གཡང་སྐྱབས་རྒྱལ།
ངས་བོད་ཀྱི་རྒྱལ་རབས་ལ་བསམ་བློ་ཞིག་བཏང་། བོད་ཀྱི་བཙན་པོའི་སྐོར་ལ་བསམ་བློ་ཞིག་བཏང་། དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་བཞིན་སུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་བ་དེ་ལ་བསམ་བློ་ཞིག་བཏང་། དེ་ནས་རྒྱ་བཙོན་ལུག་ལྟར་དེད་ཅེས་པའི་ཏུན་ཧོང་གི་ཚིག་དེ་ཚོ་དྲན། བོད་དམག་གི་ཁྲི་སྡེ་དང་སྟོང་སྡེ་དེ་ཚོ་ཡིད་ལ་འཆར། ཀི་སྒྲ་གྱེར་ནས་དགྲ་ལ་རྒྱུགས་པའི་རྣམ་པ་ཞིག་ཡིད་ལ་འཆར། དེ་ནས་བཙན་པོའི་དུས་རབས་མཇུག་སྒྲིལ་ཏེ་ལོ་བརྒྱ་སོང་། ལོ་ཉིས་བརྒྱ་སོང་། ལོ་སུམ་བརྒྱ་ཙམ་གྱི་མཇུག་དེར་འགྲོ་མགོན་འཕགས་པ་རྒྱ་ཡུལ་ནས་སླར་བོད་ཡུལ་དུ་ཕེབས་པའི་སྐབས་དེར་ཁོང་གིས་དགེ་འདུན་གྱི་སྡེ་ཁྲི་འབུམ་ཞིག་ལ་བསྙེན་བཀུར་མཛད་པའི་གནས་ཚུལ་ཞིག་རྙེད། བོད་ཀྱི་མི་འབོར་དེ་རིམ་གྱིས་དམག་དཔུང་ཞིག་ནས་དགེ་འདུན་པའི་སྡེ་ཞིག་ལ་བསྒྱུར་བ་མཐོང་། འདི་ལ་བསམས་སྐབས་བོད་མིའི་གྲངས་འབོར་དེ་རིམ་གྱིས་ཉམས་པ་ཞིག་ཡིད་ལ་ཤར། པཎ་ཆེན་སྐུ་གོང་མའི་གསུང་ཞིག་ལ། “བོད་ཀྱི་ཕོ་རྣམས་གྲྭ་བ་བྱས་ཀྱང་མོ་སྟོང་པར་ལུས་པ་མེད།”ཅེས་གསུངས་པ་རེད་ཟེར། འདི་ཡང་བདེན་སྲིད། ཡིན་ན་ཡང་ལོ་བརྒྱ་ཕྲག་མང་པོའི་ཡུན་ལ་བསམས་སྐབས་དགེ་འདུན་པའི་གྲངས་འབོར་ཆེ་བ་དེས་བོད་ཀྱི་མི་འབོར་ཇེ་ཉུང་ལ་གཏོང་བའི་ཐད་ནུས་ཤུགས་ཆེན་པོ་བཏོན་ཡོད་པ་རེད་བསམས་བྱུང་། འདི་མིན་ན་རྒྱལ་རབས་ལོ་རྒྱུས་ཀྱི་ནང་གི་མིའི་གྲངས་འབོར་དེ་ཚོ་གང་དུ་ཕྱིན་པ་རེད། འདི་ཡང་གྲོང་གསེབ་རེ་རེའི་ཁྱིམ་མི་དང་གྲྭ་བའི་གྲངས་འབོར་ལ་བརྟག་དཔྱད་ཅིག་བྱས་ན་ཤེས་རྒྱུ་ཞིག་ཏན་ཏན་ཡོད་པ་རེད།
གྲ་བ་དང་ཨ་ནེ་མང་དྲགས་པ་འདིས་བོད་མའི་གྲངས་འབོར་ལ་ལྡོག་ཕྱོགས་ནས་ནུས་པ་ཐོན་གིན་ཡོད་པ་གསལ་བོ་རེད། གནས་སྟངས་འདི་ལ་དམིགས་ནས་དེང་སང་སེམས་ཤུགས་ཡོད་མཁན་གྲ་ལོག་དང་ཇོ་ལོག་ནམ་མཁའ་བཀང་ནས་འགྲོ་བཞིན་འདུག་ག།
གྲྭ་ལོག་ཇོ་ལོག་བསྟན་པའི་གཞི་མ། །
དམ་ཉམས་ཁ་སྤྲོད་སྐྱིད་ཀི་རུ་མ།
ཨ་ལགས་ལགས། ད་ཡིན་ན་རང་ང་འདུག་རན་མ་རེད་དྲན་གི། རིགས་ཀྱི་སྲས་སྲོས་འདྲ་སྤེལ་ཡའི་འཆར་གཞི་འདྲ་མེད་དམ། རྟ་ཞོན་ཞོར་དང་མེ་ཏོག་འཐུ་ཞོར་བྱས་ན་ཁེ་བཟང་ཆེ་ལེ་རེད་དྲན་གི
སྤྱིར་བོད་མི་ས་ཡ་དྲུག་ཅེས་པ་འདི་འབྲོམ་སྟོན་པའི་བསྟན་རྩིས་ནང་བོད་དང་བོད་ཆེན་པོ་ཡོངས་རྫོགས་སུ་མི་འབོར་འབུམ་ཕྲག་དྲུག་ཅུ་ཐམ་པ་ཡོད་ཅེས་གསུངས་པར་བརྟེན་ནས་བོད་མི་ཚོའི་ཁར་བོད་མི་ས་ཡ་དྲུག་ཅེས་པ་འདི་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་པར་སྙམ། ད་ལྟ་དོན་དངོས་སུ་འབུམ་ཕྲག་དྲུག་ཅུ་ཡོད་མེད་ཆ་མ་འཚལ། བོད་བཙན་པོའི་སྐབས་སུ་བོད་ཀྱི་མི་འབོར་གྱི་གྲངས་ཀ་དེ་དམག་གི་གྲངས་ཀའི་ངོས་ནས་ཏག་ཏག་ཅིག་རྩི་ཐབས་བྲལ་མོད། ཆོས་འབྱུང་མཁས་པའི་དགའ་སྟོན་ནང་། བཙན་པོ་སྲོང་བཙན་གྱིས་རྒྱ་ནག་ཏུ་དམག་འབུམ་ཕྲག་གཉིས་བཏང་ཟེར་བ་དང་། ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རྒྱ་ནག་ཏུ་དམག་འབུམ་ཕྲག་བཞི་བཏང་ཟེར་བ་ལྟ་བུ་དང་། ལྷག་པར་དུ་རྦ་བཞེད་ཀྱི་ནང་དུ། འཕགས་ཡུལ་དུ་རིང་བསེལ་ལེན་པར་རྟ་དམག་བྱེ་བར་བཅུ་བཞི་བཏང་(གྲངས་འབོད་འདིར་རྩོད་པ་ཡོད་པར་གྲགས)ཟེར་སྲོལ་བལྟས་ན། དམག་གི་གྲངས་འབོར་ནི་ཧ་ཅང་ཆེན་པོ་ཡོད་པར་སྣང་། གང་ལྟར་ཡང་། ཁྲི་སྲོང་ལྡེའུ་བཙན་གྱི་རིང་ནས་དགེ་འདུན་གྱི་སྡེ་བཙུགས་ནས་བཟུང་། དགེ་འདུན་པ་ཇེ་འཕེལ་དུ་ཕྱིན་པ་དང་། དེ་ནས་གླང་དར་མའི་བར་དུ་དགེ་འདུན་གྱི་སྡེ་ཧ་ཅང་མང་པོ་འཕེལ་བར་གྲགས་ཀྱང་། ལྷག་པར་དུ་གླང་དར་མའི་སྐབས་སུ། དགེ་འདུན་གྱི་སྡེ་ཆེན་པོ་འདིས་མི་མང་གི་འཚོ་བ་ཇེ་སྡུག་དང་། རྒྱལ་པོའི་བླ་མཛོད་ལ་དཀའ་ཁག་བྱུང་བ། དམག་གི་གྲངས་ཀ་ཇེ་ཉུང་དུ་ཕྱིན་པ་སོགས་ལ་བརྟེན་ནས། རྒྱལ་པོ་གླང་དར་གྱིས་མི་གཞོན་རབ་ཏུ་བྱུང་བ་རྣམས་བཀག གྲ་བ་འགའ་ཤས་ཁྱིམ་དུ་ཕབ་པའི་རྐྱེན་གྱིས། བསམ་ཡས་ཀྱི་མཁན་རབས་དགུ་བ་ལྷ་ལུང་དཔལ་གྱི་རྡོ་རྗེས་དེ་དག་སྙིང་ནད་ཀྱིས་མ་བཟོད་པར་གླང་དར་སྐུ་བཀྲོངས་པ་ཞིག་རེད། ངས་འདི་ལྟར་ཤོད་དོན་དེ་ཡང་། རྒྱུ་མཚན་ཡོད་མེད་མི་ཤེས་ཏེ། ལོ་རྒྱུས་སྨྲ་བ་ཁ་ཤས་ཀྱིས་བོད་སིལ་བུའི་སྐབས་ནས་བཟུང་བོད་ཀྱི་མི་འབོར་གྱི་གྲངས་ཀ་ཇེ་ཉུང་དུ་སོང་ཟེར་བ་དེ་ལའང་རྒྱུ་མཚན་ཞིག་འདུག་ཅེས་བཤད་འདོད་བྱུང་། ཅི་སྟེ་ད་ལྟ་དོན་དངོས་སུ་བོད་མི་ག་ཚོད་ཅིག་ཡོད་དམ། ད་ལྟའི་བོད་མིའི་མི་འབོར་གྱི་ཐོ་གཞུང་དེ་འདྲ་ཡོད་དམ། ཤེས་མཁན་རེ་ཡོད་ན་གསུང་རོགས་ཞུ།
ས་ཡ་ལྔ་ཡར་མར་ཞིག་མེད་དམ། རྒྱ་གཞུང་གི་ས་ཡ་བཞི་ཟེར་བ་དེ་ནི་འཇང་རིགས་སོགས་བོད་རིགས་ལས་ལོགས་སུ་བཀར་ནས་བརྩིས་པའི་ཆབ་སྲིད་ཀྱི་གཡོ་སྒྱུ་ཞིག་རེད།