་འཇུག་ཐོག་གི་གནད་དོན་འགའ་ཞིག་གླེང་བ།》ཞེས་པའི་ནང་ཞལ་གསལ་པོ་བྱས་ནས་གསུངས་ཡོད་པ་རེད། འོ་ན་ད་ལྟའི་དུས་སྐབས་འདིར་གྲྭ་པའི་སྤྱི་ཚོགས་ལ་དུས་རབས་དང་མཐུན་པའི་ཆེ་མཐོང་དང་ཡར་ཐོན་ཇི་འདྲ་ཞིག་དགོས་རེད་ཟེར་ན།
སྔོན་ཆད་ནཱ་ལེནྡྲར་མཁས་པ་དང་གྲུབ་པ་ཉམས་བཞེས་གནང་མཁན་ནམ། ཡང་ན་མཁས་གྲུབ་གཉིས་ལྡན་ཞེས་བཤད་རྒྱུ་ཡོད་པ་བཞིན། དགེ་འདུན་པ་རྣམ་དཔྱོད་དང་ཤེས་རིག་བཀྲ་བ་ཕལ་མོ་ཆེ་ནས་ནང་ཆོས་སློབ་གཉེར་གཞི་མའི་ཐོག་སྐད་རིགས་འདྲ་མིན་དང་། ཚན་རིག གློག་ཀླད། དྲ་རྒྱ་སོགས་དེང་གི་ཚད་མཐོར་རྩི་བཞིན་པའི་ཡོན་ཏན་སྣ་འཛོམས་པོ་ཞིག་ལྡན་དགོས་པ་རེད་ལ། དུས་རབས་མཐུན་པའི་ཡོན་ཏན་སྣ་འཛོམས་པོ་ཞིག་ལྡན་དགོས་པ་དེ་གལ་ཆེན་པོར་ཡང་མཐོང་གིན་ཡོད།
སྔོན་མ་ཡིན་ན་གདན་གསུམ་གྱི་ནང་ལ་དཔེ་ཆ་པ་ཚོས་དཔེ་ཆ་ཁོ་ན་མ་གཏོགས་སུམ་རྟགས་སྙན་གསུམ་ལ་ཡང་སྦྱངས་མི་ཆོག་པའི་ལུགས་སྲོལ་འདྲ་ཞིག་ཡོད་པ་རེད། དེ་ཡང་ཁོང་རྣམ་པས་གཞུང་ཆེན་བཀའ་པོད་ལྔ་ལ་རིགས་གཅིག་རྐང་འཛིན་གནང་རྒྱུའི་ཐུགས་བསམ་བཞེས་གནང་བ་ཞིག་རེད་བསམ་གྱིན་ཡོད། ཡིན་ན་ཡང་རིག་གནས་ལྔ་གར་སློབ་གཉེར་གནང་མཁན་གྱི་དགོན་སྡེ་དཔེ་ལེན་ས་མེད་པ་དེ་འདྲ་མ་རེད། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་ཕྱག་བཏབ་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་རིག་གནས་ལྔ་གར་སློབ་སྦྱོང་གནང་བའི་དཔེ་བཟང་ཞིག་འདུག
དེ་བཞིན་ད་ལྟའི་སྐབས་ང་ཚོས་མ་མཐའ་ཡང་བརྡ་སྤྲོད་རིག་པར་སློབ་སྦྱོང་སྔོན་སོང་ཐོག་གཞུང་ཆེན་སློབ་གཉེར་དབུ་ཚུགས་ཐུབ་ན། དེ་དུས་རབས་དང་མཐུན་པའི་འགྱུར་བ་བཏང་བ་ཞིག་ལ་འདོད་ཀྱི་ཡོད། སུམ་རྟགས་དག་གསུམ་དེ་གཞི་ལ་བཞག་སྟེ་དང་པོ་ནས་ནན་ཏན་བྱས་སྦྱངས་ན་ཕྱིས་ཕྱག་དཔེ་གཟིགས་སྐབས་ཚིག་དོན་མ་ནོར་བར་གོ་བ་ལ་ཧ་ཅང་ཕན་ཞེས་མཁས་པའི་གསུང་ལས་ཐོས་མྱོང་། དོན་ཡག་པོ་གོ་ན་གཞུང་གི་དཀའ་གནད་གང་ཡིན་རང་གིས་དངོས་ཡོད་སེམས་ཚོར་དང་འབྲེལ་ནས་གཟིགས་ཐུབ་ཀྱི་རེད། དེ་ལྟར་བྱས་ན་འཇམ་མགོན་བླ་མས། ཚིམ་པར་མ་བྱེད་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་གསུངས་པ་ནང་བཞིན་ཡོང་བར་མ་ཟད། མ་འོངས་པར་འཆད་པ་དང་རྩོད་པ། ལྷག་པར་དུ་མཛད་པ་ཀུན་གྱི་ནང་ནས་གསུང་གི་མཛད་པ་མཆོག་ཡིན་གསུངས་པ་ལྟར་རྩོམ་པའི་ལས་ལ་དཀའ་བ་མེད་པར་ཞུགས་ནས་རླབས་ཆེན་མཛད་འཕྲིན་གྱིས་བསྟན་པའི་མིག་རྒྱན་དུ་གྱུར་བ་ཞིག་ཡོང་གི་རེད་བསམ་གྱི་འདུག
༤ ༽དྲི་བ།
དགོན་སྡེ་ཁག་ཏུ་གློག་ཀླད་དར་ཁྱབ་ཆེར་འགྲོ་བཞིན་པ་འདིས་བསམ་བློ་དང་ཁ་ཕྱོགས་ཡར་རྒྱས་ལ་ཕན་ཐོགས་གང་འདྲ་ཡོད་པ་དང་དེའི་དགག་ཕྱོགས་ལ་འདོར་ལེན་གང་འདྲ་བྱེད་དགོས་སམ།
ལན། ༽
ཁྱེད་རང་གིས་གསུང་བ་ནང་བཞིན་གློག་ཀླད་དང་དྲ་རྒྱའི་འགྲོ་སྟངས་ཤེས་དགོས་པ་དེ་ཡང་དགོན་སྡེ་ཁག་ནང་དུས་རབས་དང་མཐུན་པའི་འགྱུར་འགྲོས་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། གློག་ཀླད་ཀྱིས་ཕན་ཐོགས་གང་འདྲ་ཞིག་འོང་གི་ཡོད་དང་དེའི་དགག་ཕྱོགས་ལབ་དུས་གཙོ་བོ་སོ་སོའི་བསམ་བློ་གཏོང་ཕྱོགས་རེད། སྤྱིར་གློག་ཀླད་ཀྱིས་ཕན་ཏན་ཏན་ཐོགས་ཀྱི་ཡོད་རེད། འོན་ཀྱང་ཕན་ཐོགས་གང་འདྲ་ཞིག་ཡོང་མི་ཡོང་ཁ་ཚོན་གཅོད་པར་གློག་ཀླད་བེད་སྤྱོད་མཁན་དེའི་བསམ་བློའི་གནས་ཚད་ལ་རག་ལས་པ་རེད།
གློག་ཀླད་དེ་རྩ་བ་ནས་བཀག་ན་མི་འགྲིག་པ་འདྲ་ཞིག་མཐོང་གི་འདུག གང་ཡིན་ཟེར་ན་དེའི་ནང་དཔེ་དེབ་འབྲི་རྩོམ་གནང་སླ་བ། བཀའ་འགྱུར་བསྟན་འགྱུར། ས་དགེ་བཀའ་རྙིང་ཚང་མའི་གསུང་འབུམ་ཁག་དང་། དེ་མིན་དཔེ་དེབ་འདྲ་མིན་ཀློག་ཐུབ་པ། རྒྱུད་ལམ་ཁག་ནང་གནས་ཚུལ་དང་གསར་འགྱུར་མཁོ་གཏོང་དང་ལྟ་ཀློག་ཐུབ་པ། བོད་དོན་དང་འབྲེལ་བའི་གནས་ཚུལ་དྲིལ་བསྒྲགས་རྒྱ་བསྐྱེད་ཐུབ་པ་སོགས་ཕན་ཐོགས་དེ་བས་མང་།
ཡིན་ཡང་ང་རང་ཚོའི་དགོན་པའི་ནང་ལ་གང་དྲན་གང་བྱུང་མ་ཡིན་པ་ཞིག་བྱ་གལ་ཆེ། བྱས་ཙང་གློག་ཀླད་སྐོར་ལ་སེར་བྱེས་དགེ་སྐོས་ཚེ་དབང་རྡོ་རྗེ་ལགས་དང་ངེད་གཉིས་ཀྱིས་སྐད་ཆ་བཤད་མྱོང་། དགེ་ལུགས་སྒྲིག་གཞི་ནང་བཞིན་བྱས་ན་གློག་ཀླད་བེད་སྤྱོད་གཏོང་ཆོག་གི་མ་རེད་དེ། དེའི་སྐོར་ལ་ངེད་གཉིས་ཀྱིས་བསམ་འཆར་ཞིག་ཞུས་ན་གང་འདྲ་འདུག དེང་སྐབས་གློག་ཀླད་དེ་སྟབས་ཇེ་བདེ་དང་བོང་ཇེ་ཆུང་འགྲོ་བཞིན་ཡོད་དུས་ཁག་པོ་རེད། བྱས་ཙང་ཆ་རྐྱེན་འགའ་བཟོས་པའི་འོག་ནས་ཐོ་ཞིག་བརྒྱབ་སྟེ་གློག་ཀླད་སྤྱོད་ཆོག་པའི་དགོངས་ཞུ་གནང་རྗེས། དེ་ནས་ཞིབ་བཤེར་ནན་པོ་ཞིག་བྱས་ཏེ་དགོངས་པ་མ་ཞུས་པའི་རིགས་ལ་ཉེས་ཆད་གང་འོས་རེ་བཅད་ན་ཆ་སྙོམས་ཤིག་ཡོང་བར་ཕན་ངེས་ཞེས་གྲོས་བྱས་པ་ཡིན། དགོངས་པ་ཞུ་མཁན་རྣམས་ལས་སླ་བོ་ཞིག་རེད། དུས་ནས་དུས་སུ་གློག་ཀླད་ལ་ཞིབ་བཤེར་བྱས་ནས་ཆ་རྐྱེན་ནང་ལྟར་སྤྱོད་མིན་བལྟ་ཆོག དེ་མ་ཡིན་པ་རྣམས་ཡིན་གཅིག་མིན་གཅིག་འགོག་དགོས་པ་དང་ཚོགས་དབུས་སུ་ཉེས་ཆད་གཅོད་ཆོག་པ་དེ་འདྲ་ཞིག་ལ་ངེད་གཉིས་ཀྱིས་བསམ་བློ་བཏང་ནས་མཁན་རིན་པོ་ཆེ་རྣམ་པ་གཉིས་ལ་ཞུས་པ་ཡིན་ཏེ། མཁན་རིན་པོ་ཆེ་རྣམ་པ་གཉིས་ནས་ཅུང་ཙམ་སྒུགས་དང་དགེ་ལུགས་ཚོགས་འདུ་སར་བཀའ་མོལ་གང་ཡོང་བལྟ་ཆོག་གསུངས་ནས་དུས་དེ་བྱུང་མ་སོང་།
བྱེད་ཐབས་དེ་འདྲ་ཞིག་ལག་བསྟར་བྱེད་ཐུབ་ན་ཡག་པོ་རེད། གློག་ཀླད་སློབ་སྦྱོང་དང་བེད་སྤྱོད་གཏང་ཆོག་ན་དགེ་མཚན་ཆེན་པོ་རེད། ཚད་འཛིན་ཞིག་བྱས་ནས་སྦྱངས་ཐུབ་ན་ང་ཚོ་དགོན་པ་ལ་ཆེ་མཐོང་འོང་བའི་ཁྱད་པར་ཡོད། དེ་བཞིན་དགོན་པའི་ནང་ལ་དུས་རབས་དང་བསྟུན་ནས་འགྱུར་བ་གཏོང་དགོས་ན་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་ཚུལ་ལ་ཡང་དོ་སྣང་བྱེད་དགོས་ཀྱིན་འདུག དེ་ངས་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། སྤྱིར་བཏང་ཆབ་སྲིད་ཟེར་ན་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་ཚེ་འདིའི་ཆེད་དུ་རང་ཕན་གཞན་གནོད་ཀྱི་འཚོ་ཐབས་ལ་བརྟེན་ནས་རང་ཉིད་སྒེར་ལ་བདེ་སྐྱིད་ཡོང་ཐབས་དམིགས་ཡུལ་གཙོ་བོར་བཞག་མཁན་ལ་འཇིག་རྟེན་པ་དང་། དེའི་ཁེ་ཕན་སྲུང་སྐྱོབ་ཀྱི་ལམ་ལུགས་ལ་སྲིད་ཅེས་གསུངས་པ་རེད།
འོན་ཀྱང་ང་ཚོ་ཆོས་པ་རྣམས་ལ་དེ་ལས་ལྡོག་པའི་ལས་འགན་ཞིག་ཡོད་ཙང་ཆབ་སྲིད་དམ་འཇིག་རྟེན་པ་ཇི་ལྟར་བྱ་དགོས་སམ་ཞེས་དྲི་བ་ཞིག་ཏན་ཏན་ཡོང་སྲིད། དེར་ང་རང་གིས་བསམ་ཚུལ་ཞིག་ཞུས་ན། ང་ཚོར་བག་ཆགས་བཟང་པོ་ཞིག་ཡོད་ན་མ་གཏོགས་གྲྭ་པ་ཐོག་མར་བྱེད་དུས་ནས་ལམ་སེང་ཚེ་འདི་བློས་བཏང་ཟེར་ན་ཁག་པོ་རེད། དང་པོ་ཐོས་པ་བྱས། དེ་ནས་བསམ་བློ་བཏང་། ཉམས་མྱོང་རིམ་བསགས་རྗེས་གཞི་ནས་ཐག་གཅོད་ཆེན་པོ་ཞིག་ཡོང་རྒྱུ་རེད། བར་འདིར་སློབ་གཉེར་བྱེད་བཞིན་པའི་གནས་སྐབས་སུ་འཇིག་རྟེན་པའི་ལས་ཀ་ཞིག་བྱས་ནས་ཡོང་། རྒྱུ་མཚན་གཞན་ཞིག་ང་ཚོས་ཆོས་བཤད་སར་འཇིག་རྟེན་པ་ཡོད་པའང་གསལ་པོ་རེད། དེ་འདྲ་ཡིན་དུས་ཁོང་ཚོའི་སྤྱོད་ལམ་དང་བསམ་པའི་འཁྱེར་སོ་ལའང་བསྟུན་དགོས་པས་རབ་བྱུང་བས་འཇིག་རྟེན་ཤེས་དགོས་པ་གལ་ཆེན་པོ་རེད། མ་ཟད་འཇིག་རྟེན་པའི་སྤྱི་ཚོགས་དང་འབྲེལ་ལམ་མེད་པར་འཛམ་གླིང་འདིར་བསྟན་པ་ཡུན་རིང་གནས་པར་གེགས་ཀྱང་བྱེད་སྲིད།
ཡིན་ནའང་གྲྭ་པས་འཇིག་རྟེན་ནམ་ཆབ་སྲིད་བྱེད་པ་ལའང་ཚོད་དང་མཚམས་ཤིག་དགོས་ཀྱི་འདུག ངེད་ལྟར་ན་སྔོན་བྱོན་སྐྱེ་བུ་དམ་པ་རྣམས་ཀྱིས་མཛད་པའི་ལུགས་ཀྱི་བསྟན་བཅོས་མང་པོ་ཡོད། དེ་འདྲ་ཞིག་ལག་ལེན་བྱས་ན་འཚམ་པོ་མཐོང་གི་ཡོད། གང་ལྟར་འཇིག་རྟེན་ཡ་རབས་ཤིག་བྱས་ན་ཆོས་དང་མི་འགལ་བ་མ་ཟད་འཇིག་རྟེན་པ་རྣམས་ཀྱིས་བསྟོད་པའི་འོས་སུའང་འགྱུར་ངེས་རེད། དེ་འདྲ་འགྲོ་བ་མིའི་སྤྱི་ཚོགས་གང་འདྲ་ཞིག་ལའང་དགོས་པ་རེད། བྱས་ཙང་ཀླུ་སྒྲུབ་ཞབས་ཀྱི་ལུགས་ཀྱི་བསྟན་བཅོས་དང་། རྒྱལ་བ་འབྲོམ་སྟོན་པའི་མི་ཆོས་བསླབ་བྱ། ཆོས་རྗེ་ས་པཎ་ཀྱི་ལེགས་བཤད། པཎ་ཆེན་བསོད་ནམས་གྲགས་པའི་དགེ་ལྡན་ལེགས་བཤད། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱི་མི་ཆོས་བསླབ་བྱ་སོགས་མང་པོ་ཡོད་པ་དེ་ཚོར་གཟིགས་ནས་ཉམས་ལེན་གནང་ན་རབ་བྱུང་བ་གྲུང་པོ་ཞིག་ཆགས་རྒྱུ་ཉག་གཅིག་རེད། མ་རེད་པས། ཧེ་ཧེ།༼མཚམས་འདིར་བཞད་མོ་བཞད།༽
དཔེར་ན་ཆབ་སྲིད་པ་དག་གིས་སོ་སོའི་རྒྱལ་ཁབ་འཛིན་སྐྱོང་སྐབས་ཤེས་ཡོན། དཔལ་འབྱོར། བདེ་འཇགས། ཁོར་ཡུག་སོགས་ཕྱོགས་མང་པོ་ཞིག་ལ་སྲུང་སྐྱོབས་དམ་འཛིན་དང་ཡར་རྒྱས་ཆེད་ཉེན་རྟོག་པ། ཁྲིམས་རྩོད་པ། དམག་མི། གོ་མཚོན་སོགས་གསོ་སྐྱོང་དང་གསོག་ཉར་བྱེད་དགོས། དོན་གནད་ནི་རྒྱལ་ཁབ་ནང་མི་གསོད་རྐུན་ཇག་དང་ལྐོག་ཟ་རུལ་སུངས་སོགས་མི་ཡོང་ཆེད་རེད། དེ་དང་ཆ་འདྲ་བར་རབ་བྱུང་པས་ཀྱང་དེ་རིགས་མི་ཡོང་ཆེད་ཐབས་ལམ་འདྲ་མིན་གནང་གི་ཡོད་པ་རྒྱུ་མཚན་གཅིག་པ་རེད།
ཆོས་དང་ལུགས་གཉིས་མི་འགལ་གསུང་མཁན་ས་པཎ་གྱིས་ཀྱང་། དགྲ་བོ་འདུལ་བར་འདོད་ན་ཡང་། །སྤྱོད་ཚུལ་དལ་ཞིང་འཇམ་པར་བྱ། །ཞེས་དགྲ་འདུལ་དགོས་གསུངས་པ་ལས་དགྲ་ལ་བཟོད་པ་རྐྱང་བ་བསྒོམ་དགོས་གསུངས་མི་འདུག མཁས་དབང་འགས་ཆོས་སྲིད་ཟུང་འབྲེལ་གྱི་མིང་ཡོད་ཀྱང་རུང་མེད་ཀྱང་རུང་དོན་ལ་སྲིད་ཆོས་དང་འབྲེལ་ནས་སྐྱོང་ཐུབ་ན་འཕྲལ་ཕུགས་གཉིས་ཀར་བཟང་ཚུལ་གསུངས་ཡོད་སྙམ། ང་ཚོས་ནང་ཆོས་འདི་དད་པ་རྐྱང་བའི་ཆོས་ཤིག་མིན་པར་དངོས་ཡོད་གནས་ཚུལ་དང་ཤིན་ཏུ་ནས་ཀྱང་མཐུན་པ་དེ་ཡང་མཁྱེན་དགོས་པ་འདུག
སྔོན་མ་རུ་སའི་མི་ཞིག་གིས་བོད་པའི་ཆོས་དེ་ཆོས་ཆོས་ཟེར་ནའང་སྲིད་ཡང་རེད་འདུག་གསུངས་པ་ཞིག་གོ་མྱོང་། ཉེ་ཆར་ཡང་དྷ་སར་ཨོ་སོ་ཊི་ལི་ཡའི་བོད་དོན་ཉམས་ཞིབ་པ་ཞིག་གིས་བོད་ཀྱི་ནང་ཆོས་དེ་གོ་མཚོན་ལྐོག་གྱུར་མ་ཞིག་ཡིན་གསུངས་པ། 《བོད་ཀྱི་དུས་བབ་》(ཕྱི་ལོ་ ༢༠༡༠ ལོ་ཟླ་ ༡༡ ཚེས་ ༢༥། ཉིན། )གསར་འགྱུར་ནང་བཀོད་འདུག དེ་ཚོར་གོ་རྒྱུ་ཞིག་ཡོད་པས་ཞིབ་འཇུག་གནང་དགོས།
ཕྱོགས་མཚུངས་མཁས་དབང་དུང་བློ་བཟང་འཕྲིན་ལས་ལགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ནང་ཞིབ་འཇུག་ནན་པོ་གནང་ཡོད་པ་དང་། ལྕང་ཞབས་འགྱུར་མེད་ཚེ་དབང་གི་རྩོམ་ཡིག་ནང་ལའང་མཐུན་སྒྲིལ་གྱི་རྩ་བ་དམ་ཆོས་སོགས་གསུངས་འདུག ྋགོང་ས་མཆོག་ནས་ཀྱང་དེ་མཐུན་ལན་མང་གསུངས་མྱོང་།
ཁོང་གི་ ༢༠༠༩ ལོའི་ནང་ཆོས་ངོ་སྤྲོད་ཀྱི་ཕྱག་དེབ་ནང་ལའང་ཁ་གསལ་པོ་འདུག དེ་ཚོ་འདིར་བསྐྱར་ཟློས་བྱེད་ཀྱི་མིན། ཁྱེད་རྣམ་པས་གཟིགས་དང་ཧ་ཅང་གི་གསུང་རླབས་ཆེན་རེད་འདུག གང་ལྟར་ང་ཚོས་གོ་བ་ལེན་སྟངས་ཤིག་ལ་ཆོས་པ་ཟེར་དུས་ལམ་སེང་གཞི་མེད་པའི་དད་པ་རྐྱང་པའི་ཐོག་ནས་མིག་བཙུམས་ནས་སྡོད་མཁན་ཞིག་དང་། འཇིག་རྟེན་པ་ཟེར་དུས་གཡོ་སྒྱུ་ཁྲམ་གསུམ་རྐྱང་བྱེད་མཁན་ཞིག་ལ་གོ་འགྲོ་བ་དེ་ནོར་ཚབས་ཆེན་པོ་ཞིག་རེད་བསམ་གྱི་འདུག
༥ ༽ དྲི་བ།
དགོན་སྡེ་ཁག་ཏུ་ཚན་རིག་སློབ་ཁྲིད་བྱེད་ཀྱིན་པ་དེ་ྋ གོང་ས་མཆོག་གི་དགོངས་གཞི་ནང་བཞིན་ཡོང་གི་ཡོད་མེད་དང་། ད་དུང་ཡར་རྒྱས་གཏོང་དགོས་པ་འདྲ་ཡོད་དམ།
ལན། ༽
ད་ལྟའི་ཆར་ཁོང་གི་དགོངས་གཞི་བརྒྱ་ཆ་བརྒྱ་སྒྲུབ་ཐུབ་ཀྱི་མེད་རུང་ཡར་རྒྱས་འགྲོ་བཞིན་ཡོད། ད་དུང་ཡར་རྒྱས་གཏོང་ཐབས་སུ་གདན་ས་ཁག་ནང་གཞུང་ཆེན་ལྔ་ནང་བཞིན་དམིགས་འཛུགས་ཀྱིས་སློབ་ཚན་གཏན་འབེབ་དགོས་པའི་བསམ་འཆར་ཞིག་ཀྱང་ཡོང་གི་འདུག་ལ། ལ་ལས་དགེ་བཤེས་ཐོན་ཟིན་པ་རྣམས་དམིགས་བཀར་གྱིས་དེའི་ཐོག་ལ་སློབ་སྦྱོང་གནང་རྒྱུ་ལས་དེ་མིན་གཞུང་ཆེན་བལྟ་བར་གེགས་སུ་ངོས་འཛིན་གནང་མཁན་ཡང་འབྱུང་གི་འདུག
ང་རང་སྒེར་གྱི་ལྟ་ཚུལ་བྱས་ན། གཞུང་ཆེན་གཟིགས་པར་མི་གནོད་པའི་ཐོག་ནས་སློབ་ཚན་གཏན་འབེབས་ཤིག་བྱེད་ཆོག་པ་རེད་བསམ་གྱི་འདུག དཔེར་ན་བསྡུས་གྲྭ་གཟིགས་པའི་སྐབས་བསྡུས་གྲྭའི་སློབ་ཚན་གྱི་གོ་རིམ་དང་མཐུན་པར་ཁ་དོག་སྐོར་རེད། གཞི་གྲུབ། ཡུལ་དང་ཡུལ་ཅན། གཟུགས་ཤེས་ལྡན་མིན་འདུ་བྱེད་སོགས་ལ་ཚན་རིག་པས་འགྲེལ་བཤད་གང་འདྲ་བྱེད་མིན་གྱི་སློབ་ཚན་བང་ཞིག་བསྒྲིགས་ནས་བལྟ་ཐུབ་ན་ཁེ་ཕན་ཆེན་པོ་ཡོད་པ་རེད་སྙམ། ཞོགས་པ་དཔེ་ཁྲིད་རྒན་ལགས་ས་ནས་ནང་ཆོས་ཁ་དོག་སྐོར་ལ་སློབ་སྦྱོང་བྱས། ཉིན་གུང་ཚན་རིག་པས་ཁ་དོག་ལ་ངོས་འཛིན་ག་འདྲ་བྱེད་མིན་སྐོར་ལ་སློབ་སྦྱོང་རོབ་ཙམ་ཞིག་བྱས། དེ་ག་ནང་བཞིན་གཞི་གྲུབ། གཟུགས་ཤེས་སོགས་ཟུང་འབྲེལ་བྱས་ནས་བལྟ་ཐུབ་ན། ནམ་རྒྱུན་རྩོད་པ་གནང་སྐབས་འཆར་ཅན་ལྟར་མ་ཡིན་པར། བསམ་བློའི་ནང་ལ་ཞིབ་འཇུག་མ་འདྲ་བ་ཞིག་བྱེད་དགོས་པའི་འགྱུར་ལྡོག་ཅིག་ཡོང་གི་རེད་ལ་ཡོང་དགོས་པའང་རེད། མ་ཟད་སློབ་གཉེར་གནང་མཁན་དང་ཕྱི་ཕྱོགས་གཟིགས་མཁན་གཉིས་ཀ་ནས་དགོན་སྡེ་འདི་སྒོམ་སྒྲུབ་ཉམས་བཞེས་རྐྱང་པ་མ་ཡིན་པར་ཚད་མཐོའི་སློབ་སྦྱོང་གནང་སའི་བསྟི་གནས་ཤིག་ཡིན་པ་གསལ་པོ་ཧ་གོ་ཐུབ་པ་ཞིག་བཟོས་པ་ཡིན་ན། དེས་གྲྭ་རྒྱུན་འཕེལ་བར་ཡང་ཕན་ཐོགས་ཡོང་གི་རེད།
དེ་བཞིན་ཕར་ཕྱིན་དང་མཐུན་པའི་ཚན་རིག་སློབ་མཚན་གང་འདུག དབུ་མ། འདུལ་མཛོད་དང་རྣམ་འགྲེལ་སོ་སོའི་གཞུང་དང་མཐུན་པའི་ཚན་རིག་གི་སློབ་མཚན་སྐབས་ཐོག་སོ་སོ་དང་སྦྲགས་ནས་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་ཐུབ་ན་ཚན་རིག་ཆེད་དུས་ཚོད་ཟུར་བ་ཞིག་གཏོང་མི་དགོས། དེ་ཡང་རྐང་གཞུང་རང་ལ་བཙུགས་ནས་ཤུགས་བརྒྱབ་པའི་ཐོག་ཚན་རིག་ལ་རོབ་ཙམ་བལྟ་ཐུབ་ན་དགེ་བཤེས་ཐོན་དུས་ཞིབ་ཚགས་པོ་ཞིག་ཡོང་བར་སོམ་ཉི་གཏན་ནས་མི་དགོས་བ་ཞིག་རེད།
སྤྱིར་བཏང་ཚན་རིག་སློབ་སྦྱོང་དགོས་པའང་གལ་ཆེན་པོ་རེད། དེང་སང་འཛམ་གླིང་ནང་ཚན་རིག་ཟེར་དུས་མི་ཧ་ཅང་མང་པོ་ཞིག་གིས་མགོ་འབུལ་ལུས་འབུལ་ཞུ་རྐྱང་རེད། དེ་འདྲ་ཞིག་དང་མཐུན་པའི་ནང་ཆོས་དེ་ཡང་དངོས་གཙོ་སྨྲ་བ་རེད་དེ་མངོན་གསལ་དོད་པོ་ཞིག་ད་སྔ་བར་ཡོང་ཐུབ་མེད། དེ་འདྲ་དགོས་ན་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོར་མཐོང་།
ང་ཚོས་དངོས་ཡོད་གནས་ཚུལ་ཞིག་བཤད་ཀྱི་ཡོད་དུས་ཚན་རིག་པ་ཚོས་ཀྱང་དོ་སྣང་འོང་བ་རེད། དངོས་ཡོད་གནས་ཚུལ་དེ་ཕྱོགས་གང་དང་དུས་རབས་གང་ལ་བསླེབས་ན་ཡང་འགྱུར་བ་འགྲོ་རྒྱུ་མེད། དེ་འདྲ་ཡིན་དུས་ད་དུང་ཡང་ནང་ཆོས་དེ་འཇིག་རྟེན་འདིར་ཡུན་རིང་གནས་ཐུབ་པའི་གདེང་ཞིག་ཡོད་པ་རེད། དེ་བསྟན་པ་ཡུན་རིང་དུ་གནས་ཐུབ་པའི་ཆ་རྐྱེན་ཞིག་དུ་མ་ཟད། དེ་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་བའི་བདེ་སྐྱིད་དང་། འཛམ་གླིང་ལ་ཞི་བདེ་བསྐྲུན་ཐུབ་པ་ཞིག་ཁོང་གི་དགོངས་གཞི་གཙོ་བོ་ཞིག་མིན་འགྲོ་བསམ་གྱི་འདུག
དགེ་སྐོས་དེ་ངར་བ་ཟིག་གི་ཚིགས་ཀ་མེད་ཀི་ན་ཡུམ། ལ་ལས་དགོན་པའི་གསང་བ་ཡོད་ཚད་ཨེ་ཤེས་ན་འདོད་གོ་ནི་རེད། གསང་བ་ཡོད་ཚད་བསྔོག་དགོས་པ་ཡང་མེད་ལ་བསྔོགས་ནས་དགོས་པ་ཅི་ཡང་ཡོད་ནི་མ་རེད།
གྲྭ་པ་ཚོ་ཟེར་ནས་་རེ་འགའི་བྱ་བ་དག་སྤྱི་མགོ་ལ་གཡུག་ན་འགྲིག་ཐབས་མི་་་་་མ་ཚད་པར་རྒྱལ་བ་རིན་པོ་ཆེ་ཡང་གྲྭ་པ་ཡིན་པས་དེའི་གྲལ་དུ་ཚུད་ཉེན་འདུག་པས་ བཤད་བསམ་ནའང་ལབ་མ་ཤེས་ན་ཉོན་རྒྱུ་རེད་དཱ
སྔགས་པ་དང་སྔགས་མ་འཛོམས་ན་ལྟས་ཕྲུག་སྐྱེ།
སྔགས་པས་ཐམས་ཅད་དང་དུ་ལེན་དགོས་ཟེར།
གྲྭ་བ་དྲ་བ་འཛོམས་ནས་སྔགས་པར་གྱུར།
གྲྭ་བ་དྲ་བ་འཛོམས་ནས་ལྷ་ཁང་ནང་དུ་འཆང་ས་རྒྱབ།
མཛུབ་མོ་འཛུགས་སྐབས་ཐོགས་དང་པོར་རང་ལ་བཙུགས་ན། ད་གཟོད་རང་ཉིད་གཞན་གྱི་འབེན་དུ་གྱུར་གྱི་མ་རེད།
འོ་ཧོ། བན་དེ་བ་ལ་མངོན་ཤེས་ཡོད་ཀི་ཡ།
ད་ཐེངས་ཨོ་ཉི་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཁོང་གིས་གྲྭ་བ་ཚོས་ཁ་པར་དང་གློག་ཀླད་བེད་སྤྱོད་གནང་མི་ཆོག་པར་བཤད་པ་མ་ཡིན་པར་། གྲྭ་བ་ལ་ལས་བེད་སྤྱོད་ལོག་པ་བཏང་དང་གཏོང་བཞིན་པ་འདིས་དགེ་འདུན་པ་སྤྱིའི་སྡེ་ལ་མཚན་ཤས་བཟོ་བཞིན་པར་བློས་མ་བཟོད་པས་སྙིང་གཏམ་འདི་གླེང་བ་ཡིན་པས་ཡིན།
གྲྭ་པ་གློག་ཀླད་ཉུལ་ནས་སྡོད་པ་ཟློག
གྲོང་པས་གྲྭ་པར་ཇུས་གཏོགས་བྱེད་པ་ཟློག
གྲྭ་བས་དྲ་རྒྱ་བརྒྱུད་ནས་གང་བསྔོགས་ཀྱང་རྒྱལ་ཁབ་དང་། ས་གནས་རིམ་པ་ཁག་གི་དྲ་རྒྱ་ཇུས་འགོད་པ་དག་གིས་ཚང་མ་ལྟ་བཞིན་པ་རེད། གལ་སྲིད་ཁྲིམས་འགལ་གྱི་བྱ་བ་ཞིག་བྱས་པ་ཡིན་ན་ཁྱིམ་པ་སུན་འབྱིན་མ་ཡིན་ནམ། སོམས་དང་། གྲྭ་བའི་གོས་ཀྱིས་གཡོག་བཞིན་ཁྱིམ་པའི་བྱ་བར་ཞུགས་ན་བསྟན་བཤིགས་ལོས་ཡིན། དྲ་འབུ་ཚོས་ཅང་མི་ཤེས་ཁི།
ཁྱིམ་པའི་གོས་ཀྱིས་གཡོགས་ཏེ་གྲྭ་པར་ཇུས་གཏོགས་ཁ་མེད་སྣ་མེད་དུ་བྱེད་པ་འདི་ནི་ཁྱིམ་བཤིགས་རེད། འདི་ནི་ཁྱིམ་པའི་བསྟན་པ་དང་འགལ་སོང་བ་རེད། གྲྭ་པ་དམ་པའི་ལྷ་ཆོས་དང་འགལ་སོང་་ཟེར་ཞོར་རང་ཉིད་འཇིག་རྟེན་མི་ཆོས་དང་འགལ་སོང་བ་རེད།
ཁྱིམ་པ་ཞིག་ཡིན་ན་རང་གི་བཟའ་ཟླ་དང་བུ་ཕྲུག་ལ་བདག་པོ་ཡག་པོ་བརྒྱབ་སྟེ་ཁོང་ཚོར་བཟའ་བཏུང་ཤེས་རིག་གི་རོགས་སྐྱོར་བྱེད་རྒྱུ་དེ་ཁོ་ཚོའི་བསྟན་པ་ཡོད་ན་མེད་ན་དེ་རེད། བསྟན་པ་དེ་འཛིན་རྒྱུའི་ཚབ་ཏུ་དེ་ལས་བརྒལ་ཏེ་རབ་ཏུ་བྱུང་བ་དགེ་འདུན་གྱི་སྡེ་དཀོན་མཆོག་གསུམ་གྱི་ཡ་གྱལ་ཡུལ་གཉན་པོ་ཕྱག་མཆོད་བཀུར་བསྟིའི་ཡུལ་དུ་གྱུར་པ་དེ་ལ་ཅིག་མ་རེད་མུག་མ་འགྲིགས་ཟེར་ནས་བསྡད་ན། དོན་ངོ་མར་ཁོས་ཁོ་ཚོ་ཁྱིམ་པའི་བསྟན་པ་དེ་བཤིགས་ཚར་བ་རེད། དེ་བས་ངས་མི་དེ་རིགས་ཀྱི་མིང་ལ་”ཁྱིམ་བཤིགས་”ཟེར་གི་ཡོད།
འདི་ནི་ཁྱིམ་པ་དང་གྲྭ་བའི་སྐུ་ཚེ་བརྟན་པའི་ཆེད་དུ་ཡིན།
གྲྭ་པའི་སྐུ་ཚེ་བརྟན་མི་བརྟན་དེ་གྲྭ་པ་རང་ཉིད་ཀྱི་སྤྱོད་པ་དང་བསྟན་པ་དེའི་བདག་པོར་གྱུར་པའི་སངས་རྒྱས་དེའི་ཐུགས་བསྐྱེད་སྨོན་ལམ་ལ་རག་ལས་ཡོད་མ་གཏོགས། གྲྭ་པའི་སྤྱི་ཚོགས་དེའི་ནང་ནས་ཁུངས་མ་འཁྱོལ་བའི་མི་དེ་རིགས་ཀྱི་ཇུས་གཏོགས་ཡོད་མེད་ལ་རག་ལས་མེད། མི་བདེན་བསམས་ན་སྡེ་སྣོད་གསུམ་ག་སྔོགས།
ཧཧཧཧ གྲྭ་བའི་ཚེ་སྲོག་རང་ཉིད་ཀྱིས་གཅོད་ཀྱིན་ཡོད་པ་ཤེས་སྲིད་པས་བཤད་པ་ཡིན། དཔེར་ན་ཀླུ་སྨྱོན་བཞིན།
ཨོ་རྒྱན་ཉི་མ་ཟེར་བ་འདི་མི་ག་འདྲ་ཞིག་འདུག་ལྟ་རན་ཚོད་འདུག་།
དྲ་རྒྱའི་དུས་རབས་ལ་དྲ་རྒྱ་བཀག་འགོག་བྱེད་མི་དེ་ནི་དོན་ལ་ངན་དགུ་ཚང་བའི་དམིགས་ཡུལ་དང་རེ་བ་ཞིག་ཡོད་པ་རེད་། བོད་ཀྱི་གྲྭ་པ་རྣམས་ནི་དུས་རབས་འདིའི་མི་ཡིན་ན་ དུས་རབས་འདིའི་དགོས་འཁོ་དང་ཡ་བྲལ་མི་རུང་ལ་། དོན་ལ་སངས་རྒྱས་གསོན་པོ་ཞིག་ཡིན་ཡང་དུས་རབས་དང་འཚམས་པའི་མཛད་སྤྱོད་བསྟན་དགོས་པ་ནི་གཡོལ་ཐབས་དང་ཟུར་ཐབས་མེད་པ་ཡིན་།།
ལས་མེད་དྲ་ཉུལ་བ་སྤོབས་པ་མཐའ་ཡས་དང་ཨོ་རྒྱན་ཉི་མ་སོགས་ངོ་མ་དྲ་བ་དང་བྲལ་ན་དགའ་ས་རེད དེ་མིན་ཉིན་ཞིག་དྲ་འདྲེ་ངོ་མ་ཞིག་དུ་གྱུར་ས་རེད།
ལི་མོ་འདི་ང་ལ་སེམས་དཀར་ཁི་ཡ། ཧཧཧ
འདུལ་ལུང་སྡེ་བཞི་དང་། བྱང་སེམས་སྡེ་སྣོད་དང་། རྒྱུད་སྡེ་བཞིའི་ནང་ནས་ཆོག་པར་གསུངས་མེད་པ་དང་། རུང་བ་དང་མ་མཐུན་ན་གྲྭ་བས་བྱ་རུང་ངམ།
གྲྭ་པས་ཆགས་གཏམ་འབྲི་མི་འོས་པར་སྨྲ་བ་ནི་བསམ་བློ་གུ་དོག་པའི་སྐྱོན་དུ་སྣང་སྟེ། བོད་ཀྱི་མཁས་པ་རྟེན་རབ་བྱུང་ཅན་མང་བོས་སྙན་ངག་མཛད་སྐབས་སུ་ཆགས་གཏམ་མང་བོ་མཛད་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མི་ཕམ་བཙུན་པས་གསན་ནས་བྲིས་པ་དང་། ཞེས་གསུངས་པས་ཀྱང་ཤེས་སླ། ཆགས་པ་ཟེར་བ་མི་གཙང་བར་མཐོང་བ་འདི་ཀླད་པ་རྙིང་བའི་བག་ཆགས་ལས་མ་གྲོལ་བའི་རྟགས་ཡིན། ཡུལ་དུས་ཀྱི་ཁྲིམས་དང་འཇིག་རྟེན་གྱི་མཐུན་འཇུག་དང་མ་འགལ་ཚེ་ཆགས་པ་རང་ངོས་ནས་མིའི་འཚོ་བའི་ནང་གི་འདོད་ཡོན་གཙོ་བོ་ཞིག་ཡིན།
གྲྭ་བ་ལོག་དང་མི་ལོག་རང་དབང་ཡིན་སྟབས། སྔོན་ཆད་དྲྭ་རྒྱ་མེད་པའི་དུས་སྐབས་ལའང་གྲྭ་ལོག་མང་བོ་བྱུང་ཟིན་། འདི་གར་ཕེབས་པའི་ནང་དུ་གྲྭ་ལོག་འགའ་རེ་མཆིས་སྲིད་ན། ཕྱིར་འདང་རྒྱོབ་དང་། རང་ཉིད་ཀྱིས་དྲྭ་རྒྱ་བལྟས་དྲགས་ནས་སྡོམ་པ་ཤོར་བ་ཨེ་ཡིན།
རླུང་རྟ་མར་ལ་ཆགས་པའི་རྟགས་ཉིད་དམ།།
ཡར་ལ་རྒྱུགས་པའི་སྔ་ལྟས་ཇི་ལྟར་ཡང་།།
ཨོ་ཉིའི་སེམས་གཏམ་ལ་ཡང་དྲྭ་འབུ་ཚོས།།
མི་འདོད་རྣམ་འགྱུར་འཛིན་པར་ཡ་རེ་མཚར།།
རང་གི་འདོད་པ་ལ་ཡང་མ་མཐུན་ན།།
སྙིང་ཉེ་སྤུན་སྲིང་ཡིན་ཡང་རྐང་བ་ནས།།
མར་ལ་ཤུགས་ཀྱིས་འཐེན་པའི་གཤིས་ངན་འདི།།
ད་དུང་དུ་ཡང་གསོན་ནས་ཡོད་པ་འདྲ།།
བདེན་པ་མིན་པའི་གཏམ་ལ་རྒོལ་དགོས་ཀྱང་།།
དངོས་མཐོང་བདེན་པའི་གཏམ་ལ་རྒོལ་བ་ནི།།
རང་ཉིད་གཟུར་བོ་མིན་པའི་རྟགས་ཉིད་ལས།།
ཡ་རབས་སེམས་ལྡན་ཞིག་ལ་ངས་མི་འདོད།།
གྲྭ་བ་དྲ་བ་འཛོམས་ནས་སྤྲུལ་སྐུ་རྫུན་དུ་སྒྲུབ།
གྲྭ་བ་དྲ་བ་འཛོམ་ནས་སྔགས་པའི་སྐྱོན་མཚངས་སྔོགས།
གྲྭ་བ་དྲ་བ་འཛོམ་ནས་དྲ་རྒྱ་གྲྭ་བས་བཀང།
གྲྭ་བ་དྲ་བ་འཛོམས་ནས་བོད་ཀྱི་སྐད་ཡིག་སྲུང།
གྲྭ་བ་དྲ་བས་བཀང་ནས་སྐྱ་བོར་ས་དམིགས་མེད།
གྲྭ་བ་དྲ་བ་འཛོམས་ནས་བུ་མོའི་སྟུ་ཁ་སྐམས།
གྲྭ་བ་དྲ་བ་འཛོམས་ནས་བུ་མོར་ཡ་ལན་མེད།
གྲྭ་བ་དྲ་བ་འཛོམས་པར་བུ་མོས་སྡུག་སྐད་ཤོར།
རླུང་རྟ་ཡར་ལ་ཆགས་པའི་རྟགས་མ་རེད།།
རླུང་རྟ་མར་ལ་གྲིབ་པའི་རྟགས་མ་རེད།།
ཉིན་མཚན་ཀུན་ཏུ་དྲ་བར་སྦྱར་སྦྱར་ནས།།
རང་གི་དེ་ཉིད་ཕྱི་ལ་མངོན་ཙམ་རེད།།
བསྒྱུར་བཅོས་གཏོང་དགོས་ཟེར་ན་འཐད་མོད་ཀྱང་།།
གཏན་ནས་མི་ཆོག་ཟེར་ན་བླུན་གཏམ་རེད།།
དུས་རབས་རྗེས་སུ་མ་ཟིན་ཀླད་ལྗང་རེད།།
དབྱུགས་པ་ལེབ་རྡུང་གཏོང་བ་ཧམ་པ་རེད།།
ཁ་གཏད་གཅོག་མཁན་གྲྭ་པ་ཡིན་པས་རེད།།
བོད་ཡིག་སྤྱོད་མཁན་གྲྭ་པ་ཡིན་པས་རེད།།
དྲ་རྒྱའི་བདག་པོ་གྲྭ་པ་ཡིན་པས་རེད།།
དེ་ལ་མ་བཟོད་སྐད་ངན་ཤོར་བ་རེད།།
དུས་རབས་ཉེར་གཅིག་པའི་གྲྭ་བ་རྣམས་ལ་དྲྭ་རྒྱ་མེད་ན། དུས་ཚོད་འཁྱོལ་ཁག་པོ་འདུག གང་ཡིན་ཟེར་ན་གྲྭ་བ་ཚོར། བྱེད་རྒྱུ་ཡོད་མ་རེད། འགྲོ་རྒྱུ་ཡོད་མ་རེད། བལྟ་རྒྱུ་ཡོད་མ་རེད། བཤད་རྒྱུ་ཡོད་མ་རེད། དེ་འདྲའི་སྒང་ལ་མི་ཚེ་བསྐྱེལ་དགོས་རེད།
དེང་སང་གྲྭ་བ་འདི་ཚོ་བྲེལ་ཟིང་ཆེ།།
མི་རིགས་རིག་གཞུང་སྲུང་བ་གྲྭ་བའི་འགན།།
མཛེས་མ་རྒན་གཞོན་སྐྱོང་བ་གྲྭ་བ་མཁས།།
དྲ་ཉུལ་ཆགས་སྲེད་འཚོལ་བ་གྲྭ་བའི་ལས།།
ཨོ་ཉི་ཁྱོད་ལ་བསྟོད་པ་ཞིག་བྲིས་མོད་མཐོང་ཡོད་མིན་མི་ཤེས། ཁ་བརྡས་བསུབས་ཚར་འདུག གང་ལྟར་ཁྱོད་ཉིད་ཇུས་དོགས་མང་དྲག་ན་ཡེ་ཤེས་ཉི་མ་དྭ་ཕྲུག་དང་དམ་ཉམས་ཨ་ཀོང་འདོད་པས་མ་ངོམས་ནས་ཤི་ན་སྙིང་ཡང་མི་རྗེ་འམ། ཁྱོད་ལ་སྐྱོན་ཆེ་ཤོས་དེ་མདུན་མ་གཏོགས་རྒྱང་ལ་ལྟ་མི་ཤེས་པར་ད་ལྟ་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དེ་རེད། ཀླུ་སྨྱོན་ལྟ་བུ་མཁས་གྲུབ་གཉིས་ལྡན་དག་ལ་ངན་སྨད་བྱས་ན་ཁྱོད་རང་ཆགས་སྡང་ཁོ་ནའི་གཞན་དབང་དུ་སོང་བ་ཡིན་པར་ཚང་མས་ཤེས་ཐུབ། དེ་མིན་ཅི་མི་འདུག
ཡ་ད་ཡིན་ན་བརྗོད་གཞི་དངོས་དེ་གྲྭ་ཚང་དང་བླ་གྲྭ་ཚང་མ་དྲ་བ་ཞུགས་ན་ཡག་པོ་འདུག་སྙམ། གོང་གི་རྒྱལ་བ་རིན་པོ་ཆེ་དང་སི་ཏུའི་ཀརྨ་པ་སོགས་ལ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་རེ་བདག་ཏུ་བཟུང་འདུག་ག བེད་མེད་བྱས་ན་སྦྱིན་བདག་གི་རྒྱུ་ནོར་ཆུད་ཟོས་བྱས་པ་རེད། མི་དམངས་ཀྱི་སྡུག་བསྔལ་དང་བསམ་ཆ་ཤེས་ན་ཡག་པོ་མི་འདུག་གམ། ལྐོག་ལྟ་བྱེད་པ་ལས་ངོ་དེབ་བམ་ཟིན་བྲིས་རེ་འམ་ཉིན་མཐོ་རེ་བོད་ཡིག་ཐོག་བྲིས་ན་ཡག་པོ་འདུག ཨ་ལགས་དོལ་ཞི་དང་། ལྡོང་ཡོན་ཏན་རྒྱ་མཚོ་དང་། མཁན་པོ་བསོ་དར་རྒྱས། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས། དགེ་བཤེས་བེེ་རི་འཇིགས་མེད་དབང་རྒྱལ། རིག་པའི་ཁུ་བྱུག་སོགས་ལ་ཡང་རྒྱ་བོད་ཀྱི་ཟིན་ཐུན་དང་གདོང་དེབ་ཀྱང་ཡོད། དབྱིན་ཡིག་ལ་མཚོན་ན་ཞྭ་དམར་ཀརྨ་པ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ། མཁའ་འགྲོ་རིན་པོ་ཆེ། སྨིན་གླེང་མཁན་ཆེན། འབྲུག་ཆེན་རིན་པོ་ཆེ། སྟག་ལུང་སྐྱབས་མགོན། རྫོགས་ཆེན་དཔོན་སློབ། སོགས་ལ་ཐད་ཀར་ང་ཚོ་དམངས་ཕལ་བ་ཚོས་སྐད་གང་བཤད་ན་རང་དབང་གིས་ཆ་བཤད་ཆོག་ཆོག་པ་དང་ལན་ཡང་གནང་གི་འདུག འདི་དག་དགའ་འོས་པ་ཞིག་མ་ཡིན་ནམ། ཆེ་ཆེ་བརྫིག་བརྫིག་གིས་བོད་ཀྱི་ཡི་གེ་འབྲི་བ་ཙམ་ཡང་མི་གཞན་དག་གཡོག་ཏུ་བཀོལ་ན་ཡག་པོ་གཏན་ནས་མི་འདུག དེ་བས་ཁ་བརྡ་དྲ་བ་འདི་འདྲ་བའི་རང་དབང་གི་གཏམ་བཤད་ཆོག་སར་དགོངས་ཆར་རེ་ཡོད་ན་མི་ལེགས་སམ། ཨ་རིའི་སྲིད་འཛིན་ལ་ཡང་སོ་སོར་གདོང་དེབ་དང་གཏམ་བཤད་ཆོག་ན་ང་ཚོ་གྲོང་ཉུང་མི་རིགས་ནང་ངེས་པར་མཁན་སྤྲུལ་བླ་གྲྭ་ཇོ་མོ་ཚང་མ་དྲ་ཐོག་ནས་སྟབས་བདེའི་འབྲེལ་འཐུད་བྱས་ན་ཡག་པོ་འདུག་ག ཁྱེད་རྣམ་པ་བོད་ལ་ཡོང་མི་དགོས་པར་ང་ཚོ་དྲ་ཐོག་ནས་སེམས་ཐག་ཉེ་བའི་སྐྱིད་སྡུག་གི་ནང་གཏམ་དང་། བགྲོ་གླེང་ཆོག་གི་འདུག་གོ། །།
བསམས་ཚུལ་འདི་བཤད་མཁན་ཨོ་རྒྱན་ཉི་མ་ཡིན་སོང་རེད་མ་གཏོག་ ང་ཚོའི་གནོད་ཡོད་མི་སྣ་ཞིག་གིས་འདི་འདྲ་ཞིག་བཤད་ཡོད་ན་དྲ་འབུ་ཚོ་ཁ་ཙུམ་ནས་སྡོད་ཀྱི་རེད། དྲང་པོ་བཤད་ན་མི་མི་དགའ་ དབྱུག་པ་ཕྱར་ན་ཁྱི་མི་དགའ་ ཟེ་ནོ་དེ་བདེན་གི་ཨ།
གཟིགས་སོགས་གཟུང་འཛིན་མཚན་མ་ཤེས་སོང་ན།
དྲ་བ་དྲ་རྒྱ་འདི་ལ་ཡ་མི་མཚན།
བཅས་དང་རང་བཞིན་སྡིག་པ་ཤེས་བཞིན་འཇུག
གྲྭ་བ་གྲྭ་ལོག་འདི་ཚོ་ངོ་རེ་ཚ།
པདྨ་ཟེར་བ་འདི་མཁན་ཆེན་བླ་མ་ཟེར་བའི་སྨྱོན་པ་དེ་རེད་འདུག
པདྨ་ཟེར་བའི་མིང་ཅན་དེས་སྐད་ཆ་བཤད་སྟངས་ལ་བལྟས་དང་། ཨོ་ཉི་གྲོགས་མེད་ཁེ་རྐྱང་ལྷག་འདུག་ཟེར་ནས་ག་རེ་བཤད་ཀྱི་ཡོད་དམ། ཁ་བརྡའི་དྲ་ཐོག་ཏུ་ཕྱོགས་ཁ་དཔུང་སྒྲིག་བྱེད་ནས་དམག་འཐབ་བྱེད་ས་མ་རེད་ད། མི་ཚང་མས་བསམ་ཚུལ་གསུངས་ཀྱི་ཡོད་རེད། བསམ་ཚུལ་མི་མཐུན་མཁན་ཚོས་དགག་སྒྲུབ་བྱེད་རེའི་བྱེད་ཀྱི་ཡོད་མ་གཏོགས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་ཀྱི་ཡོད་མ་རེད།
ཨོ་ཉི་ལྟ་བུ་ཡིན་ན་ང་ཅོ་རི་དང་ཕ་ཡུལ་གཅིག་པའི་མི་རེད། འཁོན་འགྲན་ཟེར་བ་སྤུ་ཙམ་མེད། སྒེར་ངོས་ནས་མི་མཐུན་གྱི་ཟེར་བ་སྤུ་ཙམ་མེད། བསམ་ཚུལ་མི་མཐུན་སའི་ཐོག་ཏུ་ཁ་རྡུང་གཏོང་རེའི་བྱས་པ་མ་གཏོགས་སྙིང་ནག་ཟེར་བ་སྤུ་ཙམ་མེད་ད། གཅིག་རེད།
གཉིས་པ། རྣམ་དཔྱོད་ཅན་ཚ་བ་མདའ་སྨྱུག་ལགས་ཀྱི་རྣམ་དཔྱོད་ལ་སེམས་པ་ཤོར་སོང་ན་འདྲེ་ཆགས་འགྲོ་བ་ཡིན་ན་བོད་མི་ཤེས་ཡོན་ཅན་མང་ཆེ་བ་འདྲེ་ཆགས་ཚར་བ་ཡིན་གྱི་རེད།་་་ཧཧ ་ངས་བལྟས་ན་ཁྱོད་ཀྱི་མི་ལུས་ནང་དུ་འདྲེ་འཛུལ་བསྡད་ཡོད་ས་རེད། བོན་པོར་སྡང་ལུགས་དང་། ཕྱོགས་ཁ་དཔུང་སྒྲིག་བྱེད་འདོད་ཡོད་ལུགས་བཅས་སུ་བལྟས་ན་ཡག་རྟགས་ཅང་མི་འདུག
ཁྱོད་ཀྱི་བཤད་པའི་སྐད་ཆའི་རྒྱབ་ལྗོངས་ལ་བལྟས་ན་བོད་མི་རིགས་ལ་སྐྱིད་པོ་མིག་གང་ཡོང་ས་མ་རེད། ཕྱོགས་ཁ་དཔུང་སྒྲིག་བྱས་ནས་ནང་འཐབ་བྱེད་ཀྱི་དེ་རེད་འདུག་བ། བླ་རྒན་ཞིག་དང་མ་འདྲ་བསམ་བློ་བཏང་སྟངས་སྡུག་བ་ལ་་་ཁོ་རེ།
ཨོ་ཉི་ལགས་སོགས་མི་འགའ་ནི་རང་ཉིད་འགྲོ་སྟོངས་ལྷོང་དོད་པོ་མེད་ཀྱང་མི་གཞན་གྱི་མི་ཚེ་ལ་དོ་ཕོག་གཏོང་རྒྱུ་དགའ་ཞིང་དབང་སྒྱུར་བྱེད་རྒྱུ་རྔམ་བཞིན་པ་རེད་། བྱེད་སྟོངས་འདི་ནི་དེང་གི་དུས་སུ་མ་འོས་པ་མ་ཚད་དྲགས་སྤྱོད་པའི་ལས་ཕྱོགས་དང་འདྲ་བོ་འདུག་། གྲྭ་པས་འདུལ་ཁྲིམས་སྲུང་དང་མ་སྲུང་སྐོར་ནི་གྲྭ་པ་དེ་དང་དེ་ཡི་རང་དབང་རེད་། མི་གང་དང་གང་ཡིན་ཡང་ཆོས་བྱེད་དང་མ་བྱེད་། བླ་མ་ཁས་ལེན་དང་མི་ལེན་། དེ་བཞིན་སྐྱེ་བ་ཕྱི་མ་སོགས་ག་འདྲ་ཞིག་འདོད་རུང་སོ་སོའི་རང་དབང་ལས་སུ་གཅིག་གིས་བཟང་ངན་གི་སྐད་ཆ་བཤད་པའི་གོ་བབ་མེད་། ལྷག་པར་དུ་གྲྭ་པ་དག་ལ་དྲ་རྒྱ་ལྟ་ཀློག་བཀག་འགོག་དགོས་སྐོར་བཤད་པ་དེ་ནི་བོད་ཀྱི་སྤྱི་ཚོགས་ནང་གྲ་པའི་གྲངས་འབུར་ནི་ཆེན་པོ་དང་གྲ་པ་དག་ནི་དེངསྐབས་ནུས་ཤུགས་ཆེ་གྲལ་ཞིག་ཡིན་ཕྱིར་ཧ་ཅང་གི་ཐབས་སྐྱོ་བོ་དང་བོད་མི་རིགས་འདི་ལ་ངན་སེམས་བཀུན་ནས་སློང་བའི་སྐད་ཆ་ཞིག་རེད་། ཚམ་མས་མི་འདི་འདྲ་བ་དག་ལ་ཟབ་ཙམ་བྱེད་དགོས་འདུག་།།
ད་དངོས་གནས་ཁྱོན་ཞིག་ནས་གོ་ཚོད་ཀྱི་མི་འདུག གྲྭ་པ་ཚོ་ཡར་ལངས་ན་མགོ་རྡབ། མར་སྡད་ན་རྐུབ་རྡབ་ཟེར་བ་ལྟར། དེང་སང་གི་འཕྲུལ་ལས་སྤྱད་ན་གང་མི་ཚད་སྡུག་ཆགས་རེད་ཟེར། མ་སྤྱད་ན་ཤེས་མེད་གླེན་ལྐུག་རེད་ཟེར།
ཕུགས་ལ་ཚང་ནས་སྡོད་ན་སྤྱི་ཚོགས་འགན་ཁུར་མེད་པའི་ཤི་རོ་དང་འདྲ་ཟེར། སྤྱི་ཚོགས་འགན་ཞིག་ཁུར་དུས་འཇིག་རྟེན་པའི་ལས་ཀ་བྱས་ཉེས་ཆེ་ཟེར། གང་ལྟར་ཁྱེད་ཚོས་ཅི་ཞིག་བྱ་འདོད་པ་ཡིན་ནམ།
གཅིག་བྱས་ན། སྤྱི་ཚོགས་ཀྱི་ཁ་དེས་འཕུང་ཟེར་བ་བཞིན། སྔར་རྒན་གོག་གཉིས་བུང་བུ་འཁྲིད་ནས་མ་འགྲིག རེ་རེ་གཞོན་ནའང་མ་འགྲིག གཉིས་ཀ་གཞོན་ནའང་མ་འགྲིག གཉིས་ཀ་མ་བཞོན་ནའང་མ་འགྲིག་པའི་སྒྲུང་ཞིག་འདུག་དེ་དང་གཅིག་པ་རེད་བསམ། མཐའ་དོན་སུ་ཞིག་ལའང་ཕན་ཐོགས་མེད་པའི་སྐད་ཆ་ལུང་པ་གང་ཤོད་ནས་དུས་འདའ་བར་བྱོས་ཤིག་ལོ།
ཨོ་ཉིས། གྲྭ་པ་དགོན་པར་སུན་པ་དྲྭ་བ་རེད་ཟེར། ཁྱོད་ཀྱིས་ཅི་ཤེས་མིན་འདུག ཡང་ན་མ་ཤེས་ཁུལ་བྱས་ཡིན་འགྲོ། ཡིན་རྒྱུ་འདི་སྟེ། གྲྭ་པ་དགོན་པར་སྡོད་རྒྱུ་སུན་པའི་རྐྱེན་ངོ་མ་ནི་ཁྱོད་འདྲ་བའི་དགོན་བདག་སྤྲུལ་གོག་ཚོས་སློབ་གྲྭར་འགྲོ་བཞིན་པའི་ཕྲུ་གུ་ཚོ་བསླུ་བྲིད་ཀྱིས་དགོན་པར་བཞག ལྟོ་དུས་གཉིས་སྤྲད་དེ་ཚེ་གཡོག་ཏུ་ཉར་བ་དེ་དུས་ནམ་ཞིག་གི་ཚེ་ཧ་གོ་དུས་དགོན་པར་སུན་པ་རེད་དོ།།
ཨོ་ཉི་ཡིས་་དཔལ་དགྱེས་ཟེར་བ་དང་པདྨ་ཟེར་བ་ཨེ་མ་ཧོ་ཟེར་བ་མཁན་ཆེན་བླ་མ་ཟེར་བ་དེ་འཇུ་ཐུབ་འདུག ཁྱེད་རང་ཡར་གནམ་ལ་བཀྱག མར་ས་ལ་རྡབ་མཁན་དེ་རེད།
ཚ་བ་མདའ་སྨྱུག་ལ་ལྟ་སྟངས་ཀྱི་སྐོར་ལ་་་ནདྲ་གྲོགས་ཅོ་རི་ཉི་མས་གསལ་བཤད་དང་དགག་པ་རྒྱབ་འདུག་པདྨ་ཟེར་བ་ཁྱོད་ཀྱིས་དེ་དྲན་པར་གྱིས། མ་གཞི་ན་ང་པདྨ་ཟེར་བ་དེ་འདྲའི་རིགས་ལ་ཡ་བྱེད་འདོད་མེད། མི་ངན་དང་འགྲོགས་ན་དྲི་མ་ཇེ་ཆེ་རེད།
ང་ལ་མི་ཚེའི་འགྲོ་སྟངས་མི་དགོས་ལ། སྒོར་མོ་དང་། ཐོབ་དང་གོ་ས་ཟེར་བ་དེ་ལས་མི་དགོས། དགོས་རྒྱུ་གཅིག་དེ་ང་རང་གིས་གང་དྲན་ན། དེ་ཁྱེད་ཅག་ལ་ཞུ་ཐུབ་ན་དྲན།
ང་ལ་དགོན་པ་མེད་ལ་གྲ་བ་མེད། ཐོབ་ཤོར་གཉིས་ཀ་མེད།
ད་དུང་འོད་གསལ་ཟེར་བ་འདི་ཡང་ཁོ་ཡིན་ས་རེད་བསམ་པ་ཞིག་འདུག
དྲྭ་གྲོགས་རྣམ་པ་ལགས།
ཁ་བརྡའི་གླེང་སྟེགས་འདི་ཉིན་རེ་བཞིན་དུ་གཡུལ་འགྱེད་ཀྱི་ཐང་ཆེན་ཞིག་ཏུ་འགྱུར་བཞིན་པ་ལས། བགྲོ་གླེང་བསམ་འཆར་བརྗེ་རེས་བྱེད་ཡུལ་གྱི་སྟེགས་བུ་ཞིག་གི་རྣམ་པ་མི་འདུག །འདིའི་ནང་ལ་མི་ཕན་ཚུན་བར་ལ་ཁ་རྡུང་བཏང་བ། མཚང་མིང་འབོད་པ། སྨ་འབེབས་དྲག་པོ་གཏོང་གིན་འདུག་པས། མཚམས་རེར་འདིར་སླེབས་སྐབས་སུ་སེམས་ནང་འཇིགས་སྐྲག་སྐྱེ་འོང་། ད་ནས་བཟུང་ཁ་བརྡ་ཞེས་པའི་མིང་དེ་འདྲེ་གཏམ་ཞེས་སུ་བསྒྱུར་རན། མི་མང་བོ་ཞིག་གིས་འདི་གར་སླེབས་ནས། རང་གི་བླ་མ་དང་གྲུབ་མཐར་བསྟོད་པ་སྒྲོ་འདོགས་ངོ་ཚ་དགོས་པ། གཞན་གྱི་བླ་མ་དང་གྲུབ་མཐར་སྨད་པ་སྐུར་འདེབས་ལུང་བ་གང་བྱེད། ལས་ཀ་འདི་འདྲ་བས་རང་གཞན་སུ་ལང་ཕན་མི་འབྱུང་བ་མ་ཟད། དོན་མེད་ཆགས་སྡང་གི་ལས་སྣ་ཚོགས་གསོག་འོང་།
ཁ་བརྡའི་བཅའ་ཁྲིམས་ནང་དུ་མི་སྒེར་བར་ངན་སྨྲས་གཏོང་ཚེ་ཕྱིར་འབུད་བྱེད་རྒྱུ་ཡིན་ལུགས་བཤད་འདུག་ཀྱང་། དོན་དུ་ཁྲིམས་དེ་ལག་ལེན་བསྟར་བའི་རྟགས་ཅིའང་མ་མཐོང་། ཉིན་ཞིག་ལ་ཁ་བརྡའི་ནང་གི་སྒྲོ་སྐུར་ལ་བརྟེན་ནས་གཞུང་ཁྲིམས་ལ་གཏུག་གཤེར་དགོས་དུས་ཤིག་འབྱུང་འོང་བ་འདྲ།
སྨྲ་བརྗོད་རང་དབང་ནི་ཁ་ནས་གང་དྲན་དྲན་སྨྲ་བར་མི་གོ །དཔེར་ན་དམངས་གཙོའི་ལུང་བ་ཞིག་ཏུ་མི་ཞིག་གིས་གློག་བརྙན་ཁང་དུ་མེ་ཤོར་སོང་ཞེས་རྫུན་ལབ་ནས་སྐད་བརྒྱབ་ན་ཁྲིམས་དང་འགལ། ཁ་ཆེའི་བླ་རྒན་ཁ་ཤས་ཀྱིས་གྲུབ་མཐའི་ཕྱོགས་རིས་ལོ་གཞོན་ཚོར་བསླབས་ནས་འཇིགས་སྣང་སྐུར་མཁན་དུ་འགྱུར་འགྲོ་བ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཚོས་དགྲ་བོར་བརྩི། ང་ཚོད་བོད་པ་མང་བོས་སྨྲ་བརྗོད་རང་དབང་གི་དོན་གང་ཡིན་སློབ་དགོས། རྣམ་པ་ཚོ། གཟབ་གཟབ་བྱོས་ཨ།
སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལགས།
ཁྱེད་ཀྱིས་ག་རེ་གསུངས་སོང་།
༈་རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩེ་དགོས་ན། གྲྭ་པ་དྲྭ་རྒྱ་དང་ཁ་བྲལ་ཐབས་མེད། དུས་རབ་ཉེར་གཅིག་པའི་ནང་པ། ཚན་རིགས་དང་ནང་པ་ཟུང་འབྲེལ་བཅས་སོ།
་་་་་ ཁ་ཆེའི་བླ་རྒན་ཁ་ཤས་ཀྱིས་གྲུབ་མཐའི་ཕྱོགས་རིས་ལོ་གཞོན་ཚོར་བསླབས་ནས་འཇིགས་སྣང་སྐུར་མཁན་དུ་འགྱུར་འགྲོ་བ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཚོས་དགྲ་བོར་བརྩི། ང་ཚོད་བོད་པ་མང་བོས་སྨྲ་བརྗོད་རང་དབང་གི་དོན་གང་ཡིན་སློབ་དགོས། རྣམ་པ་ཚོ། གཟབ་གཟབ་བྱོས་ཨ། ་་་་་ཟེར།
ཨོ་ཉི་ལགས། གྲྭ་བ་ཚོ་ཡང་དུས་ཚོད་དང་མཐུན་པའི་གྲྭ་བ་ཤིག་བྱེད་དགོས་པ། ༧གོང་ས་མཆོག་གི་དགོངས་གཞི་ཡིན་པས་དེས་ན་གྲྭ་བ་དྲ་ཐོག་ལའང་ཡོང་མ་ཆོག་ན་དུས་རབས་དང་མཐུན་པའི་གྲྭ་བ་ཤིག་ཅི་ལྟར་བྱེད། སྤྱིར་སྐྱ་བོ་ཤིག་གིས་དགེ་འདུན་པའི་སྒྲིག་གཞི་སྒྲིག་ལམ་བཤད་པ་ཆེས་མི་འོས་རེད་སྙམ།
ཨོ་རྒྱན་ཉི་མས་གྲྭ་བའི་བྱ་བ་ལ་ཇུས་གཏོགས་མི་ཆོག་ཟེར་བ་དེར་བསམ་བློ་ཞིག་གཏོང་བར་འོས། ཕྱོགས་གཅིག་ནས་རང་རང་གི་ལག་ལེན་ལ་བསྟར་དགོས་པ་དེ་བཀའ་སསློབ་གནང་བའི་སྔོན་འགྲོ་ཡིན་པ་རེད། ཡིན་ན་ཡང་། བོད་ཀྱི་གྲྭ་བ་ཚོས་བསམ་བློ་ཞིག་གཏང་དགོས་པ་འདུག དགེ་ལུགས་པའི་བླ་ཆེན་པན་ཆེན་དང་འཇམ་བཞད་ཆབ་མདོ་སྐྱབས་མགོན་འཕགས་པ་ལྷ་སོགས། ས་སྐྱ་བའི་གོང་མ་གོང་ཕྲུག་དང་བཅས་པ། བཀའ་རྒྱུད་པའི་བེ་རི་མཁྱེན་བརྩེ་སོགས། རྙིང་མ་བའི་མགོ་མགོ་གཙོ་གཙོ་ཚང་མ་ཨ་ཅག་ཅན་དེ་འདྲ་མ་རེད་པས། དེ་ཚོའི་ཞབས་ཀྱི་པདྨོ་དེ་གྲྭ་བ་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཚོའི་མགོ་ལ་འཇོག་ཆོག་ས་ནས་ཨོ་རྒྱན་ཉི་མས་བསམ་ཚུལ་འདི་འདྲ་གསུངས་པ་ལ་དེ་འདྲའི་དམའ་འབེབས་དང་འབྲེལ་བའི་ཚིག་མཚོན་འདེབས་པ་དེས་ནི་རང་རང་གི་ཁ་སྐྱག་ལངས་ལ་བཏང་བ་ཙམ་ལས་ནུས་པ་ཞིག་ཅང་མི་འདུག་བསམ། འོན་ཀྱང་ང་ནི་གྲ་བས་དྲ་བ་སྤྱོད་ན་བཟང་ཟེར་མཁན་མིན་ལ་མི་བཟང་ཟེར་མཁན་ཡང་མིན།
ཨོ་ཉི་ཁྱོད་ལ་མཁན་ཆེན་སང་ལ་འཁོན་འགྲན་ཡོད་པར་གཟོད་ཤེས་ཐལ། གང་ལྟར་ངས་བཤད་འདོད་པ་དེ་གྲོགས་མེད་ཁེར་རྐྱང་ལྷག་འདུག་བཤད་པ་དེ་ཁ་བརྡ་སང་གི་དྲ་འབིས་བསྟོད་སྨད་ཙམ་མིན་པར་ཆོས་ལུགས་བླ་མ་བརྒྱུད་པའི་ཞབས་འདྲེན་ཞུས་ནས་ཁྱོད་ལ་ཁ་ལག་མ་གཏོགས་ལྷག་མེད་པ་འདི་རེད། ཅོ་ཉི་ཡང་ཕ་ཡུལ་གཅིག་པ་ཡིན་པར་བཤད་འདུག ཡིན་ས་རེད། ཁྱོད་དགོན་ནས་མྱི་རྟ་བཅུ་གསུམ་བསད་རིས་བྱས་པའི་ནང་འཐབ་མཁན་ཚོ་ཏྲེ་ཧོར་སང་རེད་འདུག་པ། ད་དུང་ངོ་ཚ་མེད་པའི་ཆད་ལྟ་རུ་ལྷུང་མི་འདུག་གམ། ཧ ཧ ཧ ཧ འོད་གསལ་ངེད་གཉིས་མཁན་ཆེན་བླ་མ་ཡིན་པར་བསྒྲགས་རུང་རང་རྐུབ་སྟོན་པ་ཙམ་ལས་གསལ་བཤད་དགོས་ཡ་མི་འདུག
ཁྱོད་ལ་རྣམ་དཔྱོད་ཅིག་མེད་ན་ཞོགས་དུང་དང་ཚ་བ་མདའ་སྨྱུག་ལ་ཡང་མཁས་དབང་ཟེར་རྒྱུ་དྲན་ནི་རེད། བཟང་ངན་བདེན་རྫུན་འགྱེད་པའི་མིག་མེད་པས་བོན་པོ་ཡང་བདེན་ཁ་སྟེར་རྒྱུ་རེད། ཀརྨ་པ་ཡང་རྫུན་མ་མ་རེད་ཤོད་དང་། ཕྱོགས་ཞེན་ཟེར་བ་དེས་ལྷག་ཅི་ཡོད་མ་རེད། དེས་ཅི་བསྟན་པ་ཡིན་ན། ཨོ་ཅོ་ཁྱོད་ཚོས་རྒྱབ་ལྗོངས་ལ་བལྟས་ན་བོད་མི་རིགས་ལ་ངན་སྨྲས་ལས་བཟང་ཆ་ཞིག་མེད་པར་བཤད་འདུག་ག མ་ཚད་ཏྲེ་ཧོར་ཕྱོགས་ཁ་ནང་འཐབ་བྱེད་ཀྱི་དེ་རེད་འདུག་བ། གང་དྲན་དྲན་བྲིས་ན་ཁྱོད་བློ་བདེ་བ་ཡིན་ན་སྤྱི་རྡུང་ཧམ་སེམས་ཀྱི་ཕུང་གསུམ། རྩམ་པ་པོ་ཞིག་དང་མ་འདྲ་བསམ་བློ་བཏང་སྟངས་སྡུག་བ་ལ་་་ཁོ་རེ་་་་་་་་ཏྲེ་ཧོར་བ་་་་་བན་དེ་བ་ཨོ་ཉི་ཅོ་ཉི་ལགས།
མཁན་ཆེན་བླ་མ་པདྨ་ལགས།
ཁྱོད་ཀྱིས།
༼ཁྱོད་ལ་རྣམ་དཔྱོད་ཅིག་མེད་ན་ཞོགས་དུང་དང་ཚ་བ་མདའ་སྨྱུག་ལ་ཡང་མཁས་དབང་ཟེར་རྒྱུ་དྲན་ནི་རེད། བཟང་ངན་བདེན་རྫུན་འགྱེད་པའི་མིག་མེད་པས་བོན་པོ་ཡང་བདེན་ཁ་སྟེར་རྒྱུ་རེད། ཀརྨ་པ་ཡང་རྫུན་མ་མ་རེད་ཤོད་དང་། ཕྱོགས་ཞེན་ཟེར་བ་དེས་ལྷག་ཅི་ཡོད་མ་རེད།༽ཅེས་བཤད་འདུག་ག
༡་་་་ཚ་བ་མདའ་སྨྱུག་ལགས་སུ་མཁས་དབང་ཞུས་ན་མི་འགྲིག་རྒྱུ་མཚན་དང་གཅིག
༢་་་་བོད་གངས་ཅན་པའི་སྤུར་རྒྱལ་བཙན་པོའི་ཕ་མེས་ཀྱི་ཆོས་ལ་བདེན་ཁ་སྟེར་མི་ཆོག་པ་དང་གཉིས།
༣་་་་ཀརྨ་པ་རྫུན་མ་མ་རེད་བཤད་ཆོག་པ་དང་གསུམ།
རྒྱུ་མཚམ་ཅི་ཡོད་དམ། ཅིའི་ཕྱིར་དུ་ཁྱོད་ཀྱི་འདོད་པ་ལྟར་ཡིན་དགོས་སམ། གསལ་བཤད་ཤིག་དགོས་ཀྱི་འདུག དེ་ནས་མུ་མཐུད་ནས་རྩོད་ཆོག་་་་་་་་་་་་གནད་ལུགས་དང་རྒྱུ་མཚན་མེད་ན་ཁྱོད་རང་ཁ་བཙུམ།
༣་་་་ཀརྨ་པ་རྫུན་མ་མ་རེད་བཤད་མི་་ཆོག་པ་དང་གསུམ།་་་་ཞེས་བཅོས་རོགས་བྱོས།
༡་་་་ཚ་བ་མདའ་སྨྱུག་ལགས་སུ་མཁས་དབང་ཞུས་ན་མི་འགྲིག་རྒྱུ་མཚན་དང་གཅིག
༢་་་་ཀྵདང་གཉིས།
༣་་་་ཀརྨ་པ་རྫུན་མ་མ་རེད་བཤད་ཆོག་པ་དང་གསུམ།
ཞེས་པའི་ལན་དུ།
༡༽ཚ་བ་མདའ་སྨྱུག་མཁས་པ་མིན་ཏེ་རང་གི་མའི་ནུ་རིན་ཡང་སྤྲད་མ་ཐུབ་པ་དང་། རང་གི་བོད་དགེའི་དྲིན་ལན་ལོག་འཇལ་བྱས་པའི་ཕྱིར།
༢༽བོད་གངས་ཅན་པའི་སྤུར་རྒྱལ་བཙན་པོའི་ཕ་མེས་ཀྱི་ཆོས་ལ་བདེན་ཁ་སྟེར་མི་ཆོག་པ་མེད་དེ། སྔར་ཀླ་ཀློའི་ཆོས་སུ་འདོད་པ་ཁ་ཆེ་ལ་ཡང་། དེང་སང་མང་གཙོའི་ལམ་ལུགས་འོག་ལ་བདེན་ཁ་སྤྲོད་བཞིན་ཡིན་པའི་ཕྱིར།
༣༽ཨོ་རྒྱན་འཕྲིན་འཕྲན་རྡོ་རྗེ་མཆོ་ཡང་སྲིད་ཀརྨ་པ་རྫུན་མ་མ་ཡིན་ཏེ། སྐུ་ཕྲེང་༡༦པ་ལས་ལྷག་པ་༡༧པ་འདིས་མཚན་སྙན་འབར་བཞིན་པ་འདིས་ཀཡུན་གྱིས་ཤཆས་ཐུབ་པས་སོ།།
ད་གྲྭ་པ་ཚོ་རི་མགོར་འགྲོ་དགོས་ས་རེད། གྲྭ་པ་ཚོ་བོད་མིར་ཕན་ཐོབ་ཡོད་ས་མ་རེད།
ཨང་དང་པོ་རི་འགོ་རེད། ཨང་གཉིས་པ་དགོན་པ། ཨང་གསུམ་པ་མང་ཚོགས་སུ་བསྡད་དེ་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་རྒྱུ་ཡིན།
གྲྭ་བཙུན་གཉིས་ཀྱི་དམིགས་ཡུལ་དང་པོ་དེ། ཚ་བློས་བཏང་ནས་མི་ཚེ་གང་པོ་བྱ་བྲལ་དུ་སོང་ནས་རྟོགས་པའི་བསྟན་པ་འཛིན་ཐུབ་པ་དང་། གཉིས་པ་དེ། ལུང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དེ་རེད། གསུམ་པ་དེ། སྤྱི་ཚོགས་ནང་ལ་མི་མངས་ཀྱི་ཤེས་རིག་དང་འཕྲོད་བསྟེན་གྱི་ཞབས་ཞུ་གནང་རྒྱུ་རེད་སྙམ་ལགས།
དེ་ག་རང་རེད།
ཚ་བ་མདའ་སྨྱུག་གྱི་སྐོར།
http://www.rfa.org/tibetan/chediklaytsen/khamlaytsen/kham-stringer/tsawa-danug-disappeared-03062013113523.html
ཨང་བཞི་པ་གྲྭ་ལོག་བྱེད་རྒྱུ།
ཁྱེད་རྣམ་པ་ཁ་ཡོད་ལག་ཡོད་གནང་དགོས་ན། དགོན་པ་སོ་སོའི་དབུ་འཛིན་ལ་དགག་སྒྲུབ་གཉིས་ཀྱི་བསམ་འཆར་ཕུལ་བ་དང་། དགེ་འདུན་པ་ཚོར་སློབ་གསོ་གོ་འགྲིག་གནང་ཐུབ་ན་གཏན་གཏན་ཕན་ཐོག་ཡོད། ད་ལྟ་ང་ཚོས་མང་པོ་ཞིག་སྐྱོན་བརྗོད་གནང་བ་དེ་དག་དགེ་འདུན་པ་འགའ་རེས་ཀུན་སྤྱོད་ནས་བྱུང་བ་རེད། ཁོང་ཚོར་སློབ་གསོའི་དཀའ་ངལ་འདུག གནས་ཚུལ་ཤེས་ན་འགྱུར་བ་ངེས་པར་འགྲོ་ཐུབ།
དགེ་འདུན་པའི་སྤྱི་ཚོགས་ནང་སྐྱོན་གཅིག་ཀྱང་མེད་པར་གསུངས་པ་དང་། སྐྱོན་ཡོད་པ་འགེབས་ཐབས་གནང་ན་མ་འོངས་པར་སྐྱོན་ཇི་མང་གཏོང་བའི་རྒྱུ་རེད། དྲང་པོ་དང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཞིག་གནང་མ་ཐུབ་པ་རེད།
ང་རང་ཚོ་བོད་རིགས་ཤ་ཁྲག་གཅིག་་ནང་འཁུལ་ལ་ཚིག་ངན་སྨྲ་དགོས་པ་འདུག་གམ། ད་ལྟ་འདིར་ཕྱོགས་གཉིས་ཀའི་དགེ་འདུན་སྤྱི་ཚོགས་དེ་ཡག་པོ་ཞིག་ཡོང་རེ་གནང་བ་དེ་རེད། གནང་སྟངས་ཁ་ཡོད་ལག་ཡོད་གང་ཐུབ་ཅི་ཐུབ་གྱིས་དང་། དེ་ནས་ཐབས་ཟད་ན་ད་གཟོད་རྩིག་ཟུར་ནས་ངུ་སྐད་རྒྱག་རྒྱུ་དེ་རེད།
བོད་སྐད་སྡེ་ཚན། | ཆེད་སྒྲིག་ལེ་ཚན། | ཁམས་སྐད། | ཁམས་ཀྱི་གསར་འགོད་པ།
རྩོམ་པ་པོ་ཞིག་གར་སོང་ཆ་མེད།
2013-03-06
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
པར་བཀོད།
འགྲེམ་སྤེལ།
མཆན།
གློག་འཕྲིན།
རྩོམ་པ་པོ་ཞིག་གར་སོང་ཆ་མེད། སྒྲ་ལྡན་གསར་འགྱུར། སྒྲ་ཕབ་ལེན།
རྩོམ་པ་པོ་ཞིག་གར་སོང་ཆ་མེད།
གར་སོང་ཆ་མེད་དུ་གྱུར་བའི་རྩོམ་པ་པོ་ཚ་བ་མདའ་སྨྱུག་ལགས།
བོད་ནས་བཏང་འབྱོར།
༄༅། །ཕ་དགེ་ལེགས་ལགས་དང་། མ་ཡེ་ཤེས་དབང་མོ་ལགས་གཉིས་ཀྱི་བུ་རྩོམ་པ་པོ་ཚ་བ་མདའ་སྨྱུག་ལགས་ཕྱི་ལོ་༢༠༠༨ལོའི་ཟླ་གསུམ་པ་ནས་གར་སོང་ཚ་མེད་དུ་གྱུར་འདུག དེ་ཡང་ཁམས་ཚ་བ་དཔའ་ཤོད་ནས་ཡིན་པའི་རྩོམ་པ་པོ་ཁོང་ལ་སྤུན་མཆེད་བུ་དྲུག་དང་། བུ་མོ་གཅིག་བཅས་ཡོད་པ་རེད་འདུག དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ང་ཚོའི་དེ་ར་དུན་གྱི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།།
ཡ་མ་བྱེད། ཡ་མ་བྱེད། ཨོ་ཉི་ལྟ་བུའི་ཀླད་རྙིང་མཁྲེགས་བཟུང་ཅན། ཆུ་བོ་གྱེན་ལ་འགྲོ་དགོས་པ་རེད་ཟེར་མཁན་ཚོའི་སྐད་ཆ་ལ་ཉན་རྒྱུ་ཅི་ཡང་མེད་པ་རེད། དེ་ལས་ཡ་མེད་བཏང་བཞག་ན་ཡག་ཤོས་རེད།
༈ ་བོད་བསྟན་པ་ཆབ་སྲིད་གནས་མི་གནས་གྲ་པར་ཐུག །
བོད་ཀྱི་རིགས་གཞུང་གནས་མི་གནས་གྲྭ་པར་ཐུག །
བོད་སྐད་བོད་ཡིག་གནས་མི་གནས་གྲྭ་པར་ཐུག །
བོད་ཀྱི་་སྲོ་རྩ་གྲྭ་པ་རེད། །
གནས་ལུགས་སོ་མ་ཞིག
ཚ་མདའ་སོགས་ལ།
གནའ་དེང་རིག་པའི་དབྱེ་མཚམས་མ་ཤེས་ཤིང་།།
ཕྲག་དོགས་དུག་ཆུའི་སེམས་ཁམས་སྨྱོས་པའི་མི།།
རང་གི་མ་བྱས་རང་གིས་མ་འཇོན་པར།།
རྣན་ཀུན་གཞན་སྨོད་དགའ་བ་ཁྱེད་ཅག་ཉོན།།
སྟོན་པས་ལྷ་ཆོས་དགེ་བཅུའི་ཁྲིམས་ཆེན་བསྒྲགས།།
བཙན་པོས་མི་ཆོས་གཙང་མ་ཁྲིམས་སུ་བཅས།།
གངས་ཅན་བོད་པས་ཆོས་སྲིད་ཟུང་འབྲེལ་ནས།།
ཡབ་མེས་སྲོལ་རྒྱུན་བཟུང་འདི་བསྟོད་པའི་གནས།།
མདོ་ཁམས་ཡུལ་ནས་དགེ་བཅུའི་ཉི་མ་ཤར།།
མི་ཆོས་གཙང་མའི་སྲོལ་རྒྱུན་ཟླ་གཞོན་འཛུམ།།
མཁས་གྲུབ་སྒྱུ་སྐར་འཕྲེང་བ་སྟར་བརྒྱུས་ནས།།
གངས་ཅན་མེས་པོའི་ཞབས་རྗེས་འཚོལ་ལ་བྲེལ།།
ཆོལ་གསུམ་ཞི་བདེའི་དཔལ་མོའི་ཡོངས་སུ་འཚོ།།
ཀུན་ཕན་བདེ་དགའི་ལུས་སེམས་ངལ་གསོས་ཤིང་།།
རྫོགས་ལྡན་གསལ་བའི་ཉི་གཞོན་འཛུམ་པའི་དུས།།
སྐལ་མེད་འུག་པའི་ངུ་སྒྲ་འདི་ལྟར་སྒྲོགས།།
མི་གསོད་སྟོང་མཇལ་མི་ལེན་སྲོལ་ངན་འདི།།
ཆོས་དང་ཆབས་སྲིད་གཉིས་དང་འགལ་ལོ་ཟེར།།
སྟོན་པས་མཐུན་པ་དགེ་བ་ཉིད་ཅེས་ཙམ།།
མ་ཐོས་ལོང་གཏམ་སྒྲོགས་པ་ཡ་རེ་ང་།།
སྲིད་ཀྱིས་ཉེས་པ་མ་བྱས་སྔོན་འགོག་དང་།།
བྱས་ཟིན་ཆུང་བར་བྱས་པ་སྲིད་ཀྱིས་ལུགས།།
ཁྱེད་ལྟར་མི་ཐོག་མི་བསད་མི་དགོས་ན།།
ཕ་ཤ་བུ་ལེན་སྲོལ་ངན་འགོག་འདི་སྤྲོ།།
མི་གསོད་ལག་དམར་ཉེས་ཚོགས་གང་མཆིས་པ།།
རང་བྱས་རང་གི་མྱོང་ལས་ཐབས་བྲལ་ཡང་།།
གཅིག་རྗེས་གཉིས་སུ་མི་མཐུད་ཁས་ལེན་དང་།
རྒྱུ་བཤགས་མི་ལེན་ཆོས་སུ་ཞི་བ་སྤྲོ།།
ཉེས་ཅན་པ་ལ་རྒྱབ་སྐྱོར་བྱས་སོ་དང་།།
བཟང་པོ་གསེར་སྐུའི་བསླུས་པའི་གཏམ་སྒྲོགས་ཀྱང་།།
གོང་མའི་ཁྲིམས་ཀྱིས་ཉེས་ཆད་བཅད་པ་ལས།།
ཡང་བསྐྱར་ནན་བསྐྱར་ཁྲིམས་ཆེན་སུ་ཡིས་འགེལ།།
དོ་བདག་བཟང་པོས་ཆོས་ཀྱི་བཟོད་སྒོམ་དང་།།
བླ་མའི་བཀའ་སློབ་བཟང་པོ་སྙིང་སིམ་ནས།།
རང་རིགས་ཕུ་ནུའི་མཛའ་རྩེ་ངོ་ཤེས་ཚེ།།
གཟེངས་བསྟོད་དཔའ་དར་སྤྲོད་པ་མཁས་པའི་ལུགས།།
མདའ་གྲི་མདུང་སོགས་མཚོན་ཆ་བཀག་པ་ཏེ།།
རང་སྲིད་ཕོངས་ཞེས་ཁ་ཕོ་ཆེར་སྒྲོགས་ཡང་།།
དུས་རབས་གསར་བའི་ལམ་ཁར་བསྒྲོད་དགོས་ཕྱིར།།
ཤེས་རིག་ལང་ཚོ་ངོམ་ལས་ཐབས་གཞན་བྲལ།།
འདི་ན་མ་རྟོགས་ལོག་རྟོགས་རྟོགས་བཞིན་དུ།།
གང་བྱུང་ཁ་ནས་སྨྲ་ལ་སྤོབས་ཆེ་ཡང་།།
ཁ་བའི་མདུན་ལམ་རིང་མོར་སྟོན་པའི་མིག།
ཅེར་གྱིས་མཐའ་རུ་ལྷུང་བ་ཀྱེ་མ་ཧུད།།
སྔོན་དུས་གླང་དར་ངན་པས་རྒྱལ་བསྟན་བསྣུབས།།
བར་དུ་ཀླ་ཀློའི་དཔུང་གིས་བསྟན་སྲིད་གཏོར།།
ཐ་མར་ཕྲག་དོག་ངན་པས་སྲོལ་རྒྱུན་བཤིག།།
ད་ནི་གངས་ཅན་བོད་པ་འཐོར་ལ་ཉེ།།
གངས་ཅན་མགོན་ལ་སྤྱང་གི་རྒྱབ་སེར་འབོད།།
སློབ་གསོ་མཁན་ལ་ཉེས་ཅན་ཤན་པ་ཟེར།།
རང་དོན་ཆེད་དུབོན་པོ་ཆོས་རུ་སྨྲ།།
ད་ནི་ལེགས་ཉེས་འབྱེད་དཀའ་དམུ་རྒོད་ཚོ།།
བསམ་ཤིང་བསམ་ན་སྐྱོ་བའི་ཁ་སྣོན་རེ།།
བཤད་ཅིང་བཤད་ན་ཕྲན་འབྲས་འཇའ་རིས་འདྲ།།
དེད་ཅིང་དེད་ན་རང་དོན་ཁོ་ན་རེ།།
ཀུན་ཀྱང་ཀུན་ནས་བསམ་གཞིག་ནན་ཏན་མཛོད།།
ཨོ་་་ཧཧཧཧཧཧ
སྤུར་རྒྱལ་བོད་ཀྱི་ཕ་མེས་སྡང་མཁན་ཞིག
བཙན་པོའི་ཆོས་ལུགས་གཏོར་བཅོམ་བྱེད་མཁན་ཞིག
རྒྱལ་པོའི་མགོ་ལ་གླང་རྭ་བཙུགས་མཁན་ཞིག
དེང་སང་རྣ་བས་གོ་དུས་སྐྱུག་མེར་ལངས།།
མི་ཆོས་གཙང་མ་བཅུ་དྲུག་བཅོམ་མཁན་ཞིག
བོད་ཁམས་སིལ་བུ་གཏོར་བའི་ཕུང་རྒན་ཞིག
བོད་ཡུལ་ཇག་ཚང་སྒྱུར་མཁན་བསྟན་དགྲ་ཞིག
དེང་སང་ལོ་རྒྱུས་གོ་དུས་སྐྱུག་མེར་ལངས།།
རྙིང་པ་ཐམས་ཅད་ལྷའི་སྲོལ་འདོད་མཁན་ཞིག
གསར་གཏོད་ཐམས་ཅད་བདུད་ལ་བརྩི་མཁན་ཞིག
བོད་མིའི་འཚོ་རྟེན་རླུང་ལ་སྐུར་མཁན་ཞིག
དེང་སང་མིག་མཐོང་དུས་སྐྱུག་མེར་ལངས།།
ཆོས་ལུགས་བར་དུ་མི་ཤ་རྩོད་མཁན་ཞིག
ཆོས་རྒྱུད་གཞན་ལ་དགྲ་ལྟར་སྡང་མཁན་ཞིག
ཉིན་མཚན་མེད་པར་དཀྲུགས་གཏམ་འཕེན་མཁན་ཞིག
དེང་སང་དྲ་ཐོག་མཐོང་དུས་སྐྱུག་མེར་ལངས།།
ཉམ་ཆུང་མདའ་སྨྱུག་འདྲེ་ལྟར་སྡང་མཁན་ཞིག
རྒྱ་དམར་རྒྱུ་བདག་ལྷ་ལྟར་བཀུར་མཁན་ཞིག
དགྲ་གཉེར་དབྱེ་བ་ནོར་བའི་བླུན་པོ་ཞིག
དེང་སང་ཡོད་ཁུ་ཟེར་དུས་སེམས་པ་སྐྱོ།།
སྐུ་ཞབས་པདྨ་ལགས།
ཕར་ཁྱེད་ཀྱི་ལྗགས་རྩོམ་དཔྱད་ཚེ་སྐུ་ཡོན་ཡག་པོ་ཡོད་པ་འདྲ། ང་སྙིང་ཐག་པ་ནས་རེ་བ་ཞིག་ཞུ་རྒྱུ་ཡོད། སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཁོང་ནི་བོད་ཀྱི་བླ་མ་ཞིག་ཡིན་པའི་ཆ་ནས། ཁོང་གི་བཞེད་སྟངས་ཆ་ཚང་ཁས་ལེན་མི་དགོས་ཀྱང་། ཐད་ཀར་དུ་ཁོང་སྐུ སྒེར་ལ་བཀའ་བཀྱོན་དང་སྨ་འབེབ་མི་བྱེད་རྒྱུ་དང་། བོན་འདི་བོད་ཀྱི་ཆོས་ལུགས་ཤིག་ཡིན་པས་སྐྱོན་བརྗོད་མི་བྱེད་པར་བཏང་སྙོམས་སུ་བཞག་རོགས། གལ་ཏེ་དེ་འདྲ་བྱེད་དགོངས་ན་རྒྱ་དམར་གཞུང་གི་སྐྱོན་མཚང་ཐེར་འདོན་གནོང་དང་ད་གཟོད་བུ་རྒོད་པའི་རྟགས་ཡིན། ཐུགས་ལ་ཟུངས།
རོང་རྒན་བསྟན་བཤིག་སྐྱབས་ཀྱི་མཐར་ལ་ཐུག།
རོང་པའི་མི་གསོད་ངན་སྔགས་ཁ་ནས་འདོན།
རོང་ལྷ་གདོན་འདྲེ་ནང་ནུབ་མཆོད་དང་བསྟོད།
རོང་པའི་ལོག་ཆོས་ཐུགས་དམ་བསྟེན་མཁན་ཚོ། །
ཡང་ཚང་མ་ལ་ལབ་མེད་ད།
གྲྭ་བ་ཨང་བཞི་པ་ཚོ་ཡང་གྲྭ་ལོག་བྱེད་མི་དགོས། ཁོང་རྣམ་པར་ཕྱག་ལས་ལུང་པ་གང་ཡོད། དེ་ནི་གཏོ་བཅོས་གྲོང་ཆོག་ལ་ཕེབས་དགོས་པ་དེ་རེད། དེ་ཡང་མེད་ཐབས་མེད་པ་ཡིན།
ཡ་ཡ་མཁན་པོ་འོད་གསལ་ལེགས། མཆོག་གི་རེ་བ། བདག་གི་བསམ་པ་ལ་ཨོ་ཉི་སྒེར་སྨོད་རྣམས་གང་ཐུབ་ཐུབ་ཉུང་དུ་གཏོང་ཆོག་མོད། དམ་པའི་ཆོས་ཀྱི་རྐུན་ཇག་རྫུན་མ་འདི་དག་ནི་རྒྱལ་བསྟན་འོད་གསལ་སྙིང་པོའི་དགྲ་བོ་ཡིན་པར་མ་བརྗེད་ཨང་། ཆོས་ལུགས་རང་བཞིན་ལྡན་པ་ཡང་དག་དང་མ་དག་པ་གང་ལྟར་ཀྱང་བདེན་པའི་ལོ་རྒྱུས་ཅན་ཁ་ཆེ་དང་ཡེ་ཤུ་ལྟ་བུ་ཚོ་བཏང་སྙོམས་བྱས་ན་ལེགས་སོ། །དེ་མིན་ཕ་བསད་རྒྱལ་རྔ་རྡུང་མཁན་ཚོ་ལ་སྐྱོན་དུ་མ་ཐུབ་ཚེ། ནམ་རྒྱུན་དུ་་་་་་ཆོས་སྐུ་དྲི་མེད་རིན་ཆེན་བརྙེས༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ ཞེས་གསུངས་ཕྱི་ནང་གསང་བར་ཆད་ལམ་སེལ་ཞལ་འདོན་བྱེད་པའི་གསོལ་འདེབས་དེ་ཡང་ཤིང་ཁ་ཤོག་ལྕེ་རུ་སོང་བ་མ་ཡིན་ནམ། ང་ནི་བདེན་པའི་དོན་དུ་སྲོག་འདོར་ཐུབ་མཁན་ཡིན་པས་མཁྱེན་པར་མཛོད། འོད་གསལ་བདེ་མོ་གྱིས།
མེད་པ་དེ་ནི་སྟོན་པའོ།།
དེས་བསྟན་ཟེར་བའི་ཁུངས་མེད་ལ།།
དཀར་དམར་ཕྲ་ཚོམ་སྣས་བརྒྱན་ཏེ།།
ནོར་བུར་རློམ་པ་སྙིང་རྗེའི་ཡུལ། །
བོ་མེད་པའི་སྔ་རོལ་དུ།
བ་བྱ་བའི་མིང་ཡང་མེད།
བ་རིལ་རིལ་ཟིང་ཟིང་ཚོ།
བོ་ཁོ་ལ་བརྟེན་ནས་བྱུང་།
དེའི་ཕྱིར་ན་རྒྱུ་མཚན་གྱིས།
བོ་དཀའ་དྲིན་ཆེ་ལེ་རེད། །
སྐུ་ཞབས་པདྨ་ལགས།
ངའི་སྙིང་གི་རེ་བར་སྙན་གསན་གནང་བ་བཀའ་དྲིན་ཆེ། སྐུ་ཚེ་རིང་།
དྲ་གྲོགས་བོན་པོ་ལགས་ནས་་་་་་བཀའ་དྲིན་ཆེ་ཟེར་སར་་་་་དཀའ་དྲིན་ཆེ་ཞེས་ཐེངས་འགར་བྲིས་སོང། དེ་བྲིས་ནོར་སོང་བ་ཡིན་པ་འདྲ། དགོངས་དག་
ཁྱེད་ཀྱིས་བྲིས་པའི་ཚིག་བཅད་སྙན་རྩོམ་དེ་རིགས་ནི་སྙན་པ་ལ་ཚོད་ཅིག་མི་འདུག མ་ཟད་ཕ་རོལ་ལ་དགག་པའི་ཚེ་ན་ཚིག་འཇམ་ལ་སྐྱོན་གྱི་གནད་ལ་ཕོག་པ་ཕུན་སུམ་ཚོགས་པའི་ཚིག་སྦྱོར་རེད་ཞག་ཐུགས་རྗེ་ཆེ། ཁྱེད་ནས་བྱུང་ན་རྩོམ་འདྲ་སྤེལ་ན་ཤིན་ཏུ་ལེགས། ཁ་བརྡའི་དྲ་བ་འདིར་་་་་རྩོམ་སྐྱག་དྲི་མ་འཐུལ་ལེར་གཏོང་མཁན་མང་ཞིང། རྩོམ་གྱི་དྲི་བཟང་འཐུལ་མཁན་ཤིན་ཏུ་ཉུང། ཁ་བརྡའི་དྲ་བ་འདིར་རྩོམ་དང་མཆན་བུ་འབྲི་མཁན་ནང་ནས་ངས་བརྩི་བཀུར་དང་དོ་སྣང་བྱེད་ས་ནི། སྐྱིད་སྲས་ཟེར་བ་དང། ཀླུ་སྨྱོན་དང། ཅོ་རི་ཉི་མ་དང། སྤོབས་པ་མཐའ་ཡས་དང། BONPO ཁྱེད་རྣམས་ཡིན། དེ་མིན་རྒྱོ་དང་ཆང་དང་ཤ་ལ་ཉིན་མཚན་བག་མེད་དུ་རོལ་མཁན་ཆ་ལུགས་ཆོས་ལུགས་གང་ཡང་མེད་པ་འཛོལ་ཉོག་ཏུ་སྤྱོད་པའི་ཕ་རྒན་མ་རྒན་བུ་དང་བུ་མོ་ཐམས་ཅད་ལྷ་དང་ལྷ་མོ་བླ་མ་མཁའ་འགྲོ་དང་སྤྲུལ་སྐུར་འཆེས་ཏེ་ལུང་བསྟན་དང་རྨི་ལམ་སོགས་ཟོག་བརྫུས་ཀྱིས་མི་རྣམས་མགོ་བོ་མགལ་མེ་བཞིན་དུ་བསྐོར་བའི་མི་དེ་དག་ནི། ཁོག་སྟོད་ལ་སྡོམ་པ་མེད། ཁོག་སྨད་ལ་ཡོན་ཏན་མེད། སྐེད་པར་བཟང་སྤྱོད་མེད། ཡང་ན་ཕྱི་རུ་བཟང་སྤྱོད་མེད། ནང་དུ་ཡོན་ཏན་མེད། བར་དུ་དམ་ཚིག་མེད། ཁ་ནས་རྫོགས་ཆེན་་་་རྫོགས་ཆེན་་ཟེར་་་་ལས་སུ་ཤ་ཆང་བུད་མེད་ལ་ངོམས་མེད་དུ་རོལ། ད་མི་དེ་རིགས་ནི། མདོ་ལས་བཤད་པའི་་་་ཕྱི་སྟོང་པ་ཉིད་་་་་ནང་སྟོད་པ་ཉིད་་་ཕྱི་ནང་གཉིས་ཀ་སྟོང་པ་ཉིད་་་ཅེས་པར་གོ་བ་ལོག་སྒྲུབ་ཀྱིས་་་་་་ཕྱི་བཟང་སྤྱོད་ཀྱིས་སྟོང་པ་དང། ནང་ཡོན་ཏན་གྱིས་སྟོང་པ། བར་དམ་ཚིག་གིས་སྟོང་འདུག མི་དེ་ཚོར་ངོ་མ་ཀྱེ་ཧུད་་་་རིག་ན་སྐྱི་གཡའ། ཐོས་ན་ཤ་ཚ། ངོ་མ་སྙིང་རྗེའི་ཡུལ་ཟེར་བ་དེ་རེད་འདུག
༼ང་ནི་བདེན་པའི་དོན་དུ་སྲོག་འདོར་ཐུབ་མཁན་ཡིན་པས་མཁྱེན་པར་མཛོད།༽ ཁོས་འདི་ལབ་ཞོར་དུ་ལྕོག་རྩེ་གཅིག་བཅག་ཡོད་ཐག་ཆོད་རེད། མ་ར་ཡ་ཧུང་།
སྔོན་བྱུང་མ་མྱོང་བའི་དུས་རབས་ཉེར་གཅིག་པའི་ནང་པ་སངས་རྒྱས་པ་གསར་པ་ཞིག་འདིར་ཐོན་འདུག། །
མདོ་ལས་བཤད་པའི་་་་ཕྱི་སྟོང་པ་ཉིད་་་་་ནང་སྟོད་པ་ཉིད་་་ཕྱི་ནང་གཉིས་ཀ་སྟོང་པ་ཉིད་་་ཅེས་པར་གོ་བ་ལོག་སྒྲུབ་ཀྱིས་་་་་་ཕྱི་བཟང་སྤྱོད་ཀྱིས་སྟོང་པ་དང། ནང་ཡོན་ཏན་གྱིས་སྟོང་པ། བར་དམ་ཚིག་གིས་སྟོང་འདུག མི་དེ་ཚོར་ངོ་མ་ཀྱེ་ཧུད་་་་རིག་ན་སྐྱི་གཡའ། ཐོས་ན་ཤ་ཚ། ངོ་མ་སྙིང་རྗེའི་ཡུལ་ཟེར་བ་དེ་རེད་འདུག ་་་་་་་་་་ཟེར།
་་་་་ ང་ནི་བདེན་པའི་དོན་དུ་སྲོག་འདོར་ཐུབ་མཁན་ཡིན་པས་མཁྱེན་པར་མཛོད། འོད་གསལ་བདེ་མོ་གྱིས། ་་་་་ཟེར།
ཆོས་ལུགས་བར་དུ་མི་ཤ་རྩོད་མཁན་ཞིག
ཆོས་རྒྱུད་གཞན་ལ་དགྲ་ལྟར་སྡང་མཁན་ཞིག
ཉིན་མཚན་མེད་པར་དཀྲུགས་གཏམ་འཕེན་མཁན་ཞིག
དེང་སང་དྲ་ཐོག་མཐོང་དུས་སྐྱུག་མེར་ལངས།། ་་་་་་་ཟེར།
༄༅། །ཕ་དགེ་ལེགས་ལགས་དང་། མ་ཡེ་ཤེས་དབང་མོ་ལགས་གཉིས་ཀྱི་བུ་རྩོམ་པ་པོ་ཚ་བ་མདའ་སྨྱུག་ལགས་ཕྱི་ལོ་༢༠༠༨ལོའི་ཟླ་གསུམ་པ་ནས་གར་སོང་ཚ་མེད་དུ་གྱུར་འདུག དེ་ཡང་ཁམས་ཚ་བ་དཔའ་ཤོད་ནས་ཡིན་པའི་རྩོམ་པ་པོ་ཁོང་ལ་སྤུན་མཆེད་བུ་དྲུག་དང་། བུ་མོ་གཅིག་བཅས་ཡོད་པ་རེད་འདུག དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ང་ཚོའི་དེ་ར་དུན་གྱི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།། ་་་་ཟེར།
བན་དེ་བ་ལགས། །
དག་བཅོས་གནང་བར་བཀའ་དྲིན་ཆེ། སྐུ་ཉིད་ཀྱི་མཆན་ཚང་མ་གུས་ནས་ཀློག་གི་ཡོད། གོ་རྒྱུ་ཆེ་ལ་དོན་དང་ལྡན་པ་ཤ་སྟག་རེད་འདུག། དམིགས་བསལ་བཀའ་དྲིན་ཆེ་ཞུ།
གུས་ལ་རྩོམ་རྩལ་དེ་འདྲ་ཡག་པོ་མེད། ཁྱེད་རྣམ་པས་སློབ་སྟོན་ཆུ་བོའི་རྒྱུན་བཞིན་གནང་བའི་རེ་བ་ཆེ། །
ཉིན་བཅུའི་རིང་མཚམས་ལ་འགྲོ་རྒྱུ་ཡིན། དྲ་འབུ་རྣམ་པ་རྗེས་སུ་མཇལ་ཡོང་།
༨༢༽ ཨོ་རྒྱན་ཉི་མ་ལགས།
ཆོས་གྲོགས་མཚམས་ལ་ཕེབས་པ་དང་བཟང་སྟེ། མཚམས་ག་ཚོད་དམ་པོར་བྱས་ཀྱང་། ཁ་བརྡའི་ནང་གི་བསྟོད་ཚིག་རྣམས་གཉེན་དུ་ཤར་བ་དང་། སྨད་ཚིག་རྣམས་དགྲ་རུ་ལྡང་བ་ངེས་པས་གཟབ་དགོས་སོ།། །།
མཚམས་གྲོལ་ཚར་སོང་། ཧཧཧབཧཧབ
བསྟོད་ཚིག་ཉིན་སྐར་ཙམ་ལ་ཆགས་པ་མེད།།
སྨད་ཚིག་རི་བོ་ཙམ་ལ་འཇིགས་པ་མེད།།
དྲ་བའི་གདེང་རྙེད་ངོ་དེབ་དྲོད་ཕེབས་པའི།།
ཨོ་རྒྱན་ང་ནི་དྲ་འབུ་ངོ་མ་ཞིག།།
དྲ་བ་ལ་བརྟེན་ནས་གྲྭ་པ་ཞིག་པ་དེ་དྲ་བའི་སྐྱོན་དང་དྲ་བས་བྱས་པ་ཞིག་ག་ལ་ཡིན། མིན་ཏེ་དེ་ནི་སེམས་དགེ་བ་དང་བག་ཡོད་ཀྱི་ཕྱོགས་སུ་བཀུག་མ་ཐུབ་པའི་སྐྱོན་ཡིན། དུག་ལ་དུག་ཡིན་པ་དང་། སྨན་ལ་སྨན་ཡིན་པ་བེད་སྤྱོད་གཏོང་མཁན་རང་གིས་ཤེས་དགོས་པ་ཡིན། སྔར་དྲ་བ་དང་གསར་ཤོག་གནས་ཚུལ་མཁོ་གཏོང་བ་མེད་པར་བརྟེན་སྤྱི་ཚོགས་རེ་ཞིག་ཏུ་ཁྲིམས་འགལ་གྱི་བྱ་བ་གང་བྱེད་ཀྱང་འགྲིག་གི་ཡོད། དེང་དུས་གང་ཟབ་མ་བྱེད་ན་ཁྲིམས་འགལ་དེ་དག་དུས་ཚོད་སྐར་མ་གཅིག་ནང་དྲ་བའི་མེ་ལོང་བརྒྱུད་ནས་འཛམ་གླིང་ནང་དུ་མངོན་ཐུབ་པ་ཡོད།
བེད་སྤྱོད་བཏང་ཤེས་ན་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི་བཀའ་བསྟན་མ་ལུས་པ་དྲ་བའི་དཔེ་མཛོད་ནས་མཇལ་ཐུབ།
དྲ་བ་ལ་བརྟེན་ནས་གྲྭ་པ་ཞིག་པ་དེ་དྲ་བའི་སྐྱོན་དང་དྲ་བས་བྱས་པ་ཞིག་ག་ལ་ཡིན། མིན་ཏེ་དེ་ནི་སེམས་དགེ་བ་དང་བག་ཡོད་ཀྱི་ཕྱོགས་སུ་བཀུག་མ་ཐུབ་པའི་སྐྱོན་ཡིན། དུག་ལ་དུག་ཡིན་པ་དང་། སྨན་ལ་སྨན་ཡིན་པ་བེད་སྤྱོད་གཏོང་མཁན་རང་གིས་ཤེས་དགོས་པ་ཡིན། སྔར་དྲ་བ་དང་གསར་ཤོག་གནས་ཚུལ་མཁོ་གཏོང་བ་མེད་པར་བརྟེན་སྤྱི་ཚོགས་རེ་ཞིག་ཏུ་ཁྲིམས་འགལ་གྱི་བྱ་བ་གང་བྱེད་ཀྱང་འགྲིག་གི་ཡོད། དེང་དུས་གང་ཟབ་མ་བྱེད་ན་ཁྲིམས་འགལ་དེ་དག་དུས་ཚོད་སྐར་མ་གཅིག་ནང་དྲ་བའི་མེ་ལོང་བརྒྱུད་ནས་འཛམ་གླིང་ནང་དུ་མངོན་ཐུབ་པ་ཡོད།
བེད་སྤྱོད་བཏང་ཤེས་ན་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི་བཀའ་བསྟན་མ་ལུས་པ་དྲ་བའི་དཔེ་མཛོད་ནས་མཇལ་ཐུབ། བསམ་ཤེས་ན་དྲ་བ་རང་གི་ཆོས་གྲོགས་དང་འདྲ། །བསམ་མི་ཤེས་དྲ་བ་རང་གི་དགྲ་བོ་དང་འདྲ། །སྤྱོད་ཤེས་ན་དྲ་བ་ཁྱེད་ཀྱི་བཤེས་གཉེན་རེད། །སྤྱད་མི་ཤེས་དྲ་བ་ཁྱེད་ཀྱི་ལོག་འདྲེན་རེད། །
བདེན་པའི་དོན་དུ་སྲོག་འདོར་བའི་ཚད་དེ་ཁྱོད་ཀྱི་རྫུན་ཤོད་དང་མི་གསོད། དེ་མིན་ཁྱེད་གསོད་པ་ཡིན་ཟེར་ན་རྫུན་བཤད་པ་ལས་རང་སྲོག་འདོར་ན་མི་འགྱོད་མི་འཇིགས་པ་དེ་ཡིན། ང་བརྒྱད་སྐབས་སུ་རྒྱལ་གཅེས་པ་བཏགས་པས་ཏང་ལ་བསྟོད་པ་ཤེར་རྒྱམ་ལྟ་བུ་སོགས་དང་། རྒྱ་ནོར་ལ་བློ་ཕུག་གཏོད་མཁན་ཚ་སྨྱུག་དང་ཞོག་དུང་ལྟ་བུ་དང་དེའི་རྗེས་འཇུག་རྣམ་བཞིན་མིན་པར་ངེས་པར་ཤེས་དགོས། དུས་རབས་ཉེར་གཅིག་པའི་སྐབས་སུ་ཡབ་མེས་ཀྱི་ནང་ཆོས་དང་བསྟན་འཛིན་དམ་པ་དག་ལ་ལ་ངན་སྨོད་ཅི་ནུས་དང་། གཞན་སྟོན་པ་ཁྱད་པར་ཅན་ཞིག་ཡོད་འདོག་གི་སྐྱག་རྫུན་བཤད་ན་འགྲིག་གི་མི་འདུག་ཟེར་བ་དེ་ཡིན། དངོས་ནས་དེ་འདྲ་ཡོད་ན་ལུང་རིགས་དགོས་ཀྱང་ཨུ་ཚུགས་ལས་གཞན་མི་འདུག་ག
ཁྱད་པར་མཁན་སློབ་ཆོས་གསུམ། མར་མི་དྭགས་གསུམ། ས་ངུར་ཚལ་གསུམ། ཇོ་དགེ་བཀའ་གསུམ་སོགས་ཀྱི་བསྟན་འཛིན་དམ་པ་ཚང་མ་ནོར་སོང་བ་ཡིན་པར་བཤད་ན་འགྲིག་གམ། དེ་དག་གི་ལེགས་བཤད་ཚོ་ཁོ་ཚོ་ལ་ཡོད་འདོགས་འདོགས་ཀྱིས་ཡ་ཀི་རྫོགས་ཆེན་ནས་མ་ཀི་གསོ་རིག་ཡན་ཆོད་བརྐུ་བཤུས་བྱས་ན་ཁྱི་རྐུན་བདག་པོར་ཁ་ཉེར་ཟེར་བ་དེ་མིན་ནམ།
མཁས་པ་ཞིག་གིས་འདི་བཤད་ཡོད། སྟོན་པ་གཤེན་རབ་ཀྱིས་བདུད་བཏུལ་ཟེར་བ་དེ་དང་ཤཀྱཱ་ཐུབ་པའི་བདུད་བཏུལ་པའི་མཛད་པ་འདྲ་གི་མི་འདུག ཤཀྱཱ་ཐུབ་པས་རྡོ་དང་དབྱུགས་པས་བདུད་བསད་རབས་མི་འདུག ཡིན་ན་ཡང་གཤེན་རབ་ཀྱིས་རྡོ་མཇོང་ཞིག་གི་བདུད་བཏུལ་འདུག བྱས་ཙང་ངས་མི་བསད་པ་རེད་ཅེས་བཤད་པ་ཡིན། ངས་རྫུན་བཤད་པ་མིན། བོན་དགོན་ཁྱུང་མོ་གྲྭ་ཚང་ཟེར་བའི་ལོ་རྒྱུས་ནང་ན་སྟོན་པ་གཤེན་རབ་རྟའི་ར་མདར་ཀོང་པོ་ལ་ཡོང་དུས་དགྲ་གསོད་སྤྱད་ཀྱི་རྡོ་མཇོང་མཇོང་ཕྱག་མཛུབ་ཀྱི་རྗེས་ཡོད་པ་དེ་འདྲ་ཞིག་ནང་རྟེན་དུ་ཡོད་ཚུལ་བྲིས་འདུག
ཁྱེད་ཀྱི་དྲི་བ་དེ་ཚར་ལན་འདེབས་ཤེས་ས་མ་རེད། ཁར་སང་ཁྱེད་ཚོའི་མཁས་པ་ཚོས་གཤེན་རབ་ལ་བུ་དང་བུ་མོ་ཡོད་ཟེར་ནས་ངོམ་ངོམ་བྱས་སོང་། གལ་སྲིད་གཤེན་རབ་ལ་བུ་ཡོད་ཆོག་ས་ན་རྒྱལ་དབང་ལྔ་པ་ལ་བུ་ཡོད་མི་ཆོག་དོན་ཅི་ཡོད། དོལ་རྒྱལ་གྱིས་དགའ་ལྡན་ཕོ་བྲང་ལ་ཁ་གཏད་བྱས་པ་ཡིན་རྒྱུ་རེད་དེ་སྐབས་འདིར་བོད་གཞུང་དགའ་ལྡན་ཕོ་བྲང་དང་དེ་འཛུགས་མཁན་རྒྱལ་དབང་ལྔ་པ་ཆེན་པོ་མཆོད་ཡོན་ལ་སྐྱོན་རྗོད་མཁན་དོལ་རྒྱལ་ལས་ཀྱང་ཁྱོད་ཚོ་ཚབ་ཆེ་བ་འདུག་པས་དོལ་རྒྱལ་སྐབས་ཐོག་གཅིག་རིང་བཏང་སྙོམ་ལ་འཇོག་གི་ཡིན། བོན་ལ་སྨོད་ན་མགོ་ལུས་མཚུངས་པ་ཞིག་སྨོད་རོགས་ཟེར་ནས་ང་ལ་གསོལ་བ་འདེབས་མཁན་ཁྱོད་རང་ཡིན་སྟབས་གཤེན་རབ་ནས་མགོ་འཛུགས་པར་འབད་བརྩོན་བྱེད་ཆོག་ལགས།
བོན་ལ་དཀར་ནག་ཡོད་ད་ཡོད། དེ་ཟེར་མི་ཆོག་དོན་ཅི་ཡོད། ཆོས་ཟེར་དུས་ཀྱང་ཆོས་ལ་ཞི་བདེ་ཆོས་སུ་སྨྲ་བ་དང་འཚེ་བ་ཆོས་སུ་སྨྲ་བ་དང་ཆོས་ལོག་ཟེར་བ་ཡང་ཟེར་ཆོག་གི་འདུག ཆོས་དང་བོན་གཉིས་ཀྱི་གོ་དོན་དོ་མཉམ་པར་བཤད་མཁན་དང་དེ་ལྟར་བཟོ་མཁན་ཁྱོད་ཚོ་རེད། གུ་དོགས་དྲགས་པ། བཙན་དྲགས་པ། རང་ཤེད་ཆེ་དྲགས་དུས་ག་དུས་ཡིན་ན་ཡང་ཡག་པོ་ཞིག་མ་རེད།
འཁྱར་བོན་དང་། བསྒྱུར་བོན། རྡོལ་བོན་ཟེར་བ་དེ་ཡང་ཚིག་དེ་ལ་ཁྱོད་ཚོ་དགའ་རུང་མ་དགའ་རུང་དོན་ལ་སྡོམ་རྒྱག་སྟངས་ཕུལ་དུ་བྱུང་བ་ཞིག་རེད་བསམ་གྱི་འདུག དེ་ལྟ་བུའི་དབྱེ་ཞིབ་ཐོག་མར་བྱེད་མཁན་དེ་སུ་ཞིག་ཡིན་རུང་མི་དེ་ནི་མཁས་པའི་ཕུལ་དུ་བྱུང་བ་ཞིག་རེད་འདུག དེ་ལ་ཡང་ངས་བསམ་བློ་མང་པོ་བཏང་བ་ཡིན། འཁྱར་བོན་ཡིན་ཚུལ། བསྒྱུར་བོན་ཡོད་ལུགས། རྡོལ་བོན་ཞེས་པའི་མིང་ཚིག་ཡན་ཆོད་ལ་བལྟས་ཡོང་དུས་ངོ་མ་ཞིབ་འཇུག་དབྱེ་ཞིབ་མཐིལ་ཕྱིན་པ་ཞིག་གནང་ཚར་འདུག ཚན་རིག་དང་མཐུན་པའི་ཞིབ་འཇུག་པས་ནང་ཡིན་ན་ཡང་དད་ཞེན་པ་ཚོ་ལ་ཕོག་ཐུག་གཏོང་བ་ཆོས་ཉིད་རེད། དབྱིན་ཇིའི་རང་བྱུང་འབྱུང་ཁུངས་ལོ་རྒྱུས་སྨྲ་བ་ཆར་སི་ཌར་ཝིན་གྱིས་སྐྱེ་དངོས་རིམ་འགྱུར་གྱི་གྲུབ་མཐའི་སྲོལ་བཏོད། ཁོང་གིས་མི་རིགས་ཀྱི་སྐྱེད་འཕེལ་རིམ་འགྱུར་གྱི་ལོ་རྒྱུས་གླེང་སྐབས་མི་དང་ཆེས་ཐག་ཉེ་ཤོས་ཀྱི་ཉེ་འབྲེལ་སྲོག་ཆགས་ནི་སྤྲ་རིགས་ཤིག་རེད་ཅེས་བརྗོད། སྐབས་དེར་ཡེ་ཤུའི་ཆོས་ལུགས་ཀྱི་མཁས་པ་ཚོས་ཧབ་བགད་ཆེན་པོ་བྱས། ཁྱོད་ཀྱི་ཕ་མེས་ཚོ་སྤྲེའུ་རེད་དམ། ཅེས་ཟུར་ཟ་བྱེད་ཁུལ་བྱས། ཡིན་ན་ཡང་དོན་དུ་ཁོ་རང་ཚོས་མི་ནི་འཇིག་རྟེན་བྱེད་པ་པོས་བཟོས་ཚུལ་ཀྱི་ལྐུག་གཏམ་ལ་ཡིད་ཆེས་བྱེད་བཞིན་པ་རེད།
རྒྱལ་དབང་ལྔ་པ་ཆེན་པོ་ཡིད་བཞིན་ནོར་བུ་སོགས་ལ་ཡང་ཁྱོད་ཚོས་སྐྱོན་བརྗོད་བྱ་ཆོག་ན་གཤེན་རབ་ལ་སྐྱོན་རྗོད་བྱེད་མི་ཆོག་དོན་ཅི་ཡིན། གསང་སྔགས་ཆོས་ལུགས་ལ་སྟོན་པ་ལས་ཀྱང་རྩ་བའི་བླ་མ་གལ་ཆེ་བ་དང་རིང་བརྒྱུད་ལས་ཀྱང་ཉེ་བརྒྱུད་བརྩི་མཐོང་ཆེ་བ་ཁྱོད་ཚོས་ཤེས་ངེས་རེད། གཤེན་རབ་ཀྱིས་མི་གསོད་སྤྱད་ཀྱི་རྡོ་མཇོང་དེ་ཁྱུང་མོ་གྲྭ་ཚང་གིས་ནང་རྟེན་ལ་ཉར་ཡོད་ཚུལ་གྱི་ཡིག་ཆ་ཁྱེད་རང་ཚོས་མཐོང་འདོད་ན་དེ་ལུགས་གསོལ་འདེབས་ཀྱིས་དང་ངས་དྲ་ཐོག་འདིར་བཀོད་ཆོག དེ་ཁྱོད་ཚོ་ལ་མ་ཉེས་ཁག་གཡོགས་བྱས་པ་གང་ཡང་མིན།
ཁ་བརྡ་དྲ་བས་དྲ་འབུ་རྩ་མེད་ལ་གཏོང་དགོས་པ་མི་འདུག སྐྱག་འབུ་དྲ་འབུ་ཁྱེད་རང་ཚོས་མི་ཞིག་གིས་རྩོམ་གྱི་མཇུག་རྐུབ་ཁུང་ནང་ལ་འཛུལ་ནས་འབུ་སྐད་རྒྱག་མ་འདུག་དང་ཁྱོད་ཚོ་སྡོད་མི་འཇུག་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད།
སྔོན་དུས་སུ་བསྟན་བཅོས་རྣམས་ལྷ་ཡུལ་གདན་དྲངས་དང་ཀླུ་ཡུལ་ནས་གདན་དྲངས་ཟེར་བ་དེ་ཚོ་བཀའ་དང་བསྟན་བཅོས་ཀྱི་ཆེ་བ་འདོན་སྟངས་ཤིག་དུས་ཀྱང་ཡོད། སྤྱིར་ན་ཀླུ་ཡུལ་ཟེར་བ་འཛམ་གླིང་བུ་གླིང་འདིའི་ཡུལ་ཞིག་གི་མིང་ཡིན་དུས་ཀྱང་ཡོད་པ་རེད། དཔེར་ན་ན་ག་ཟེར་བ་དེ་ཀླུའི་མིང་རེད། དེང་སང་ཡང་རྒྱ་གར་ན་ན་ག་ལན་ཌི་ཟེར་བའི་མངས་སྡེ་ཞིག་ཡོད་ཡོད་པ་རེད།
དར་ལྕོག་འཛུགས་སྲོལ་ནི་དེང་སང་རྒྱལ་ཁབ་ཚང་མར་ཡོད་པ་རེད། བོད་པས་དེ་ཆོས་ཕྱོགས་མཛད་སྲོལ་ཞིག་ཏུ་བསྒྱུར་བ་ཙམ་རེད། དེ་བན་དེ་དང་བོན་པོའི་དམིགས་བསལ་ཞིག་གང་ཡང་མ་རེད། ལྷག་པར་ཡང་རྒྱ་གར་གྱི་ཆོས་ལུགས་ཚོར་ལྷབ་བེ་ལྷུབ་བེ་མང་ཐག་ཆོད་ཅིག་འཕྱར་རྒྱུ་འདོགས་རྒྱུ་ཡོད་པ་རེད། པན་ཇབ་གསེར་གྱི་ལྷ་ཁང་གི་འགྲམས་ན་ང་ཚོའི་བར་སྐོར་ནང་གི་དར་ཆེན་དེ་ཚོ་དང་གཅིག་མཚུངས་བཙུགས་འདུག
གཤེན་རབ་ཟེར་བ་འདིའི་རྣམ་ཐར་ལ་མ་གཞི་ནས་རྣམ་ཐར་གྱི་ཁྱད་ཆོས་ཤིག་མི་འདུག བདུད་བཏུལ་ཚར། ཆོས་འཁོར་བསྐོར་ཚར། རྫུ་འཕྲུལ་བསྟན་ཚར། མདོར་ན་ཅིག་བྱ་རྒྱུ་ཡོད་ན་མེད་ན་ཚང་མ་བྱས་ཚར་རྗེས་ག་རེ་བྱས་ནས་རབ་ཏུ་བྱུང་བ་ཡིན་ནམ། མཛད་པ་བཅུ་གཉིས་ཀྱི་ནང་ནས་མཛད་པ་བཅུ་པ་དེ་རབ་དུ་བྱུང་བའི་མཛད་པ་ཞེས་པ་དེ་རེད། ལོ་ན་རྒན་པོ་ཆགས་དུས་ཤིག་ལ་གཞི་ནས་གྲྭ་བ་བྱས་ཚུལ་འདུག དེ་ལ་བོད་དུ་རྒན་ཆོས་བྱས་ཟེར་བ་ལས་རབ་ཏུ་བྱུང་ཟེར་སྲོལ་ཡང་མེད་པ་རེད། དེ་འུ་ཐུག་པའི་ལས་ཀ་ཞིག་རེད། ང་ཚོས་སྔོན་མ་དེའི་སྐོར་སྦྱངས་སྐབས་གད་མོ་མང་ཐག་ཆོད་ཅིག་བགད་མྱོང་། རྣམ་ཐར་ནངང་གི་མི་སྣ་ཟེར་བ་དེས་གང་ཟག་གཅིག་ཐར་པར་བགྲོད་པའི་མིག་དཔེ་སྟོན་ཐུབ་པ་དགོས་པ་རེད། བརྩམས་སྒྲུང་འདྲ་ཞིག་ཡིན་ན་ཡང་འདྲ་ཆགས་པོ་ཞིག་བྲིས་ན་ཡག་ས་རེད།
ངས་གཏེར་མ་ལ་ཡིད་ཆེས་མེད་ཅེས་བཤད་པ་དེ་གཏེར་མའི་ནང་ན་ཅིག་བཤད་འདུག་ཟེར་ནས་ལོ་རྒྱུས་ཀྱི་ཁོངས་སུ་དྲངས་བའི་རིན་ཐང་ཡོད་པ་མ་རེད། དེ་མིན་གཏེར་མ་ལ་གཏེར་མའི་ཚོད་ཀྱི་རིན་ཐང་ཞིག་ཡོད་པ་རེད། གཏེར་ཆོས་དེ་གཏེར་ནས་བཏོན་པའི་ཉིན་ནས་གཏེར་ཆོས་ཁོ་རང་ལོ་རྒྱུས་ཤིག་ཆགས་པ་རེད།
རྒྱལ་དབང་ལྔ་པས་པེ་ཅིང་ནས་ཡར་ལྷ་ས་བུ་ཞིག་འཕངས་ནས་སྡེ་སྲིད་ཀྱི་མའི་མངལ་དུ་གཏེར་དུ་སྦས་བཞག་པ་ཡིན་རྒྱུ་རེད། དེ་ཡང་ཁོང་གི་གྲུབ་རྟགས་བླ་ན་མེད་པ་ཞིག་རེད།
སྟོན་པ་གཤེན་རབ་ཀྱི་མིང་གི་གཞི་མ་གྲུབ་པ།
སྟིོན་པ་གཤེན་རབ་ལ་མིང་ཡོད་པ་མ་རེད། སྟོན་པ་ནི་སློབ་དཔོན་དང་དགེ་རྒན་ལྟ་བུའི་དོན་ལས་མིའི་མིང་ཞིག་མ་རེད། གཤེན་ནི་དབུས་གཙང་ཕྱོགས་ཀྱི་རུས་རྒྱུད་ཅིག་གི་མིང་རེད། ཡིན་ན་ཡང་དེང་སང་གཤེན་ལ་སྐྱབས་སུ་འགྲོ་མཁན་ཡང་ཡོད་འདུག་པས་ངོ་མཚར་ཆེ། གཤེན་རབ་ཟེར་བ་དེ་གཤེན་གྱི་རུས་རྒྱུད་ཀྱི་ནང་གི་མི་རབ་ཟེར་བའི་དོན་རེད། མི་བོ་ཆེ་ནི་མི་ཆེན་པོའམ་མི་དམ་པ་ཟེར་བ་ལྟ་བུའི་དོན་རེད། དེ་ཚོ་ཚང་མ་ཡང་སྟོན་པ་ཤཀྱཱ་ཐུབ་པའི་མཚན་ལ་བལྟས་ནས་འདྲ་བཟོ་བྱས་པ་གསལ་པོ་རེད། ལྟོས་དང་། སྟོན་པ་ཤཀྱ་ཐུབ་པའི་མཚན་དང་སྦྱར་ནས་འདྲ་བཟོ་བྱས་འདུག སྟོན་པ་ནི་དགེ་རྒན་ནམ་སློབ་དཔོན་གྱི་དོན་ཙམ་ཡིན་པ་གཅིག་མཚུངས་རེད། གཤེན་རབ་ཟེར་བ་དེ་སངས་རྒྱས་ལ་ཤཀྱའི་གཙོ་བོ་ཞེས་འབོད་སྲོལ་ཡོད་པ་དེ་ལ་བརྟེན་ནས་གཤེན་གྱི་ཚོ་བའམ་རིགས་ཀྱི་ནང་གི་མཆོག་ཅེས་འདྲ་བཟོ་བྱས། མི་བོ་ཆེ་ཞེས་པ་དེ་ལེགས་ལེགས་སྦྱར་གྱི་མ་ཧཏི་མ་ཞེས་པ་ལས་བདག་ཉིད་ཆེན་པོ་དང་སྐྱེས་བུ་ཆེན་པོ་སོགས་སུ་འགྱུར་བ་དེ་སངས་རྒྱས་ཤཀྱ་ཐུབ་པ་ལ་སྦྱར་སྲོལ་ཡོད་པ་དེ་ལ་མི་བོ་ཆེ་ཞེས་འདྲ་བཟོ་བྱས་འདུག དེ་ལྟ་བུའི་མིང་ཚང་མ་གོ་གནས་དང་ཆེ་བསྟོད་ལྟ་བུའི་མིང་མ་གཏོགས་མི་རང་སྒེར་གྱི་མིང་ཞིག་མ་རེད། དོན་ལ་སྟོན་པ་གཤེན་རབ་ཟེར་བའི་མིང་གི་གཞི་གྲུབ་མི་འདུག སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་དང་། གོ་ཏ་མ། ཟས་གཙང་སྲས། སྟོན་པ། མགོན་པོ། རྒྱལ་བ་སོགས་ཁོང་གི་མིང་ངོ་མ་དེ་མ་རེད། ཁོང་གི་མཚན་ངོ་མ་ལ་སིདྡྷརྠ་ཟེར་བ་རེད། བོད་སྐད་ལ་དོན་གྲུབ་ཅེས་བསྒྱུར་ཡོད་པ་དེ་རེད། དེ་མི་ཁོ་རང་གི་མིང་ངོ་མ་དེ་རེད། ཡིན་ན་ཡང་གཤེན་རབ་ལ་མིང་ངོ་མ་ཞིག་ཀྱང་མི་འདུག
ཉག་རོང་ནས་གསར་དུ་རྙེད་པའི་བོན་གྱི་བཀའ་བསྟན་ནམ་བཀའ་བརྟེན་ལ་དོག་གཞི་ཆེ་བ།
དེ་ཡང་བོན་གྱི་བཀའ་བསྟན་ནམ་དམ་བཀའ་བརྟེན༼ད་དུང་མིང་གཏན་འཁེལ་མེད། བཀའ་དང་བཀའ་བརྟེན་ཞེས་འདོགས་དགོས་ལུགས་མཁར་རྨིའུ་བསམ་གཏན་གྱི་རེ་བ་ཡིན།༽ མདོར་ན་བཀའ་བརྟེན་ཟེར་བའི་ཡིག་ཚོགས་ཆེན་པོ་དེ་སྟོན་པ་གཤེན་རབ་དང་ཁོང་གི་རྗེས་འཇུག་མཁས་པའི་གསུང་རབ་ཕྱོགས་བསྒྲིགས་ཤིག་ཡིན་ཟེར། ཡིན་ན་ཡང་དཔེ་རྒྱུན་དེ་ཚར་གཅིག་ཁོ་ན་མ་གཏོགས་རྙེད་མེད། རྙེད་ཡུལ་དེ་ཉག་རོང་ཁོགས་ནས་ཡིན། རང་རང་གི་སྟོན་པའི་གསུང་རབ་ཟེར་བ་དེ་ཆོས་ལུགས་གང་ཡིན་ཡང་ཡོད་ན་དེས་ཆོག་དང་མེད་ན་དེས་ཕུང་དེ་རེད། བོན་པོ་ནི་བོད་ནང་ཙམ་མིན་པར་བལ་ཡུལ་མཐའ་མཚམས་སོགས་སུ་དར་རྒྱ་ཧ་ཅང་ཆེན་པོ་རེད། བལ་ཡུལ་སོགས་ཀྱི་བོན་དགོན་དེ་ཚོར་རྒྱ་དམར་སོགས་བཀག་འགོག་གཏོར་བྱེད་མཁན་ནི་གཏན་ནས་སླེབས་མྱོང་མེད། དགོན་པ་དེ་ཚོར་རང་གི་སྟོན་པའི་གསུང་རབ་ཕྱོགས་བསྒྲིགས་ཤིག་ཀྱང་མེད་དོན་ག་རེ་ཡིན་ནམ། གཅིག་བྱས་ན་ཉག་རོང་བ་ཁ་ཤས་ཤིག་གིས་རིག་གནས་གསར་བརྗེའི་སྔ་གཞུག་ཅིག་ལ་གཏེར་ནས་བཏོན་པ་ཡིན་པ་འདྲ།
སྤྱིར་ན་བོན་གྱི་གསུང་རབ་ཕྱོགས་བསྒྲིགས་ལྟ་བུ་རིག་གནས་གསར་བརྗེའི་སྔོན་དུ་ཡོད་ཚུལ་འདུག་མོད་འདི་ལྟ་བུའི་ཡིག་ཚོགས་ཆེན་པོ་ཞིག་མ་རེད།
དྲ་གྲོགས་དཔྱོད་ལྡན་པདྨ་ལགས་ཀྱིས་བོད་འདིར་རྡོ་ཆས་སྤྱོད་པའི་དུས་རབས་ཀྱི་ལོ་རྒྱུས་ཡོད་པར་གསུངས་པ་རྒྱུ་མཚན་ལྡན་པ་ཞིག་རེད་སྙམ། བོན་དགོན་ཁྱུང་མོ་གྲྭ་ཚང་གིས་ནང་རྟེན་དུ་ཉར་ཡོད་པའི་སྟོན་པ་གཤེན་རབ་ཀྱིས་ཀོང་པོའི་ཡུལ་དུ་བཙན་འཛུལ་བྱས་ནས་དགྲ་གསོད་སྤྱད་ཀྱི་རྡོ་མཇོང་སྨུག་པོ་ཞིག་ཡོད་པ་དེ་ཡང་རྡོ་ཆས་སྤྱོད་པའི་དུས་རབས་ཀྱི་ལག་ཆ་ཞིག་ཡིན་ངེས་རེད། དེང་དུས་སུ་འགྲེམ་སྟོན་ཁང་དུ་བཤམ་ཡོད་པའི་རྡོ་ཆས་སྤྱོད་པའི་དུས་རབས་ཀྱི་རྡོ་ཡི་ལག་ཆ་དག་ཀྱང་རྡོ་སྨུག་ནག་མཇོང་དབྱིབས་ཞབས་སུ་ལག་པས་འཇུ་བའི་འཆངས་བཟུང་ལྟ་བུ་ཡོད་པ་ཤ་སྟག་རེད་འདུག ཁྱུངམོ་དགོན་པའི་ནང་རྟེན་དེ་ཡང་རྡོ་སྨུག་ནག་མཇོང་དབྱིབས་ཞབས་སུ་ཕྱག་མཛུབ་ཀྱི་རྗེས་ཡོད་པ་ཞིག་རེད་ཅེས་བཤད་འདུག དེ་ཡིན་དུས་སྟོན་པ་གཤེན་རབ་ཟེར་བ་དེ་ཡང་མིའི་ཤེས་རིག་ཡར་རྒྱས་ཆེར་མ་བྱུང་བའི་སྐབས་ཏེ་རྡོ་ཆས་སྤྱོད་པའི་དུས་རབས་ཀྱི་མི་མ་སྤྲེལ་ཞིག་ཡིན་པའི་སྒྲུབ་བྱེད་ཅུང་ཟད་ཅིག་རྙེད་པ་མིན་ནམ། ཉེ་སྔོན་ཞིག་ལ་བོན་གྱི་གྲྭ་བ་འགའ་ཞིག་དང་ལྷན་དུ་སྟོན་པ་གཤེན་རབ་འཁྲུངས་ནས་མི་ལོ་༡༨༠༢༨ཡིན་ནམ་ཞིག་འཁོར་བའི་དུས་དྲན་མཛད་སྒོ་ལྟ་བུ་ཞིག་ལ་ཞུགས་པ་ཡང་དྲན་སོང་། མི་ལོ་༡༨༠༠༠གི་སྔོན་ལ་འཁྲུངས་མཁན་ཞིག་ཡིན་དུས་རྡོ་ཆས་སྤྱོད་མཁན་ཞིག་ཡིན་པ་སྨྲོས་ཅི་དགོས།
ཁྱེད་རྣམ་པས་རྡོ་ཡི་ལག་ཆ་ལ་གཟིགས་པར་འདོད་ན་རྡ་རམ་ས་ལའི་གཤམ་གྱི་ཀང་ར་མཁར་རྫོང་གི་ཚུར་ཕྱོགས་སུ་འགྲེམ་སྟོན་ཁང་ཆུང་ཆུང་ཞིག་ཡོད། དེ་ན་མིའི་འཕེལ་འགྱུར་གྱི་དཔེ་རིས་དང་རྡོ་ཡི་ལག་ཆ་སྤུས་དག་ཁ་ཤས་ཤིག་བཤམ་ཡོད་པས་དེར་ཕེབས་པར་ཞུ། དེ་ལ་གཟིགས་ན་ད་གཟོད་སྟོན་གཤེན་རབ་ཀྱིས་ཐེག་རིམ་པ་དགུ་སྟོན་ནུས་དང་མི་ནུས་གསལ་པོར་ཤེས་ནུས་སྙམ།
པདྨ་ཟེར་བ་འདི་ནི་ངོ་མ་དཔའ་བོ་རྒྱ་སྟག་ཁྲག་གིས་སྨྱོ་བ་ལྟ་བུ་ཞིག་རེད། བྱམས་དང་སྙིང་རྗེ་བསྟན་བྱ་གཙོ་བོ་ཡིན་པའི་སངས་རྒྱས་བསྟན་པའི་ཆེད་དུ་རང་སྲོག་བློ་གཏོང་ནས་འཐབ་རྩོད་བྱེད་ཀྱི་ཟེར་གྱི་ཡོད་རེད། འདི་ཕྱོགས་གཅིག་རེད། ཕྱོགས་པ་གཉིས་པ་རང་སྲོག་བློ་གཏོང་བྱེད་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་ཡུལ་བོད་བཙན་པོའི་ཕ་མེས་ཀྱི་ཆོས་ལུགས་བོན་ཆོས་དང་མཁས་དབང་ཚ་བ་མདའ་སྨྱུག་ལགས་གཉིས་རེད།
རང་སྲོག་བློ་གཏོང་གི་འཐབ་རྩོད་འདི་ནི་ཤྭཀྱ་ཐུབ་པའི་བཀའ་དང་འགལ་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་དང་འགལ། དམངས་གཙོའི་ལྟ་གྲུབ་དང་འགལ་ལ་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་འགལ།
སྤྱོད་པ་འཚེ་བ་མེད་པ་བསྟན་བྱ་གཙོ་བོ་བྱས་པའི་ཤྭཀྱའི་ཆོས་ལུགས་ལ་དགའ་ཞེན་དང་བརྩི་བཀུར་དེ་ཙམ་ཡོད་ན་འཚེ་མེད་སྤྱོད་པ་རང་གིས་ཉམས་སུ་མི་ལེན་པར་སྲོག་བློ་གཏོང་གི་འཐབ་རྩོད་དགོས་དོན་ཅི་ཞིག་ཡོད་དམ། འཚེ་བ་ཆོས་སུ་འདོད་པའི་བོན་ཆོས་ལ་སྡུག་སྐྱ་བརྩི་བཞིན་དུ་རང་ཉིད་ཀྱིས་སྲོག་བློ་གཏོང་བྱེད་ནས་འཚེ་བའི་ལས་འཇུག་གི་ཡིན་ཟེར་བ་འདི་ནི་འུག་པའི་སྐད་ཆ་དང་གཅིག་པ་གཅིག་རྐྱང་རེད།
༡་་་འུག་པ་ཁྱོད་ཀྱི་མགོ་ལེབ་ལེབ་ཡིན་དོན་ཅི་རེད་དམ་ཅེས་འདྲི་དུས་་་འུག་པ་ངས་ཆོས་ཞུས་ཞུས་ཀྱིས་མགོ་ལེབ་ལེབ་ཆགས་སོང་རེད་ཅེས་ལན་བརྒྱབ་པ་རེད།
༢་་་འུག་པ་ཁྱོད་ཀྱི་རྣ་བའི་ནང་དུ་སྤུ་སྐྱེས་དོན་ཅི་རེད་ཅེས་འདྲི་དུས་་་འུག་པ་ངས་ཆོས་སྐད་རྣ་བས་གོ་མྱོང་མེད་པས་རེད་ཅེས་ལན་བརྒྱབ་པ་རེད། སྔ་ཕྱི་འགལ་བའི་འུག་སྐད་རེད།
༡་་་་པདྨ་ལགས་ཁྱོད་ཀྱིས་བོན་པོར་སྡང་དགོས་དོན་ཅི་ཡིན་ནམ་ཞེས་འདྲི་དུས་་་་པདྨ་ང་འཚེ་བ་ཆོས་སུ་འདོད་པའི་ཆོས་ལུགས་ལ་མི་དགའ་བས་ཡིན་ཞེས་ལན་འདེབས་བྱེད་ཀྱི་རེད།
༢་་་་པདྨ་ལགས་ཁྱོད་ཀྱིས་རང་སྲོག་བློ་གཏོང་བྱེད་ནས་འཐབ་རྩོད་བྱེད་དགོས་དོན་ཅི་ཡིན་ནམ་ཞེས་འདྲི་དུས་་་་པདྨ་ང་ཁྱོད་ཤི་ང་གསོན་གྱི་འཚེ་བའི་ལས་ལ་གོམས་འདྲེས་ཆེ་བས་རེད་ཅེས་ལན་འདེབས་ཀྱི་རེད། སྔ་ཕྱི་འགལ་བའི་པད་གཏམ།
སྲིད་བྱ་འུག་པའི་སྐད་དང་པདྨ་གཏམ།
ཞིབ་ཏུ་དཔྱད་ན་སྔར་བཤད་ཕྱིར་འགལ་ཟླ་རེད།
རང་ཚིག་སྔ་ཕྱི་འགལ་བའི་འུག་པད་གཉིས།
ཁ་བརྡ་འདི་ལ་སྙིང་རྗེ་ཡུལ་དུ་དགོངས།།་་་་་ཧཧ
སྲིད་བྱ་འུག་པའི་སྐད་དང་པདྨ་གཏམ།
ཞིབ་ཏུ་དཔྱད་ན་སྔར་བཤད་ཕྱིར་འགལ་རེད།
རང་ཚིག་སྔ་ཕྱི་འགལ་བའི་འུག་པད་གཉིས།
ཁ་བརྡ་འདི་ལ་སྙིང་རྗེ་ཡུལ་དུ་དགོངས།། ཅེས་བཅོས་རོགས་བྱོས་་་དཔའ་བོ་པདྨ་ལགས། མདའ་སྨྱུག་ཤི་བའི་རོ་དང་གསོན་པོའི་མི་ཅི་ཡིན་འཛམ་གླིང་འདི་ལ་ཤེས་མཁན་མེད་པ་ཞིག་བཟོས་འདུག བོན་པོ་ཚང་ཡང་དེ་ལྟ་བུ་མ་བཟོ་རོགས་བྱོས།
སྲིད་བྱ་འུག་པའི་སྐད་དང་པདྨའི་གཏམ།
ཞིབ་ཏུ་དཔྱད་ན་སྔར་བཤད་ཕྱིར་འགལ་རེད།
རང་ཚིག་སྔ་ཕྱི་འགལ་བའི་འུག་པད་གཉིས།
ཁ་བརྡ་འདི་ལ་སྙིང་རྗེ་ཡུལ་དུ་དགོངས།། ཅེས་ཡང་བསྐྱར་བཅོས་རོགས་བྱོས་་་དཔའ་བོ་པདྨ་ལགས་་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧོོོོོོོོོོོོོ
པདྨ་ཟེར་བའི་མི་བུ་འདིས། མི་གཞན་གྱིས་བྲིས་པའི་མཆན་རྙོག་རྣམས་ཕྱོགས་སྒྲིག་བྱས་ནས་འདིར་སྤེལ་བཞིན་འདུག། དཔེར་ན་ཁོས་སྤེལ་བའི་མཆན་༨༨་པ་དེ་རེད། ད་ལྟ་ང་ལ་དུས་ཚོད་མེད། རྗེས་སུ་ངས་གསལ་སྟོན་བྱེད་ཆོག། ཡང་ན་པདྨ་ཟེར་བ་དང་སྤོབས་མཐའ་ཟེར་བ་འདི་གཉིས་མི་གཅིག་པ་ཡིན་ན་ང་ལ་གང་ཡང་ལབ་རྒྱུ་མེད།
སྤོབས་མཐའ་ལགས་ངས་་་་གོང་དུ་མོ་མཚན་པདྨ་ཟེར་བའི་་་་མཆན་་༨༨ ནང་དུ་བྲིས་པ་དེ་སྔོན་མ་ཞིག་ལ་ཾཁྱེད་ནས་བྲིས་སོང་བསམ། གལ་སྲིད་ཁྱེད་དང་པདྨ་ཟེར་བ་གཉིས་མི་གཅིག་ཡིན་ན་དེ་ལུགས་དང་མིན་མིན་ལུགས་ཀྱི་གསལ་བཤད་ཅིག་གནང་རོགས། Bonpo བཤད་པ་བཞིན་དེ་ལ་ཁྱེད་ནས་ཀྱང་འགན་ཁུར་བའི་སྟེང་ནས་གཅིག་གསུང་རོགས། རྩོམ་དེ་ནི་ཁྱེད་ཀྱིས་བྲིས་པའི་སྐད་ཆ་དེ་དང་ཨ་ན་མ་ན་རེད་འདུག་པས་གཅིག་གསལ་བཤད་ངེས་པར་དུ་དགོས། གལ་སྲིད་གསལ་བཤད་མེད་ན་་་་ཀླུ་སྨྱོན་གྱིས་གསུངས་པ་ལྟར་སྤོབས་མཐའ་ཟེར་བའི་སྨྱུག་མིང་འོག་ནས་མི་གཉིས་གསུམ་དང་ཡང་ན་སྨྱུག་མིང་གཉིས་བེད་སྤྱད་དེ་མཆན་རྩོམ་སྤ྄ེལ་གྱི་ཡོད་པར་ངོས་འཛིན་མི་ཞུ་ཐུ་མེད་རེད། Bonpo ལགས་ཁྱེད་ལ་དུས་ཁོམས་ཡོད་ན་མཆན་དེ་སྔར་སྤོབས་མཐས་བྲིས་པ་དེ་འདི་ན་སླར་ཡང་འདྲེན་རོགས་གནང་ཞུ་གི་ཡོད།
དེ་ནས་པདྨ་ཟེར་བར་ཾཁྱོད་ཉོན་ཅིག་ཁྱེད་ནས་སྟོན་པ་གཤེན་རབ་དང་བོན་བསྟན་ལ་དམའ་འབེབས་ཚད་མེད་བྱེད་རྒྱུར་མཚམས་འཇོག་བྱེད་རྒྱུ་ཡིན་ནམ། ཡང་ན་ཁྱོད་ཀྱི་ཆོས་ལུགས་དང་དེ་འཛིན་གྱི་བླ་མ་དེ་ཚོའི་སྐྱོན་མཚངས་ངས་ཁྲོམས་བསྒྲགས་བྱེད་རྒྱུ་ཡིན། དེ་གཉིས་གང་དགོས་བཤད་རོགས། གདམ་ཀ་གཉིས་སྤྲད་ཡོད། གལ་ཏེ་ཁྱོད་ཀྱི་མུ་འཐུད་ནས་འདི་ལྟར་རྒྱུག་པ་ལེབ་བརྡུང་བྱེད་རྒྱུ་ཡིན་ན། ངས་མགོ་ལད་འབྱུང་ནས་བཟུང་བདུད་འཇོམས་མཁྱེན་བརྩེ་དང་བཅས་པར་སྐྱོན་མཚངས་འདྲུ་ངེས་མ་ཟད། དེ་ནས་རིམ་བཞིན་རྙིང་བསྟན་དང་བཅས་པར་གཅིག་མ་བཤད་རང་བཤད་ཆགས་ཀྱི་རེད།
འོན་ཀྱང་ཁ་བརྡས་ཀྱང་འདི་ལྟར་དོ་སྣང་མེད་པར་འཇོག་རྒྱུ་ཡིན་ན་དེ་དུས་ཕྱོགས་རིས་མེད་པའི་བཏང་འཛིན་གནང་རྒྱུར་ཡིད་ཆེས་དང་དེ་མིན་ད་ནས་འདི་ལྟར་རང་བྱེད་རྒྱུ་ཡིན་ན་ནམ་ཡང་རྒྱ་ཡན་དུ་གཏོང་མི་སྲིད་ལ་ང་ཚོས་དངོས་སུ་ཐོན་ནས་འཛམ་གླིང་སྤྱི་ཡི་འགྲོ་ལུགས་དང་མཐུན་པའི་ཐབས་ཤེས་གཏོང་སྲིད། མཆན་རྩོམ་འདི་དག་བོད་མིའི་སྒྲིག་འཛུགས་ལ་གཏོང་ངེས་མ་ཟད་ཆོས་ཚོགས་ནམ་ཡིན་ལ་འདི་སྐོར་གླེང་ངེས་ཡིན། དེ་ཁ་བརྡ་དྲ་བདག་དང་པདྨ་དང་ཨོ་ཉི་ལས་སོགས་ཀྱིས་ཀྱང་ཉན་ཤེས་བྱེད་དགོས་པ་ཡིན།
མགོ་པད་འབྱུང་ནས་་་་ཞེས་བཅོས་རོགས
དེ་ནས་པདྨ་ཟེར་བར་ཾཁྱོད་ཉོན་ཅིག་ཁྱེད་ནས་སྟོན་པ་གཤེན་རབ་དང་བོན་བསྟན་ལ་དམའ་འབེབས་ཚད་མེད་བྱེད་རྒྱུར་མཚམས་འཇོག་བྱེད་རྒྱུ་ཡིན་ནམ། ཡང་ན་ཁྱོད་ཀྱི་ཆོས་ལུགས་དང་དེ་འཛིན་གྱི་བླ་མ་དེ་ཚོའི་སྐྱོན་མཚངས་ངས་ཁྲོམས་བསྒྲགས་བྱེད་རྒྱུ་ཡིན། དེ་གཉིས་གང་དགོས་བཤད་རོགས། གདམ་ཀ་གཉིས་སྤྲད་ཡོད། གལ་ཏེ་ཁྱོད་ཀྱི་མུ་འཐུད་ནས་འདི་ལྟར་རྒྱུག་པ་ལེབ་བརྡུང་བྱེད་རྒྱུ་ཡིན་ན། ངས་མགོ་ལད་འབྱུང་ནས་བཟུང་བདུད་འཇོམས་མཁྱེན་བརྩེ་དང་བཅས་པར་སྐྱོན་མཚངས་འདྲུ་ངེས་མ་ཟད། དེ་ནས་རིམ་བཞིན་རྙིང་བསྟན་དང་བཅས་པར་གཅིག་མ་བཤད་རང་བཤད་ཆགས་ཀྱི་རེད།
ཧ་ཧ་ཧ།
སྐྱག་པ་བསྔོག་ན་སྐྱག་དྲི་ཡོད་ཡོད་པ་རེད་ཟེར་བ་དེ་ཡིན་པ་འདྲ། ད་གྲྭ་རྫུན། ཆོས་རྫུན། བན་རྫུན། བོན་རྫུན། ཁྱེད་ཚོ་ལ་བསམ་བློའི་ཡར་རྒྱས་ཞིག་དང་འཇིག་རྟེན་འཆམ་མཐུན་ཞིག་མེད་པ་འམ་བྱེད་མི་ཤེས་བ་འདྲ། ད་ཤོགས་ཡ། ཉན་བསྡད་ཡོད། ཧཧཧཧ།
བན་དེ་བ་ནས། ངས་མགོ་པད་འབྱུང་ནས་བཟུང་བདུད་འཇོམས་མཁྱེན་བརྩེ་དང་བཅས་པར་སྐྱོན་མཚངས་འདྲུ་ངེས་མ་ཟད། དེ་ནས་རིམ་བཞིན་རྙིང་བསྟན་དང་བཅས་པར་གཅིག་མ་བཤད་རང་བཤད་ཆགས་ཀྱི་རེད། ཟེར་བ་དེ་ལ་འོད་གསལ་ལ་སོགས་
རིག་པ་སྨྲ་བ་རྣམས་ནང་འཛིང་མ་རྒོལ་བར་བན་དེ་ཨམ་དེ་ལ་ལུང་རིག་གི་སྒོ་ནས་དགག་པ་ཚ་ཐག་གཅོད་ཅིག་མ་རྒྱབ་ན་ང་
བན་རྒན་བཀྲ་ཤིས་ནས་དགག་པ་རྒྱབ་དགོས་ཐུག་ན་ཁྱེད་ལུང་རིག་སྨྲ་བ་རྣམས་ཅུང་ངོ་མི་ཚའམ།
རེད།
དེ་ཡང་མ་རེད་ཟེར་ཡག་མི་འདུག
མ་གཞི་ང་ནི་བོན་ལ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་ན་ཡང་། སྒྲ་བིན་གྱི་འཕེལ་འགྱུར་ལྟ་གྲུབ་གཞིར་བྱས་ན། སྤྱི་ལོ་སྔོན་གྱི་ལོ་ཆིག་ཁྲི་ལྔ་སྟོང་གི་གཡས་གཡོན་ནི་རྡོ་ཆས་དུས་རབས་སུ་འཁེལ་ཡོད་སྟབས། སྟོན་པ་གཤེན་རབ་ཡང་སྐབས་དེ་དང་དུས་མཉམ་ཡིན་དབང་དུ་བཏང་ན་ཐེག་པ་རིམ་དགུ་ལ་སོགས་པར་ཉན་མཁན་གྱི་གདུལ་བྱ་དད་ལྡན་པ་དེ་འདྲ་དཀའ་ལས་ཁག་ཙམ་ཡོད་པ་རེད་སྙམ།
དུས་རབས་དེར་མི་རྣམས་གཟུགས་སྟོབས་ཆེ་བ་དང་བཙན་ཤུགས་ཆེན་པོ་ཡོད་པ་དག་གིས་དབང་འཛིན་ཐུབ་པར་ངོས་འཛིན་བྱེད་པ་རེད་ཟེར། གཤེན་རབ་མི་བོ་ཡང་གཟུགས་སྟོབས་ཆེན་པོ་ཅན་ཞིག་ཡིན་པ་ཏན་ཏན་ཡིན་ས་རེད།
མཆན་༨༨ དེ་ལ་ལྟོས་ལ་སྐད་ཆ་ཤོད་་་་དང་པོ་སུས་བཤད་འདུག སུས་སྐྱོན་བཙུགས་འདུག
དེ་ནས་སྐད་ཆ་ཤོད། ལུང་དང་རིགས་པ་ཡོད་ན་ཤོད་སུ་ལ་ཤོད་རྒྱུ་ཡོད་ནའང་ཁྱད་པར་མེད།
ཕར་གང་བཤད་ཚུར་བཤད་ན་མི་འགྲིག་ཚུལ་སུ་ཡིས་ཁྲིམས་རེད་དམ།
དོན་དག་འདི་ནི་སྐྱོན་འཛུགས་རེས་བྱེད་རྒྱུ་དེ་གཙོ་བོ་མ་རེད། དངོས་ཡོད་འཚོལ་རྒྱུ་དེ་གཙོ་རེད་བསམ། ངས་བྱས་ན་སྟོན་པ་ཤཀྱ་ཐུབ་པ་ཡིན་ནའང་འདྲ། སྟོན་པ་གཤེན་རབ་མི་བོ་ཡིན་ནའང་འདྲ། སའི་གོ་ལ་འདིའི་ཐོག་གི་མི་ཡིན་པ་གཞིར་བྱས་པའི་ཐོག་སྐད་ཆ་ཤོད་དགོས་གི་རེད་སྙམ།
སའི་གོ་ལ་ཆུང་ཆུང་འདིའི་ཐོག་ན་དེང་སང་རང་བཟོ་བྱེད་རྒྱུ་ཞེ་དྲག་ཞེ་དྲག་ཡོད་ས་མ་རེད། སྤྱི་ལོ་ ༢༠༡༣ ནས་སྤྱི་ལོ་སྔོན་གྱི་ལོ་ས་ཡ་ལྔ་བརྒྱ་བར་དུ་རྩིས་རྒྱག་ཐུབ་གིན་ཡོད་པ་རེད།
བོན་པོ་ལ་སྡང་མཁན་ཚོ་ནི་བོད་ཀྱི་ཕ་མེས་ཚོའི་མགོ་ལ་སྐྱུག་པ་གཏོང་མཁན་དང་གླང་རྭ་བཙུགས་མཁན་ཚོ་རེད། ཕ་མེས་བོན་པོ་རྒྱབ་ཏུ་སྐྱུར་ནས་བོད་མི་རིགས་ཀྱི་ལ་རྒྱ་ཡོད་མདོག་དང་། བོད་ཀྱི་རིག་གཞུང་སྐྱོབ་མདོག་་་་་ཧཧཧཧ འདི་ལ་ཁ་ནས་གཏམ་བཤད་དུས་སྣ་དགོད་མོ་ཤོར་ཟེར་བ་རེད། ཕ་མ་སྒོ་རྒྱབ་ཕུད་མཁན་གྱི་ཐེག་ཆེན་སེམས་དཔའ་ཟེར་ལེ་རེད་དོ།་་་་ཧཧ
ཧཧཧ ཕ་མེས། ཡང་མེས། ཕ་མེས་ཡང་མེས།
མི་ལོ་དུང་ཕྱུར་གཅིག་སྔོན་གྱི་ཕ་མེས། ད་དུང་དེ་ལས་སྔོན་གྱི་ཡང་མེས།
སྤྲ་དང་སྤྲེའུ། ཉ་དང་ཆུ་སྲིན། ཤ་གཟན་གྱི་གཙོ་བོ། ཁྲག་འཐུང་གི་རྒྱལ་པོ།
དེ་དག་ཀྱང་ཕ་མེས་ཡིན་པའི་དུས་ཡུན་ཧ་ཅང་རིང་བོ་ཡིན། ང་ཚོས་དེ་དག་ཕ་མེས་ཡིན་པར་ངོས་ལེན་མ་བྱས་ན་ག་ནས་འགྲིག མ་ཕེས་ཚང་མ་ལྷ་དང་ལྷ་མོ་དག་དག་མིན། དོན་དངོས་དེ་ཤེས་ན་དུས་རབས་༢༡ གི་མིའི་མཚན་ཉིད་ཚང་གི་ཡོད་པ་རེད། དེ་མིན། གནའ་གཏམ་ནང་གི་ལྷ་འདྲེ་དེ་ཚོར་ཞེ་དྲག་ཞེ
ད་དགོས་གི་མ་རེད། ཧཧཧ
ཐུ་བ་ཁྱོད་རང་གི་སྐད་ཆ་བདེན་པ་རེད། སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲོན་མོ་ཟེར་བའི་ལྷ་སྒྲུང་འདྲ་པོ་འདི་ཚོ་ལ་ཁུངས་ལུང་ཅང་མེད། ཡིན་ན་ངོ་མ་ཤ་ཟ་པགས་གྱོན་གྱི་གདོང་དམར་བའི་མི་རིགས་ཤིག་མཐོ་སྒང་དེ་ལ་བྱུང་བ་རེད་འདོད། དེ་ཡང་ཚན་རིག་དང་མཐུན་པའི་སྐད་ཆ་བཤད་དགོས་པ་ལས་ལྷ་སྒྲུང་དང་མཐུན་པའི་སྐད་ཆ་བཤད་ན་མི་འགྲིག
སྤྲ་དང་སྤྲེའུ་ཡིན་རུང་ལྷ་དང་འདྲེ་ཡིན་རུང་་་་་རྫོགས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེེན་པོ་ཟེར་ནས་ལྕེ་དམར་དམར་གཡུག་ནས་འདོན་རྒྱུ་དང་སྐྱོར་རྒྱུ་ཙམ་ཅིག་རེད་དམ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་རང་གི་མ་མ་བྱས་པ་མེད་པས་མ་ཡི་འདུ་ཤེས་འཇོག་དགོས་པ་མིན་ནམ། ལྷ་འདྲེ་སྤྲ་སྤྲེ་དེ་ཚོ་སེམས་ཅན་གྱི་གྲལ་དུ་མི་བརྩི་འམ། རྙིང་མའི་རྫོགས་པ་ཆེན་པོའི་ནང་དུ་སྙིང་རྗེ་སྒོམ་པ་མེད་དམ། བྱང་སེམས་སྒོམ་པ་མེད་དམ། ཡང་ན་འདན་མ་སྟོང་དཔོན་གྱིས་གསུངས་བ་བཞིན་ཅང་མེད་སྟོང་མེད་་ལེགས་ན་གཟུགས་མེད་དང་ཉེས་ན་བྱོལ་སོང་དུ་སྐྱེ་བྱེད་དུ་བསྒྲུབ་པ་དེ་བདེན་པ་ཡིན་ནམ། ཕལ་ཆེར་མི་ཁྱེད་ཚོའི་ཁ་ནས་བཤད་སྟངས་དང་ལག་གིས་ལས་སྟངས་དེ་ཚོར་ལྟས་ན་དེ་ལ་བདེན་ཁ་མི་སྟེར་བ་གཅིག་རེད་མི་འདུག
ད་དུང་མང་པོ་ཡོད་ཤོད་དང་སྔོན་ལ་རྗེས་སུ་ལན་འབྲི་ཆོག
ཁྱོད་ཚོ་བོན་པོ་ཚོས་ང་ཚོའི་མ་བྱས་མྱངས་ཡོད་པ་མ་རེད་་ཧཧཧཧཧཧཧཧཧཧཧཧཧཧཧ ལོ་རྒྱུས་ཐོག་ཏུ་ང་ཚོའི་ཨ་མ་གུན་ཁྲན་ཏང་རེད། ཚེ་བརྟན་སྒྲོལ་མའི་གླུ་ལ་ཉན་མྱངས་མེད་པེ་་་་་དྲ་གྲོགས་བན་དེ་བ་ལགས།་ཧཧཧཧཧ
འོ་ཅོ་རི་ལགས་ཀྱིས་གང་གསུང་གི་ཡོད་མེད་དེ་གསལ་པོར་ཤེས་མ་སོང། ང་ཡི་ཆོས་རྒྱུད་ཆོས་ལུགས་བླ་མ་སྤྲུལ་སྐུ་དེ་ཚོ་ཡག་ཤོས་དང་ཆེན་པོ་མཁས་ཤོས་བཟང་ཤོས་ལེགས་ཤོས་ཡིན་ཟེར་ནས་གཞན་གྱི་དེ་ལ་སྒྲོས་བསྐུར་འདེབས་མཁན་ཾཁྱེད་ཀྱིས་དགག་ཡུལ་དེ་ཚོར་ཟེར་གི་ཡོད།
ཆོས་པ་ཡང་དག་པ་ཞིག་དང་ལུང་རིགས་སྨྲ་མཁན་ཞིག་ཡིན་ན་ལུང་ཚད་མ་དང་རིགས་པ་ཚད་མ་བཀོད་
ནས་གཞན་ལུགས་དགག་པ་དེ་དམ་པ་གོང་མ་རྣམས་ཀྱི་ལུགས། མིང་ངན་དང་ཚིགས་ངན་ཁོ་ནའི་རྩོད་
ངན་རྒྱབ་རྒྱུ་དེ་སུ་ཡི་ལུགས། ཡང་མཆན་བུ་བ་འགའ་ཞིག་ནས་བོད་ཀྱི་བླ་སྲོག་བོན་ལ་ཐུག་ཡོད་པའི་བཟོ་
འདྲ་བཤད་འདུག། བོད་ནང་ཆོས་ལུགས་ཆེན་པོ་བཞིའི་མཁས་པ་རྣམས་ནས་བོན་ཆོས་བཞག་ནས་ནང་ཆོས་
ཉམས་ལེན་གནང་རྒྱུ་དེ་འདི་ཕྱི་གཉིས་ཕན་གྱི་ཆོས་གཅིག་ཡིན་པ་ལ་གཟིགས་ནས་མ་གཏོགས་བོན་པོར་དགྲ་
ལ་བལྟ་བ་ཨ་ཡིན་ན། རྒྱལ་པོ་གླང་དར་མགོ་ལ་གླང་རྭ་མ་བཙུགས་ན་ད་ལྟའི་ཆོས་ལུགས་བཞི་བོན་དང་
བཅས་པ་མིང་ཙམ་ཡང་མེད་པ་བཟོ་ཚར་བ་རེད་དོ།
ལགས་རེད་དྲ་གྲོགས་ཅོ་རི་ལགས། བོན་པོ་ཚོ་ནི་བོད་པར་་བདུད་དང་མུ་སྟེགས་སྲིན་པོ། ལྟ་ལོག་ཕྱི་བ་འཚེ་བ་ཆོས་སྨྲ་འཇིག་རྟེན་འདི་ན་མ་ཟད་བོད་འཕུང་མཁན་གྱི་ལྷ་འདྲེ་དེ་ཆགས་འདུག བོད་ཀྱི་བོན་པོ་ཚོ་ནི་སེམས་ཅན་གྱི་གྲལ་དུ་བརྩི་གི་མེད་ཟེར། དེ་ཚོར་མ་ཡི་འདུ་ཤེས་མེད་ཟེར། ཁོང་ཚོའི་མ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་རོང་པ་དང། འཇམ་དབྱངས་ཀྱི་རྣམ་རོལ་རྒྱ་ནག་པོའི་མི་དང་སོག་པོ་དེ་ཚོ་ཡིན་ཟེར། བོད་ཀྱི་བཙན་པོའི་མགོ་ལ་གླང་རྭ་ཡོད་ཟེར། རྒྱ་དཀར་ནག་རྒྱལ་པོ་འཇམ་དབྱངས་རེད་ཟེར། འོ་ཁྱེད་ཀྱིས་དེ་ཚོར་གསུང་གི་ཡོད་པ་འདྲ།
༼༡༠༧༽ བཀྲ་ཤིས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༧ གི་ཆུ་ཚོད་ ༡༢ སྐར་མ་ ༥༦
ཆོས་པ་ཡང་དག་པ་ཞིག་དང་ལུང་རིགས་སྨྲ་མཁན་ཞིག་ཡིན་ན་ལུང་ཚད་མ་དང་རིགས་པ་ཚད་མ་བཀོད་
ནས་གཞན་ལུགས་དགག་པ་དེ་དམ་པ་གོང་མ་རྣམས་ཀྱི་ལུགས། མིང་ངན་དང་ཚིགས་ངན་ཁོ་ནའི་རྩོད་
ངན་རྒྱབ་རྒྱུ་དེ་སུ་ཡི་ལུགས། ༽
དེ་ཨོ་ཉི་དང་པདྨ་དཔལ་དགྱེས་བཀྲ་ཤིས་ཐུ་བ་ལས་སོགས་རྙིང་མ་བའི་ལུགས་རེད།
མ་གོ་ན་ཁ་བརྡའི་ནང་དུ་ཡོད་པའི་མཆན་དང་རྩོམ་དེ་ཚོར་ཞིབ་འཇུག་བགྱིས། དེ་ཤེས་ངེས་རེད། མི་དེ་རིགས་དུས་རྟག་ཏུ་ཀུན་མཁྱེན་ཀུན་མཁྱེན་ཟེར་ནས་རང་བསྟོད་རྐྱང་བྱེད་ཀྱི་རེད། དེའི་རིགས་དེ་ཚོ་རེད། ད་ལྟའང་མི་དེའི་རིགས་ཤ་སྟག་རེད། ད་དུང་རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་པ་འགའ་ཞིག་གི་ནང་གི་ལྡེབ་རིས་སུ་་་་་བོན་པོས་དམར་མཆོད་འབུལ་སྟངས་ཀྱི་རི་མོ་བྲིས་འདུག་ཟེར། དུས་རབས་ཉེར་གཅིག་གི་མི་རྣམས་ནི་མི་རིགས་དང་ཆོས་ལུགས་འཆམ་མཐུན་གྱི་ལམ་ལ་ཞུགས་ཏེ་སྔར་གྱི་ནད་རྙིང་དེ་ཚོ་མི་བསྔོག་པའི་ཐབས་ལ་་འཚོལ་བཞིན་པའི་སྐབས་སུ་དེ་ལྟར་ཁ་ལག་མི་མཐུན་པའི་ལས་ལུགས་དེ་ཚོར་ཧཧཧཧཧ
ཀ་ཁ་ག་ང་།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན།
ཀ་ཁ་ག་ང་། ཅ་ཆ་ཇ་ཉ།
ངོ་ཚ་ཁྲེལ་མེད་ཟེར་བ་སུ་ལ་ཟེར། གོ་བའི་བུ་ལ་བརྡ་ཡི་ཆོག།
ང་ཚོས་སྐད་ཆ་ཤོད་དུས་ཧ་གོ་བ་བྱས་ནས་ཤོད་ན་དགའ་གི་རེད། མིའི་རིགས་ཀྱི་ཕ་མེས་སམ་ཐོག་མའི་ཐོག་མ་དེ་ཚོར་ལྟ་སྟངས་ཤོད་སྟངས་འདྲ་གི་མ་རེད། ་ལྷ་སྒྲུང་གི་ཤོད་སྟངས་དང་། རྨོངས་དད་གི་ཤོད་སྟངས། ཆོས་ལུགས་ཀྱི་ཤོད་ཚུལ། ཚན་རིག་གི་ཤོད་ཚུལ་སོགས་མི་འདྲ་བ་དུ་མ་ཡོད།
དེ་ཚོ་ཚང་མའི་ནང་ནས་ལོ་རྒྱུས་རིང་ཤོས་དང་གསལ་ཁ་ཡག་ཤོས་དེ་ཚན་རིག་གི་ཤོད་སྟངས་དེ་རེད། གཞན་དག་རྣམས་ནི་མ་ཤེས་པ་དང་ཤེས་ཁུལ་བྱེད་པའི་ཤོད་སྟངས་རང་ཡིན། མུན་ནག་མདའ་འཕེན་རང་མ་གཏོགས་ཁུངས་ལུང་རྒྱུ་མཚན་ལྡན་པ་ཞིག་ཉིན་སྐར་ཙམ་ཡིན།
ཤིང་ཕྲན་རྐང་གཅིག་གི་ལོ་རྒྱུས་དེ་ཡང་ཤིང་ནགས་དེ་དང་མ་འབྲེལ་བ་གཅིག་ཀྱང་མེད། སའི་གོ་ལའི་ཐོག་གི་མི་རིགས་སུ་ཡིན་ན་ཡང་སའི་གོ་ལའི་ལོ་རྒྱུས་དང་མ་འབྲེལ་བ་མེད། སའི་གོ་ལའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ངས་གོང་དུ་ཤོད་པ་བཞིན་ཡིན་པས་བསྐྱར་བཤད་ཀྱི་ཡིག་ཚོགས་དགོས་དོན་མི་འདུག་སྙམ།
ཤིང་ཕྲན་རྐང་གཅིག་གིས་ཤིང་ནགས་ལ་འགྱུར་བ་གཏོང་རྒྱུ་དེ་ཁག་པོ་ཡིན། ཤེས་དགོས་པའི་དོན་དག་དེ་ཤེས་ན་ཡག་གི་རེད། སའི་གོ་ལའི་ལོ་རྒྱུས་དང་མི་འཚམ་པའི་སྒྲུང་ཞིག་ཡིན་ན་ག་ཚོད་རིང་པོ་ཡོད་ཀྱང་སའི་གོ་ལ་དང་ཁ་བྲལ་འགྲོ་གི་རེད། ཡ་མཚན་དང་ཆེ་མཐོང་ཕར་ཟད། མཐོང་ཆུང་དང་ཁྱད་གསོད་རག་གི་རེད།
འོད་གསལ་འདིས་དོན་མེད། གང་རེད།
གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི།
མངས་རིས་རྒྱལ་རབས་ཞེས་པ་དེ་གཟིགས་ཨེ་མྱོང། བདུད་འཇོམ་གྱི་ཆོས་འབྱུང་ལྷ་ཡི་རྔ་བོ་ཆེ་གཟིགས་ཨེ་མྱོང། དེ་བཞིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དེ་ཚོ་གཟིགས་ཨེ་མྱོང། དེ་ནས་གྲུ་མོའི་དགེ་བཤེས་ཀྱི་མཛད་པ་དེ་ཚོ་གཟིགས་ཨེ་མྱོང། ཕལ་ཆེར་གཟིགས་ཡོད་ཀྱི་རེད། ང་ཚོས་དེ་ཚོའི་སྐོར་ལ་བགྲོ་གླེང་འདྲ་བྱས་ན་གང་འདྲ་ཡོང་ངམ། དེ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཡི་ཁྲིམས་ཡིག་དེ་ཚོའང་ཡོད་རེད། གཞི་ནས་འཚེ་བ་ཆོས་སུ་སྨྲ་བ་པོ་དེ་སུ་ཡིན་མིན་ཞིག་བལྟ་རྒྱུ་ཡོད་རྒྱུ་རེད། དེ་མིན་ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཟེར་ནས་ཁུངས་མི་འཁྱོལ་བ་ཐག་ཆོད་རེད།
གཞི་ནས་རྡོ་ཆས་སྤྱོད་པའི་དུས་རབས་སྐབས་ཀྱི་མི་དང་གསེར་ཆས་སྤྱོད་པའི་མི་དེ་ཚོའི་ལྟ་སྤྱོད་དེ་དག་བོང་བུའི་ནང་ཆ་དུས་རབས་ཉེར་གཅིག་གི་ཁྲོམས་ལ་བཀྲམས་ཐུབ་ཀྱི་རེད། སྔ་དུས་སུ་བསད་རབས་བཏུབ་རབས་བཅོམ་རབས་མཐུ་རྒྱ་རབས་གླུད་ལ་བརྫངས་རབས་ཤོད་ཐུབ་ན་དེ་དཔའ་བོར་བརྩི་བ་དང་མཁས་པའང་དེ་ཚོ་ཡིན། གྲུབ་ཐོབ་ཀྱང་དེ་ཚོ་ཡིན། འཇོན་པོའང་དེ་ཚོ་ཡིན་ཟེར་སྲོལ་ཡོད་པ་འདྲ། དེ་ཚོའི་རིགས་ལ་ལྷ་སྲས་དར་མ་དགོས་པ་རེད།
དྲ་གྲོགས་བན་དེ་བ་ལགས།
ངས་བསམ་ཚུལ་བྱས་ན་བོད་མི་འདི་ཚོས་དྲང་པོ་དྲང་བཞག་ཞིག་དང་རྒྱུ་འབྲས་ཡོད་པ་ཞིག་གི་ཐོག་ནས་ཁས་ལེན་དྲང་པོ་རེ་བྱེད་རོགས་བྱས་ན་བསམས་ཀྱི་འདུག བོད་ཀྱི་རྒྱལ་པོ་ལྷ་སྲས་དར་མའི་མགོ་ལ་གླང་རྭ་བཙུགས་པ་འདི་ནི་ང་ཅོ་རིའི་སེམས་ལ་བཟོད་དཀའ་བའི་སྡུག་བསྔལ་ཞིག་ཡིན། ཆོས་ལུགས་པ་ཚོས་ཞྭ་མོ་ནག་པོ་རེ་ཀོན་ནས་མྱི་གྲལ་ནས་ཁྱི་གྲལ་དང་ལྷ་གྲལ་ནས་འདྲེའི་གྲལ་དུ་འཕེན་བསྡད་པ་འདི་ནི་བོད་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།།
སོ་སོའི་ལུང་པའི་རྒྱལ་པོ་ལ་འདྲེ་དང་བདུད་རེད་ལབ། རྒྱ་ནག་རྒྱལ་པོ་ལ་འཇམ་པའི་དབྱངས་དང་ལྷ་རེད་ལབ། ངོ་མ་ཞིབ་ཏུ་བསམ་བློ་བཏང་དུས་བོད་ཀྱི་བཀོར་བདག་འདི་ཚོ་སྨྱོ་པ་མིན་ན་གང་རེད། རྒྱུ་འབྲས་མེད་པའི་མྱི་མིན་ན་གང་རེད། དྲང་བདེན་མེད་པའི་མི་མིན་ན་གང་རེད།
བོད་ཀྱི་ཤཀྱའི་ཆོས་ལུགས་པ་ཚོས་རི་བོང་གི་མགོ་ལ་རྭ་མེད་ཟེར་ནས་གཏན་ཚིགས་སྟོང་ཕྲག་དང་རིགས་པ་བརྒྱ་ཕྲག་བཀོད་ཀྱི་ཡོད་རེད། བོད་ཀྱི་རྒྱལ་པོའི་མགོ་ལ་རྭ་ཡོད་ཟེར་གི་རེད། འདི་ལ་སུ་ཡིས་ཡིད་ཆེས་བྱེད་ནུས་ཀྱི་རེད་དམ། ངོ་ཚ་མེད་པ། འགྲོ་ལུགས་མེད་པ། ཡ་རབས་བཟང་སྤྱོད་ཙམ་ཡང་མེད་པ། ལས་རྒྱུ་འབྲས་དང་འགལ་བ། དྲང་བདེན་དང་འགལ་བའི་སྐད་ཆ་སྐྱུག་མེར་ལངས་ཡ་འདི་དག་བཤད་ཀྱི་མཚམས་བཞག་གི་མི་འདུག ཇི་སྲིད་ལྷ་སྲས་དར་མའི་མགོ་ལ་གླང་རྭ་མེད་པར་ཁས་ལེན་མ་བྱེད་བར་དུ་ང་ཅོ་རིའི་རང་སྲོག་ཤོར་ནའང་ཁ་མི་བཙུམ་ཐག་ཆོད་ཡིན་པར་དཀོན་མཆོག་གསུམ་པོ་དཔང་དུ་བཙུགས་ཀྱི་ཡིན་ནོ། བཀོར་གཟན་ཚོས་ཤེས་དགོས་ཀྱི་ཡོད།
དེ་མིན་་་ཤཀྱའི་ཆོས་ལུགས་པ་ཚོས་དར་མ་འུ་དུམ་བཙན་པོའི་མགོ་ལ་གླང་རྭ་ཡོད་པའི་སྒྲུབ་བྱེད་བཀོད་ཀྱི་ཡོད་ན་ང་ཅོ་རི་དམ་བཅའ་སྡོད་ཆོག ཆོས་རྒྱུད་ཆེན་པོ་བཞི་ཡིས་དར་མའི་གླང་རྭ་ཡོད་པར་བསྒྲུབ་ཐུབ་སོང་ན་ངོ་ཅོ་རི་དམར་གསོད་གཏོང་ནའང་ཆོག ལྕེ་གཅོད་ནའང་འགྲིག དེ་མིན་ཉེས་མེད་བོད་ཀྱི་རྒྱལ་པོའི་མགོ་གླང་རྭ་བཙུགས་མཁན་ཚོའི་ཁ་ནང་དུ་ཁྱིའི་སྐྱག་བླུག་ཟེར་གྱི་ཡིན་ནོ།།།།།།།།།།།།།།།།།།
བཤད་ཀྱི་རེད་བཀོར་གཟན་ཚོས་་་ཤྭཀྱའི་བསྟན་པ་བོད་ལ་དྲིན་ཆེ་རབས་དང་ཡག་རབས་བཤད་ཀྱི་རེད། ཆོས་ལུགས་ཀྱི་གྲྭ་བཙུན་རེ་ལ་ཁྱིམ་ཚང་ལྔ་རེས་རྒྱུ་བདག་བྱས་ནས་གསོ་དགོས་པའི་ཁྲིམས་ལུགས་བཟོས། ཁ་ཟ་ལ་དགའ་མཁན་དང་རྐུབ་ཉལ་ལ་དགའ་མཁན་ཚང་མས་གྲྭ་པ་བྱས། བོད་རྒྱལ་ཁབ་ལ་མི་འབོར་ཉུང་རེ་ཕྱིན། དཔལ་འབྱོར་ཡར་རྒྱས་གཏོང་མཁན་ཤིང་བཟོ་མགལ་བ་ཤན་པ་སོགས་ལ་མཐོང་ཆུང་དང་ཁྱད་གསོད་བྱས། འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུང་དགོས་པ་བཟོས། ད་དུང་རྒྱག་མེད་མ་སོང་ངམ།།།།
ཁྱི་སྐྱག་ཕར་ལ་ཟེར་ན། ཕག་སྐྱག་ཚུར་ལ་རག་ཡོང་ད།
ལོ་རྒྱུས་ལ་མིག་བཤེར་ཙམ་ཡོད་པའི་མི་ཞིག་ཡིན་ན་གླང་དར་མགོ་ལ་རྭ་ཡོད་ཟེར་མཁན་གཅིག་ཀྱང་མེད། ཡིན་ན་ཡང་། ཡིག་རྨོངས་པ་དང་དམངས་ཁྲོད་གི་ཁོངས་ལུང་བྲལ་བའི་འཆལ་གཏམ་ལ་དགའ་བོ་ཡོད་མཁན་དང་མགོ་བོ་འཁོར་མཁན་དག་ལ་ནི་བདེན་པར་འཛིན་གི་རེད། ཅིག་ཅིག་ཅིག་གི་མགོ་རྭ་ཡོད་ཟེར་ན་ཆོག་ལ། མིག་མིག་མིག་གི་མགོ་ལ་འཇའ་ཤར་ཡོད་ཟེར་ན་ཡང་ཆོག རྟག་བཤད་ཅི་ཡང་མེད་པར་ ཧ་ལས་གི་རེད། ཧང་སངས་གི་རེད། ཧོལ་རྒྱུགས་བྱེད་པ་དང་། དོན་མེད་ཁོང་ཁྲོ་ལངས་ནས་འདར་ཟུག་རྒྱག་གིན་རེད། མི་དེ་རིགས་ག་དུས་ཡིན་ན་ཡང་དམའ་རིམ་སྤྱི་ཚོགས་ནང་གི་བསམ་བློའི་ཁྲོམ་རར་གྲིམ་པོ་ཡོད་རེད། ཧཧཧ
སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལགས།
བསྟན་པ་སྤྱི་དང་བྱེ་བྲག་འདུལ་བའི་བདག་པོ་སངས་རྒྱས་བཅོམ་ལྡན་ལགས་པས། བོད་བསྒྱུར་འདུལ་བའི་སྡེ་སྣོད་ཀྱི་དབུར་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།ཞེས་བཀོད་ཡོད་ཀྱང་། ད་ནས་བཟུང་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལ་ཕྱག་འཚལ་ལོ།།ཞེས་ཁ་བསྒྱུར་གཏོང་དུས་སླེབས་སོང་། ཁྱེད་ཉི་མ་བཅུར་མཚམས་ལ་བཞུགས་ནས་འདུལ་བ་གསར་བའི་གཞུང་ཞིག་བརྩམ་གྲབས་ཡོད་པར་ཐེ་མི་ཚོམ། གྲྭ་བས་དྲ་བ་ཀློག་པ་ལྷག་མ་བཅུ་བཞི་བར་བགྲང་འོང་ཤེས་ཆེ། དེ་ནས་བཟུང་ཁྱེད་ལ་ལྷག་མ་བླ་མ་ཞེས་མཚན་གྱི་ཅོད་པན་གསོལ་འོས།
ཁྱེད་ནི་འཛམ་གླིང་འཁྲུག་ཆེན་ཨང་གཉིས་པའི་སྐབས་ཀྱི་ཉི་ཧོང་རྒྱལ་ཁབ་དང་འདྲ་སྟེ། རྒྱལ་ཁབ་ཆུང་བ་དེས་རྒྱལ་ཁབ་ཆེ་བ་མང་བོ་དུས་གཅིག་ལ་ཁ་གཏད་གཅོག་པ་ལྟར། ཁྱེད་ཀྱིས་གྲྭ་བ་ཚོ་དང་། ཕུང་གསུམ་པ་ཚོ། སྤྲུལ་སྐུ་སོགས་ཚོགས་ཁག་མང་བོ་ལ་ཁ་བཏང་བཞིན་འདུག །མི་འགའ་ཤས་ཤྭོ་འཕེན་པར་སྲེད་པ་བཞིན་དུ་ཁྱེད་ཀྱང་རྙོག་འཛིང་ལ་ཐུགས་དགྱེས་པོ་ཡོད་པ་འདྲ། ཀུ་རེ་ཞུས།
ཐུ་བ་ཟེར་མཁན་གྱི་སྐད་ཆ་དེའི་དཔེ་དེ་ཚོ་ནི་རྨོངས་པའི་སྐད་ཆ་རང་རེད།
ཤིང་ཕྲན་རྐང་གཅིག་གིས་ཤིང་ནགས་ལ་འགྱུར་བ་ལོས་གཏོང་ཐུབ།
ལྷོ་ཨ་ཕི་རི་ཁའི་མི་རིགས་ནག་པོ་་་་ནལ་སན་མན་ཌ་ལ་མི་གཅིག་གིས་ཡུལ་དེའི་ཁ་ལོ་བསྒྱུར་འདུག གྷ་དྷིས་རྒྱ་གར་རྒྱལ་ཁབ་ཀྱི་ཁ་ལོ་བསྒྱུར་འདུག མ་ཌིན་ལུ་ནར་གྱིས་ཨ་རིའི་རྒྱལ་ཁབ་གཡོ་རུ་བཅུག་བཅུག་ཡོད། ཧིཌ་ལར་གྱིས་འཛམ་གླིང་འགུལ་དུ་བཅུག་ཡོད། མ་འོ་ཀྲུ་ཞིས་རྒྱ་ནག་རྒྱལ་ཁབ་ལ་འགྱུར་བ་བཏང་མ་སོང་ངམ། ཅིས་ཕྱིར་ཤིང་ཕྲན་རྐང་གཅིག་གིས་ཤིང་ནགས་ལ་འགྱུར་གཏོང་མི་སྲིད་དམ། ཁྱོད་ཀྱི་དཔེ་དོན་དེ་ག་བར་ཕྱིན་སོང་ངམ།
དྲ་གྲོགས་ཅོ་རི་ཉི་མས་གསུངས་པར་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད། ངས་རྒྱུན་དུ་ཁྱེད་ནི་མི་བུ་བློ་དང་ལྡན་པ་ཞིག་ཏུ་མ་ཟད་དྲང་བདེན་ལ་དགའ་ཞེན་དང་རང་རིགས་ལ་ལ་རྒྱ་རང་ས་ལ་དུང་བའི་མི་བུ་བློ་སྟོབས་ཅན་ཅིག་ཏུ་སྔར་ནས་མཐོང་ཡོད། སྔོན་མ་ཁྱེད་ཀྱིས་དུས་བབ་དྲ་རྒྱའི་ནང་དུ་བསམ་འཆར་ཤོད་དུས་ངས་དོ་སྣང་ཆེན་པོ་བྱུང་སྐབས་དེ་དུས་ང་ཡང་དུས་བབ་དྲ་རྒྱར་བསམ་ཚུལ་ཅུང་ཙམ་ཤོད་མཁན་ཅིག་ཡིན། དེ་རྗེས་དེར་མཆན་འབྲི་མཁན་གྱི་མི་བུ་རྣམ་དཔྱོད་ཅན་ཅིག་ཞེ་དྲག་མཐོང་མ་སོང་ཁྱེད་ཀྱི་མཆན་ཀྱང་རིག་རྒྱུ་མི་འདུག དེ་ནས་བཟུང་སྟེ་ངས་ཀྱང་དུས་བབ་དྲ་རྒྱར་འཛུལ་མེད་ལ་མཆན་ཀྱང་འདེབས་རྒྱུ་བྱུང་མ་སོང། ཁྱེད་ཀྱི་དགོངས་དོན་བོད་འདི་རང་དབང་རང་བཙན་ཐོབ་དགོས་ལ། རང་དབང་རང་བཙན་ཐོབ་པའི་ཉིན་མོར་ཁྱེད་བོད་ཀྱི་སྲིད་འཛིན་དང་པོ་དེ་ཆགས་པའི་རེ་བ་དང། དེ་དུས་ཆོས་འབག་གོན་ནས་མི་མགོ་བསྐོར་མཁན། ཁང་སྒོ་བརྡུང་མཁན། མི་ཆོས་བླ་མའི་རྫུན་གྱིས་བསླུ་བྲིད་བྱེད་མཁན། ཆོས་ལུགས་ཀྱི་རང་ཤེད་ཀྱིས་མི་དམངས་ཉམ་ཐག་ཚོར་དམྱལ་བར་འཕེན་མཁན་ཚོ་ཡི་མགོ་ལ་ཐོ་བ་ཞིག་འདེག་པའི་རེ་བ་དང། བོད་མི་རིགས་དང་བོད་རྒྱལ་ཁབ་ཆེན་པོར་གཏིང་ཟབ་པའི་འཆར་གཞི་འདིང་མཁན་་་་ལྷ་སྲས་དར་མའི་སྣང་བརྙན་ཞིག་བོད་ཀྱི་རྒྱལ་སའི་དཀྱིལ་དུ་གསེར་འོད་ཆེམ་མེར་བཞེངས་ཏེ། རང་གི་རྒྱལ་པོའི་དབུ་ལ་རྭ་འཇོག་མཁན་གཞན་གྱི་རྒྱལ་པོའི་དབུ་ལ་རྒྱལ་བ་རིགས་ལྔའི་སྐུ་ཡི་འོད་འཚེར་བར་བལྟ་མཁན་དེ་ཚོའི་སེམས་ཀྱིས་རྨོངས་དད་ཕྱོགས་ཞེན་གྱི་དྲ་བ་ཡོངས་སུ་གཅོད་པའི་སྟ་མོ་ཁ་ཆེན་དང་འདྲ་བ་ཞིག་འབྱུང་བའི་རེ་བ་དང་སྨོན་ལམ་བཅས་ཡོད།
http://www.khabdha.org/?p=20143#comments པདྨའི་མཆན་༨༨་པ་དེ་དྲྭ་འབྲེལ་འདིའི་མཆན་འཁྱལ་ཚོ་ཕྱོགས་སྒྲིགས་བྱས་ནས་སྤེལ་འདུག། དཔལ་ལྡན་ཁ་བརྡ་ཚང་གིས་དགོངས་པ་ག་འདྲ་ཞིག་བཞེས་ནས་བཞུག་ཡོད་དམ། །
༡༠༠༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༥ གི་ཆུ་ཚོད་ ༣ སྐར་མ་ ༡༣
སྟོན་པ་གཤེན་རབ་ཀྱིས་བདུད་བཏུལ་ཟེར་བ་དེ་དང་ཤཀྱཱ་ཐུབ་པའི་བདུད་བཏུལ་པའི་མཛད་པ་འདྲ་གི་མི་འདུག ཤཀྱཱ་ཐུབ་པས་རྡོ་དང་དབྱུགས་པས་བདུད་བསད་རབས་མི་འདུག ཡིན་ན་ཡང་གཤེན་རབ་ཀྱིས་རྡོ་མཇོང་ཞིག་གི་བདུད་བཏུལ་འདུག བྱས་ཙང་ངས་མི་བསད་པ་རེད་ཅེས་བཤད་པ་ཡིན། ངས་རྫུན་བཤད་པ་མིན། བོན་དགོན་ཁྱུང་མོ་གྲྭ་ཚང་ཟེར་བའི་ལོ་རྒྱུས་ནང་ན་སྟོན་པ་གཤེན་རབ་རྟའི་ར་མདར་ཀོང་པོ་ལ་ཡོང་དུས་དགྲ་གསོད་སྤྱད་ཀྱི་རྡོ་མཇོང་མཇོང་ཕྱག་མཛུབ་ཀྱི་རྗེས་ཡོད་པ་དེ་འདྲ་ཞིག་ནང་རྟེན་དུ་ཡོད་ཚུལ་བྲིས་འདུག
༡༠༢༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༥ གི་ཆུ་ཚོད་ ༣ སྐར་མ་ ༤༡
ཁྱེད་ཀྱི་དྲི་བ་དེ་ཚར་ལན་འདེབས་ཤེས་ས་མ་རེད། ཁར་སང་ཁྱེད་ཚོའི་མཁས་པ་ཚོས་གཤེན་རབ་ལ་བུ་དང་བུ་མོ་ཡོད་ཟེར་ནས་ངོམ་ངོམ་བྱས་སོང་། གལ་སྲིད་གཤེན་རབ་ལ་བུ་ཡོད་ཆོག་ས་ན་རྒྱལ་དབང་ལྔ་པ་ལ་བུ་ཡོད་མི་ཆོག་དོན་ཅི་ཡོད། དོལ་རྒྱལ་གྱིས་དགའ་ལྡན་ཕོ་བྲང་ལ་ཁ་གཏད་བྱས་པ་ཡིན་རྒྱུ་རེད་དེ་སྐབས་འདིར་བོད་གཞུང་དགའ་ལྡན་ཕོ་བྲང་དང་དེ་འཛུགས་མཁན་རྒྱལ་དབང་ལྔ་པ་ཆེན་པོ་མཆོད་ཡོན་ལ་སྐྱོན་རྗོད་མཁན་དོལ་རྒྱལ་ལས་ཀྱང་ཁྱོད་ཚོ་ཚབ་ཆེ་བ་འདུག་པས་དོལ་རྒྱལ་སྐབས་ཐོག་གཅིག་རིང་བཏང་སྙོམ་ལ་འཇོག་གི་ཡིན། བོན་ལ་སྨོད་ན་མགོ་ལུས་མཚུངས་པ་ཞིག་སྨོད་རོགས་ཟེར་ནས་ང་ལ་གསོལ་བ་འདེབས་མཁན་ཁྱོད་རང་ཡིན་སྟབས་གཤེན་རབ་ནས་མགོ་འཛུགས་པར་འབད་བརྩོན་བྱེད་ཆོག་ལགས།
༡༢༤༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༧ གི་ཆུ་ཚོད་ ༠ སྐར་མ་ ༠༩
སྟོན་པ་གཤེན་རབ་ཀྱི་མིང་གི་གཞི་མ་གྲུབ་པ།
སྟིོན་པ་གཤེན་རབ་ལ་མིང་ཡོད་པ་མ་རེད། སྟོན་པ་ནི་སློབ་དཔོན་དང་དགེ་རྒན་ལྟ་བུའི་དོན་ལས་མིའི་མིང་ཞིག་མ་རེད། གཤེན་ནི་དབུས་གཙང་ཕྱོགས་ཀྱི་རུས་རྒྱུད་ཅིག་གི་མིང་རེད། ཡིན་ན་ཡང་དེང་སང་གཤེན་ལ་སྐྱབས་སུ་འགྲོ་མཁན་ཡང་ཡོད་འདུག་པས་ངོ་མཚར་ཆེ། གཤེན་རབ་ཟེར་བ་དེ་གཤེན་གྱི་རུས་རྒྱུད་ཀྱི་ནང་གི་མི་རབ་ཟེར་བའི་དོན་རེད། མི་བོ་ཆེ་ནི་མི་ཆེན་པོའམ་མི་དམ་པ་ཟེར་བ་ལྟ་བུའི་དོན་རེད། དེ་ཚོ་ཚང་མ་ཡང་སྟོན་པ་ཤཀྱཱ་ཐུབ་པའི་མཚན་ལ་བལྟས་ནས་འདྲ་བཟོ་བྱས་པ་གསལ་པོ་རེད། ལྟོས་དང་། སྟོན་པ་ཤཀྱ་ཐུབ་པའི་མཚན་དང་སྦྱར་ནས་འདྲ་བཟོ་བྱས་འདུག སྟོན་པ་ནི་དགེ་རྒན་ནམ་སློབ་དཔོན་གྱི་དོན་ཙམ་ཡིན་པ་གཅིག་མཚུངས་རེད། གཤེན་རབ་ཟེར་བ་དེ་སངས་རྒྱས་ལ་ཤཀྱའི་གཙོ་བོ་ཞེས་འབོད་སྲོལ་ཡོད་པ་དེ་ལ་བརྟེན་ནས་གཤེན་གྱི་ཚོ་བའམ་རིགས་ཀྱི་ནང་གི་མཆོག་ཅེས་འདྲ་བཟོ་བྱས། མི་བོ་ཆེ་ཞེས་པ་དེ་ལེགས་ལེགས་སྦྱར་གྱི་མ་ཧཏི་མ་ཞེས་པ་ལས་བདག་ཉིད་ཆེན་པོ་དང་སྐྱེས་བུ་ཆེན་པོ་སོགས་སུ་འགྱུར་བ་དེ་སངས་རྒྱས་ཤཀྱ་ཐུབ་པ་ལ་སྦྱར་སྲོལ་ཡོད་པ་དེ་ལ་མི་བོ་ཆེ་ཞེས་འདྲ་བཟོ་བྱས་འདུག དེ་ལྟ་བུའི་མིང་ཚང་མ་གོ་གནས་དང་ཆེ་བསྟོད་ལྟ་བུའི་མིང་མ་གཏོགས་མི་རང་སྒེར་གྱི་མིང་ཞིག་མ་རེད། དོན་ལ་སྟོན་པ་གཤེན་རབ་ཟེར་བའི་མིང་གི་གཞི་གྲུབ་མི་འདུག སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་དང་། གོ་ཏ་མ། ཟས་གཙང་སྲས། སྟོན་པ། མགོན་པོ། རྒྱལ་བ་སོགས་ཁོང་གི་མིང་ངོ་མ་དེ་མ་རེད། ཁོང་གི་མཚན་ངོ་མ་ལ་སིདྡྷརྠ་ཟེར་བ་རེད། བོད་སྐད་ལ་དོན་གྲུབ་ཅེས་བསྒྱུར་ཡོད་པ་དེ་རེད། དེ་མི་ཁོ་རང་གི་མིང་ངོ་མ་དེ་རེད། ཡིན་ན་ཡང་གཤེན་རབ་ལ་མིང་ངོ་མ་ཞིག་ཀྱང་མི་འདུག
༡༢༥༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༧ གི་ཆུ་ཚོད་ ༠ སྐར་མ་ ༢༤
ཉག་རོང་ནས་གསར་དུ་རྙེད་པའི་བོན་གྱི་བཀའ་བསྟན་ནམ་བཀའ་བརྟེན་ལ་དོག་གཞི་ཆེ་བ།
དེ་ཡང་བོན་གྱི་བཀའ་བསྟན་ནམ་དམ་བཀའ་བརྟེན༼ད་དུང་མིང་གཏན་འཁེལ་མེད། བཀའ་དང་བཀའ་བརྟེན་ཞེས་འདོགས་དགོས་ལུགས་མཁར་རྨིའུ་བསམ་གཏན་གྱི་རེ་བ་ཡིན།༽ མདོར་ན་བཀའ་བརྟེན་ཟེར་བའི་ཡིག་ཚོགས་ཆེན་པོ་དེ་སྟོན་པ་གཤེན་རབ་དང་ཁོང་གི་རྗེས་འཇུག་མཁས་པའི་གསུང་རབ་ཕྱོགས་བསྒྲིགས་ཤིག་ཡིན་ཟེར། ཡིན་ན་ཡང་དཔེ་རྒྱུན་དེ་ཚར་གཅིག་ཁོ་ན་མ་གཏོགས་རྙེད་མེད། རྙེད་ཡུལ་དེ་ཉག་རོང་ཁོགས་ནས་ཡིན། རང་རང་གི་སྟོན་པའི་གསུང་རབ་ཟེར་བ་དེ་ཆོས་ལུགས་གང་ཡིན་ཡང་ཡོད་ན་དེས་ཆོག་དང་མེད་ན་དེས་ཕུང་དེ་རེད། བོན་པོ་ནི་བོད་ནང་ཙམ་མིན་པར་བལ་ཡུལ་མཐའ་མཚམས་སོགས་སུ་དར་རྒྱ་ཧ་ཅང་ཆེན་པོ་རེད། བལ་ཡུལ་སོགས་ཀྱི་བོན་དགོན་དེ་ཚོར་རྒྱ་དམར་སོགས་བཀག་འགོག་གཏོར་བྱེད་མཁན་ནི་གཏན་ནས་སླེབས་མྱོང་མེད། དགོན་པ་དེ་ཚོར་རང་གི་སྟོན་པའི་གསུང་རབ་ཕྱོགས་བསྒྲིགས་ཤིག་ཀྱང་མེད་དོན་ག་རེ་ཡིན་ནམ། གཅིག་བྱས་ན་ཉག་རོང་བ་ཁ་ཤས་ཤིག་གིས་རིག་གནས་གསར་བརྗེའི་སྔ་གཞུག་ཅིག་ལ་གཏེར་ནས་བཏོན་པ་ཡིན་པ་འདྲ།
སྤྱིར་ན་བོན་གྱི་གསུང་རབ་ཕྱོགས་བསྒྲིགས་ལྟ་བུ་རིག་གནས་གསར་བརྗེའི་སྔོན་དུ་ཡོད་ཚུལ་འདུག་མོད་འདི་ལྟ་བུའི་ཡིག་ཚོགས་ཆེན་པོ་ཞིག་མ་རེད།
བོན་པོ་ལགས་ནས་པདྨ་མིང་ཅན་དེ་ཡིས་རྩོམ་རྐུས་བྱས་པ་རྐུན་མ་རྐུན་འདོན་བྱས་པར་ཐུགས་རྗེ་ཆེ།
རེད་ཁ་བརྡའི་དྲ་བདག་ནས་གཅིག་གནང་དགོས་པ་ཞིག་རེད་དེ་གནང་གི་མི་འདུག
ཡང་མིན་ན་སྤོབས་མཐའ་ཟེར་བ་འདི་ཕྱི་དཀར་ནང་ནག་གི་མི་ཞིག་དང་་་ཀླུ་སྨྱོན་མཁས་པས་བཤད་པ་བཞིན་མི་གཅིག་འོག་ནས་མིང་བརྒྱར་སྤྲུལ་ནས་མཆན་དང་རྩོམ་སྤེལ་མཁན་གྱི་མི་ནག་ཅན་ཞིག་ཡིན་པར་ཐག་ཆོད། གཅིག་བྱས་ན་དེ་ཡང་མི་སྲིད་པ་མ་རེད། ཀླུ་སྨྱོན་གྱིས་ཡང་ཡང་གོ་བརྡ་སྤྲད་སོང་ཀྱང་སྤོབས་མཐས་དེ་ལ་ཡིན་མིན་གྱིས་གསལ་བཤད་ཙམ་ཅིག་ཀྱང་མི་བྱེད་པ་ནི། དོན་དངོས་སུ་ཁས་ལེན་བྱས་པ་དང་གཅིག་པ་རེད། བོད་མིའི་གཏམ་དཔེར། མི་ངན་ནང་དུ་བསྡད། ཇུས་ངན་ཕྱི་ལ་འདིངས་ཟེར་བ་རེད། དཔེ་དེ་བཞིན་སྤོབས་མཐའ་མི་ངན་ནང་དུ་བསྡད་དེ་ཇུས་ངན་འདོན། པདྨ་མི་ངན་ཕྱི་རུ་ཐོན་ནས་སྟེང་ལྷ་ནས་འོག་ཀླུ་ཡི་བར་དུ་དབྱེན་དཀྲུགས་བྱེད་ཀྱི་ཡོད་པ་ཡིན་དྲོ། ད་ནས་བཟུང་སྟེ་སྤོབས་མཐས་གསལ་བཤད་གང་ཡང་མེད་ན་དེ་དེ་བཞིན་དུ་ངོས་འཛིན་ཞུས་ནས་དེནལ་དོགས་པའི་ལན་སྤྲོད་ངེས་ཡིན།
པདྨས་ཅིག་ལབ་དགོས་སྣང་ཤར། ཁོ་རང་ལ་ཅིག་གསར་པ་ཞིག་ལབ་རྒྱུ་མེད་ནས་ངས་སྔོན་མ་བྲིས་པ་ཁ་ཤས་འདིར་བཏུས་ཡོང་འདུག དེ་ཁོ་རང་གིས་བྱ་རྒྱུ་ཟད་སོང་བ་རེད། ཁོ་རང་ལ་ལན་འདེབས་རིན་ཡོད་ན་ཐོབས། མེད་ན་ཞོག ངས་ཉེ་སྔོན་ལ་ཞུས་ཡོད། བོན་དང་དུས་འཁོར་ཚུད་པའི་ཆོས་ལུགས་ལོ་རྒྱུས་་སྐོར་ལ་དྲི་བ་ཇེ་མང་རེད། ཡིན་ན་ཡང་དྲ་གྲོགས་རྙིང་པ་ཚོའི་ཁ་ནས་ལན་སྙིང་ཚིམ་པ་ཞིག་རག་གི་མི་འདུགཆནས་སྐབས་རིང་དེའི་སྐོར་བཤད་མ་བཤད་མི་འདུག རྗེས་མ་དྲ་གྲོགས་གསར་དེའི་སྐོར་ལ་དོ་སཞནང་ཡོད་མཁན་འདྲ་སླེབས་ན་བཤད་ན་འོས། དེ་འདྲ་མ་རེད་པས།
སྤོབས་མཐས་ད་དུང་གསལ་བཤད་ཡིད་ཚིམས་པ་ཞིག་མ་བྱས་པ་དེར་དེ་ལས་ཀྱང་དྭོགས་པ་ཆེ་རུ་ཕྱིན་སོང།
གཏམ་དྲིས་ན་མི་ཤོད། སྒུགས་ནས་ཤོད་ཟེར་བ་བཞིན་སྒུགས་ནས་བསྡད་ཡོད། མི་བུ་ཡོན་ཅན་ཅིག་ཡིན་ན་ཚིག་འདི་དག་ཡོང་དོན་མེད། ཕྱོགས་རིས་དུག་གིས་བཟི་ན་གནས་སྟངས་ལོགས་ཁ་རེད།
ངས་སྔོན་ནས་ཞུས་ཡིན་ཁྱེད་ཀྱི་བློ་ཁ་དེ་ཅུང་འགྱུར་བའི་བཟོ་འདྲ་ཞིག་སྣང་བྱུང་ཟེར་ནས་མཆན་ཅིག་བཏབ་ཡོད། གང་ལྟར་ཕྱི་ནང་གི་རིམ་པ་མང་པོ་ཞིག་ཡོད་པར་གཞི་ནས་གསལ་པོར་ཤེས་སོང།
གཅིག་ཤོད་རྒྱུ་ཡོད་ན་ཤོད་གནང་རོགས།
བན་དེ་ལགས། ཅི་ཞིག་ཤོད་ཤོག་ཟེར་བ་ཡིན། ངས་ཅི་ཞིག་བཤད་དགོས་པ་རེད།
༼ ཡིན་ན་ཡང་དྲ་གྲོགས་རྙིང་པ་ཚོའི་ཁ་ནས་ལན་སྙིང་ཚིམ་པ་ཞིག་རག་གི་མི་འདུགཆནས་སྐབས་རིང་དེའི་སྐོར་བཤད་མ་བཤད་མི་འདུག རྗེས་མ་དྲ་གྲོགས་གསར་དེའི་སྐོར་ལ་དོ་སཞནང་ཡོད་མཁན་འདྲ་སླེབས་ན་བཤད་ན་འོས།༽
དེ་ལ་ཟེར་གྱི་ཡོད།
སྐུ་ཞབས་བན་དེ་བ་ལགས།
ངས་ཁྱེད་ལ་སྙིང་གཏམ་ཞིག་ཞུ་འདོད་ཡོད། ད་ཕན་ཆད་ནས་བན་བོན་གྱི་གྲུབ་མཐའི་སྐོར་ལ་མ་རྩོད་ན་ཡག་གི་རེད། རྩོད་ན་མཐའ་འདི་རེད་ཅེས་ཐུག་རྒྱུ་མེད་པ་མ་ཟད། ཆོས་ལུགས་ཀྱི་བར་ལ་ཆགས་སྡང་ཆེན་པོ་བཟོས་ནས་ཕན་ཚུན་གཉིས་ཀར་ཕམ་ཁ་ལས་རྒྱལ་ཁ་མི་ཐོབ། ད་རང་གཞན་ཚང་མས་སངས་རྒྱས་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པས་གསུངས་པའི་དགེ་སྦྱོང་གི་ཆོས་བཞི་ལས། གཤེ་ཡང་སླར་མི་གཤེ་ཞེས་པ་དེ་ཉམས་སུ་ལེན་པའི་དུས་ཚོད་སླེབས་བཞག །དེ་ལྟར་མཛད་ན་ཡུན་གྱིས་རྩོད་པ་ཐམས་ཅད་རང་ཤུགས་ཀྱིས་ཞུ་འགྲོ །དྲང་གཏམ་ཕུལ་བར་དགོངས་འགལ་མེད་རོགས།
འདི་ན་པདྨ་ཟེར་བའི་མིང་ཅན་དེས་ངའི་རྩོམ་མཆན་རྙིང་པ་མང་པོ་བཏུས་ཡོང་བ་རེད། བན་དེ་ཁྱེད་ཀྱིས་དེ་ང་དང་ལྷན་དུ་སྦྱར་ནས་བཀའ་བཀྱོན་ཞིག་གནང་སོང་བསམ། དེ་དེ་འདྲ་ཞིག་ཟེར་གྱི་འདུག་བསམ་སོང་། ངའི་རྩོམ་མཆན་རྙིང་པ་འདི་རིགས་ང་ཚོས་སྔོན་མ་ནས་བགྲོ་གླེང་ཁ་ན་ན་ཞིག་བྱས་པ་རེད། ངའི་དོག་གཞི་དེ་ཚོ་ལ་དོག་དཔྱོད་བྱེད་པའི་རིན་ཐང་མེད་ན་ཡང་འདྲ། གང་ལྟར་ངའི་ཡིད་ཚིམ་པའི་ལན་འདྲ་གང་ཡང་རག་གི་་མེད་པའི་ཆ་ནས་ངས་ཡང་བསྐྱར་འདིའི་སྐོར་ལ་དྲི་བ་བསྐྱར་འགོད་བྱེད་འདོད་མེད་ཟེར་གྱིན་ཡོད། དེ་པདྨ་ཟེར་བ་དེ་ཁྱེད་ཡིན་ན་འདྲ། སུ་ཡིན་ན་འདྲ། དྲ་གྲོགས་རྙིང་པ་མང་པོ་ཞིག་དང་ལྷན་དུ་བགྲོ་གླེང་བྱས་སྐབས་སུ་བཏབ་པའི་མཆན་བུ་ཁག་གཅིག་འདིར་དྲངས་པ་དེ་ལ་བག྄ོར་གླེང་བྱེད་རིན་མི་འདུག་ཟེར་བཞིན་ཡོད། དེ་ཚོ་འདིར་ངས་བསྐྱར་འགོད་བྱེད་ཀྱི་མ་རེད། བགྲོ་གླེང་བྱས་ཟིན་པའི་དོག་གཞི་འདི་ཚོ་ལ་དྲ་གྲོགས་རྙིང་པ་ཚོའི་ཁ་ནས་ལན་ཡིད་ཚིམ་པ་གང་ཡང་རག་གི་མི་འདུག
ཨ་ཙི་བོན་པོ་དང་བོན་ཉི་ཚོ་ལ་རྣམ་དཔྱོད་ཟེར་བ་མི་འདུག གང་ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས་པ་དང་། འདིར་མཁས་དབང་སྤོབས་པས་བཤད་པ་རེད། དེ་ལ་གསལ་བཤད་ཡོད་པ་ཁྱེད་ཚོས་ཧ་མ་གོ་བ་རེད། གཟིགས་དང་གོང་དུ་ངས་་་་་་་མཁས་པ་ཞིག་གིས་འདི་བཤད་ཡོད། ཅེས་པ་མིང་དངོས་བཤད་མེད་ཀྱང་། རྒྱུ་མཚན་ཡོད་མེད་ལ་བལྟ་དགོས་པ་རེད་མ་གཏོགས། རྩོམ་པ་པོ་དེས་སྐེ་ཀྱུས་ས་ཨེ་འགྲོ་ལྟ་རྒྱུ་མ་རེད། འདི་དག་བླ་ཆེན་ཞིག་གིས་བཤད་པ་ཡིན་ན་ཅི་ཟེར། ཧ ཧ ད་སྔོན་བོན་ཕྲུག་ཚོས་དམོ་ངན་དང་ཆོས་བརྒྱུད་དང་བསྟན་འཛིན་དག་ལ་ངན་སྨོད་ལས་སྤོབས་པའི་གསུང་ལ་་ལན་དངོས་རྙེད་མ་སོང་བས་འདིར་བཀོད་པ་ཡིན། གནས་སྐབས་གསར་བ་ཅི་བཤད་རྒྱུ་མེད། འདི་དག་ལ་ལན་གསལ་བོ་ཐོབས་དང་དྭོགས་པ་སེལ་བ་རེད། དེ་ནས་་་་་་་་དེ་མིན་ཆོས་བརྒྱུད་ཚད་ལྡན་ཞིག་ཡིན་པར་ཇི་ལྟར་བཤད་ཀྱང་རྨོངས་པ་འགའ་རེ་མགོ་སྐོར་བཏང་ཐུབ་ན་མ་གཏོགས། དཔྱོད་ལྡན་གྱི་མཁས་དབང་ཚོས་ཐུགས་ཁྲེལ་བ་ལས་ཅི་མི་འདུག་གོ སྤོབས་པའི་གསུང་མཆན་ཚང་མ་དེབ་ཏུ་བཟོ་འཆར་ཡིན། རྒྱུ་མཚན་སྒེར་སྨད་ཙམ་མིན་པར་ཆོས་ལུགས་དང་བསྟན་སྲིད་ལ་སྤྱི་ཕན་སྐྱོང་ནས་བྲིས་པ་ཤར་ཏག་ཏུ་མཐོང་། དེ་ཙམ་ཡིན། དྲི་མེད་ལྷག་བསམ། སྤོབས་པ་མཐའ་ཡས། འོད་གསལ། དཔལ་དགྱེས་པ་རྡོ་རྗེ། དགེ་འདུན་རྒྱ་མཚོ། ཐུ་བ་རྒྱ་མཚོ། སྤྲུལ་སྐུ་ཡེ་ཤེས། ཨོ་རྒྱན་ཉི་མ། རྫོགས་ཆེན་པདྨ། བཀྲ་ཤིས། ཅོ་རི་ཉི་མ། སྐྱིད་སྲས། གངས་རི་རྩེ་རྒྱལ། ཉི་མ་འོད་ཟེར།སོགས་གང་ཟག་ཐ་དད་ཡིན་མིན་གང་ལྟར་བཤད་པའི་ཚིག་དེ་ཚོ་ལ་བདག་པོ་རྒྱབ་དགོས་འདུག ང་ཚོ་ཁ་བཙུམ་བསྡད་ན་ཕན་ཐོགས་ཅི་ཡང་ཡོད་མ་རེད། རྒྱུ་མཚན་མེད་ན་གཡུགས་ཆོག་རེད། དཔེར་ན་བོན་པོ་ཟེར་བསནམ་རྀགྱུན་རྒྱུ་མཚན་མེད་པར་དམོ་ངན་བདོ་བ་ཚོ་ངཞིན་རེད། མདོར་ན་གོང་གི་མཁས་དབང་དེས་གསུངས་ལ་ལན་ཡག་པོ་ཐོབས། རེ་རེ་བཞིན་རྒྱུ་མཚན་ལྡན་པའི་ལན་དགོས། དེ་ནས་རིམ་གྱིས་བགྲོ་གླེང་ཞུ་ཆོག་།
པདྨ་ཟེར་བའི་སྨྱུག་མིང་ཅན་ཁྱོད་ཀྱིས་ངས་དྲིས་བཀོད་ཀྱིས་གདམ་ཀ་གཉིས་སྤྲད་ཡོད་དེ་ལ་ལན་ཐོབ་དེ་ནས་རྟ་ཁའི་སྲབ་ག་བ་བསྒྱུར་དགོས་མིན་ཤེས་ངེས་རེད།
སྤོབས་མཐའ་ལགས་ང་ཅུང་བློ་ཕམ་དང་ཡིད་ཆེས་མེད་པ་ཞིག་བྱུང་སོང་ཁྱེད་རང་ལ། དེ་ཙམ་ཡིན་མི་གཤིས་ལྷང་ལ་བུད་སོང།
དྲ་གྲོགས་འོད་གསལ་ལགས་ཐུགས་རྗེ་ཆེ་ཁྱེད་ཐུགས་བདེན། ཡིན་ནའང་འབོད་བསྐུལ་ཞུ་ན་པདྨ་དང་ཨོ་ཉི་སྤོབས་མཐའ་འདི་ཚོ་ལའང་ཞུ་རོགས། རྙོག་གཞིའི་མགོ་བརྩམས་མཁན་ཐོག་མ་དེ་སུས་བརྩམས་འདུག དེ་ལ་གཅིག་གསུང་ན་དྲང་བདེན་དང་ལྷག་བསམ་རེད་དེ་མིན་ཕྱོགས་སུ་ལྷུང་ངེས་རེད།
མ་གཞི་ནས་དྲ་རྒྱ་འདིར་ཕལ་ཆེར་ཡིད་ཐང་ཆད་ཡོད། མི་ངན་མ་གཏོགས་མི་བཟང་དང་མཁྱེན་ཡོན་ཅན་ཤིན་ཏུ་དཀོན། ངས་སྤོབས་མཐའ་འདི་ཨའོ་ཙམ་འདུག་བསམ་བྱུང་སྟེ་དེ་རིང་ནས་བསམ་བློའི་ཁ་ཕྱོགས་ལ་འགྱུར་བ་ཕྱིན་སོང། ཁ་དཀར་གཏིང་ནག་ཕྱོགས་ལྷུང་ཅན་ཅིག་ཡིན་པར་དོག་པ་ཆེན་པོ་བྱུང། དྲ་རྒྱ་འདི་ན་མཁྱེན་པ་ཅན་ཀླུ་སྨྱོན་དང་་དྲི་མེད་ལྷག་བསམ་ཞུ་བ་ལུང་གིས་ཕྱུག་པ་ཞིག་ཏུ་མཐོང་་་་་དེ་ནས་དྲི་མེད་ལྷག་བསམ་ཞུ་བ་དེ་རིག་རྒྱུར་མི་འདུག ད་གང་ལྟར་པདྨ་མིང་ཅན་ཁྱོད་ཀྱིས་ངས་དྲིས་བར་ལན་བཏབ་ན་དེ་ལུགས་ཀྱིས་ལན་འདེབ་ངེས་ཡིན། དེ་མིན་མི་ཁྱེད་དང་ཾཁྱེད་འདྲ་བའི་རིགས་ལ་ཡ་བྱེད་འདོད་མེད།
བན་དེས་ཁ་བརྡ་བ་གཞན་ལ་མི་གཞི་བཟང་ངན་གྱི་ཞིབ་འཇུག་ཞེ་པུ་གཅིག་བྱེད་གི་འདུག བཟང་ངན་གྱི་ཚད་བཟུང་ས་ནི་གྲུབ་མཐའི་ཆགས་སྡང་རང་རེད་འདུག བོན་པོ་བཟང་ཟེར་ན་མི་བཟང་རེད་འདུག བོན་པོ་ངན་ཟེར་ན་མི་ངན་རེད་འདུག ཡིན་ནའང་ཁོ་ར་གིས་ནང་པ་སྤྱི་དང་ཐེག་ཆེན། གངས་ལྗོངས་གྲུབ་མཐའ་སྤྱི་དང་རྙིང་མ། འདི་ཚོ་ལ་ཁ་ངན་ཚིག་ངན་མང་དུ་བྱས་པ་ནི་རྩ་བ་ནས་ཧ་གོ་གིིན་འདུག མ་གཞི་བོན་པོ་འདི་ཚོ་མཐོང་དུས་ཤ་ཚ་གི་འདུག རང་གི་སྟོན་པའང་འདིའོ་ཞེས་མཛུབ་མོ་བཙུག་ས་མེད། ཡིན་ནའང་རྩ་བ་མེད་པའི་ཡལ་ག་ནི་ཚོད་མེད་རེད། བྱེ་མའི་མཆང་བུ་འདི་ཡ་རེ་ང་།
༡༢༢༽ ཅོ་རི་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༧ གི་ཆུ་ཚོད་ ༡༥ སྐར་མ་ ༠༤
དྲ་གྲོགས་བན་དེ་བ་ལགས།
ངས་བསམ་ཚུལ་བྱས་ན་བོད་མི་འདི་ཚོས་དྲང་པོ་དྲང་བཞག་ཞིག་དང་རྒྱུ་འབྲས་ཡོད་པ་ཞིག་གི་ཐོག་ནས་ཁས་ལེན་དྲང་པོ་རེ་བྱེད་རོགས་བྱས་ན་བསམས་ཀྱི་འདུག བོད་ཀྱི་རྒྱལ་པོ་ལྷ་སྲས་དར་མའི་མགོ་ལ་གླང་རྭ་བཙུགས་པ་འདི་ནི་ང་ཅོ་རིའི་སེམས་ལ་བཟོད་དཀའ་བའི་སྡུག་བསྔལ་ཞིག་ཡིན། ཆོས་ལུགས་པ་ཚོས་ཞྭ་མོ་ནག་པོ་རེ་ཀོན་ནས་མྱི་གྲལ་ནས་ཁྱི་གྲལ་དང་ལྷ་གྲལ་ནས་འདྲེའི་གྲལ་དུ་འཕེན་བསྡད་པ་འདི་ནི་བོད་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།།
སོ་སོའི་ལུང་པའི་རྒྱལ་པོ་ལ་འདྲེ་དང་བདུད་རེད་ལབ། རྒྱ་ནག་རྒྱལ་པོ་ལ་འཇམ་པའི་དབྱངས་དང་ལྷ་རེད་ལབ། ངོ་མ་ཞིབ་ཏུ་བསམ་བློ་བཏང་དུས་བོད་ཀྱི་བཀོར་བདག་འདི་ཚོ་སྨྱོ་པ་མིན་ན་གང་རེད། རྒྱུ་འབྲས་མེད་པའི་མྱི་མིན་ན་གང་རེད། དྲང་བདེན་མེད་པའི་མི་མིན་ན་གང་རེད།
བོད་ཀྱི་ཤཀྱའི་ཆོས་ལུགས་པ་ཚོས་རི་བོང་གི་མགོ་ལ་རྭ་མེད་ཟེར་ནས་གཏན་ཚིགས་སྟོང་ཕྲག་དང་རིགས་པ་བརྒྱ་ཕྲག་བཀོད་ཀྱི་ཡོད་རེད། བོད་ཀྱི་རྒྱལ་པོའི་མགོ་ལ་རྭ་ཡོད་ཟེར་གི་རེད། འདི་ལ་སུ་ཡིས་ཡིད་ཆེས་བྱེད་ནུས་ཀྱི་རེད་དམ། ངོ་ཚ་མེད་པ། འགྲོ་ལུགས་མེད་པ། ཡ་རབས་བཟང་སྤྱོད་ཙམ་ཡང་མེད་པ། ལས་རྒྱུ་འབྲས་དང་འགལ་བ། དྲང་བདེན་དང་འགལ་བའི་སྐད་ཆ་སྐྱུག་མེར་ལངས་ཡ་འདི་དག་བཤད་ཀྱི་མཚམས་བཞག་གི་མི་འདུག ཇི་སྲིད་ལྷ་སྲས་དར་མའི་མགོ་ལ་གླང་རྭ་མེད་པར་ཁས་ལེན་མ་བྱེད་བར་དུ་ང་ཅོ་རིའི་རང་སྲོག་ཤོར་ནའང་ཁ་མི་བཙུམ་ཐག་ཆོད་ཡིན་པར་དཀོན་མཆོག་གསུམ་པོ་དཔང་དུ་བཙུགས་ཀྱི་ཡིན་ནོ། བཀོར་གཟན་ཚོས་ཤེས་དགོས་ཀྱི་ཡོད།
དེ་མིན་་་ཤཀྱའི་ཆོས་ལུགས་པ་ཚོས་དར་མ་འུ་དུམ་བཙན་པོའི་མགོ་ལ་གླང་རྭ་ཡོད་པའི་སྒྲུབ་བྱེད་བཀོད་ཀྱི་ཡོད་ན་ང་ཅོ་རི་དམ་བཅའ་སྡོད་ཆོག ཆོས་རྒྱུད་ཆེན་པོ་བཞི་ཡིས་དར་མའི་གླང་རྭ་ཡོད་པར་བསྒྲུབ་ཐུབ་སོང་ན་ངོ་ཅོ་རི་དམར་གསོད་གཏོང་ནའང་ཆོག ལྕེ་གཅོད་ནའང་འགྲིག དེ་མིན་ཉེས་མེད་བོད་ཀྱི་རྒྱལ་པོའི་མགོ་གླང་རྭ་བཙུགས་མཁན་ཚོའི་ཁ་ནང་དུ་ཁྱིའི་སྐྱག་བླུག་ཟེར་གྱི་ཡིན་ནོ།།།།།།།།།།།།།།།།།།
དྲ་གྲོགས་རྣམ་པ་སུ་ཡིན་ཡང་། ངའི་བསམ་ཚུལ་ལ་འདོད་མོས་ཡོད་མེད་གང་ལྟར་རུང་། ངའི་རྩོམ་དང་རྩོམ་མཆན་དེ་ཚོ་བསྐྱར་འགོད་དང་། བརྒྱུད་འགོད། དཔར་བསྐྲུན་སོགས་མ་བྱེད་རོགས་ཞུ་བ་ཡིན།
མི་གཤིས་ལ་བསམ་བློ་གཏོང་ན་བན་དེ་བ་ཟེར་བ་ཁྱོད་ནས་བོན་པོ་པ་མི་ཟེར་བ་ག་རེ་ཡིན་ནམ། བོན་ཟེར་བ་དེ་ཡང་ཆོས་དང་གཅིག་པ་ཟེར་བ་དེ་འདྲ་རེད། བོན་འཁོར་མི་ཟེར་ཆོས་འཁོར་ཟེར། བོན་པོ་མི་ཟེར་བན་དེ་ཟེར། གཡོ་སྒྱུས་སྐྱག་པ་རང་གིས་ཟོས་ནས་སྐྱག་གཟན་མི་ལ་བརྗོད་པ་བོན་པོའི་གཤིས་ཀ་ཞིག་རེད་འདུག་ག མཁས་དབང་སྤོབས་པ་མཐའ་ཡས་མཆོག་ཉིད་དགོངས་པ་འདྲ་ཚོམས་ཡོད་ན་དགོངས་དག་ཞུ། པདྨས
དམ་པ་དགེ་ཆོས་གཆོག་གིས།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།
དེའི་རྗེས་འབྲངས་མཁས་བླུན་སྟོང་ཕྲག་རེ།
འདི་ཉིད་བདེན་ལ་འདི་ཉིད་མི་སླུ་ཞེས།
རང་གི་བདེན་ཁ་རང་ལ་སྤྱིན་པ་འདི།
རིགས་མཐུན་ཚོགས་ལ་སྨྲ་ན་ཉམས་རེ་དགའ།
མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲོ། ཞེས་གསུངས་པ་ལྟར་རང་རང་སོ་སོའི་ཆོས་ལུགས་ཀྱི་རྗེས་འབྲངས་བ་མཁས་བླུན་སྟོང་ཕྲག་ཁྲི་ཕྲག་རེ་ཡོད་པ་རེད། ཆོས་ལུགས་འདི་བདེན་རབས་དང་དེ་རྫུན་རབས་བཤད་ན་ཆགས་སྡང་སྐྱེས་རྐྱེན་ཙམ་ལས་ཕན་ཐོགས་ཅང་མེད་པ་རེད།
སྤོབས་པ་མཐའ་ཡས་ལགས། ཡག་ཉེས་ཁྱོད་མི་གཅིག་ཡིན་ནམ་གཉིས་གསུམ་ཞིག་གིས་སྤོགས་མཐའི་མིང་འོག་ཏུ་མཆན་བུ་བཏབ་ཀྱི་ཡོད། ངོ་མ་སྐད་ཆ་ཁྱད་མཚར་འདྲ་བཤད་འོང་གི་འདུག སྤོབས་མཐའི་མིང་དུ་མི་གསུམ་འདུག་ཟེར་བ་དང་། པདྨ་ཟེར་བ་དེ་ཡང་སྤོབས་མཐའ་ཡིན་མདོག་མདོག་རེ་བྱས་འོང་གི་འདུག གསལ་བཤད་ཤིག་ཡོད་ན་དགའ་པོ་ཡོང་བ། དུས་ཡུན་རིང་པོ་ལ་ཁྱོད་ཀྱི་མཆན་བུ་བཀླགས་པ་ཡིན།
པདྨ་མིང་ཅན་དང་དེ་དང་མཉམ་དུ་མངོན་ལྐོག་གཉིས་སུ་བཞེངས་ཏེ་བཞུགས་མཁན་ཚོར།
ངས་མང་པོ་མི་བཤད་་་་ཚིག་འགའ་ཞིག་དཔེ་བཤུས་བྱས་ཏེ་གཏོང་གི་ཡོད། དེ་ལ་མི་བསམ་བློ་ཅན་ཅིག་ཡིན་ན་བསམ་བློ་གཏོང། མི་བསམ་མེད་ཅན་ཅིག་ཡིན་ན་སྔར་ལྟར་འཚེ་བའི་ཆོས་སུ་རྒྱུགས།
པར་སྐྲུན་གྱི་ལོ་དང་པར་སྐྲུན་བྱེད་པོ
་་་་སྤྱི་ལོ་༡༩༩༦ ཐོ་ལིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལོ་༡༠༠ འཁོར་བའི་རྗེས་དྲན་མཛད་སྒོའི་གོ་སྒྲིག་ཚོགས་ཆུང་གིས་དཔར་བསྐྲུན་ཞུས་པའོ།
མཛད་པ་པོ་དང་དཔེ་མིང།།
གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས་བཞུགས་སོ།།
དབྱིན་ཡིག་ཏུ་བསྒྱུར་བ་་་་དེ་ལ་བསྒྱུར་རོགས་བྱེད་མཁན་་་བཀྲ་ཤིས་ཚེ་རིང་དང་་་་བློབ་བཟང་ཤས་ཏི་རི།
དབྱིན་ཡིག་དང་བོད་ཡིག་གཉིས་ཀའི་སྟེང་དུ་ཡོད་པའི་བོད་ཡིག་གི་སྟེང་དུ་ཡོད་པའི་དཔེ་ཨང་་་54ཡིག་འཕྲེང་19 ལས།།
ཞང་ཞུང་དུ་བོན་གྱི་བསྟན་པ་དར་བ་ལས། བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་ཏུ་བཅུགས་ནས་མེ་ལ་བསྲེགས།།
བོན་དཔེ་ཐམས་ཅད་བསྡུས་ནས་ཆབ་ལ་རྫངས། ཞེས་ཡི་གེ་ན་གཅིག་ཆད་ལྷག་མེད་པར་བྲིས་ཡོད།།
ཁྱེད་འཚེ་མེད་ཞི་བདེ་སྨྲ་བ་ཚོས་དེ་གཅིག་པོར་དགོངས་པ་བཞེས་དང་་་་་དམར་དམག་དང་ཁྱད་པར་གང་འདུག་གམ།
དྲ་གྲོགས་ཅོ་རི་ཉི་མ་ཡང་བྱ་སྤྱོད་འདི་འདྲ་བ་ལ་ཡིད་མ་རངས་ནས་བཤད་པ་རེད་་་་དེ་མིན་ཁོང་ནི་བོན་པོ་ནི་རེད་མི་འདུག
འདི་དཔེ་མཚོན་ཙམ་རེད་་་་ད་དུང་རྒྱ་དམག་རོགས་དན་བྱས་ཏེ་རྒྱལ་རོང་དུ་ཅི་བྱས་དང་་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཡིག་ཅེས་པའི་ནང་དང་་་སོག་དམག་གདན་འདྲེན་ཞུས་ཏེ་བེ་རུའི་རྒྱལ་པོར་ཅི་བྱས་་་་རྒྱ་གར་ཨ་ཙ་ར་གདན་འདྲེན་ཞུས་ཏེ་བསམ་ཡས་སོགས་སུ་ཅི་བྱས་མང་དུ་འདུག འདི་ཚོའི་གནས་ཚུལ་གསང་ས་མེད་དུས་རབས་ཉེར་གཅིག་ནང་དུ་དེ་རིགས་ཀྱི་གསང་བ་བཏོལ་བའི་དུས་རེད། འདི་ཚོ་ཕྱི་རྒྱལ་བ་ཚོས་གཟིགས་དགོས་པ་འདུག པདྨས་སྤོབས་མཐས་བོན་ལ་ངན་སྨྲས་དེ་ཚོ་པར་དུ་འདེབ་ཀྱི་ཡིན་ཟེར་ཡག་པོ་རེད་དགའ་བསུ་ཡོད། འཚེ་མེད་ཅེས་པའི་འོག་ནས་ལས་དོན་འདི་འདྲ་བསྒྲུབ་ཐུབ་ན་ཁ་ལག་མཐུན་པ་རེད།
ད་འཚེ་བ་ཆོས་སུ་སྨྲ་བ་མུ་སྟེགས་ལྟ་ལོག་ཕྱི་བ་ཟེར་སའི་བོན་པོ་དེ་ཚོའི་དཔེ་སློག་ནས་བན་དེར་དེ་ལྟར་བྱས་ཚུལ་ཡོད་ན་ལུང་འདྲེན་པའི་དུས་ཡིན་་་གཞི་ནས་་་་འཚེ་བ་ཆོས་སུ་སྨྲ་མཁན་དང་་་འཚེ་མེད་ཞི་བདེའི་ཆོས་དེ་གཉིས་ལ་གོ་བསྡུར་ཅིག་བྱོས་དང་་་་ཡིན་ནའང་འདི་ན་དེ་ལྟར་ལུང་རིགས་ཀྱིས་བསྒྲུབ་ས་མེད། ཚིག་མཚོན་སུས་བཏབ་མ་བཏབ་རེད་།
དོན་དངོས་ཀྱི་འཚེ་མེད་ཞི་བདེ་ལག་ལེན་བྱེད་པ་དག་ལ་མཐོལ་ལོར་བཤགས། དཔེ་འདི་ངས་བྲིས་པ་མིན། དཔེ་འདི་བོན་པོས་བྲིས་པ་མིན། དཔེ་འདི་བོན་པོས་བཅོས་པ་མིན།
ཁང་པ་གང་ལས་མེད་ན་ཉུང་ཉུང་རེད་འདུག་ག
དྲ་གྲོགས་བན་དེ་བ་ལགས། བཟོད་སྒོམ་གནོངས་རོགས་བྱོས། དེང་སང་བོད་ཀྱི་བཀོར་བདག་ཚོས་མི་དམངས་ལས་སླ་པོ་མགོ་སྐོར་གཏོང་ཐུབ་པའི་དུས་ཚོད་ཤིག་མིན། བདེན་པའི་མཐའ་གསལ་ཡོང་གི་རེད། ང་དང་ང་ལྟ་བུ་མི་རྣམས་ཀྱིས་བདེན་པའི་རྒྱབ་ལང་བྱེད་ཀྱི་རེད།
དྲང་བདེན་ལ་ཆ་འཇོག་མེད་ན་རྒྱུ་འབྲས་མེད་ལ་རྒྱུ་འབྲས་མེད་པའི་མི་རྣམས་ལ་ཤཀྱའི་རྒྱལ་པོས་ཀྱང་གུ་ཡངས་གཏོང་གི་མ་རེད། བོད་བཙན་པོའི་རྒྱལ་ཁབ་སིལ་བུ་གཏོར་མཁན་དང་རང་གི་ཕ་མེས་ཡང་མེས་ཚོའི་ཆོས་ལུགས་དང་ཡིག་ཆ་མེ་སྲེག་བཏང་མཁན་རྣམས་ལ་ལོ་རྒྱུས་གུ་ཡངས་མི་གཏོང་། བོད་མི་དམངས་ཀྱིས་གུ་ཡངས་མི་གཏོང་། རྒྱུ་འབྲས་ཀྱིས་གུ་ཡངས་མི་གཏོང་།
ཁྲམ་པ་མ་བིན་འདི་ཚོས་མི་ལོ་སྟོང་གི་རིང་དུ་འཚེ་མེད་དང་བྱམས་སྙིང་རྗེ་ཞེས་བཤད་ཞོར་ཕྱིའི་དགྲ་ནང་འདྲེན་བྱས་ནས་བོད་མི་རིགས་དམར་གསོད་བཏང་བའི་ལོ་རྒྱུས་ནག་ཉེས་དག་ཐབས་རྩ་བ་ནས་མེད། བོད་མི་རིགས་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུང་བཅུག་མཁན་འདི་ཚོ་ཡིན།
སྤོབས་མཐའ་ད་དུང་འདོད་པ་ཚིམས་མེད་པ་འདྲ། ད་སྔར་དམར་བསད་བྱས་པ་དེ་འདྲ་མང་དུ་འདུག ད་དུང་ཁྱོད་དང་ཁྱོད་འདྲ་བས་གསོད་དགོས་བསམ་གྱི་ཡོད་དྲོ། ཡིན་ནའང་ཕྱིས་དྲགས་པ་རེད། ད་ལྟ་ནི་དུས་རབས་ཉེར་གཅིག་གི་དུས་རེད། དེ་ལྟར་བྱེད་དགོས་བསམ་ཀྱང་རྨི་ལམ་ནང་གི་རྨི་ལམ་རེད། གནས་ཚུལ་འདི་དག་BBC and CNN དེ་ཚོར་བཏང་ན་འཇིགས་བསྐུལ་རིང་ལུགས་པའི་རྗེས་འབྲང་དང་ཁ་ཆེ་ཐལ་སྤྱོད་པའི་དོད་དུ་གཞན་ཞིག་སླེབ་རྒྱུར་ཉག་གཅིག་རེད།
ཡིན་ནའང་ངའི་དྲ་གྲོགས་དྲང་བདེན་ལ་རྒྱབ་སྐྱོར་དང་མི་རིགས་ཀྱི་ལ་རྒྱ་ཅན་རྒྱལ་ཁབ་ཀྱི་ལྷག་བསམ་ཅན་ཅོ་རི་ཉི་མས་བཟོད་སྒོམ་བྱེད་དགོས་ལུགས་གསུངས་པར་ངོས་ལེན་དང་རང་རིགས་ཀྱི་ལ་རྒྱར་བསམ་ནས་དེ་ལྟར་བྱེད་དགོས་བསམ་པ་མེད་ལ་བྱེད་ཀྱང་མི་སྲིད། དྲ་གྲོགས་ཅོ་རིས་གསུངས་པ་ལྟར། བདེན་པའི་ཉི་མ་ཤར་གི་རེད། བདེན་པ་ནི་ཀུན་ཏུ་བདེན་པ་ཡིན། དྲང་ཚུགས་ནི་ཀུན་ལས་རྣམ་པར་རྒྱལ་བའི་རལ་གྲི་ཡིན་པར་བསམ་ནས་ཡོད།
འདི་ཚོ་ཕྱི་རྒྱལ་བ་ཚོས་གཟིགས་དགོས་པ་འདུག”ཟེར། ནམ་རྒྱུན་ནང་བསྟན་ལ་ཕྱི་རྒྱལ་གྱི་རེད་ཟེར་འབར། འགག་ལ་ཐུག་དུས་ཕྱི་རྒ་ལ་མགོ་བཏགས་པའི་ཚུལ་ལ་ལྟོས་དང་།
བན་རྒན་འདི་ཚོས་ཤོད་རྒྱུ་དང་གཏམ་རྒྱུ་ཡོད་ཚད་དེ་ཁོ་ཚོ་ལ་མ་གཏོགས་དབང་གི་མེད་བསམ་པའི་འདུ་ཤེས་དེ་ད་དུང་དོར་མི་འདུག། སྣང་བས་རང་བཀྱག། སྐྱག་པས་རྐུབ་བཀྱག་ཟེར་པའི་ཁ་དཔེ་དེ་ཁྱེད་ཚོ་ལ་རན་པའི་ཚིག་ཅིག་མིན་ན་ཅི་ཡིན། གདུག་འཚིག་ནི་བཟས། དུག་གསུམ་དུག་ལྔ་ནི་མེ་ལྟར་འབར་རང་ལ་འབྲི་རྒྱུའི་ནུས་པ་དང་བློ་རིག་ནི་མེད། དུས་སྐབས་དེ་འདྲ་ཞིག་ཚེས་དུས་གཞན་གྱིས་བཤད་པའི་མཆན་འཁྱལ་ཚོ་འདིར་སྤེལ་བ་ནི་ངོ་ཚ་བྲལ་བའི་སྔགས་རྒན་རྐོ་གྱོང་ལྟ་བུའི་བྱ་སྤྱོད་རེད། མ་གཞི་དཔྱད་མཆན་ཟེར་བ་དེ་སོ་སོའི་བསམ་བློ་དང་རྣམ་དཔྱོད་ནས་གང་ཐོན་པ་དེ་སྤེལ་དགོས་པ་རེད། དེས་མི་གཞན་ལ་བསམ་བློ་གསར་པ་དང་བློ་རིག་གསར་པ་སྦྱིན་པར་བྱེད། གཞན་གྱིས་བྲིས་ཚར་བའི་མཆན་ཁག་རྒྱུད་འགོད་རྐྱང་རྐྱང་བྱས་ནས་བསྡད་པ་ཡིན་ན་དེ་ནི་མཆན་པ་ཚད་ལྡན་ཞིག་གི་མཚན་ཉིད་མི་ཚང་། འདིར་མི་ཁ་ཤས་ཞིག་གིས་དྲི་བ་ལ་ལན་མི་འདུག་ཟེར་ནས་བསྐྱར་བཤད་ཡང་བཤད་མང་པོ་ཞིག་བྱེད་ཀྱི་འདུག། དྲི་བ་གང་ལ་ལན་མི་འདུག་ཟེར་གྱི་ཡོད་དམ། ཡང་ན་བཅོམ་ལྡན་ཀྱི་དབུ་སྐྲ་དང་བ་སྤུའི་གྲངས་ཚད་ག་ཚོད་ཡོད་ཤོད་ཐུབ་མཁན་ཡོད་དམ་ཟེར་བའི་དྲི་བ་འདྲ་པོ་ལ་ལན་མི་འདུག་ཟེར་གྱི་ཡོད། གང་ལྟར་མི་འདི་ཚོའི་རང་རྐུབ་ལུགས་འགྲོ་དུས་ཅི་བཤད་འདི་བཤད་ཅང་མི་འདུག། །
རྐུ་བཤུས་རྐྱང་རྐྱང་བྱེད་མཁན་གྱི་དེང་དུས་ཀྱི་བོན་པོ་ཚོ། རང་གི་སྟོན་པ་ནི་མེད། རྗེས་འབྲང་ནི་ཉུང་། འཚིག་པ་ཕ་ལ་ཟ། འགྲམ་ལྕགས་བུ་ལ་རྒྱབ། སེམས་སྡུག་གིས་མི་ཚེ་ཟད། སྙིང་རྗེ
ཅོ་རི་དགེ་ལོག་བོན་ལ་ཞུགས། ཧཧཧཧ་་་་་་་དགེ་ལྡན་ནས་ལོག་ན་རྙིང་མ་ནང་ཡོང་ན་ངས་གནས་ཚང་གཡར་ཆོག
བོན་པོ་ལ་སྡོམ་རྒྱུན་མེད་པས་ཕམ་པ་འབྱུང་རྒྱུ་ག་ལ་ཡོད། གལ་སྲིད་ཡོད་པའི་དབང་དུ་བཏང་ན་བོན་པོ་སྡོམ་ལྡན་གཅོག་ཀྱང་ཡོད་ས་མེད། ་་་་མངའ་རིས་པཎ་ཆེན་ཆེན་གྱིས། ་་རྐུ་བའི་གཞི་ནི་མི་གཞན་ནོར་ཡིན་པ། །བསམ་པ་རང་ཉིད་འཚོ་ཕྱིར་རྐུ་སེམས་ཀྱིས། །ཡུལ་དུས་རིན་ཐང་ཚང་བ་སྦྱོར་བས་བརྐུས། །མཐར་ཐུག་བརྐུས་སམ་རྐུར་བཅུགས་རྩད་ནས་ཐོབ།།
བོན་པོས་རྐུ་བཤིས་བྱས་པ་རེད་ཅེས་མི་མང་པོས་ལབ་ཀྱི་འདུག དོན་དམ་པ་ཤཀྱའི་ཆོས་ལུགས་ཀྱི་ལྟ་གྲུབ་ནང་ནས་གང་དང་གང་རྐུས་སོང་བ་རེད་དམ། སྤྱོད་པ་བྱམས་དང་སྙིང་རྗེ་འདིར་རྐུས་སོང་བ་རེད་ཟེར་ན་འཛམ་གླིང་ཐོག་གི་ཆོས་ལུགས་མང་པོས་བྱམས་དང་སྙིང་རྗེ་བཤད་ཀྱི་འདུག་པས་བྱམས་དང་སྙིང་རྗེའི་སྤྱོད་པ་འདི་ཤཀྱའི་རྗེས་འབྲངས་པ་ཚོའི་སྒེར་བདག་ཡིན་ཟོལ་མི་འདུག
ལྟ་བ་སྟོང་པ་ཉིད་རྐུས་སོང་བ་རེད་ཟེར་ན་ལྟ་བ་འདི་ཡང་ཤཀྱའི་ཆོས་ལུགས་པའི་སྒེར་བདག་ཡིན་ཟོལ་མི་འདུག ནུབ་ཕྱོགས་ཚན་རིག་པ་ཚོས་ཡང་བརྟག་དོན་བཙལ་བའི་ཚེ་ན་ཤེས་བྱའི་ངོ་བོ་བརྙད་ཀྱི་མི་འདུག་ཅེས་བཤད་ཀྱི་འདུག
ལྟ་བ་སྤྱོད་གཉིས་ཀྱི་ནང་ནས་ནི་རྐུ་མ་ཅང་བརྒྱབ་མི་འདུག་ལ་ཤཀྱའི་བའི་སྒེར་བདག་ཡང་མ་རེད། དེ་མིན་ཚད་མའི་གཞུང་ནས་བཤད་པའི་ཚུལ་གསུམ་རྟོག་གེ་རིགས་པ་འདི་རྐུས་སོང་བ་རེད་ལབ་ན་དེ་ཡང་བདེན་གཏམ་ཞིག་ག་ལ་ཡིན། ཚུལ་གསུམ་རྟོག་གེ་རིགས་པ་འདི་ཡང་ཤཀྱའི་ཆོས་ལུགས་པའི་སྒེར་བདག་ཞིག་མ་རེད།།
དེ་ལས་བོན་པོའི་རྩ་ནས་ཤཀྱའི་ཆོས་ལུགས་པ་ཚོས་མང་པོ་རྐུས་འདུག་བསམས་ཀྱི་འདུག བོད་ཀྱི་ལྷ་གསོ་བཙན་མཆོད་དང་ཀླུ་མཆོད་སོགས་བོན་ཆོས་ནས་རྐུས་པ་རེད་བསམས་ཀྱི་འདུག གཏམ་ཨ་ཕས་བཤད་ཀྱི་འདིར་མནའ་མས་བཤད། གཡག་བདག་པོའི་བཤའ་གྱི་འདི་རྐུ་མས་བཤའ་ཟེར་བ་ལྟར་བོན་པོས་རྐུ་མ་ཚུར་ལ་མི་བཙུགས་པ་བསྡད་ཡོད་དུས་ཕར་རྐུ་མ་རེད་ཟེར་ནས་འབོད་བསྡད་ནའང་ཅང་འགྲིག་ཨེ་ཡོང་ངམ།
ཨོ་ཧཧཧཧ་་་་ཨོ་ཉི་ལགས། བོན་པོའི་སྡོམ་པ་དངོས་པོ་རེད་དམ་རྟག་པ་རེད། བོན་པོའི་སྡོམ་པ་ལ་སྡོམ་རྒྱུན་མེད་པའི་རྒྱུ་མཚན་ཞིག་ཤོད་དང་།་་ཧཧཧ
བོན་པོ་ལ་སྡོམ་པ་མེད་སོང་ནས་མདོ་སྨད་དན་ཏིག་གི་གནས་སུ་བླ་ཆེན་དགོངས་པ་རབ་གསལ་ལ་སྐྱབས་ཞུས་པ་ཡིན་འགྲོ། དབུས་གཙང་ནས་ཨ་མདོ་ལ་སྡོམ་པ་སློང་བར་འགྲོ་དགོས་ཐུག་པ་ཡིན་འགྲོ། ཡང་རང་མཚང་ཆེན་པོ་ཞིག་རྡོལ་ཡོང་བསམ་ནས་བོན་པོས་ཕར་མ་ལབ་པའི་སྔོན་ལ་བན་རྒན་ཚོས་ཚུར་བོན་པོ་ལ་སྡོམ་པ་མེད་རབས་ཤོད་པ་འདི་ནི་སྙིང་རྗེའི་གནས་སུ་རིགས་པར་བྱའོ། སྐད་ཆ་འདི་ཚོ་ནི་རྙང་རྒན་ཨན་ཌི་ལ་རྒྱོ་འདོད་ལངས་པའི་སྐད་ཆ་རེད།
ཨོ་ཉི་འདི་མཚམས་ལ་བསྡོད་ཀྱི་ཡིན་ཟེར་ནས་ཅིག་བསྒྲགས་ང་ད་བྱས་དུས་དུག་གསུམ་གྱི་མཚམས་ལ་བསྡད་པ་འདྲ།
ཅོ་རིས་གསུངས་པ་ལྟར ་། གཏམ་ཨ་ཕས་ཤོད་རྒྱུ། བུ་ཡིས་བཤད། བན་བོན་གཉིས་ཀའི་སྡོམ་རྒྱུན་བླ་ཆེན་དགོངས་པ་རབ་གསལ་ལས་བླངས་པ་མིན་ནམ། བླ་ཆེན་དགོངས་པ་རབ་གསལ་བོན་པོ་ཡིན་པས་བན་དྷེ་བའི་ལོ་རྒྱུས་ཡོད་དོ་ཅོག་ནས་གསལ་གསལ་ཐིང་ཐིང་ཡིན། ད་དེ་རེད་རྒྱུས་མེད་ཀྱིས་རྒྱུས་གཏམ་བཤད་ན་ཡོང་རྒྱུ་དེ་ལས་ཅི་ཡོད། ད་དུང་བླ་ཆེན་དགོངས་པ་རབ་གསལ་བོན་རྒྱུད་ཡིན་བོན་པོ་མིན། ཟེར་དེ་བཤད་རྒྱུས་འཕོངས་པ་མ་རེད་དམ། བོད་མི་ཐམས་ཅད་བོན་རྒྱུད་ཡིན་པར་མ་ཤེས་སམ། བོད་མིའི་ཡབ་མྱེས་ཐམས་ཅད་བོན་རྒྱུད་ཡིན་པར་མ་སྒྲུབ་བམ། ད་དེ་རེད། ལུང་ནི་བ་སྤུ་ཙམ་ཅིག་འདྲེན་རྒྱུ་མེད། ས་སྐྱ་པཎ་ཌི་ཏ་ཡང་རང་གི་ཨ་ཁུ་གྲགས་པ་རྒྱལ་མཚན་མི་མཉེས་བཞིན་དུ་ཁ་ཆེའི་པཎ་ཆེན་ལས་སྡོམ་པ་ལེན་དགོས་པའི་རྒྱུ་མཚན་མ་ཤེས་སམ། དེ་རེད། ས་སྐྱ་པཎ་ཌི་ནི་མཁས་པ་ཞིག་ཡིན་པས་བོད་ན་ཡོད་པའི་སྡོམ་རྒྱུན་དེ་བོན་ལ་ཐུག་པར་ཤེས་ནས་་་་ཁོང་གིས་ཁ་ཆེ་པཎ་ཆེན་ལས་ཞུས་པར་མ་ཤེས་སམ། མ་ཤེས་ན་ཡིག་ཆ་གཟིགས། ཡང་ན་ཁ་བརྩུམས་ནས་སྡོད། ར་སྤུས་བཟོས་པའི་འུར་རྡོ་དེ། ར་མའི་མགོ་བཞུས་པ་སྡུག་རྒྱོང་རེད་པ། མ་རེད་པས།
སྔོན་མ་བུ་སྟག་ལོ་བ་དེ་ཚོ་ཚང་མ་བསད་འགྲོ་བའི་སྐོར་ཞིག་གོ། དེ་བན་བོན་གང་གི་བྱ་ཇུས་རེད།
སྔོན་མ་སྙིང་གསོན་པོ་དང་ཁྲག་དྲོན་པས་དམར་མཆོད་བྱེད་དགོས་བ་ཞིག་གོ། དེ་བན་བོན་གང་གི་ཆོ་ག་རེད།
སྔོན་མ་མྱི་པགས་གོན་ནས་མྱི་རྐང་བོས་ནས་ཆོས་འཁོར་སྐོར་དགོས་རབས་ཞིག་གོ། དེ་བན་བོན་གང་གི་བྱ་སྤྱོད་རེད། ཆོས་ཟེར་བ་འདིའི་སྐོར་དག་ཙམ་དག་ཙམ་ཤེས་ན་ཡག་ས་རེད། དྲ་གྲོགས་ཚོ། གསལ་བཤད་ཅིག་གནང་དང་།
དོན་ཆེན་མི་འདུག་ཀྱང་གཏམ་ཐུང་ཞིག་ཞུ་འདོད་བྱུང་ཐལ། དགེ་ལུགས་པའི་ཅོ་ཉི་འདི་ཡང་ཨོ་ཉིས་རྗེས་འཇུག་ཅིག་ཆགས་སོང་། བོན་ཤེས་ཚུལདང་་དགའ་འདོགས་དང་བསྟོད་ཁུལ་དེ་ནི་དབྱེན་དཀྲུགས་ཤིག་ལས་ཅི་མི་འདུག ཁྱོད་དགེ་ལུགས་པ་སེམས་མཁན་ཞིག་ཡིན་ན་དོལ་འདྲེ་དེ་ཚོ་་བཀའ་གདམས་གཙང་མ་ཡིན་ཟེར་ནས་མི་གསད་ཁྲག་སྦྱོར་བྱས་པའི་ཏེ་བོ་གངས་ཅན་བླ་མ་དང་པན་ཆེན་བླ་མ་ཡིན་འདོགས་ཀྱི་རྒྱལ་མཚན་ནོར་བུ་ཚོས་ནང་བསྟན་ཁ་བྲལ་ཏུ་བཏངས་པ་རྣམས་སླར་གསོ་ནུས་ན། གཟོད་གཞན་སྐྱོན་བརྗོད་ན་ཡག་པོ་རེད། དེ་མིན་བོན་ཆིག་ཆིག་མུག་མུག་བཤད་པ་ལས་རྒྱལ་པན་ནང་འགལ་དེ་ཚོ་འཚེ་མེད་ཞི་ཐབས་ཀྱིས་དང་ལེགས་ཆོས་སུ་མཐོང་ངོ་། དེ་མིན་དགེ་ལུགས་སམ་སྡིག་ལུགས་ཡ་ཆའོ།
གནམ་གུང་གི་ཉི་ཟླ་ལ་་མཆིལ་ལུད་འཕངས་ནས་གཙོག་པ་བཟོ་འདོད་ཀྱི་རང་མཐོང་ཅན་
གྱི་བན་དེ་བ་དང་དེའི་རྗེས་འབྲང་བ་ཚོ་ཉོན་ཨ། མི་དང་མི། རྒྱུ་མཚན་དང་དོན་མཚན་སྦྲགས་
ནས་སྐད་ཆ་བཤད་དུས། ཁྱི་བཞིན་དུ་ངུ་སྐད་དང་ངན་དམོད་ཁོ་ན་ལས་ལན་ངོ་མ་ཞིག་མེད་
དམ། མེད་ན་དང་པོ་ནས་མངོན་སུམ་ལ་བསྙོན་མ་གཙུག་པར་ཁ་རོག་ཞུགས་ན་དགའ། ཐེག་
ཆེན་སྤྱི་དང་ལྷག་པར་དུ་རྫོགས་ཆེན་གྱི་ཆོས་དང་བླ་མར་བགྲོ་གླེང་བྱས་ནས་རྫུན་མར་བཟོ་ཡིས་
མདོག་མདོག་མང་པོ་བཤད་སོང། ཡིན་ད་ངས་ཀྱང་ལན་ཞིག་ངེས་པར་དུ་རྒྱབ་གི་ཡིན་ད།།།
ཨོ་རེད་་་པདྨ་ལགས། ཤུགས་ལྡན་འདྲེ་མཐོང་མཐོང་བྱས། དེའི་རྗེས་འབྲངས་པ་རྣམས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པའི་རྒྱུ་མཚན་གྱི་མི་བསད་ཁྲག་སྦྱོར་ཡོང་གི་ཡོད་རེད།། བོན་པོ་དང་ཤུགས་ལྡན་ཆོས་ལུགས་གཉིས་ཀྱང་འགྲོ་བ་མི་ཡིན་པས་ཆོས་དད་རང་དགོས་ཀྱི་རེད་ལ་ཐོབ་ཐང་རེད་དོ།།
རྒྱལ་མཚན་ནོར་བུ་སྤྲུལ་སྐུ་བཟོ་མཁན་ང་ཅོ་རི་མིན། ངས་མི་ཤེས། ང་ནི་དད་པ་མེད་ལ་བརྩི་ཡག་བརྩི་གི་མིན།
ཅོ་ཉིས་འདྲེ་ལྷ་རུ་སྒྲུབ། ཆོས་བོན་ཏུ་འདོད་དང་འགྲིག་གི་རེད། ཁྱོད་ཆོས་ལུགས་དད་མོས་རེད་པས། འདྲེ་ལྷ་རུ་བརྟེན་མཁན་དེ་རྫོགས་ཆེན་པདྨ་མ་རེད་གདའ། དེས་ན་བཙན་གཙུགས་ཀྱིས་མ་འདུག་ལོ། ངེད་གཉིས་ཕ་ཡུལ་གཅིག་པ་རེད་པས། ཧཧཧཧཧཧཧཧཧཧཧཧཧཧཧཧཧ
ཨོ་ཡེ་་་་་་་་ བརྗོད་གཞི་ལས་ལེ་བར་མང་པོའི་ཕར་འགྱངས་སོང་ཟིན་འདུག་གོ ཅོ་རི་ལགས། མི་བསད་ཁྲག་སྦྱོར་གི་ཡོང་གཞི་དེ་ལྟར་ཨེ་ཡིན་ནམ། ཕར་མཐོང་ཆུང་གཏོང་རྐྱེན་མི་གསོད་བྱུང་བ་ཡིན་ན། ཚུར་ཡང་མཐོང་ཆུང་ཚད་ལས་འགལ་བ་གཏོང་བཞིན་ཡོད་པས་དེ་འདྲ་རྐྱེན་ངན་མ་བྱུང་བ་གང་ཡིན་ནམ། ཕལ་ཆེར་ཁྱེད་ཚོས་མི་ཤེས་པའང་སྲིད། དགོན་པ་གཅིག་ནང་རང་ཕྱོགས་མིན་པའི་བླ་མ་ལས་གནས་ཚོར་རྣམ་གྱུར་ངན་པ་དང་སྤོབས་པ་ངོམས་བཞིན་པ་སོགས་མི་དགོས་པའི་རིགས་མང་དག་གནང་གིས་ཡོད། མཐའ་ན་དགེ་ཚུལ་སློང་ཡིན་པའི་ཆ་ནས་བཅོམ་ལྡན་འདས་ཀྱི་རྒ་གཞོན་གོ་རིམ་གྱི་བསླབ་བྱ་དང་འགལ་ནའང་སྣང་མེད་རེད།
ང་ཚོ་བོད་དོན་ཆེད་སྐད་འབོད་འཕེབ་མི་རྣམས་ལ་མཐོང་ཆུང་དང་རྒྱབ་སྐྱོར་མེད་པ། ༧གོང་ས་མཆོག་གི་སྐུ་མདུན་དུས་འཁོར་དབང་ཆེན་སོགས་ཆོས་ཞུ་བ་ཚོར་ཟུར་ཟ་དང་དམའ་འབེབས། དེ་དང་དེ་འདྲ་མང་པོ་རེད། བྱས་ན་ང་ཚོས་ཀྱང་ཞེ་སྡང་ཐོག་ནས་རྒོལ་འཛིང་གནང་དགོས་སམ། དེ་འདྲ་བྱས་པ་ཡོད་དམ། ཚོགས་པ་ཆེ་ཆུང་ཙམ་མ་གཏོགས་ཁྱད་གསོད་བྱེད་མཉམ་དང་། ཁ་རྡུང་བཏང་མཉམ་རེད། རྒྱུ་རྐྱེན་གཙོ་བོ་མཁྱེན་པ་གནང་རོགས།
དོན་མེད་བོན་པོའི་ཐོག་ཏུ་ཅིག་བཤད་མ་སྡོད། ཤུགས་ལྡན་ཐོག་ཏུ་ཡང་ཅིག་བཤད་མ་སྡོད། ལྷ་ཡིན་འདྲེ་ཡིན་ཅང་མི་ཤེས། ཁྱོད་ཚོ་སྔགས་པ་འདྲེ་འདུལ་བ་ཚོས་ལས་ཀ་རེད།་ཧཧཧ དངོས་མེད་ལྷ་འདྲེ་ལ་ཡིད་ཆེས་དང་འཇིགས་སྐྲག་འདྲ་ཅང་མེད་དོ་་་་ཕ་ཡུལ་གཅིག་པ་ཡིན་ན་སྙིང་གཏམ་ཡིན་་་ཧཧཧཧ་་་ཨོ་རེད་་་་གླང་དར་མ་ཞེས་འབོད་མ་འོང་ཨ། ཁོང་ཁྲོ་ལངས་ཡོང་གི་འདུག
ཁྱོད་ལ་སྙིང་ནད་ཞིག་མེད་ན་སྙིང་གཏམ་བཤད་མཁན་དེ་ཁྱོད་འདྲ་བ་ཞིག་མ་རེད་གདའ། རྒྱལ་མཚན་ནོར་བུ་སྤྲུལ་སྐུ་བཟོ་མཁན་ཁྱོད་ཅོ་རི་ཡིན་པར་བཤད་མྱོང་མེད། དོལ་འདྲེ་མ་བསྟེན་གསུངས་མཁན་དེ་སུ་ཡིན་མ་ཤེས་སློབ་སྦྱོང་ཡག་པོ་གྱིས། གདོན་གཟུགས་++བསྟན་པ་བསྣུབས། གསུངས་མཁན་སུ་ཡིན་མ་ཤེས་ན་ཁ་རོག་སྡོད་ལོ། གླང་དར་ར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པས་དོན་མེད་ཁོང་ཁྲོ་ཟ་ཁུ་མ་འདུག་ལོ། གནས་ལུགས་མཐུན་པའི་སྐད་ཆ་ཡིན། ད་ཉི་མ་འགའ་རེར་མི་ཁོམས་པས་་་་་ དགེ་བཤེས་ཅོ་ཉི་དང་སྤྲུལ་སྐུ་ཨོ་ཉི་སང་བདེ་མོ་གྱིས།
པདྨ་ལགས། གང་ལྟར་ཡང་བོད་དོན་མ་འཆུག་རོགས། མི་རིགས་ལར་ཞེན་མ་འཆུག་རོགས།
ས་གནས་གང་དང་གང་དེའི་མི་དག་གི།།
བློ་དང་འཚམ་པའི་ཆོས་ལུགས་སྣ་མང་ཞིག།
མཁས་པའི་དཔྱད་གསུམ་རིག་པས་སྤེལ་མཛད་པར།།
འདི་བཟང་དེ་ངན་སྨྲ་བར་བླུན་པོའི་ལུགས།།
ཨོ་ཉི་དྲ་མཚམས་ལ་བསྡད་ཡོད།
སྐྱེས་བ་ཉམ་པ་མེད་པ་དང་། མ་སྐྱེས་བ་རྣམས་སྐྱེས་གྱུར་ཅིག་ཞེས་བའི་སྨོན་ཚིག་ལ་བལྟས་ན་དྲ་རྒྱའི་ནང་གྲ་བ་བྱུང་བ་འདི་དོན་ཐོག་ལ་བབས་པ་རེད་བསམ་སོང་། དེ་མིན་ན་སྨོན་ལམ་དེ་འདྲ་རྗེས་སུ་མ་འདེབ་རོགས་གནང་།
བྱང་གཏེར་ཟེར་བ་དེ་དུས་རབས་༡༣༦༦བཅུ་བཞིའི་ནང་རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཞུ་བ་ཞིག་གིས་གཏེར་ནས་བཏོན་པའི་གཏེར་དཔེ་དེ་ཚོ་ལ་བརྗོད་པར་གྲགས། མཆོག་གླིང་གཏེར་གསར་ཟེར་བ་དེ་དུས་རབས་༡༨༢༩-༡༨༧༠་བཅུ་དགུ་པའི་ནང་འཁྲུངས་པའི་མཆོག་གྱུར་བདེ་ཆེན་གླིང་པས་གཏེར་ནས་དྲངས་བའི་གཏེར་དཔེ་དེ་ཚོ་ལ་བརྗོད་པར་གྲགས། བྱང་གཏེར་དང་མཆོག་གླིང་གཏེར་གསར་གཉིས་ཀྱི་བར་མི་ལོ་དྲུག་བརྒྱ་༦༠༠་ཙམ་གྱི་བར་ཁྱད་འདུག། ངས་གོ་ཐོས་ལ་བྱང་གཏེར་ཟེར་བ་དེའི་ནང་ཁྱེད་ཚང་གི་ཐུགས་དམ་ཡོད་ན་མེད་ན་་་་་གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་་་་་ཟེར་བའི་ཚིག་སྐྱག་དེ་ཡོད་མ་རེད་ཟེར་བ་ཐོས། མཆོག་གླིང་གཏེར་གསར་ཟེར་བ་དེའི་ནང་ཁྱེད་ཚང་གི་ཐུགས་དམ་ཡོད་ན་མེད་ན་དེ་ཁ་སྣོན་བྱས་ཡོད་པ་རེད་ཟེར་བ་ཞིག་ཐོས། འདིའི་སྐོར་རྒྱུས་མངའ་ཡོད་མཁན་ཞིག་ཡོད་ན་གསལ་བཤད་ཅིག་གནང་རོགས་ཞུ་བ་ཡིན། གུ་རུའི་གསུངས་ཡིན་ན་གཏེར་རྙིང་བྱང་གཏེར་ནང་ལ་མེད་དགོས་པ་དང་དུས་ཕྱིས་བྱུང་བའི་མཆོག་གླིང་གཏེར་གསར་ནང་ལ་ཡོད་དགོས་པའི་རྒྱུ་མཚན་དེ་ཚོ་གང་ཡིན་ནམ་བསམ་ནས་དྲིས་པ་ཡིན། །
དང་པོ་དང་གཉིས་པ་དཀར་པོ་གཉིས་ཀྱི་བར་དུ་་་་རོ་སྟོད་ཀ་ཡིན་ལ་རོ་སྨད་ཉ་ཡིན་ཁུལ་གྱི་བྱ་མ་བྱི་་་་དེ་ཚོས་དཀྲུགས་ཤིང་རྒྱག་གི་མེད་ན་བསམ་པའི་དོགས་པ་ཡོད་ད།
སྐུ་ཞབས་བོན་པོ་ལགས།
ད་ཁྱེད་རང་ཚོས་བན་བོན་སྐོར་ལ་རྩོད་པ་གནང་མཚམས་འཇོག་རོགས། རྩོད་རྙོག་རྙིང་བ་འདི་ཚོ་བསམ་བློ་གུ་དོག་ཅིང་རྗེས་ལུས་སྤྱི་ཚོགས་ནང་གི་སྤྱོད་སྟངས་རེད། པདྨའི་རྒྱལ་ཚབ་ཆེན་པོ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་བའི་གསུང་ལ་འཁྲུལ་བ་མེད་པས་དོགས་པ་ཟ་དགོས་དོན་མེད། ཁོང་གིས་གཏེར་ནས་གདན་འདྲེན་ཞུས་པའི་གསོལ་འདེབས་བར་ཆད་ལམ་སེལ་ནང་དུ། གདོན་གཟུགས་བོན་གྱི་བསྟན་པ་བསྣུབསཿཞེས་པའི་བོན་དེ་དེང་སང་བོད་དུ་ཡོད་པའི་གཡུང་དྲུང་བོན་ལ་མི་གོ་བར། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མེད་པའི་གནའ་སྔ་མོར་བོད་་རང་ནས་བརྡོལ་ནས་དམར་མཆོད་བྱེད་མཁན་གྱི་ཆོས་ལུགས་བོན་ཅེས་གྲགས་པ་ཞིག་བྱུང་བ་ལ་གོ།
ཀྱེ་མ་ཁང་བ་གཅིག་ལ་མཚོན་ན་བཞེངས་པ་ལས་བཤིག་སླ་བ་རེད། དེ་བཞིན་དུ་མི་རིགས་དང་ཆོས་ལུགས་བར་གྱི་མཐུན་སྒྲིལ་བཟོ་བར་མི་མང་བོས་དཀའ་ལས་དུས་ཡུན་རིང་བོར་བརྒྱབ་དགོས་ཀྱང་། མི་བསམ་མེད་ཁ་ཤས་ཀྱིས་ཚིག་ངན་ཁ་ཤས་ཀྱིས་ཉིན་གཙིག་གི་རིང་ལ་གཏོར་བཤིག་གཏོང་ཐུབ་ཀྱིན་ཡོད། གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་དང་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སོགས་བོད་ཀྱི་བླ་མ་བཟང་བོ་རྣམས་ཀྱིས་གྲུབ་མཐའ་ཕན་ཚུན་བར་ལ་མཛའ་མཐུན་ཡོང་ཐབས་ལ་འབད་བཞིན་ཡོད།
ཕལ་ཆེར་ཁ་བརྡའི་དྲྭ་རྒྱའི་སྟེང་ལ་རྒྱ་མིའི་སོ་བ་ཁ་ཤས་ཀྱིས་ས་དགེ་བཀའ་རྙིང་བོན་པོ་གང་རུང་གི་མི་སྣ་ཡིན་མདོག་གིས་བོད་ཀྱི་ཆོས་ལུགས་ནང་ཁུལ་ལ་ངན་སྨྲས་སྣ་ཚོགས་བཏང་ནས་དབྱེན་དཀྲུགས་ཅི་ནུས་བྱེད་བཞིན་ཡོད་སྲིད། ཉེ་ཆར་རྡ་ས་ནས་བོད་མི་རྒྱ་མིའི་སོ་པ་ཞིག་བཟུང་བ་ཀུན་གྱིས་ཧ་གོ་བ་ནང་བཞིན་རེད། དྲྭ་ཚོགས་ཚང་མས་གཟབ་གཟབ་གནང་རོགས། ད་ནས་བཟུང་སུས་ཀྱང་ཆོལ་ཁ་དང་ཆོས་ལུགས་ནང་ཕན་ཚུན་བར་ལ་སྨ་འབེབ་དང་སྡིགས་མོ་མི་གནང་བར་ལག་སོར་སྙིང་གར་སྦྱར་ནས་ལན་མང་ཞུ། ཐུགས་རྗེ་ཆེ།
༼རྩོད་རྙོག་རྙིང་བ་འདི་ཚོ་བསམ་བློ་གུ་དོག་ཅིང་རྗེས་ལུས་སྤྱི་ཚོགས་ནང་གི་སྤྱོད་སྟངས་རེད།༽ སྐད་ཆ་འདིའི་ནང་ཁྱེད་ཚང་གི་ཐུགས་དམ་་་གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་་་ཟེར་བའི་ཚིག་རོ་ཁ་སྣོན་རྒྱག་མཁན་གྱི་དུས་རབས་བཅུ་དགུ་པའི་མི་དེ་འཚུད་ཡོད་དམ། དེ་འཚུད་ཡོད་ན་ངས་ཁྱེད་ལ་གུས་བཀུར་ཞུ་ཆོག། དེ་མིན་རང་སྐྱོན་གཞན་འགེབ་བྱས་མ་བྱས་ཆོ་གང་ཡང་ཡོད་མ་རེད་ལགས། །
ངས་གྲྭ་བ་དང་དྲ་བ་འཛོམས་ན་ལྟས་ངན་རེད། ཅེས་བཤད་པ་ལས་བན་དེ་བོན་པོ་འཛོམས་ན་ལྟས་ངན་རེད་ལབ་མེད། ཡིན་ན་ཡང་དེང་སང་གི་མི་ལ་རང་གི་ལྟོ་ལ་གནོད་མ་འོངས་ན། གཞན་མི་རིགས་རིག་གཞུང་ཟེར་བ་ཁ་དབྱངས་ཙམ་ལས། གནད་ཕུག་པའི་ཚོར་བ་ཞིག་ཡོད་ཚོད་མ་རེད།
སྐུ་ཞབས་བོན་པོ་ལགས།
ང་ཚོ་བོད་འདི་དེང་སང་ལོ་རྒྱུས་སྟེང་དུ་དཀའ་ངལ་དང་ཛ་དྲག་གིས་གང་བའི་ལམ་འཕྲང་ཞིག་ཏུ་མ་བསམ་བཞིན་དུ་འགྲོ་དགོས་བྱུང་བས། ཆོལ་གསུམ་བོད་ཟླ་ཚང་མས་ཐུགས་རྒྱ་ཡངས་པོ་བསྐྱེད་ནས་མདུན་བསྐྱོད་མ་བྱས་ན། ང་ཚོའི་མི་རིགས་འདི་རྩ་མེད་འགྲོ་བའི་ཉེན་ཁ་ཡོད་རེད། འདི་ནི་རི་བོང་གནམ་བརྡིབ་ཀྱི་སྡུག་བསྔལ་ཙམ་མ་ཡིན་པར། དོན་དངོས་སུ་འབྱུང་བཞིན་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། མི་བདེན་སྙམ་ན་ནང་སོག་རང་སྐྱོང་ལྗོངས་ཞེས་པར་གཟིགས་དང་། མིང་སྙན་པོ་ཙམ་ལས་དོན་དུ་དེ་གར་སོག་པོ་ལས་རྒྱ་མི་ལྡབ་བཞི་འགྱུར་མང་བ་དང་། སོག་ཕྲུག་མང་བོས་རང་སྐད་མི་ཤེས་པར་གྱུར་ཡོད་པས། མ་འོངས་པའི་ལས་དབང་ངན་པ་འདི་འདྲ་ང་ཚོ་བོད་པའི་མགོ་ཐོག་ཏུ་ལྷུང་ཉེན་ཆེ།
གྲོགས་པོ་ཚོ། ང་ཚོའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་ཕན་པ་མེད་པ་མ་ཟད། བོད་ཀྱི་མདུན་ལམ་ལ་བར་ཆད་ཆེན་པོ་འབྱུང་ངེས། བོད་ཀྱི་ལོ་རྒྱུས་ནང་དུ་ཆོས་བརྒྱུད་དང་ཆོལ་ཁའི་བར་ལ་རྙོག་དྲྭ་མང་བོ་བྱུང་ཡོད་པ་བདེན་མོད། འོན་ཀྱང་དེ་ཚོ་འདས་པའི་དོན་རྐྱེན་ཡིན་པས་ད་ནི་བརྗེད་རན་པའི་དུས་ཚོད་ལ་སླེབས་ཡོད། འདས་པའི་ལོ་རྒྱུས་ཀྱི་ལྕག་སྒྲོག་ལས་བརྒལ་ནས་མ་འོང་རྒྱང་རིང་གི་ལམ་ལ་མིག་ཟུང་གིས་བལྟ་རོགས། དེས་ན་ང་ཚོ་བོད་མི་རྣམས་ཀྱིས་ནང་མཐུན་རྡོག་རྩ་གཅིག་སྒྲིལ་སྒོ་ནས་བོད་དོན་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་བྱེད་དགོས།
ངས་གོང་དུ་ཞུས་པ་བཞིན་དུ། གཏེར་ཆེན་མཆོག་གླིང་གི་ཞལ་ནས་གསུངས་པའི་རྡོ་རྗེའི་ཚིག་དེ་གཡུང་དྲུང་བོན་ལ་མི་འཇུག་པས་བཏང་སྙོམས་སུ་ཞོག །དེ་ལ་ཚིག་རོ་ཞེས་སྨ་འབེབས་མི་བྱེད་རོགས། གང་ཡིན་ཟེར་ན། དེ་ནི་ལོ་རྒྱུས་སྟེང་དུ་བྱུང་ཡོད་པའི་དོན་རྐྱེན་ཞིག་ཡིན་ཏེ། བོད་ཀྱི་རྒྱལ་རབས་རྙིང་བ་སོགས་སུ་ཆོས་རྒྱལ་རྣམས་ཀྱི་སྐབས་སུ་བོད་ལ་འཚེ་བ་གཅོད་པའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བཙན་པོ་བཞག་ནས། གནའ་སྔོན་ནས་དར་ཡོད་པའི་ཁ་འཐོར་སིལ་བུའི་གདོད་བོན་རྣམས་ཀྱིས་དམར་མཆོད་གཏོང་བ་བཀག་སྡོམ་བྱས། འོན་ཀྱང་དེ་ཚོ་བོན་ཞེས་པའི་མིང་འཇུག་ཡོད་པ་ལས། སྟོན་པ་གཤེན་རབཀྱིས་གསུངས་པའི་གཡུང་དྲུང་བོན་དང་ཐ་དད་རེད་ལགས། འདི་ངས་ལྷག་བསམ་དཀར་པོའི་སྒོ་ནས་ཞུས་པ་ཡིན་པས། རྒྱ་མིའི་སོ་པ་འདྲ་མིན་ཚེ་བོད་མི་ཚང་མས་གཏམ་འཐད་མི་མོས་མི་འོས་རྒྱུ་མཚན་ཡང་དག་པ་གཅིག་ཀྱང་མེད།
གསོལ་འདེབས་བར་ཆད་ལམ་སེལ་འདི། ས་དགེ་བཀའ་རྙིང། ཡུལ་པ་དགོན་པ་
ཚང་མས་གྲངས་བསགས་ནས་འདོན་དང་འདོན་བཞིན་པ་རེད། མ་འོངས་འདོན་
རྒྱུ་ཡང་ཉག་གཅིག་རེད། དེ་ལ་གང་ཟག་རེ་ཟུང་ནས་ཚིག་རོ་ཞེས་ངན་སྨྲས་ཇི་ལྟར་
བརྗོད་ཀྱང་རང་སྡུག་རང་གྱོང་ཡིན་པར་ངོ་ཤེས་པར་གྱིས་ཤིག།
དྲ་གྲོགས་ཚོར། བཀྲ་ཤིས་བདེ་ལེགས།
བླ་མ་ཨོ་ཉི་ལགས་ཀྱི་ཉིན་བཅུའི་མཚམས་དེ་ངའི་སྔོན་ལ་གྲོལ་ཚར་འདུག
བན་བོན་མ་རྩོད། ཐོབ་ཐང་རྩོད།
ཀརྡོ་གཉེར་ཕྱག་པ་ལགས།
ངས་ཁྱེད་ཀྱི་མཚན་དེ་གཉེར་ཕྱག་པར་བརྗེས་ཡོད་རེད་སྙམ་བྱུང་། ཁྱེ་རང་གྲྭ་བ་ཡིན་ནམ་མི་སྐྱ་ཞིག་ཡིན། ཕྱག་གཉེར་པར་འབོད་ན་མི་ལེགས་སམ།
དམ་བཅའ་ཤོར་སོང་། ཧཧཧཧ་་་་་་དྲ་བ་ལྟས་ངན་འདིས་་་་
༡༧༨༽ འོད་གསལ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༩ གི་ཆུ་ཚོད་ ༡ སྐར་མ་ ༥༥
ཀརྡོ་གཉེར་ཕྱག་པ་ལགས།
ངས་ཁྱེད་ཀྱི་མཚན་དེ་གཉེར་ཕྱག་པར་བརྗེས་ཡོད་རེད་སྙམ་བྱུང་། ཁྱེ་རང་གྲྭ་བ་ཡིན་ནམ་མི་སྐྱ་ཞིག་ཡིན། ཕྱག་གཉེར་པར་འབོད་ན་མི་ལེགས་སམ།
ཞེས་པའི་ལན་དུ།
གཉེར་ཕྱག་པ་ནི་ཕའི་རིགས་རུས་ཀྱི་མིང་ངམ། ཁྱིམ་ཚང་གི་(family name)མིང་རེད། གཉེར་ཕྱག་པ་ཙམ་སྨྱུག་མིང་དུ་བཀོལ་འདོད་ཀྱང་། ཁ་བརྡའི་དྲ་བདག་ཚོས་མི་ཉན་པས། ད་ང་ག་རེ་བྱེད་དགོས་རེད། འོད་ཟེར་ལགས།
སྐུ་ཞབསའོད་གསལ་ལགས། སྐུ་ཉིད་ཀྱིས་
༼ངས་གོང་དུ་ཞུས་པ་བཞིན་དུ། གཏེར་ཆེན་མཆོག་གླིང་གི་ཞལ་ནས་གསུངས་པའི་རྡོ་རྗེའི་ཚིག་དེ་གཡུང་དྲུང་བོན་ལ་མི་འཇུག་པས་བཏང་སྙོམས་སུ་ཞོག །དེ་ལ་ཚིག་རོ་ཞེས་སྨ་འབེབས་མི་བྱེད་རོགས། གང་ཡིན་ཟེར་ན། དེ་ནི་ལོ་རྒྱུས་སྟེང་དུ་བྱུང་ཡོད་པའི་དོན་རྐྱེན་ཞིག་ཡིན་ཏེ། བོད་ཀྱི་རྒྱལ་རབས་རྙིང་བ་སོགས་སུ་ཆོས་རྒྱལ་རྣམས་ཀྱི་སྐབས་སུ་བོད་ལ་འཚེ་བ་གཅོད་པའི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བཙན་པོ་བཞག་ནས། གནའ་སྔོན་ནས་དར་ཡོད་པའི་ཁ་འཐོར་སིལ་བུའི་གདོད་བོན་རྣམས་ཀྱིས་དམར་མཆོད་གཏོང་བ་བཀག་སྡོམ་བྱས། འོན་ཀྱང་དེ་ཚོ་བོན་ཞེས་པའི་མིང་འཇུག་ཡོད་པ་ལས། སྟོན་པ་གཤེན་རབཀྱིས་གསུངས་པའི་གཡུང་དྲུང་བོན་དང་ཐ་དད་རེད་ལགས། འདི་ངས་ལྷག་བསམ་དཀར་པོའི་སྒོ་ནས་ཞུས་པ་ཡིན་པས། རྒྱ་མིའི་སོ་པ་འདྲ་མིན་ཚེ་བོད་མི་ཚང་མས་གཏམ་འཐད་མི་མོས་མི་འོས་རྒྱུ་མཚན་ཡང་དག་པ་གཅིག་ཀྱང་མེད༽
ས་མཐོ་རི་གཙང་ཡང་ཞིང་དྭངས་བའི་གཡུང་དྲུང་གི་ཞིང་ཁམས་སུ་རྡོ་རྗེའི་ཚིག་རོ་སྐྱག་དྲི་བྲོ་བ་གང་བྱུང་བྱུང་དུ་གཡུག་ནས་འབྱུང་ཁམས་དང་ཁོར་ཡུག་ལ་སྦག་བཙོག་ཚད་མེད་པ་བཟོས་འདུག། དེས་བོད་ཡུལ་གྱི་སྐྱེ་འགྲོ་རྣམས་དུས་མིན་གྱི་འཆི་བ་དང་། སྨྱོ་འབོག་ལངས་པ། ཤི་འདྲེར་གྱུར་པ། ནད་ངན་གྱིས་ཟིན་པ། དམག་འཁྲུག་ལངས་པ། ནང་མི་གསོད་རེས་བྱེད་པ། རང་ཡུལ་ཤོར་བ། དགོན་པ་བཤིག་པ། བླ་མ་གསོད་པ། མ་སྲིང་ལ་རྒྱོ་བ། ཨ་ནེ་ལ་གཡེམ་པ། སོགས་གདུག་རི་གདུག་ཚད་དེ་བྱུང་འདུག། ད་དུང་འདི་མོ་ཡག་རྟགས་ཤིག་རེད་དྲན་གྱི་ཨེ་འདུག། འབྲོག་རྒན་འགའ་དང་ཞིང་རྒན་འགའ་ཤས་ཅིག་གིས་ཚིག་རོ་མ་གཏོགས་གོ་མ་མྱོང། ཨ་མ་མ་གཏོགས་མཐོང་མ་མྱོང། སྒོ་ཐེམས་མ་གཏོགས་ལ་རྒྱག་མ་མྱོང་མཁན་དེ་ཚོ་ལ་ཚིག་རོ་སྐྱག་དྲི་བྲོ་བ་དེ་ཚོ་བསླབ་ནས་མགོ་སྐོར་མུ་འཐུད་ཤོག་གཏོང་ཨ།
གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་་་ཟེར་བའི་ཚིག་རོ་འདི་ནི་་་དབྱིན་སྐད་དུ་་་་Religious discrimination་་་་ཟེར་བ་རེད། དེ་ཁོས་དུས་རབས་བཅུ་དགུ་པའི་ནང་བྲིས་པ་རེད། དམིགས་ཡུལ་སུ་ཡིན་ནམ། ཁྱེད་ཚོས་ཁྱེད་ཚོ་རང་གི་ཆོས་ལུགས་དེ་ག་རེ་ཡིན་ཡག་པོ་ཨེ་ཤེས། དུས་དང་རྣམ་པ་ཀུན་ཏུ་མི་གཞན་གྱི་ཆོས་ལུགས་ཀྱི་ཁ་དང་སྣའི་སྐོར་ལ་བཤད་པ་རྐྱང་རྐྱང་རྒྱག་པ་ནི་ནང་བསྟན་པའི་ཁྱད་ཆོས་ཟེར་བ་དེ་ཨེ་རེད། བུ་མེད་ལ་མཐོང་ཆུང་དང་ཁྱད་གསོད། ཁྱིམ་ཚང་དང་འཁོར་བ་ལ་དགྲ་རུ་ལྟ་མཁན་དེ་སུས་ཆོས་ལུགས་རེད། འཁོར་བའི་སྐྱེ་རྒྱུད་གཅོད་པར་འདོད་མཁན་དེ་སུ་རེད། སྐྱེ་རྒྱུད་གཅོད་པའི་ལས་ཀ་དེ་ཡ་མཚན་ཞིག་མ་ཡིན་ན་ཅི་ཡི། བོད་ཡུལ་འདི་གནའ་སྔ་མོ་ནས་དམར་མཆོད་མཚན་པོ་ཆེ་དར་སའི་ལུང་པ་ཞིག་ཡིན་པའི་བཟོ་རྩ་བ་ནས་ཡོད་མ་རེད། སྒྲོ་བཏགས་ཀྱི་དོན་རྐྱེན་འདྲ་བཟོ་དགོས་ན་ཁྱེད་ཚོ་བྱང་ཆུབ་པ་དེ་འདྲ་ཡིན་པ་ཚང་མས་ཤེས་ལེ་རེད། བོད་བཙན་པོའི་རྒྱལ་རབས་རྣམས་ཀྱིས་དམར་མཆོད་བྱེད་མི་ཆོག་པའི་བཀའ་བཏང་བ་ཞིག་གང་ན་འདུག་སྟོན་ཤོག། བན་རྒན་ཁྱི་རྒན་འདྲ་བ་དེ་ཚོས་ལྷ་སྲས་དར་མའི་དབུ་ལའང་གླང་ར་ཡོད་རབས་བཤད་པ་རེད། ད་ཅི་བཤད་འདི་བཤད་ག་རེ་འདུག། མིའི་མགོ་ལ་གླང་ར་ཡོང་སྲིད་དམ། ཁྱེད་ཚོ་སྣང་བ་མི་འགྲོ་སའི་མི་དང་ཆོས་ལུགས་ག་རེ་ཡིན་པ་ཡིན་ན་ལས་སྐྱོན་འདོགས་ཅིག་ཡོད་ཡོད་པ་རེད། ད་མང་པོ་བཤད་མ་བཤད་མི་འདུག། དེ་ལས་ཁྱེད་རང་ཚོ་མི་མེ་ཏོག་ནས་སྐྱེས་རབས་འདྲ་བཤད་ནས་དུས་ཚོད་བསྐྱལ་བསྡད་ན་ཡག་ས་རེད།
མངོན་སུམ་ལ་བསྙོན་འཛུགས། ལྐུགས་པ་ཨུ་གཙུགས་རང་རེད།
དམ་ཆོས་བསྣུབས་མཁན་བདུད་རྒྱལ་གླང་དར་མ་ལ་ལྷ་སྲས་ཟེར།
དམ་ཆོས་སྤེལ་མཁན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་བདུད་དུ་བལྟ།
ཁྱོད་ཚོས་སྐྱོན་དུ་བལྟ་བ་ལ་ང་ཚོས་ཡོན་ཏན་དུ་མཐོང་བའི་ཁྱད་ཆོས་
འདི་འདྲ་ཡོད། དུས་གསུམ་སངས་རྒྱས་མངལ་སྒོ་འགྲིམ། གྲངས་
མེད་གསུམ་དུ་ཚོགས་གཉིས་བསགས། ཁོང་སངས་རྒྱས་པདྨ་འབྱུང་
གནས་རེད། ཕྱི་འབྱུང་བ་བཞི་ལ་རག་མ་ལུས། ནང་ཤ་ཁྲག་ལུས
ལ་རྟེན་མི་འཆའ། ཁོང་སྐྱེ་མེད་པདྨ་འབྱུང་གནས་རེད། དངོས་
མེད་ལྷ་འདྲེས་ཅི་གསུང་སྒྲུབས། བསམ་ཡས་མ་བཞེངས་ལྷུན་གྱིས་
གྲུབ། བོད་ཡུལ་ཆོས་ཀྱིས་ཁྱབ་པར་མཛད། ཞེས་སོགས་བརྗོད་ཀྱིས་
མི་ལང་བ་ཡོད་པས་ཡི་གེ་མང་དོགས་དང་དུས་ཚད་ཀྱིས་དབེན་པས་དེ་ཙམ་ཡིན།
གྲྭ་བ་དང་དྲ་རྒྱ་འཛོམས་ན་ཚུགས་ཚོར་རེད།
གྲྭ་པ་དང་། དྲ་བ་འཛོམས་ན་ལྟས་ངན་ཡིན་ན། ཁྱིམ་པ་དང་དཔེ་ཆ་འཛོམས་ན་ལྟས་ངན་དུ་འགྱུར་རོ།།