རེབ་ཐོག་མདའ།
སྤྱིར་རི་ཁ་བ་ཅན་ཚང་གི་བསྟན་པའི་བདག་པོ་དགེ་འདུན་ཀྱི་སྡེ་ནི་གུས་པའི་ཕྱག་བྱ་བ་ལས་མི་འོས་པའི་ཚིག་ཟུར་ཙམ་འདོན་ག་ལ་རུང་། མ་ཟད་བདག་ལ་མཚོན་དགེ་བའི་བཤེས་གཉེན་མང་པོ་ཞིག་ལ་དད་གུས་ཆེན་པོ་ཡོད་པ་མ་ཟད། ཁོང་ཚོ་མང་པོ་ཞིག་གི་མདུན་ནས་སློབ་སྦྱོང་ཡང་མི་ཉུང་བ་ཞིག་བྱས་ཡོད་པས། རང་ཉིད་ལ་མཚོན་ན་དགེ་འདུན་པའི་སྡེ་ནི་དད་པ་བྱེད་ས་ཁོ་ན་རུ་སྒོམ་ཡོད། འོན་ཀྱང་། ཁ་སང་དེ་རིང་རྡ་སའི་རི་གྲོང་གི་གྲྭ་བ་ལ་ལ་མཐོང་དུས་བདག་གིས་འདི་འདྲ་ཞིག་མི་འབྲི་ཐབས་མེད་ཆགས་སོང་། ཡིན་ཡང་། དེ་རིང་བདག་གིས་འདིར་བྲིས་པའི་གྲྭ་བའི་མིང་ཅན་གྲོང་བའི་གཟུགས་ཅན་འདི་གྲྭ་བ་སྤྱི་ལ་གོ་ཡི་མེད། འདི་ནི་གྲྭ་བ་བྱེ་བྲག་པ་ཁ་ཤས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དང་༸གོང་ས་མཆོག ད་དུང་ནང་པ་སངས་རྒྱས་པའི་མཚན་ལར་གནོད་པའི་ལས་བྱེད་ཀྱིན་འདུག་པས། བདག་གིས་རྩོམ་འདི་འདྲ་ཞིག་བྲིས་པ་ཡིན། དགེ་འདུན་པའི་ཁྲོད་ནས་བརྒྱ་ཆ་དགུ་བཅུ་གོ་དགུ་དད་གུས་བྱེད་འོས་པ་ཡིན་མོད། འོན་ཀྱང་། ལྷག་འཕྲོ་བརྒྱ་ཆ་གཅིག་དེ་ལ་དད་པ་ཕར་བཞག་དད་ལོག་ཅིག་སླེབས་ཀྱིན་འདུག་པས། དེ་རིང་གི་རྩོམ་འདི་ལྷག་མ་བརྒྱ་ཆ་གཅིག་གི་ནང་དུ་ཚུད་ཡོད་པའི་གྲྭ་བ་སུ་ལ་ཕོག་ན་དེ་ལ་བྲིས་པ་ཡིན།
ཤཱཀྱ་ཐུབ་པ་བསྟན་པའི་བདག་པོ་ཡིན།།
རྒྱལ་བའི་གསུང་རབ་སེམས་ཀྱི་ཞི་བདེ་ཡིན།།
འདི་གཉིས་ག་ལེར་དོར་བའི་གྲྭ་བ་འགའི།།
གཏམ་རྒྱུད་དྲང་མོ་དེ་རིང་འདི་ན་ཡོད།།
དབྱིན་ཇི་སྐད་ཡིག་དེ་ལ་ཁག་ཅིག་བཞག་སྟེ།།
གཟན་ཤམ་དམར་བོའི་ལུས་དེ་བརྗེད་ནས་འགྲོ་བའི།།
ཁ་སང་དེ་རིང་རྡ་སའི་རི་གྲོང་འདི་ཡི།།
ལུས་པོ་གྲྭ་བ་སེམས་པ་གྲོང་པ་ཅན་ཚོ།།
ལུས་ལ་གོང་ཆེན་དྲི་ཞིམ་ཆུ་ཞིག་གཏོར་ནས།།
སྐྲ་ལོ་ཐུང་ཐུང་དེ་ཡང་གྱེན་དུ་སློང་བཞིན།།
དབྱིན་མོའི་རྐུབ་ན་འདུར་བའི་སྟོན་པའི་རྗེས་འཇུག།།
རྡ་སའི་བོད་པ་ཚང་གི་རྒྱན་དུ་གྱུར་ཡོད།།
ཞོགས་པ་འཇར་པན་མཛེས་མའི་གདོང་ན་ལུས་འདུག།།
དགོང་དྲོ་ཨ་རིའི་བུ་མོའི་རྐུབ་ན་ལྷག་པས།།
སྐྱབས་འགྲོ་བློ་ན་མེད་པའི་དེང་གི་གྲོང་ན།།
གྲྭ་གཟུགས་ལ་ལར་མི་ཁོམ་རྔུལ་ནག་ཁྲོམ་ཁྲོམ།།
སྐྲ་ལོའི་རིང་ཐུང་མི་བལྟ་དེང་གི་བུ་མོ།།
གྲྭ་བའི་ལོ་རྒྱུས་མི་རྟོགས་ནུབ་ཀྱི་མཛེས་མ།།
གཟན་ཤམ་རིན་ཐང་བོར་བའི་གྲྭ་བ་ལ་ལ།།
ན་ནིང་དོ་ཚིགས་རྡ་སའི་གསར་འགྱུར་རེད་འདུག།
དགེ་བའི་བཤེས་གཉེན་མཐོང་ན་དད་པ་སྐྱེས་གི།
སེར་འབྲས་དགེ་གསུམ་བསམ་ན་བདེ་བ་ཆེ་ཡང་།།
འཁོར་བའི་གྲོང་ལ་ཤོར་བའི་གྲྭ་རྒོད་ལ་ལར།།
མིག་གིས་མཐོང་བ་ཙམ་གྱིས་ཡི་ག་ཆད་གི།
ཁ་པར་ཨང་གྲངས་ཡོད་ཚད་བུ་མོའི་མིང་རེད།།
ཉིན་མཚན་གཉི་ཀར་འགྲོགས་ས་སྨན་ཆུང་དག་རེད།།
ད་དུང་ཁྲོམ་དང་སྲང་ན་མིག་ཟུང་རིག་རིག།
མགོ་འཕང་མཐོ་རུ་འདེགས་པའི་ཚུལ་ལ་ལྟོས་དང་།།
གྲྭ་བ་ཕལ་ཆེར་བསྟན་པའི་བདག་པོ་ཡིན་ཡང་།།
གྲྭ་རྒོད་ལ་ལ་འཁོར་བའི་གྲོང་ལ་འཚང་ཐལ།།
དབྱིན་ཇི་ཚང་མ་དབྱིན་དགེ་བྱས་ན་ཆོག་མོད།།
སྐྲ་ལོ་རིང་བོ་འཚོལ་བར་ཡིད་རེ་སྐྱོ་གི།།
ཕྱི་སྐད་ཐ་ཐོར་སྦྱོང་མཁན་ཁོང་ཚོ་རེད་འདུག།
བུ་མོར་ཁ་རྩོག་ཤོད་མཁན་ཁོང་ཚོ་རེད་ཟེར།
ནང་ནས་མོག་མོག་བཟོ་བའི་གོམས་སྲོལ་ཁྲོད་ན།།
ཁོང་ཚོ་རྡ་སའི་རི་ཡི་ལོ་ཙྭ་རེད་འདུག།
བུ་མོར་མིང་སྲིང་སྒྲིག་ལ་ཁོང་ཚོ་དགའ་གི།།
སྐད་རིགས་འདྲ་མིན་སློབ་ལ་ཁོང་ཚོས་འབད་གི།
ཁོང་ཚོར་མི་དགའ་མི་ལས་ཅི་ཡང་མེད་པས།།
ཐ་ན་གཟན་ཤམ་དམར་བོ་རྕེད་སྤྱད་བྱེད་གི།
དབྱིན་ཇི་འགྲོ་སའི་ཟ་ཁང་ཁོང་ཚོས་ཤེས་ཐལ།།
བུ་མོ་མང་སའི་འཛིན་གྲྭར་ཁོང་ཚོ་འགྲོ་གི།།
མཚམས་རེར་ཁོང་ཚོ་ཆང་ཁང་ནང་ལ་འཛུལ་ནས།།
དབྱིན་ཇི་བུ་མོར་ཤབ་ཤུབ་ཁ་བརྡ་འཆད་གི།
སྲིང་མོ་གུང་གསེང་བླངས་ནས་ཁེར་འདུག་བྱེད་གི།།
དབྱིན་མོ་ནང་ལ་བོས་ཏེ་ཁེར་འཁྲིད་བྱེད་གི།།
ལན་རེར་ཁོང་ཚོ་ནམ་ཕྱེད་མགྲོན་ལ་འགྲོ་གི།།
སྐབས་རེ་མཆོད་འབུལ་ཚོགས་ལ་འདུར་ནས་འགྲོ་གི།
ཕྱི་ལོ་ ༢༩༡༢ ་ལོའི་ ༡༠ ་ཚེས་ ༢ ་དགོང་མོ་བྲིས།
རེབ་ཐོག་མདས་ལེགས་པར་གསུངས་པ་ལ་མངོན་པར་བསྟོད་དོ།།
གྲྭ་མང་དེ་འདྲ་མིན་ཡང་།།
ཡང་ཅིག་འདི་འདྲ་འདུག་གཤིས།།
གཤིས་ལུགས་ངན་པ་དེ་དག །
དག་ཐེར་མཛད་ན་ལེགས་སོ།།
སྐྲ་རིང་མེད་ན་དབྱིན་མོ་མི་རེག་ཅིང་། །
གཟན་ཤམ་དོར་ན་སྦྱིན་བདག་མི་རྙེད་ལ། །
དྷ་སའི་གྲྭ་རྒོད་གྲོང་བའི་གཉའ་གནོན་ཚོར། །
ཅི་ལྟར་སྡིག་ཀྱང་ཚོར་མེད་གླང་རྒན་ཉིད། །
དང་བའི་དད་པས་གྲྭ་པ་བྱས། །
དགའ་བའི་སྡིག་གྲོགས་སྤྱོད་ངན་བསླབས། །
ཁྱིམ་པའི་ཉེས་དམིགས་ཁ་ཡབ་ཡབ། །
བཙུན་པའི་འདུལ་ཁྲིམས་ཁོག་ལྷོད་ལྷོད། །
བཙུན་པས་ཨི་མོར་འགྲོགས་པ་མཐོང་། །
གྲྭ་པས་ཆང་ཁང་འགྲིམས་པ་མཐོང་། །
དགོངས་དྲོ་མོ་དང་འདྲིས་མཐོང་བས། །
གྲྭ་མིང་གྲོང་གཟུགས་སྨྲ་ཐལ་ཤོར། །
ཕྲག་དོགས་མིན་པར་ཤོག
རང་ཉིད་ཀྱང་དེ་འདྲ་མིན་པར་ཤོག
རང་རྣམ་མིན་པར་ཤོག
ཕྲག་དོག་རླུང་གིས་བསྒུལ་བ་མ་ཡིན་པར།།
ཕན་སེམས་ཁོ་ནས་ཡིན་ན་ཡི་རང་ཡོད།།
འོན་ཀྱང་དེང་སང་རང་གིས་མ་འཇོན་ན།།
གཞན་ལ་ཕྲག་དོག་བྱེད་པའི་སྐྱེ་བོ་མང་།།
ཆུ་ཐིགས་སྔོན་མོ་གྲྭ་བའི་གཟུགས་སུ་བརྫུས།།
ནུབ་གླིང་བུ་མོ་མཚན་མོའི་གྲོགས་སུ་བསྟེན།།
ཡང་དག་བསྟན་པར་གནོད་པའི་ལས་མེད་ཀྱང་།།
དྲང་བོའི་ཚིག་གཅིག་སྨྲ་བ་འགོག་ཐབས་བྲལ།།
khabdha@gkil.com ཁ་བྱང་འདིའི་སྒང་ལ་རྩོམ་ཡིག་ཁ་ཤས་བསྐུར་བ་ཡིན་མོད་ཁ་བརྡ་དྲ་ཚིགས་སུ་གཅིག་ཀྱང་བཀོད་མ་སོང་། འོན་ཀྱང་ཁྱེད་ཅག་ལ་མ་འབྱོར་བ་རེད་དམ་རྩོམ་སྒྲིག་པས་ལན་ཅིག་སྐྱོན་རོགས།།
འཚོ་བ་དངོས་ཀྱི་སྙན་ངག་རང་རེད། རྡ་སའི་རི་གྲོང་གི་སྙན་ངག་ངོ་སོ་མཐོ། ཨ་མདོ་གྲོང་གསེབ་སྐད་གྲགས་འདུག །ཨ་མདོ་བ་རྐྱང་ཨེ་ཡིན།?
ཨིན་མོ་རུམ་པས་བསྟན་པ་འཇིག་དོན་ཅི། །
ཨིན་ཇི་སྦྱངས་པས་བསྟན་པར་གནོད་དོན་གང་། །
དྲི་ཞིམ་བྱུགས་པས་བསྟན་པ་ཞིག་དོན་ཅི། །
བསྟན་པར་ཤ་ཞན་ཅན་གྱིས་བཤད་པར་འོས། །
སེ་རར་སྡོད་པས་བསྟན་པར་ཕན་ཐོགས་ཅི། །
འབྲས་སྤུངས་ཞུགས་པས་བསྟན་པར་སྨན་སྟངས་གང་། །
དགའ་ལྡན་གྲྭ་པས་རྒྱལ་བསྟན་སྒྲེང་ལུགས་གང་། །
དགེ་ལུགས་གྲྭ་པ་ཁྱོད་ཀྱིས་བཤད་པས་རིགས། །
ཡག་པོ་བྱུང་། རྡ་སའི་གྲྭ་བ་དང་། ལྡི་ལི་གྲྭ་བ། བལ་ཡུལ་མཆོད་རྟེན་འགྲམ་ལ་ཉུལ་བའི་གྲྭ་བ་ཚོས་ཞབས་འདྲེན་བཞག་པ་ནི་ཚོད་མེད་ཅིག་རེད། ཕུང་གསུམ་པ་དེ་ཚོ་་་་་་་་་་་་་་་་་་་་་་་་་་་་་་་་
ཨོ་ཉི་རྡ་སའི་གྲྭ་པ་རེད། །
རྡ་རམ་ས་ལར་སྡོད་མྱོང་ཡོད། །
ཨོ་ཉི་རྡིལིའི་གྲྭ་རྒོད་རེད། །
རྡིལིར་ཡུན་རིང་སྡོད་མྱོང་ཡོད། །
ཨོ་ཉི་བལ་ཡུལ་གྲྭ་པ་རེད། །
མཆོད་རྟེན་སྐོར་བ་རྒྱབ་མྱོང་ཡོད། །
ངའི་མཆན་སྒོ་བརྒྱགས་དགོས་པའི་རྒྱུ་མཚན་ཞིག་ངེས་པར་དུ་ཡོད་པ་ཞུ།
ཨ་མདོའི་གྲོང་ན་སྐྱ་མིན་སེར་མིན་མང་།།
གཅིག་གིས་གཅིག་ལ་ཕྲོག་དོགས་བྱེད་མི་མང་།།
དེ་ཡི་བར་ནས་ཁེ་གྱོང་རག་ནི་མང་།།
དྲིན་ཆེན་ཆ་བོ་དེ་མོ་མ་བྱེད་རོགས།།
ཨ་མདོའི་གྲོང་ནས་ཐར་བའི་ཐམས་ཅད་པོ།།
འགྲོ་ས་འདུག་ས་ཕྱི་གླིང་རྒྱ་ཁབ་ཀུན།
རང་ཁ་རང་གསོ་ཐུབ་པའི་ལམ་ན་ཡོད།
ཕྱིར་ལ་དགོན་པར་འགྲོ་ནི་གཅིག་ཀྱང་མེད།
རང་གི་སྡོམ་པ་ཤོར་བ་ཉིད་ཙམ་ལས།།
སངས་རྒྱས་བསྟན་པ་ཞབས་འདྲེན་ཅི་ལྟར་ཞུ།
དབྱིན་མོ་བོད་མོ་སུ་ཡིན་གང་ཞིག་ལ།།
ཐོད་པའི་ལས་ཡིག་བཙལ་བ་སྔོན་བསགས་རེད།
གྲྭ་གྲོང་དཀྱུས་མ་ཚང་མས་ཤི་རེ་བྱོས།།
མ་འོངས་འཚོ་རྟེན་ད་ནས་བསམ་བློ་ཐོངས།།
གཅིག་གིས་གཅིག་ལ་དཔུང་གྲོགས་གང་ཐུབ་བྱོས།།
རྡ་ས་འདུག་ས་མིན་པ་ཤེས་བར་མཛོད།
ཨོ་ཉི་ལགས།
ད་དུང་དེས་ག་ལ་ཚད་དེ། ཀ་རྡོར་སྒང་གསུམ། གཞན་ཡང་འབྲུག་དང་་་་་་གྲངས་མེད་རེད་ད་་་།
ཨོ་ཉི་ལ་ཁག་མེད། ཁོ་རང་ཁོར་ཡུག་དེ་རྒྱུད་ནས་ཐོན་པ་མ་ཟད་ཁོ་རང་གི་སྤུན་ཆུང་ཡང་ཁོར་ཡུག་དེ་ནས་མཐར་ཕྱིན་པ་ཞིག་ཡིན་པས། ཁོང་སྤུན་གཉིས་ལ་སྡ་ས་དང་བལ་ཡུལ་སོགས་ནི་བཀའ་དྲིན་ཆེན་པོ་ཡིན།
ཚང་ཚང་ཟེར་བ་ཇག་ཚང་ཨེ་མ་རེད།
རང་དབང་།
ཨ་ོརོགས་ཚོ་ཟེར་རྒྱུ་ཨེ་གདའ། རྒྱ་ཚང་ལ་ཆོས་དད་རང་མོས་དགོས་ཟེར་རྩོད་བཞིན་པ་མ་རེད་པས། དེ་རེད།
ཤི་གསོན་དད་རྫས་ཐོབ་ཚེ་སྐྱ་ཆས་བཞེས།
དད་རྫས་དངུལ་དངོས་རྫོགས་ཚེ་གྲྭ་ཆས་བསྣམས།
དཀོར་དངུལ་ཡོད་ཚེ་ཆང་ཁང་ཞབས་གཞེས་སྐྱོན།
དཀོར་དངུལ་རྫོགས་ཚེ་ཚོགས་དང་ཆོས་རར་ཕེབས།
དེ་ཚོ་ཆོས་དད་རང་དབང་བདེ་སྐྱིད་རེད།
དེ་ཚོ་སྐྱེས་བུ་དམ་པའི་གསང་སྤྱོད་རེད།
དེ་ཚོར་མ་འཁངས་དད་ན་ཁེ་བཟང་རེད།
སྐྱོན་བརྗོད་བྱས་ཀྱང་ཕན་པ་དཀའ་བས་ན།
རང་ཉིད་དམྱལ་བ་འགྲོ་བའི་རྒྱུ་ལས་མེད།
དེ་བས་སྡུག་སྐད་མ་རྒྱག་ཁ་རོག་བཞུགས། །
སྟོན་པའི་སྐུ་བརྙན་དང་ལྷ་ཁང་སོགས་མེར་སྲེག
རྒྱ་གར་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་རྡེ་ཤིའི་ཁ་ཆེ་ཡུལ་མི་ཚོས། ནང་པ་གྲངས་ཉུང་མི་རིགས་གནས་སྡོད་བྱེད་སའི་ས་ཁུལ་ཁག་གི་ནང་པའི་ལྷ་ཁང་དང། དགོན་སྡེ་བཅུ་གཉིས། དེ་བཞིན་ཁང་པ་དང་ཚོང་ཁང་བརྒྱ་སྐོར་ཙམ་མེར་སྲེག་གཏོར་བཤིག་བཏང་དང་།
ས་གནས་ནང་པ་ཡུལ་མིར་རྒྱུ་དངོས་འཕྲོག་བཅོམ་བྱས་ཡོད་པས། ད་བར་ཡུལ་དེའི་སྐོར་སྲུང་བས་ཁ་ཆེ་མི་གྲངས་༣༠༠ ལྷག་འཇུ་བཟུང་བྱས་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡, ༢, ༣ བཅས་ལ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། བྷང་ལ་རྡེ་ཤིའི་ནང་པ་ཕོ་གསར་ཞིག་གིས་ཁ་ཆེའི་དཔེ་ཆ་ (Quran) མེར་བསྲེག་གཏོང་བའི་པར་ཞིག་དང། དཔེ་ཆ་དེའི་ཤོག་བུ་གཅིག་ཆབ་ཏོག་ནང་གཡུགས་ནས་ཆུ་བླུགས་པའི་པར་སོ་སོའི་ངོ་དེབ་ (FaceBook) ཐོག་བཅུག་པའི་དོན་རྐྱེན་གྱིས། ཁ་ཆེ་ཡུལ་མི་༢༥༠༠༠ ཡས་མས་ཤིག་གིས་དྲག་པོས་ངོ་རྒོལ་གཏོར་བཅོམ་བྱས་ཡོད་པ་རེད། རྒྱལ་ཁབ་ཀྱི་དམག་མི་དང་སྐོར་སྲུང་བས་ནང་པ་གྲངས་ཉུང་མི་རིགས་གནས་སྡོད་བྱེད་སའི་ས་ཁུལ་རྣམས་སྲུང་བཞིན་ཡོད་པ་རེད།
བྱུང་རྐྱེན་དེའི་བརྒྱུད་རིམ་ནང་པ་མང་པོ་ཞིག་ས་ཆ་བརྟན་སར་འབྲོ་ཐུབ་ནས། ད་ལྟའི་ཆར་མི་ཤི་སྲོག་སྐྱོན་སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མེད་པ་འདྲ།
བྷང་ལ་རྡེ་ཤིའི་སྲིད་གཞུང་གིས་དོན་རྐྱེན་དེ་ཕྱོགས་འགལ་ཚོགས་པ་དང། འབར་མ་ནས་བྷང་ལ་རྡེ་ཤིར་སྐྱབས་བཅོལ་དུ་ཡོང་བའི་རྭོ་ཧིན་ཡའི་གྲངས་ཉུང་ཁ་ཆེ་མི་རིགས་ཚོ་ཡིན་ལུགས་ཀྱིས་སྐྱོན་བརྗོད་བྱས་པ་དང་ཕྱོགས་མཚུངས། གྲངས་ཉུང་ནང་པ་ཚོའི་བདེ་འཇགས་སྲུང་རྒྱུ་ཡིན་ལུགས་དང། དེ་དང་འབྲེལ་དམག་མི་དང་ཉེན་རྟོག་པ་འབོར་ཆེན་ནང་པ་རྟེན་གཞི་བྱེད་སའི་ས་ཁུལ་ཁག་ཏུ་བཏང་ཡོད་འདུག
ད་ལྟ་སྦང་ལ་རྡེ་ཤིའི་ནང་པའི་ཕོ་གསར་དེ་གར་སོང་ཆ་མེད་ཡིན་པ་དང། མ་གབ་སྔོན་ས་གནས་གསར་ཁང་དུ་གནས་ཚུལ་དེའི་ཐོག་ཁོང་ལ་ལན་པ་གང་ཡང་མེད་ཅེས་བརྗོད་ཡོད་འདུག ཁོང་གིས་མུ་མཐུད། པར་དེ་དག་ནི་མི་ག་གེ་མོ་ཞིག་གིས་ངའི་ངོ་དེབ་ནང་བཅུག་(tag) པ་ལས། ང་དེ་དང་འབྲེལ་བ་རྩ་ནས་མེད་བཅས་བརྗོད་འདུག ཁོང་གི་ཨ་མ་དང་སྲུ་མོ་གཉིས་ད་ལྟ་ཉེན་རྟོག་པས་སྲུང་སྐྱོབས་བྱེད་བཞིན་ཡོད་པ་རེད།
སྤྱིར་འདས་པའི་རིང་སྦང་ལ་རྡེ་ཤིའི་ཁ་ཆེ་དང་ཧིན་རྡུའི་བར་མི་གསོད་ཁྲག་སྦྱོར་ཁ་ཤས་བྱུང་ཡོད་ཀྱང། ༡༩༧༡ ལོར་སྦང་ལ་རྡེ་ཤིར་རང་བཙན་ཐོབ་ནས་ཁ་ཆེས་ནང་པར་བརྙས་བཅོས་བྱས་པ་དེ་ཕལ་ཆེ་དང་པོ་ཆགས་ཀྱི་ཡོད་པ་རེད།
ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་སྦང་ལ་རྡེ་ཤིར་ནང་པ་དར་སྤེལ་ཤུགས་ཆེ་སོང་ཡོད་ཀྱང། ད་ལྟའི་ཆར་སྦང་ལ་རྡེ་ཤིིའི་མི་འབོར་ས་ཡ་བརྒྱ་དང་ལྔ་བཅུ་ལྷག་ནས་ནང་པ་འབུམ་གསུམ་ཡས་མས་ཤིག་ལས་མེད་པ་རེད།།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༢, ༡༠, ༣’ )
གནས་ཚུལ་འདི་་བདེན་པ་རེད་དམ་་་་ཡིན་ང་ཚོས་ད་རུང་ཚ་བ་མདའ་སྨྱུགས་མ་བསད་་པར་བཞག་ཡོད་པ་བདེན་ནམ་་་་། ཁ་ཆེ་ཚོས་ལུགསདོན་འདི་ལྟར་བྱེད་་ན་ཚོས་ཚ་བ་མདའ་སྨྱུགས་དང་ཞོག་དུང་་གསོན་བཤའ་བྱས་ཀྱང་ཆུང་ཆུང་རེད།
གནས་ཚུལ་འདི་་བདེན་པ་རེད་དམ་་་་ཡིན་n ང་ཚོས་ད་རུང་ཚ་བ་མདའ་སྨྱུགས་མ་བསད་་པར་བཞག་ཡོད་པ་བདེན་ནམ་་་་། ཁ་ཆེ་ཚོས་ལུགས་པ་ཚོས་ཆོས་ལུགས་ཀྱི་དོན་ལ་་འདི་ལྟར་བྱེད་་ཐུབ་ན། ང་ཚོས་ཚ་བ་མདའ་སྨྱུགས་དང་ཞོག་དུང་་གསོན་བཤའ་བྱས་ཀྱང་ཆུང་ཆུང་རེད།
རེབ་ཐོག་མདའ་དང་། ཨོ་རྒྱན་ཉི་མ་གཉིས་ཀྱིས་རྡ་སའི་རི་གྲོང་གི་ཕོ་རྒོད་ཚོ་སྡོད་བཅུག་ས་མ་རེད།
རང་ལ་གནོད་པའི་ཚིག་མཚོན་བྱུང་ན་རིགས་པ་སྨྲ་བ་ཚོས་རིགས་པས་ཚར་གཅོད་བྱེད་ལ། རྨོངས་པ་ལྐུགས་པའི་ངང་ཚུལ་འཛིན་པ་དག་གིས་ཀྱང་གཞན་གྱི་ཚེ་སྲོག་ལ་བརྣག་པའི་སྦྱོར་བ་རྩོམ་པ་ལས་ཐབས་གཞན་ཅི་ཡོད། ཨ་ཙ་མ། ད་ནང་པ་ཡིན་ཟེར་མཁན་དེ་ཚོས་མུ་སྟེགས་པའི་རྗེས་སུ་འབྲེང་བར་མོས་པ་འཕེལ་བཞིན་འདུག་བས་་་་་། གོང་དུ་བཤད་པ་ད་གར་རང་ལག་ལེན་བྱ་དགོས་ན། དེས་ན་གོང་ས་མཆོག་གིས་ཞལ་ནས་འཚེ་མེད་ཞི་བདེ་དང་་་་་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་་་་ཞེས་གསུངས་བཞིན་པ་དང་་་་་ནང་པའི་ཆོས་གཞུང་དག་ལས་་་་་་རང་བས་གཞན་གཅེས་སོགས་་་་་མང་དུ་གསུངས་པ་དག་ལག་ལེན་མེད་པའི་འཇའ་ཚོན་ནང་བཞིན་དུ་གྱུར་པ་མ་ཡིན་ནམ།
ད་ཆ་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ། ཚ་བ་མདའ་སྨྱུག་དང་ཞོག་དུང་སོགས་ལ་གནོད་འཚེ་གང་ཡང་བྱེད་དགོས་ཡོད་པ་མ་རེད། གང་ཡིན་ཟེར་ན། སངས་རྒྱས་པའི་ལྟ་གྲུབ་ནི་རིགས་པ་སྨྲ་བའི་ཆོས་ལུགས་ཤིག་ཡིན་པས། ལུང་རིགས་ཀྱི་རྒྱལ་ཕམ་ལ་བརྟེན་ནས་ཤན་འབྱེད་དགོས་པར་བརྟེན། ཁོ་བོའི་གྲོགས་པོ་ཞིག་ནས་ལན་མང་ཆེ་བ་སྐྱོན་ཟིན་འདུག་པས། མི་རིང་བར་དྲ་ཐོག་ཏུ་འདོན་འཆར་ཡོད་པ་བཅས་སོ།།
ནང་པའི་ཆོས་གཞུང་ནས་གསུངས་པའི་ལྟ་སྤྱོད་དང་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་སྤྱོད་གཉིས་ཀྱི་བར་ལ་རྒྱབ་འགལ་ཞིག་ཡོད་ཚོད་འདུག ཁོ་ཚོས་དེ་ལྟར་བྱས་པ་དེ་ཁོ་རང་གི་ཆོས་དང་མཐུན་ཡོད་པས་དེ་ལྟར་བྱེད་པའི་སྤོབས་པའང་ལོས་ཡོད། ང་ཚོས་དེ་ལྟར་བྱས་ན་ང་ཚོའི་ཆོས་དང་མི་མཐུན་པས་བྱེད་མི་རུང་ལ་བྱེད་པའི་སྤོབས་པའང་མེད། ཚང་མ་ལད་མོ་དགའ་བའི་རིང་ལུགས་འཛིན་པ་དག་ནི་རང་ཚུགས་མེད་པའི་ངན་རྟགས་ལས་ཅི་ཡང་མིན་པར་སོམས་ཤིག
ཁོ་བོའི་གྲོགས་པོ་ཞིག་ནས་ལོག་རྟོགས་སྟོབས་ལ་ལན་མང་ཆེ་བ་སྐྱོན་ཟིན་འདུག་པས། ནོར་བཅོས་ཡོང་བཞུ།
རྡ་སའི་གྲྭ་རྒོད་ཚོ་འཇོན་དྲགས་ནས་ཕོ་གསར་ཚོ་སྡུག་སྐད་ཤོར་བཞིན་ཡོད་པའི་གནས་ཚུལ་དོན་དངོས་དེ་རེད་བཞག ངའི་གྲོགས་མཆེད་ཀྱང་འདིའི་ནང་དུ་ཚུད་མེད་པར་ཤོག
མཆན་༨ འདེབས་མཁན་འཇིགས་མེད་འོད་ལྡན་ལགས། ཁྱེད་ཀྱིས་ཁ་བརྡར་རྩོམ་བསྐུར་སའི་ཁ་བྱང་དེ་ནོར་འདུག ཁ་བརྡར་འབྲེལ་བ་བྱ་སའི་ཁ་བྱང་ནི་ khabdha(at)gmail.com འདི་ཡིན་ལ། དེ་མིན་ཁ་བརྡའི་གཡས་ཕྱོགས་སུ་ཡོད་པའི་༼ཁ་བརྡ་ལ་འབྲེལ་བ་བྱེད་པ༽དེར་གཟིགས་འཚལ།
ངོ་ནས་བཤད་ན། གྲྭ་བཅས་ནི་བཙུན་པ་ཚུལ་ཁྲིམས་དང་ལྡན་པ་རྣམས་གྱི་གོན་པ་ཡིན་པ་དང། རབ་བྱུང་མ་ཡིན་པ་ཞིག་ཡིན་ན་ངེས་པར་དུ་གོས་དཀར་པོ་མ་གཏོགས། གྲྭ་བཅས་གོན་མི་ཆོག་པར་སངས་རྒྱས་གྱིས་གསུངས་བར་མ་ཟད་སྐྱབས་མགོན་རིན་པོ་ཆེས་ཡང་ནས་ཡང་དུ་གསུངས་ན་ཡང། ད་དུང་བླ་མའི་མིང་ཅན་གྱི་གྲྭ་ལོག་དང་སྡོམ་པ་སྲུང་མི་ཐུབ་པའི་ཁྱིམ་པ་ཁ་ཤེས་ཀྱིས་གྲྭ་ལ་གོན་ནས་འགྲོ་བ་འདི་ནི་ཞབས་འདྲེན་རེད། དེ་ལྟར་ན་གཞན་གྱིས་སྲོག་གཅོད་སྤོང་བར་ཁས་འཆེ་བའི་ཁྱིམ་པ་ཡོད་ཚད་གྱི་གྲྭ་ལ་གོན་བཞག་ན་ཅིས་མི་ཆོག། དགན་མོ་ལ་གཡབ་མཁན་ཞིག་ཡིན་ནས་བཟུང་སྟེ། དབྱིན་མོ་དང་རྒྱ་མོ་ལ་ཁྱད་མེད་ཅིང། དེ་ལ་མང་ཉུང་སོགས་གྱི་ཁྱད་པར་གང་ན་ཡོད། དེ་ནི་རང་ཉིད་འཇོན་མི་འཇོན་ལ་རག་ལས་པས། དེ་ལ་ཕྲེག་ཏོག་ཟ་དོན་མེད། འཇོན་ན་སུ་ཡིན་ན་ཆང་ཁང་དང་གཞང་ཁང་གང་གི་ནང་དུ་འགྲོ་ས་རེག་ན་རྒྱུགས་ངེས་རེད་དོ། དེ་ལས་བཙུན་པ་ཡིན་མདོག་བསྟན་ནས་འགོ་རིས་བཟོས་ནས་རྫུན་མ་འཁྲབ་མཁན་བྱུང་ན། དེ་ནི་ངེས་གོ་སོང་ངེས་རིག་སོང་ལབ་ན་བཤད་རྒྱུ་ཅུང་མེད་འགྲོ། སངས་རྒྱས་གྱིས་བསྟན་པ་ལ་ཤ་ཚ་ཡོད་ན་ངེས་པར་དུ་རྒྱུད་ན་རབ་བྱུང་གི་སྡོམ་པ་མེད་པར་རབ་བྱུང་གི་རྟགས་འཆང་ནས་གཟན་ཤམ་རེ་གོན་ནས་འགྲོ་བ་འདི་རྣམས་ནི་དགག་འོས་པ་ཡིན། ཁོང་རྣམས་གྱི་གོན་པའི་སྐལ་བ་ནི་གོས་ཁ་ཏོག་དཀར་པོ་ཡིན་པར་སངས་རྒྱས་གྱིས་གནང་ཡོད་པ་མ་གཏོགས། གྲྭ་བཅས་ནི་གཏན་ནས་གནང་མེད་པས། ་ཁོང་རྣམས་གྱིས་གྲྭ་བཅས་གོན་པ་ནི་མ་གུས་པ་ཆེན་པོ་ཡིན་པས་དགག་རིགས་སོ།
ལོག་རྟོགས་སྙིང་སྟོབས་ལ་གནད་དུ་ཕོག་པའི་ལན་ཞིག་ཡོད་པར་རེ་སྒུག་བྱེད་བཞིན་ཡོད།
ད་ཆ་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ། ཚ་བ་མདའ་སྨྱུག་དང་ཞོག་དུང་སོགས་ལ་གནོད་འཚེ་གང་ཡང་བྱེད་དགོས་ཡོད་པ་མ་རེད། གང་ཡིན་ཟེར་ན། སངས་རྒྱས་པའི་ལྟ་གྲུབ་ནི་རིགས་པ་སྨྲ་བའི་ཆོས་ལུགས་ཤིག་ཡིན་པས། ལུང་རིགས་ཀྱི་རྒྱལ་ཕམ་ལ་བརྟེན་ནས་ཤན་འབྱེད་དགོས་པར་བརྟེན། ཁོ་བོའི་གྲོགས་པོ་ཞིག་ནས་༼ལོག་རྟོགས་སྙིང་སྟོབས་༽ལ་ལན་མང་ཆེ་བ་ཞིག་སྐྱོན་ཟིན་འདུག་པས། མི་རིང་བར་དྲ་ཐོག་ཏུ་འདོན་འཆར་འདུག་ན་དགྱེས་གཟིགས་ཡོད་པ་ཞུ།། གོང་གི་དེར་ཡི་གེ་ཁ་ཤས་ཆད་འདུག་དགོངས་འགལ་མེད་པ་མཁྱེན།
བོད་བརྒྱུད་ནང་བསྟན་སྐོར་དེང་སང་ལབ་གླེང་མང་པོ་བྱུང་དོན་ཡང་ཁོང་རྣམ་པའི་མཛད་འཕྲིན་གྱིས་ཡིན་སྲིད། གང་ལྟར་རྒྱ་ནག་དམར་པོས་ང་ཚོའི་བསྟན་པ་འདིར་སྐྱོན་བྱེད་ཐུབ་ཀྱི་མ་རེད་དེ། ང་ཚོའི་བསྟན་པ་འདི་སྐྱ་མིན་སེར་མིན་ཁོང་རྣམ་ཚོས་བསྣུབས་ངོ་མ་རེད་སྙམ། དེའི་སྐོར་བསམ་ཚུལ་གནང་བ་ཡག་བྱུང་། ཡིན་ནའང་སོ་སོའི་འགན་སོ་སོས་ཁུར་ནས་གསུངས་དགོས་པ་དེ་ལས་གལ།
གྲྭ་ཆས་དེ་རབ་བྱུང་གི་ཆས་མ་རེད་དོ།།
འོ་ན་རབ་བྱུང་གི་ཆས་ག་རེ་རེད།
སྡོམ་པ་སྟོང་ཚར་ཡང་གྲྭ་ཆས་གོན་ནས་གྲྭ་པར་མཚན་ཤས་བཟོ་མཁན་དེ་དག་གྲྭ་པ་ག་ལ་ཡིན། གྲྭ་པ་ཟེར་བ་དེ་གཙོ་བོར་རང་རྒྱུད་ལ་སྡོམ་པ་ལྡན་མི་ལྡན་ལ་འཇོག་དགོས་པས། སྡོམ་ཤོར་ཚར་བ་དེ་དག་ནི་མི་སྐྱ་གྲྭ་ཆས་གོན་མཁན་ནམ་གྲྭ་ལོག་ཡིན་པ་ལས་གྲྭ་པ་མ་རེད། དེ་རིགས་ལ་གྲྭ་པ་ཞེས་པའི་ཐ་སྙད་དེ་ཐོགས་ཀྱི་མ་རེད། དེ་ཚོ་སྡོམ་ཤོར་བ་དེ་འདྲ་རེད། ཁོང་ཚོས་སྡོམ་པ་ཤོར་ཚར་ཡང་གྲྭ་ཆས་མུ་མཐུད་ནས་གོན་པས་དེ་ནི་གཟིག་ལྤགས་བཀབ་པའི་བོང་བུ་དེ་གཟིག་མ་ཡིན་པ་དང་མཚུངས་པས། དེ་རིགས་ལ་གྲྭ་པ་ཞེས་པའི་མིང་དེ་སྦྱར་ན་འཐད་པ་མི་འདུག
གཟིག་ལྤཊ་བཀབ་པའི་བོང་བུ་དག།
བོང་བུ་ལས་ནི་གཟིག་མིན་ལྟར།།
སྡོམ་ཤོར་གྲྭ་ཆས་གོན་མཁན་དག།
གྲྭ་ལོག་ཡིན་ལས་གྲྭ་དངོས་མིན།།
དེས་ན་སྡོམ་ཤོར་དེ་དག་ལ།།
གྲྭ་ལོག་ཅེས་བྱ་འབོད་པ་ལས།།
གྲྭ་པ་ཟེར་ན་མི་འགྲིག་སྟེ།།
དེ་ཚོ་སྡོམ་ཤོར་ཡིན་པས་ཕྱིར།།
འདི་དག་རེད། རབ་ཏུ་བྱུང་བ་རྣམས་ལ་ལུས་འཚོ་བའི་ཆེད་དུ་འཆང་བར་གནང་བའི་རུང་བ་ཚད་ལྡན་གྱི་གོས་ལ། སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྔུལ་གཟན། རྔུལ་གཟན་གྱི་གཟན། གདོང་ཕྱིས། རྣག་གཟན། གཡན་དགབ། སྐྲ་བཟེད། གདིང་བ། དབྱར་གྱི་གོས་རས་ཆེན་ཏེ་བཅུ་གསུམ་མོ།།
ལགས་སོ་ཐུགས་ཆེ་གནང་། རབ་བྱུང་གི་ཆས་ངོ་སྤྲོད་གནང་བར་དགའ་བོ་བྱུང་།
སྐྱག་པ་ཀེ་ལོ་ལྔ་ཟོས
ཨ་མདོ་བའི་ཨམ་སྐད་རྒྱག་ནས་བྲིས་པའི་རྩོམ་ཡིག་ལ་ནང་སྙིང་དུར་འབྲུ་ཙམ་ཡང་མེད་པ་ངས་སྔ་ས་ནས་ཤེས་ཚར་རེད། ཁོང་ཚོ་ཕྲག་དོག་འབར་མི་དགོས་ས་མེད་པའི་ཕྱིར།
སྔོན་ནང་པའི་བསྟན་པ་དར་ས་རྒྱལ་ཁབ་ཁག་ནང་དུ་དེང་སྐབས་མི་རིགས་གྲང་ཉུང་དང་ནང་ཆོས་གྲང་ཉུང་འགྲོ་བཞིན་པ་འདི་ལ་གསལ་བཤད་གཅིག་གནང་རོགས།
སྤྱང་ཤོས་ཀྱིས་མ་མཁྱེན་ན་གཞན་སུས་ཤེས།
རྣ་བ་བརྒྱད་པ་ངོ་མ་དེ་ཡལ་བའི་ཤུལ་ན་རྫུས་མ་ཞིག་སླེབས་འདུག་
རྫུས་མ་ལ་བརྒྱད་དང་པའི་བར་ཚེག་མིན་འདུག འདིའི་རྣམ་དཔྱོད་དང་བསམ་ཚུལ་རྐང་ཆག་ལག་ཆག་ཏུ་སྣང་ལ་ངོ་མ་དེ་དཔྱོད་ལྡན་ཞིག་ཡིན་པར་འདོད།
དབྱིན་མོ་ཕྱུག་པོ་འཇར་མོ་མཛེས་མ་གཉིས། །
མི་ཡུལ་འདི་ཡི་འདོད་པའི་གཡའ་མོ་ཉིད། །
དེ་ཡིས་བཀུག་པའི་སེམས་པ་རྒོད་པོ་འདི། །
མ་ཐུལ་གང་བྱས་ནོངས་པ་འཐོལ་ལོ་གཤགས། །
ཕྲག་དོག་གི་སྐད་ཆ་ལས་ཅི་ཡང་མི་འདུག གྲྭ་བ་ཚོས་གང་ཞིག་བྱེད་མིན་ནི་ཁོང་ཚོའི་ཐོབ་ཐང་ལས་གཞན་ཞིག་གིས་ཅི་ལྟར་བཤད་ཀྱང་རང་ཚང་སྟོན་བྱེད་ལས་ཕན་ཐོགས་དཀོན། བོད་པ་ཁག་གིས་འགན་འཁུར་མེད་པ་གཞན་གྱི་མི་ཚེ་ལ་ཐེ་གཏོགས་བྱེད་པ་མོས་ཤིང་དེ་ནི་བོད་འདི་བཅིང་བྱེད་ཀྱི་ཐག་པར་འདོད། ཕྱི་ལོག་སྡོད་མཁན་གྱི་གྲྭ་བ་ཚོའི་སྤྱོད་པ་ལ་མི་མོས་ན་ཉམ་ཆུང་གི་གྲྭ་རྐྱང་ཚོ་སློབ་སྦྱོང་དང་སྡོད་ཁང་སོགས་ཀྱི་མཐུན་རྐྱེན་སྦྱོར་དང་། ཁོང་ཚོས་དེ་ལྟར་བྱེད་དགོས་དོན་མེད། དེ་ལྟར་བྱེད་མ་ཐུབ་ཚེ་ཅི་ཙམ་སྙིང་ཁ་ན་ཡང་སྡུག་གྱོང་ལས་ཕན་ཐོགས་མེད་དེ། གློ་བུར་དུ་གྲྭ་བ་ལོག་ན་འཚོ་བའི་མཐུན་རྐྱེན་དང་མི་ཚེའི་ལམ་ཁ་སྤྲད་མཁན་མེད་པ་མ་ཟད་གཞུང་གིས་ཀྱང་གྲྭ་ལོག་ཚོ་ལ་དམིགས་བསལ་གྱི་ལྟ་རྟོགས་མེད་ཅིང་། རྙིང་ཞེན་པ་ཚོས་དེ་བས་སྡང་ཟུག་བྱེད་པས་ཉམ་ཆུང་གི་དགོན་པའི་ཕྱི་རོལ་གྱི་གྲྭ་བ་དང་གསར་ཐོན་གྱི་གྲྭ་ལོག་ཚོ་ལ་མི་ཚེའི་ལམ་ཁ་སུ་ཡིས་སྟོན། ཁོང་ཚོ་མི་ཚེའི་མདུན་ལ་ཡག་པོ་ཞིག་མ་རེག་ན་ཁོང་ཚོ་སྒེར་གྱི་གྱོང་གུད་ཡིན་པ་མ་ཟད་མི་རིགས་ཀྱི་གྱོང་གུད་རེད། སྟབས་མ་ལེགས་པ་ཞིག་ལ་གྱོང་གུད་དུ་ལྟ་མཁན་ཧ་ཅང་གི་ཉུང་ཞིང་ཁོང་ཚོའི་མི་ཚེའི་ལམ་ཁ་ལ་ལམ་ལྷོང་མེད་ན་དགོན་བདག་གི་འདོད་བློ་ཡིན་པ་མ་ཟད། རྨོངས་ཞེན་ཆེ་བའི་བོད་མི་ཡོངས་ཀྱ་བློ་འདོད་རེད། རྒྱུ་མཚན་ནི་ཁོང་ཚོའི་འདོད་བློ་དང་མི་མཐུན་པའི་མི་སུ་ཞིག་ཀྱང་ཐོན་འདོད་མེད་པས་རེད། བདེན་ཏེ། གྲྭ་ལོག་ཅིག་ལམ་ལྷོང་མ་བྱུང་ན་གནས་ཚུལ་དེ་མང་ཚོགས་དང་དགོན་པར་བསྒྲགས་ཤིང་གྲྭ་གཞོན་ཚོ་དགོན་པ་ནས་ཐོན་པ་འཇིགས་སྐུལ་བཏང་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཏུ་ཆགས་པ་མ་ཟད། ནང་མི་སུ་ཞིག་གིས་རང་གི་གྲྭ་བ་དགོན་པ་ནས་ཕྱི་རུ་ཐོན་པར་རྒྱབ་སྐྱོར་བྱེད་པའི་ཀུན་སློང་ལ་འཇིགས་སྣང་སྐུལ་བྱེད་དེ་བས་ཆགས་པས་གྲྭ་ལོག་གི་བྱ་བ་ལམ་ལྷོང་མེད་རྒྱུ་དགོན་གྲོང་གཉིས་ཀྱི་ཞེན་འདོད་རེད། འོན་ཀྱང་། གྲྭ་ལོག་ཚང་མ་ལྐུག་པ་མིན་ཞིང་དེ་ལྟར་བློ་འདོད་བློ་མི་སྐོང་རྒྱུའི་ཐབས་ཤེས་ཡོད་པས་གུ་དོག་པ་ཚོ་ལ་ཕོགས་ཐུགས་བཏང་བ་ཉུང་ཉུང་མིན།
ཕྱོགས་གཞན་ཞིག་ནས་ལྟས་ན་དགོན་པ་ནས་་ཕྱི་རུ་ཐོན་མཁན་གྱི་གྲྭ་བ་ཚོ་ལ་སུ་ཡང་མེད་ཅིང་རྒྱབ་སྐྱོར་བྱེད་མཁན་ཡང་མེད་ཀྱང་། རང་ནུས་ཅི་ལྕོགས་ཀྱིས་གསར་དུ་རྙེད་པའི་བགྲོད་ལམ་ཞིག་ཏུ་ལས་ལ་བརྩོན་པའི་ཀུན་སྤྱོད་ལ་སྐུ་ཉིད་མོས་བ་མེད་ན། ཁོང་ཚོའི་དམིགས་ཡུལ་དང་མཐུན་པའི་འཚོ་བ་སྦྱོར་དང་། གལ་སྲིད་དེ་ལྟར་བྱེད་མ་ཐུབ་ཀྱང་ཁོང་ཚོའི་སྒེར་གྱི་དམིགས་ཡུལ་ལ་རིན་ཐང་སྤྲད་ཅིང་དེ་དང་མཐུན་པའི་རོགས་སྐྱོར་དང་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་རོགས་དང་ལམ་སྟོན་གནང་དང་། དེས་ཕན་ཐོགས་ངེས་རེད། གལ་སྲིད་ཉིད་ལ་དེ་ལྟར་བྱེད་པའི་བསམ་བློ་མེད་ཅིང་བཏང་འདོད་ཀྱང་མེད་ན་གཞན་གྱི་བདེ་སྡུག་ལ་འགན་འཁུར་མེད་པའི་སྐད་ཆ་རེད་ལ་ཕྲག་དོག་དང་གཏི་མུག་གི་སྐད་ཆ་དེ་བས་ཡིན་པས་ག་ཚོད་བཤད་ཀྱང་འཁོན་འཁྲུག་ལས་ཕན་ཐོགས་མེད།
གསེར་འབྲུག་སྡེར་ལྔ་ལགས།
ཁ་བརྡས་ཁྱེད་རང་གི་མཆན་བཀག་བཞག་པ་དེ་འདྲ་མིན། གཤམ་གསལ་གནས་ཚུལ་དག་གིས་ཨིས་མལ་ཁ་བྱང་གཞན་དེ་སྤྱད་པར་ཐད་ཀར་དག་མཆན་མ་རག་པ་དེས་ཡིན།
ང་ཚོས་ཁྱེད་རང་གི་མཆན་གྱི་སྐོར་ལ་ཞིབ་བཤེར་ཞིག་བྱས་པ་ཡིན། ཁྱེད་རང་ནས་ཨིས་མལ་ཁ་བྱང་གཞན་དེ་སྤྱད་ནས་གསེར་འབྲུག་སྡེར་ལྔ་ཞེས་སྨྱུག་མིང་གཅིག་རང་སྤྱད་འདུག་ནའང་། ཡང་ Dorje@hotmail.com འདི་སྤྱད་དེ་༼འཇམ་དཔལ། སྟག་རྒོད་ཤུགས་འཆང་། བརྟུལ་ཞུགས་རྡོ་རྗེ། ཨོ་རྒྱན་རྡོ་རྗེ། ལ་དགས་རྒྱལ་པོ། སྨྲ་བའི་སེང་གེ རྒྱལ་མཚན། སྙིང་མིག ཚངས་སྲས་རྒྱས་པའི་བློ་གྲོས། ཐག་རིང་། གླིང་ཕྲུག་ཚེ་རིང་། གངས་ཕྲུག ཚེ་རིང་། འཇམ་དཔལ། Tenzinlosang རྣམ་སྲས། Testing པད་དཀར་ཕོ་ཉ། གསེར་འབྲུག་སྡེ་ལྔ།༽ཞེས་སྨྱུག་མིང་མང་དག་ཅིག་སྤྱད་འདུག་བརྟེན། ད་ནས་ཁྱེད་རང་གིས་སྨྱུག་མིང་གཅིག་རང་བེད་སྤྱོད་གནང་རོགས་ཞེས་སྟབས་གཅིག་ཏུ་འབོད་སྐུལ་ཞུ་ཡི་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
Khabdha editor
http://www.khabdha.org
http://www.khabdha.com
khabdha@gmail.com
ནོར་བཅོས་དང་ཁ་གསབ། དགོངས་དག གློ་བུར་བྲིས་ཤིང་བཏང་བས་ཆད་ལྷག་ཤོར་འདུག
གྲྭ་བ་ཚོས་གང་ཞིག་བྱེད་མིན་ནི་ཁོང་ཚོའི་ཐོབ་ཐང་ལས་གཞན་ཞིག་གིས་ཅི་ལྟར་བཤད་ཀྱང་རང་ཚང་སྟོན་བྱེད་ལས་ཕན་ཐོགས་དཀོན། བོད་པ་ཁ་ཤས་ཀྱིས་འགན་འཁུར་མེད་པ་གཞན་གྱི་མི་ཚེ་ལ་ཐེ་གཏོགས་བྱེད་པ་མོས་ཤིང་དེ་ནི་བོད་འདི་བཅིང་བྱེད་ཀྱི་ཐག་པར་འདོད། ཕྱི་ལོག་ཏུ་སྡོད་མཁན་གྱི་གྲྭ་བ་ཚོའི་སྤྱོད་པ་ལ་མི་མོས་ན་ཉམ་ཆུང་གི་གྲྭ་རྐྱང་ཚོའི་སློབ་སྦྱོང་དང་སྡོད་ཁང་སོགས་ཀྱི་མཐུན་རྐྱེན་སྦྱོར་དང་། ཁོང་ཚོས་དེ་ལྟར་བྱེད་དོན་མེད། དེ་ལྟར་བྱེད་མ་ཐུབ་ཚེ་ཅི་ཙམ་སྙིང་ཁ་ན་ཡང་སྡུག་གྱོང་ལས་ཕན་ཐོགས་དཀོན་ཏེ། གློ་བུར་དུ་གྲྭ་བ་ལོག་ན་འཚོ་བའི་མཐུན་རྐྱེན་དང་མི་ཚེའི་ལམ་ཁ་སྤྲད་མཁན་མེད་པ་མ་ཟད་གཞུང་གིས་ཀྱང་གྲྭ་ལོག་ཚོ་ལ་དམིགས་བསལ་གྱི་ལྟ་རྟོགས་མེད་ཅིང་། རྙིང་ཞེན་པ་ཚོས་དེ་བས་སྡང་ཟུག་བྱེད་པས་ཉམ་ཆུང་གི་དགོན་པའི་ཕྱི་རོལ་གྱི་གྲྭ་བ་དང་གསར་ཐོན་གྱི་གྲྭ་ལོག་ཚོ་ལ་མི་ཚེའི་ལམ་ཁ་སུ་ཡིས་སྟོན། ཁོང་ཚོའི་མི་ཚེའི་མདུན་ལམ་ཡག་པོ་ཞིག་མ་རེག་ན་ཁོང་ཚོ་སྒེར་གྱི་གྱོང་གུད་ཡིན་པ་མ་ཟད་མི་རིགས་ཀྱི་གྱོང་གུད་རེད། སྟབས་མ་ལེགས་པ་ཞིག་ལ་གྱོང་གུད་དུ་ལྟ་མཁན་ཧ་ཅང་གི་ཉུང་ཞིང་ཁོང་ཚོའི་མི་ཚེའི་ལམ་ཁ་ལ་ལམ་ལྷོང་མེད་ན་དགོན་བདག་གི་འདོད་བློ་ཡིན་པ་མ་ཟད། རྨོངས་ཞེན་ཆེ་བའི་བོད་མི་ཡོངས་ཀྱ་བློ་འདོད་རེད། རྒྱུ་མཚན་ནི་ཁོང་ཚོའི་འདོད་བློ་དང་མི་མཐུན་པའི་མི་སུ་ཞིག་ཀྱང་ཐོན་འདོད་མེད་པས་རེད། བདེན་ཏེ། གྲྭ་ལོག་གམ་དགོན་པ་ནས་ཐོན་མཁན་གྱི་གྲྭ་བ་ཞིག་ལམ་ལྷོང་མ་བྱུང་ན་གནས་ཚུལ་དེ་མང་ཚོགས་དང་དགོན་པར་བསྒྲགས་ཤིང་གྲྭ་གཞོན་ཚོ་དགོན་པ་ནས་ཐོན་པ་འཇིགས་སྐུལ་བཏང་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཏུ་ཆགས་པ་མ་ཟད། ནང་མི་སུ་ཞིག་གིས་རང་གི་གྲྭ་བ་དགོན་པ་ནས་ཕྱི་རུ་ཐོན་པར་རྒྱབ་སྐྱོར་བྱེད་པའི་ཀུན་སློང་ལ་འཇིགས་སྣང་བཏང་བྱེད་དེ་བས་ཆགས་པས་གྲྭ་ལོག་དང་དགོན་ཐོན་གྱི་གྲྭ་བར་ལམ་ལྷོང་མེད་རྒྱུ་དགོན་གྲོང་གཉིས་ཀྱི་ཞེན་འདོད་རེད། ང་ཚོའི་མི་འདི་དེ་འདྲའི་ཧམ་པ་ཆེ་ཞིང་གདུག་རྩུབ་ཆེ་བ་ལ། རང་གིས་ལྕོགས་ན་རང་དང་མི་མཐུན་པ་སུ་ཞིག་ཡོང་འདོད་མེད་ཅིང་ཡོང་ན་དགའ་བསུ་མེད་པ་གསོན་རྗེན་དུ་བསྟན་འདུག འོན་ཀྱང་། གྲྭ་ལོག་ཚང་མ་ལྐུག་པ་མིན་ཞིང་དེ་ལྟར་ཁོང་ཚོའི་བློ་འདོད་བློ་མི་སྐོང་རྒྱུའི་ཐབས་ཤེས་ཡོད་པས་གུ་དོག་པ་ཚོ་ལ་ཕོགས་ཐུགས་བཏང་བ་ཉུང་ཉུང་མིན།
ཕྱོགས་གཞན་ཞིག་ནས་ལྟས་ན་དགོན་པ་ནས་་ཕྱི་རུ་ཐོན་མཁན་གྱི་གྲྭ་བ་ཚོ་ལ་སུ་ཡང་མེད་ཅིང་རྒྱབ་སྐྱོར་བྱེད་མཁན་ཡང་མེད་ཀྱང་། རང་ནུས་ཅི་ལྕོགས་ཀྱིས་གསར་དུ་རྙེད་པའི་བགྲོད་ལམ་ཞིག་ཏུ་ལས་ལ་བརྩོན་པའི་ཀུན་སྤྱོད་ལ་སྐུ་ཉིད་མོས་བ་མེད་ན། ཁོང་ཚོའི་དམིགས་ཡུལ་དང་མཐུན་པའི་འཚོ་བ་སྦྱོར་དང་། གལ་སྲིད་དེ་ལྟར་བྱེད་མ་ཐུབ་ཀྱང་ཁོང་ཚོའི་སྒེར་གྱི་དམིགས་ཡུལ་ལ་རིན་ཐང་སྤྲད་ཅིང་དེ་དང་མཐུན་པའི་རོགས་སྐྱོར་དང་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་རོགས་དང་ལམ་སྟོན་གནང་དང་། དེས་ཕན་ངེས་རེད། གལ་སྲིད་ཉིད་ལ་དེ་ལྟར་བྱེད་པའི་བསམ་བློ་མེད་ཅིང་བཏང་འདོད་ཀྱང་མེད་ན་གཞན་གྱི་བདེ་སྡུག་ལ་འགན་འཁུར་མེད་པའི་སྐད་ཆ་རེད་ལ་ཕྲག་དོག་དང་གཏི་མུག་གི་སྐད་ཆ་དེ་བས་ཡིན་པས་ག་ཚོད་བཤད་ཀྱང་འཁོན་སེམས་ལས་ཕན་པ་མེད།
ངས་མི་རེ་ཡིས་མིང་ཁ་ཤས་བེད་སྤྱད་ཀྱི་ཡོད་པ་ཤེས་ཀྱང་། དེ་འདྲ་མང་པོ་ཁོ་རང་གིས་ཡང་རེ་རེ་ནས་དྲན་གྱི་ཨ་ཡོད་ན། ཧཧཧཧཧཧཧཧཧཧཧ
ཨ་ནུ་ཐང་བསོད་ནམས་ཟེར་བའི་བསོད་ཟད་ཁྱོད། ངོ་མ་ངོ་མི་ཚའམ།
གྲྭ་པའི་ཆས་ལ་ཞུགས་པའི་མི་སྐྱའི་སེམས་ཁམས་ཅན་ནི་དེང་སང་མང་ངོ་། ངའི་ཕ་ཡུལ་གཅིག་པ་གྲྭ་པ་ཞིག་ཡོད། ཁོང་གི་སྐད་ཆ་བཤད་སྟངས་དང་བསམ་བློ་གཏོང་སྟངས་ནི་མི་ནག་སྐྱ་བོ་ཞིག་དང་ཨ་ན་མ་ན་ཡིན། ཡིན་ནའང་། ཁོང་ཆང་ཁང་ལ་མི་ཕེབས། མོ་སྡོམ་སྲུང་སྡོམ་དམ་པོ་ཡོད་མཁན་ཞིག་ཡིན། འོ་ན་ཁོང་རེབ་ཐོག་མདའི་བཤད་པའི་བརྒྱ་ཆ་ཕྱོགས་གཉིས་གང་ལ་གཏོགས་ཀི་རེད། གྲྭ་བ་མ་རེད་ལབ་ན་གྲྭ་ཆས་གྱོན་ཡོད་པ་རེད། ཕྱི་ནས་བལྟས་ན་གྲྭ་པ་ཡིན། གྲྭ་བ་རེད་ལབ་ན་ཁོ་ལ་མི་ནག་སྐྱ་བོའི་བསམ་སྤྱོད་ཞིག་ལས་མེད། རྡ་ས་ན་འདི་མོ་མང་ཡ།
གྲྭ་ཆས་གོན་ནས་དྷ་སའི་རི་ལུང་བསྒུར་མྱོང་མཁན་ཚོས་་་་རང་གི་རིགས་ཀྱི་དྷ་སའི་གྲྭ་རྫུན་ཚོར་རྒྱབ་སྐྱོར་ལོས་བྱེད་ཧཧཧཧཧཧཧ
ཡ་པད་དཀར་ཕོ་ཉ་ཡ་་་་་་་པད་དཀར་ཕོ་ཉ།
འདིར་གསར་བཤད་བྱེད་པ་ཞིག་ལ། གོང་དུ་མེ་དོག་དཀར་པོའི་གསུངས་བའི་གོས་རྣམས་ནི། རབ་དུ་བྱུང་བ་སྡེ་ལྔའི་ནང་ནས་དགེ་སློང་རྣམས་ལ་གནང་བའི་འཚོ་བའི་ཡོ་སྤྱད་བཅུ་གསུམ་ཞེས་པ་དེ་ཡིན་ལ། དེ་དག་གི་ནང་ནསམཐིང་གོས་དང་ཤམ་ཐབས་ནི་གཟན་དང་ཤམ་ཐབས་གཉིས་ཡིན་ལ། བཅུ་གསུམ་པོ་དེ་རྣམས་ནི་རབ་དུ་བྱུང་བ་མཐའ་དག་གི་འཆང་མི་དགོས་མོད། རབ་དུ་བྱུང་བ་མཐའ་དག་གི་འཆང་དགོས་པ་ནི་གྲྭ་བཅས་འདི་ཡིན་ལ། གྲྭ་བཅས་འདི་ནི་རབ་དུ་བྱུང་བ་མཐའ་དག་གི་སྲུང་དགོས་པའི་ཉམས་པ་རྣམས་པ་གསུམ་(ཁྱིམ་པའི་རྟགས་སྤངས་བ་ལས་ཉམས་པ། རབ་དུ་བྱུང་བའི་རྟགས་བླང་བ་ལས་ཉམས་པ། མཁན་པོར་གསོལ་བ་བཏབ་པ་ལས་ཉམས་པ)ཞེས་པའི་ནང་ཚན་གྱི་རབ་བྱུང་གི་རྟགས་དེ་ཡིན་ནོ།
འཕགས་པ་ལྷས། ཆོས་ནི་མདོར་ན་མི་འཚེ་བ། །ཞེས་གསུངས་པས་ན། ཁ་བརྡ་འདིར་ཁ་ཅིག་གིས་མི་གཞན་པ་གསོན་བྱ་བྱས་ན་ལེགས་ཚུལ་བཤད་འདུག་པས་སེམས་པ་གཏིང་ནས་སྐྱོ། འཚེ་བ་ཆོས་སུ་སྨྲ་མཁན་ཚོར། རྫ་དཔལ་སྤྲུལ་པས། ཁ་དེ་གྲོང་ཚོ་དགུ་ཡི་སྐྱག་པས་ཆོད། །ཞེས་པའི་ལུང་དེ་འབུལ་འོས།
གསོན་བྱ་གསོན་བཤར་བཅོས་རོགས
ཨ་ཨ་ཨ་ཨ་ཨ་ཨ་བླ་མ་ཨུ་རྒྱན་པས་མཁྱེན་ནོ། གུ་རུ་རིན་པོ་ཆེས་མཁྱེན་ནོ། པད་མ་འབྱུང་གནས་ཀྱིས་མཁྱེན་ནོ། སངས་རྒྱས་གཉིས་པས་མཁྱེན་ནོ། ད་འདི་ལ་སྐད་གཅིག་མ་གཅིག་ལ་དམྱལ་བ་རྟིག་གནག་ལ་འབུད་པའི་རྩོམ་དང་མཆན་ཡོད་མོད། དགེ་འདུན་ལ་གནོད་པ་བྱས་པའི་ལས་མཚམས་མེད་ལྔའི་རྒྱུ་ཚང་མ་འདུག་རུང་དེ་ལ་ང་ཧ་ལས་མ་སོང་། ངོ་མ་ཧ་ལས་ས་དེ་གཡུ་འབྲུག་སྡེར་མོའི་མིང་གཞན་པ་བཅུ་དགུ་ཙམ་དེ་ལ་ཧ་ལས་སོང་།
དྲིན་ཆེན་པོ་ཁྱེད་ངོ་མ་ཧ་ཧ་ཧ་ཧ།
༧. སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡུན་ཚད་དང་རྒྱལ་བ་བྱམས་པ་འཇིག་རྟེན་དུ་འབྱོན་རྒྱུའི་སྐོར།
སངས་རྒྱས་ཆོས་ལུགས་དེ་ཡུནརིང་ཐུང་ཇི་ཙམ་གནས་ཀྱི་ཡོད་དམ་ཞེ་ན་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་ལོ་ལྔ་སྟོང་གནས་པར་འདོད་ཅིང༌། སངས་རྒྱས་ཤཱཀྱ་མུ་ནེའི་ཆོས་ལུགས་དེ་ནུབ་ཚར་བའི་རྗེས་ཀྱི་ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔའི་རིང་ལ་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་རྩ་བ་ནས་མེད་པ་དང༌། ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔ་ཕྱིན་པའི་རྗེས་ལ་རྒྱལ་བསངས་རྒྱས་ཆོས་ལུགས་དེ་ཡུན་རིང་ཐུང་ཇི་ཙམ་གནས་ཀྱི་ཡོད་དམ་ཞེ་ན་སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན་ལོ་ལྔ་སྟོང་གནས་པར་འདོད་ཅིང༌། སངས་རྒྱས་ཤཱཀྱ་མུ་ནེའི་ཆོས་ལུགས་དེ་ནུབ་ཚར་བའི་རྗེས་ཀྱི་ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔའི་རིང་ལ་སངས་རྒྱས་ཀྱི་ཆོས་ཟེར་བ་དེ་རྩ་བ་ནས་མེད་པ་དང༌། ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔ་ཕྱིན་པའི་རྗེས་ལ་རྒྱལ་བ་བྱམས་པ་འཇིག་རྟེན་དུ་འབྱོན་རྒྱུ་ཡིན་ཟེར། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། ད་ལྟ་རྒྱལ་བ་བྱམས་པ་བྱང་ཆུབ་སེམས་དཔའ་བྱས་ནས་དགའ་ལྡན་(སངས་རྒྱས་ཀྱི་ཞིང་ཁམས་ཤིག་)དུ་བཞུགས་ཡོད་པ་དང་རྗེས་སུ་ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔ་སོང་རྗེས་རྒྱལ་བ་བྱམས་པ་འཛམ་བུ་གླིང་དུ་ཕེབས་ཏེ་སངས་རྒྱས་ནས་སྟོན་པ་ཤཱཀྱ་མུ་ནེ་ལྟར་ཆོས་གསུངས་ཀྱི་རེད་ཟེར། སངས་རྒྱས་ཤཱཀྱ་མུ་ནེའི་ཆོས་ལུགས་དེ་བྱུང་བ་ནས་མེད་པ་མ་ཆགས་བར་གྱི་རིང་ལ་ཆོས་ལ་དད་པ་ཡོད་རུང་ཆོས་ལུགས་ཀྱི་རྟོགས་པའི་གནས་ཚད་ལ་སླེབས་མ་ཐུབ་པའི་མི་ཚང་མ་རྒྱལ་བ་བྱམས་པའི་བསྟན་པ་དར་རྗེས་སོ་སོའི་ཆུ་ཚད་མི་འདྲ་བའི་ཐོག་ནས་ཆོས་ལུགས་ཀྱི་རྟོགས་པའི་གནས་ཚད་ཇེ་མཐོར་འགྲོ་གི་ཡོད་ཟེར།བྱམས་པ་འཛམ་བུ་གླིང་དུ་ཕེབས་ཏེ་སངས་རྒྱས་ནས་སྟོན་པ་ཤཱཀྱ་མུ་ནེ་ལྟར་ཆོས་གསུངས་ཀྱི་རེད་ཟེར། སངས་རྒྱས་ཤཱཀྱ་མུ་ནེའི་ཆོས་ལུགས་དེ་བྱུང་བ་ནས་མེད་པ་མ་ཆགས་བར་གྱི་རིང་ལ་ཆོས་ལ་དད་པ་ཡོད་རུང་ཆོས་ལུགས་ཀྱི་རྟོགས་པའི་གནས་ཚད་ལ་སླེབས་མ་ཐུབ་པའི་མི་ཚང་མ་རྒྱལ་བ་བྱམས་པའིབསྟན་པ་དར་རྗེས་སོ་སོའི་ཆུ་ཚད་མི་འདྲ་བའི་ཐོག་ནས་ཆོས་ལུགས་ཀྱི་རྟོགས་པའི་གནས་ཚད་ཇེ་མཐོར་འགྲོ་གི་ཡོད་ཟེར།
དེ་ནས་འབྲས་བུའི་ལེའུ་གསུམ་ནི། དགྲ་བཅོམ་པའི་ལེའུ། ཕྱིར་མི་འོང་གི་ལེའུ། ཕྱིར་འོང་གི་ལེའུ། དགྲ་བཅོམ་པ་ཟེར་བ་ནི་འཁོར་བའི་གནས་སུ་ཡང་ནས་ཡང་དུརང་དབང་མེད་པར་སྐྱེ་བ་ལེན་པའི་རྒྱུའི་གཙོ་བོ་ལས་མི་དགེ་བ་བཅུ་ཡིན་ཞིང༌། ལས་དེ་གསོག་པར་བྱེད་པའི་འགུལ་ཤུགས་ཀྱི་བསམ་བློ་ནི་ཉོན་མོངས་དུག་གསུམ་ཡིན་པས་ཉོན་མོངས་དུག་གསུམ་ནི་དགྲ་བོ་གཙོ་བོ་ཡིན་པ་དང༌། དེ་རྩ་བ་ནས་སྤངས་པ་ལ་དགྲ་བཅོམ་པ་ཞེས་བརྗོད། དེ་ལ་ཐེག་ཆེན་དགྲ་བཅོམ་པ་དང༌། རང་རྒྱལ་དགྲདེ་ནས་འབྲས་བུའི་ལེའུ་གསུམ་ནི། དགྲ་བཅོམ་པའི་ལེའུ། ཕྱིར་མི་འོང་གི་ལེའུ། ཕྱིར་འོང་གི་ལེའུ། དགྲ་བཅོམ་པ་ཟེར་བ་ནི་འཁོར་བའི་གནས་སུ་ཡང་ནས་ཡང་དུ་རང་དབང་མེད་པར་སྐྱེ་བ་ལེན་པའི་རྒྱུའི་གཙོ་བོ་ལས་མི་དགེ་བ་བཅུ་ཡིན་ཞིང༌། ལས་དེ་གསོག་པར་བྱེད་པའི་འགུལ་ཤུགས་ཀྱི་བསམ་བློ་ནི་ཉོན་མོངས་དུག་གསུམ་ཡིན་པས་ཉོན་མོངས་དུག་གསུམ་ནི་དགྲ་བོ་གཙོ་བོ་ཡིན་པ་དང༌། དེ་རྩ་བ་ནས་སྤངས་པ་ལ་དགྲ་བཅོམ་པ་ཞེས་བརྗོད། དེ་ལ་ཐེག་ཆེན་དགྲ་བཅོམ་པ་དང༌། རང་རྒྱལ་དགྲ་བཅོམ་པ། ཉན་ཐོས་དགྲ་བཅོམ་པ་བཅས་གསུམ་ཡོད། ཐེག་ཆེན་དགྲ་བཅོམ་པ་ནི་སངས་རྒྱས་ཐམས་ཅད་ལ་ཟེར་ཞིང༌། རང་རྒྱལ་དགྲ་བཅོམ་པ་ནི་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་དུས་སུ་རང་ཉིད་ཀྱིས་ལམ་བསྒོམས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རྣམས་ཡིན། ཉན་ཐོས་དགྲ་བཅོམ་པ་ནི། དཔེར་ན་བསྟན་པའི་གཏད་རབས་བདུན་དང་གནས་བརྟན་བཅུ་དྲུག་ལྟ་བུ་ཡིན། ཉོན་མོངས་དུག་གསུམ་གྱི་དགྲ་དེ་བཅོམ་ཚར་བ་ཡིན་སྟབས་དགྲ་བཅོམ་པའི་ལེའུ་ཡི་ལོ་ལྔ་བརྒྱ་དེའི་ནང་ལ་དགྲ་བཅོམ་པ་ཐོབ་པ་མང་པོ་ཡོང་གི་ཡོད་པར་བརྟེན་དགྲ་བཅོམ་པའི་ལེའུ་ཞེས་བརྗོད། དེ་ནས་སངས་རྒྱས་ཀྱི་ཆོས་དེ་རིམ་བཞིན་ཉམས་ནས་དགྲ་བཅོམ་པ་ཐོབ་མཁན་ཇེ་ཉུང་དུ་སོང་སྟེ་མཐར་མེད་པ་ཆགས་ནས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་དེ་མང་དུ་འགྲོ་གི་ཡོད། ཕྱིར་མི་འོང་ཟེར་བ་ནི་ངན་སོང་གསུམ་ལ་སྐྱེ་བ་མི་ལེན་པའམ་ངན་སོང་གསུམ་གྱི་སྐྱེ་བ་བཀག་ཐུབ་པ་དེ་ལ་ཟེར། ཕྱིར་འོང་ཟེར་བ་ནི་ལན་གཅིག་འཁོར་བ་ལ་སྐྱེ་བ་བླངས་ཏེ་དེ་ནས་འབྲས་བུ་ཐོབ་དགོས་ཀྱི་ཡོད་སྟབས་དེ་ལ་ཡང་ལན་གཅིག་ཕྱིར་འོང་ཞེས་བརྗོད། དེ་རྣམས་ནི་འབྲས་བུའི་ལེའུ་གསུམ་ཟེར་བ་དེ་ཡིན།ཉན་ཐོས་དགྲ་བཅོམ་པ་ནི། དཔེར་ན་བསྟན་པའི་གཏད་རབས་བདུན་དང་གནས་བརྟན་བཅུ་དྲུག་ལྟ་བུ་ཡིན། ཉོན་མོངས་དུག་གསུམ་གྱི་དགྲ་དེ་བཅོམ་ཚར་བ་ཡིན་སྟབས་དགྲ་བཅོམ་པའི་ལེའུ་ཡི་ལོ་ལྔ་བརྒྱ་དེའི་ནང་ལ་དགྲ་བཅོམ་པ་ཐོབ་པ་མང་པོ་ཡོང་གི་ཡོད་པར་བརྟེན་དགྲ་བཅོམ་པའི་ལེའུ་ཞེས་བརྗོདདེ་ནས་སངས་རྒྱས་ཀྱི་ཆོས་དེ་རིམ་བཞིན་ཉམས་ནས་དགྲ་བཅོམ་པ་ཐོབ་མཁན་ཇེ་ཉུང་དུ་སོང་སྟེ་མཐར་མེད་པ་ཆགས་ནས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་དེ་མང་དུ་འགྲོ་གི་ཡོད། ཕྱིར་མི་འོང་ཟེར་བ་ནི་ངན་སོང་གསུམ་ལ་སྐྱེ་བ་མི་ལེན་པའམ་ངན་སོང་གསུམ་གྱི་སྐྱེ་བ་བཀག་ཐུབ་པ་དེ་ལ་ཟེར། ཕྱིར་འོང་ཟེརབ་ནི་ལན་གཅིག་འཁོར་བ་ལ་སྐྱེ་བ་བླངས་ཏེ་དེ་ནས་འབྲས་བུ་ཐོབ་དགོས་ཀྱི་ཡོད་སྟབས་དེ་ལ་ཡང་ལན་གཅིག་ཕྱིར་འོང་ཞེས་བརྗོད། དེ་རྣམས་ནི་འབྲས་བུའི་ལེའུ་གསུམ་ཟེར་བ་དེ་ཡིན།
སྒྲུབ་པའི་ལེའུ་གསུམ་ནི་འབྲས་བུ་ཐོབ་མཁན་མང་པོ་མེད་ཀྱང་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ལསྒྲུབ་པའི་ལེའུ་གསུམ་ནི་འབྲས་བུ་ཐོབ་མཁན་མང་པོ་མེད་ཀྱང་འབྲས་བུ་ཐོབ་པར་བྱེད་པའི་ཐབས་ལ་འབད་བརྩོན་བྱེད་མཁན་ཧ་ཅང་མང་པོ་ཡོད། འབྲས་བུ་ཐོབ་པར་བྱེད་པའི་ཐབས་གསུམ་ནི་ཤེས་རབ་དང༌། ཏིང་ངེ་འཛིན། ཚུལ་ཁྲིམས་བཅས་གསུམ་ཡིན། ཤེས་རབ་ཀྱི་ལེའུ་རྫོགས་ཟིན་པ་དང༌། ཏིང་ངེ་འཛིན་གྱི་ལེའུ་ཡང་རྫོགས་ཟིན་པ་རེད། ཏིང་ངེ་འཛིན་ནམ་སྒོམ་ཐོབ་ཟེར་བ་ནི་རང་གི་སེམས་དེ་གཡེང་རྒྱུ་མེད་པ་དང་རང་གི་སེམས་ལ་རང་དབང་ཐོབ་པ་དེ་ལ་ཏིང་ངེ་འཛིན་ཐོབ་པ་ཟེར། ད་ཆ་ཏིང་ངེ་འཛིན་གྱི་ལེའུ་ཡང་རྫོགས་ནས་དེང་སང་ཚུལ་ཁྲིམས་ཀྱི་ལེའུ་ལ་བསྡད་ཡོད་ཅིང༌། ཚུལ་ཁྲིམས་ཀྱི་ལེའུ་འགོ་ཚུགས་ནས་ད་ཕན་ལོ་སུམ་བརྒྱ་ལྷག་ཙམ་སོང་ཟིན་པ་དང༌། ད་དུང་ལོ་ཉིས་བརྒྱ་ཙམ་ཞིག་ལྷག་ཡོད། ཚུལ་ཁྲིམས་ཀྱི་ལེའུའི་རིང་སྡོམ་པ་ཞུ་མཁན་ནམ་སྡོམ་པ་སྲུང་མཁན་ཧ་ཅང་མང་པོ་ཡོད།རྒྱུ་མེད་པ་དང་རང་གི་སེམས་ལ་རང་དབང་ཐོབ་པ་དེ་ལ་ཏིང་ངེ་འཛིན་ཐོབ་པ་ཟེར། ད་ཆ་ཏིང་ངེ་འཛིན་གྱི་ལེའུ་ཡང་རྫོགས་ནས་དེང་སང་ཚུལ་ཁྲིམས་ཀྱི་ལེའུ་ལ་བསྡད་ཡོད་ཅིང༌། ཚུལ་ཁྲིམས་ཀྱི་ལེའུ་འགོ་ཚུགས་ནས་ད་ཕན་ལོ་སུམ་བརྒྱ་ལྷག་ཙམ་སོང་ཟིན་པ་དང༌། ད་དུང་ལོ་ཉིས་བརྒྱ་ཙམ་ཞིག་ལྷགཡོད། ཚུལ་ཁྲིམས་ཀྱི་ལེའུའི་རིང་སྡོམ་པ་ཞུ་མཁན་ནམ་སྡོམ་པ་སྲུང་མཁན་ཧ་ཅང་མང་པོ་ཡོད།
ལུང་གི་ལེའུ། ལུང་གི་ལེའུ་གསུམ་ནི་མངོན་པའི་ལེའུ་དང༌། མདོ་སྡེའི་ལེའུ། འདུལ་བའི་ལེའུ་བཅས་གསུམ་ཡིན། ཚུལ་ཁྲིམས་ཀྱི་ལེའུ་ཉམས་ནས་སྡོམ་པ་ཡོད་མཁན་གྱི་མི་ཇེ་ཉུང་དུ་སོང་སྟེ་གྲྭ་ཆས་གྱོནམཁན་ཡོད་ཀྱང་སྡོམ་པ་དངོས་གནས་ཡོད་མཁན་ཉུང་ཉུང་ཡིན་པ་དང༌། དཔེ་ཆ་ལྟ་མཁན་མང་པོ་ཡོད་པ་དང་ལྷག་པར་མངོན་པ་ལྟ་མཁན་མང་པོ་ཡོད་པ། མངོན་པར་བརྩོན་སེམས་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་བཅས་ཏེ་དེ་ལ་ལོ་ལྔ་བརྒྱ་བཞག་པ་རེད། དེ་རྗེས་མངོན་པའི་ལེའུ་ལ་བརྩོན་སེམསབྱེད་མཁན་ཇེ་ཉུང་དུ་སོང་སྟེ་མདོ་སྡེའི་ལེའུ་ལ་བརྩོན་སེམས་བྱེད་མཁན་མང་དུ་འགྲོ་བ་དེ་ནི་མདོ་སྡེའི་ལེའུ་ཡིན། དེ་ནས་མདོ་སྡེའི་ལེའུ་ལ་བརྩོན་སེམས་བྱེད་མཁན་མེད་པར་འདུལ་བའི་ལེའུ་ཁོ་ནར་བརྩོན་སེམས་བྱེད་པ་དེ་ལ་འདུལ་བའི་ལེའུ་ཟེར། དེར་ལུང་གི་ལེའུ་ཞེས་བཏགས་དགོས་པའི་རྒྱུ་མཚན་ནི་ལུང་དེ་སློབ་སྦྱོང་བྱེད་རྒྱུ་ཁོ་ནབྱེད་མཁན་ཇེ་ཉུང་དུ་སོང་སྟེ་མདོ་སྡེའི་ལེའུ་ལ་བརྩོན་སེམས་བྱེད་མཁན་མང་དུ་འགྲོ་བ་དེ་ནི་མདོ་སྡེའི་ལེའུ་ཡིན། དེ་ནས་མདོ་སྡེའི་ལེའུ་ལ་བརྩོན་སེམས་བྱེད་མཁན་མེད་པར་འདུལ་བའི་ལེའུ་ཁོ་ནར་བརྩོན་སེམས་བྱེད་པ་དེ་ལ་འདུལ་བའི་ལེའུ་ཟེར། དེར་ལུང་གི་ལེའུ་ཞེས་བཏགས་དགོས་པའི་རྒྱུ་མཚན་ནི་ལུང་དེ་སློབ་སྦྱོང་བྱེད་རྒྱུ་ཁོ་ན་ལས་རང་གིས་ཤེས་པ་ཇི་བཞིན་སོ་སོའི་བསམ་བློའི་ནང་དུ་རྟོགས་པའི་གནས་ཚད་མེད་ཅིང༌། སྐབས་དེ་དུས་གོ་རྟོགས་ཡོད་པའི་དུས་ཚོད་དེ་ཉམས་ཟིན་པ་རེད། དེ་ཡང་གོང་གསལ་འབྲས་བུའི་ལེའུ་གསུམ་དང༌། སྒྲུབ་པའི་ལེའུ་གསུམ། ལུང་གི་ལེའུ་གསུམ་བཅས་ལེའུ་དགུ་རེརེ་ལ་ལོ་ལྔ་བརྒྱ་རེ་རྩིས་ལོ་ལྔ་བརྒྱ་བྱས་པ་དགུའི་ཐོག་ད་དུང་རྟགས་དང་ལྡན་པའི་ལེའུ་ཞེས་པ་ཞིག་ཡོད། རྟགས་དང་ལྡན་པའི་ལེའུ་ཞེས་པའི་དུས་སྐབས་དེར་རབ་བྱུང་རྣམས་ཀྱང་གྲྭ་ཆས་གྱོན་པ་ཙམ་ལས་སྡོམ་པ་རྩ་བ་ནས་མེད་པའམ་འཇིག་རྟེན་ཁྱིམ་པ་དང་ཁྱད་མེད་པ་ཞིག་སྟེ་དུས་ཡུན་ལོ་ལྔ་བརྒྱ་ཡིན། དེང་སང་རྒྱ་ཡིག་གི་རྩོམ་ཡིག་ཁལུང་གི་ལེའུ། ལུང་གི་ལེའུ་གསུམ་ནི་མངོན་པའི་ལེའུ་དང༌། མདོ་སྡེའི་ལེའུ། འདུལ་བའི་ལེའུ་བཅས་གསུམ་ཡིན། ཚུལ་ཁྲིམས་ཀྱི་ལེའུ་ཉམས་ནས་སྡོམ་པ་ཡོད་མཁན་གྱི་མི་ཇེ་ཉུང་དུ་སོང་སྟེ་གྲྭ་ཆས་གྱོན་མཁན་ཡོད་ཀྱང་སྡོམ་པ་དངོས་གནས་ཡོད་མཁན་ཉུང་ཉུང་ཡིན་པ་དང༌། དཔེ་ཆ་ལྟ་མཁན་མང་པོ་ཡོད་པ་དང་ལྷག་པར་མངོན་པ་ལྟ་མཁན་མང་པོ་ཡོད་པ། མངོན་པར་བརྩོན་སེམས་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་བཅས་ཏེ་དེ་ལ་ལོ་ལྔ་བརྒྱ་བཞག་པ་རེད། དེ་རྗེས་མངོན་པའི་ལེའུ་ལ་བརྩོན་སེམས་བྱེད་མཁན་ཇེ་ཉུང་དུ་སོང་སྟེ་མདོ་སྡེའི་ལེའུ་ལ་བརྩོན་སེམས་བྱེད་མཁན་མང་དུ་འགྲོ་བ་དེ་ནི་མདོ་སྡེའི་ལེའུ་ཡིན། དེ་ནས་མདོ་སྡེའི་ལེའུ་ལ་བརྩོན་སེམས་བྱེད་མཁན་མེད་པར་འདུལ་བའི་ལེའུ་ཁོ་ནར་བརྩོན་སེམས་བྱེད་པ་དེ་ལ་འདུལ་བའི་ལེའུ་ཟེར། དེར་ལུང་གི་ལེའུ་ཞེས་བཏགས་དགོས་པའི་རྒྱུ་མཚན་ནི་ལུང་དེ་སློབ་སྦྱོང་བྱེད་རྒྱུ་ཁོ་ན་ལས་རང་གིས་ཤེས་པ་ཇི་བཞིན་སོ་སོའི་བསམ་བློའི་ནང་དུ་རྟོགས་པའི་གནས་ཚད་མེད་ཅིང༌། སྐབས་དེ་དུས་གོ་རྟོགས་ཡོད་པའི་དུས་ཚོད་དེ་ཉམས་ཟིན་པ་རེད། དེ་ཡང་གོང་གསལ་འབྲས་བུའི་ལེའུ་གསུམ་དང༌། སྒྲུབ་པའི་ལེའུ་གསུམ། ལུང་གི་ལེའུ་གསུམ་བཅས་ལེའུ་དགུ་རེ་རེ་ལ་ལོ་ལྔ་བརྒྱ་རེ་རྩིས་ལོ་ལྔ་བརྒྱ་བྱས་པ་དགུའི་ཐོག་ད་དུང་རྟགས་དང་ལྡན་པའི་ལེའུ་ཞེས་པ་ཞིག་ཡོད། རྟགས་དང་ལྡན་པའི་ལེའུ་ཞེས་པའི་དུས་སྐབས་དེར་རབ་བྱུང་རྣམས་ཀྱང་གྲྭ་ཆས་གྱོན་པ་ཙམ་ལས་སྡོམ་པ་རྩ་བ་ནས་མེད་པའམ་འཇིག་རྟེན་ཁྱིམ་པ་དང་ཁྱད་མེད་པ་ཞིག་སྟེ་དུས་ཡུན་ལོ་ལྔ་བརྒྱ་ཡིན། དེང་སང་རྒྱ་ཡིག་གི་རྩོམ་ཡིག་ཁ་ཤས་ནང་དགེ་ལུགས་པ་དང་རྙིང་མའི་ཁྱད་པར་ནི་རབ་བྱུང་ཚོས་བུད་མེད་བསྟེན་ཆོག་དང་མི་ཆོག་དེ་ཡིན་ཞེས་བྲིས་འདུག་པས་བཤད་ཚུལ་དེ་ཡང་དག་པ་ཞིག་མིན། རབ་བྱུང་ཚོས་བུད་མེད་བསྟེན་མི་ཆོག་པ་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཚང་མ་གཅིག་གྱུར་ཡིན་ཏེ། དཔེར་ན་རྙིང་མ་ལ་ཆ་བཞག་ན་རྡོ་རྗེ་བྲག་དང༌། སྨིན་གྲོལ་གླིང༌། དེ་བཞིན་དགོན་པ་འདུལ་ཁྲིམས་དམ་པོ་ཡོད་པ་དེ་ཚོའི་ནང་ལ་རབ་བྱུང་གིས་བུད་མེད་བསྟེན་ན་དགོན་པའི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་ཀྱི་ཡོད་ཅིང༌། དགེ་ལུགས་པ་དང་བཀའ་བརྒྱུད་པ་སོགས་ཀྱང་དེ་ལྟར་ཡིན། གལ་ཏེ་བུད་མེད་བསྟེན་མཁན་ཡོད་ཚེ་དགོན་པའི་སྐྱིད་སྡུག་ནས་འཐེན་ཏེ་རས་ཀྱི་གྱོན་ཆས་སམ་རྣལ་འབྱོར་པའི་ཆོས་གྱོན་པ་ལས་གྲྭ་ཆས་གྱོན་མི་ཆོག དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཚང་མ་གཅིག་གྱུར་ཡིན། དེ་ཡང་བཟའ་ཟླ་ཡོད་ན་ཆོས་བྱས་མི་ཆོག་པ་མིན་ལ་ཆོས་བྱས་ན་ངེས་པར་གྲྭ་པ་བྱེད་དགོས་པ་དེ་ཡང་མིན། གལ་ཏེ་གྲྭ་པ་བྱས་ཚེ་གྲྭ་པའི་ཁྲིམས་དང་མཐུན་པ་ཞིག་བྱེད་དགོས་པར་བརྟེན་དེ་གཉིས་དབར་དབྱེ་མཚམས་ཤིག་ཡོད། འོན་ཀྱང་གྲྭ་པ་བྱས་ནས་ཆོས་བྱས་པ་དང་གྲྭ་པ་མ་བྱས་པར་ཆོས་བྱས་པ་གཉིས་ཀྱི་ནུས་པ་དེ་རྩ་བ་ནས་འདྲ་གི་མེད་པས་གནད་དོན་དེ་ལ་དམིགས་ནས་བཤད་པ་ལས་ཆོས་བྱས་ན་ངེས་པར་དུ་གྲྭ་པ་བྱེད་དགོས་ཞེས་སངས་རྒྱས་ཤཱཀྱ་མུ་ནེས་གསུངས་མྱོང་མེད་ལ། རྗེ་ཙོང་ཁ་པས་ཀྱང་གསུངས་མྱོང་མེད།ཡིན་ཏེ། དཔེར་ན་རྙིང་མ་ལ་ཆ་བཞག་ན་རྡོ་རྗེ་བྲག་དང༌། སྨིན་གྲོལ་གླིང༌། དེ་བཞིན་དགོན་པ་འདུལ་ཁྲིམས་དམ་པོ་ཡོད་པ་དེ་ཚོའི་ནང་ལ་རབ་བྱུང་གིས་བུད་མེད་བསྟེན་ན་དགོན་པའི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་ཀྱི་ཡོད་ཅིང༌། དགེ་ལུགས་པ་དང་བཀའ་བརྒྱུད་པ་སོགས་ཀྱང་དེ་ལྟར་ཡིན། གལ་ཏེབུད་མེད་བསྟེན་མཁན་ཡོད་ཚེ་དགོན་པའི་སྐྱིད་སྡུག་ནས་འཐེན་ཏེ་རས་ཀྱི་གྱོན་ཆས་སམ་རྣལ་འབྱོར་པའི་ཆོས་གྱོན་པ་ལས་གྲྭ་ཆས་གྱོན་མི་ཆོག དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཚང་མ་གཅིག་གྱུར་ཡིན། དེ་ཡང་བཟའ་ཟླ་ཡོད་ན་ཆོས་བྱས་མི་ཆོག་པ་མིན་ལ་ཆོས་བྱས་ན་ངེས་པར་གྲྭ་པ་བྱེདདགོས་པ་དེ་ཡང་མིན། གལ་ཏེ་གྲྭ་པ་བྱས་ཚེ་གྲྭ་པའི་ཁྲིམས་དང་མཐུན་པ་ཞིག་བྱེད་དགོས་པར་བརྟེན་དེ་གཉིས་དབར་དབྱེ་མཚམས་ཤིག་ཡོད། འོན་ཀྱང་གྲྭ་པ་བྱས་ནས་ཆོས་བྱས་པ་དང་གྲྭ་པ་མ་བྱས་པར་ཆོས་བྱས་པ་གཉིས་ཀྱི་ནུས་པ་དེ་རྩ་བ་ནས་འདྲ་གི་མེད་པས་གནད་དོན་དེ་ལ་དམིགས་ནསབཤད་པ་ལས་ཆོས་བྱས་ན་ངེས་པར་དུ་གྲྭ་པ་བྱེད་དགོས་ཞེས་སངས་རྒྱས་ཤཱཀྱ་མུ་ནེས་གསུངས་མྱོང་མེད་ལ། རྗེ་ཙོང་ཁ་པས་ཀྱང་གསུངས་མྱོང་མེད།
གོང་གསལ་དེ་ཚོ་ནི་སངས་རྒྱས་ཆོས་ལུགས་ཀྱི་མདོ་དང་སྔགས་གཉིས་ལས་མདོའི་ནང་གི་བཤད་སྟངས་རེད། སྔགས་ཕྱོགས་ཏེ་དུསའཁོར་སྐོར་གྱི་དཔེ་ཆའི་ནང་བསྟན་པའི་གནས་ཚད་སྟོང་ཕྲག་ལྔ་ཡིན་པ་དེ་མདོ་ལུགས་ཀྱི་བཤད་སྲོལ་དང་གཅིག་མཚུངས་ཡིན། འོན་ཀྱང་དེའི་ཆོས་གནས་སྟངས་སྐོར་མུ་སྟེགས་ཁྱབ་འཇུག་པའི་ལྟ་བ་བཤད་སྐབས་ཤམ་བྷ་ལའི་སྐོར་ཞིག་ཞུས་ཡོད་པ་དེར་དྲན་གསོ་གནང་ན་འགྲིག
གོང་གི་དཔྱད་གཏམ་དེ་མཁས་དབང་དུང་དཀར་རིན་པོ་ཆེའི་གྲུབ་མཐའི་ནང་འཁོད་པས་དེར་གཟིགས་རོགས།
སྲིང་མོ་གུང་གསེང་བླངས་ནས་ཁེར་འདུག་ལོས་བྱེད།།
ང་ཡི་སྲིང་མོ་ཁྱོད་སར་དགོས་སམ།།
དབྱིན་མོ་ནང་ལ་བོས་ཏེ་ཁེར་འཁྲིད་ལོས་བྱེད།།
དབྱིན་མོ་མཉམ་དུ་ཁྱོད་འབོད་དགོས་སམ།
ངས་ཁྱེད་ཚོ་ལ་དྲི་བ་གཅིག་ཡོད། གྲ་པ་ཟེར་བའི་ཐ་སྙད་འདི་ག་དུས་བྱུང་བ་རེད། བོད་ཀྱི་ཡིག་རྙིང་ནང་ན་བན་དེ་དང་ཞེས་བྲིས་ཡོད་ལ་གནའ་སྔ་མོ་བན་དེ་དང་བོན་པོ་་ཟླས་ཕྱེ་བའི་བན་དེ་དེ་རེད། བན་དེ་ལ་གྲ་པ་ཟེར་གི་ཡོད་ན་འདྲ། དགེ་ལུགས་པས་གྲ་པ་ཟེར་ནས་ཅིག་བཤད་ཡོང་གི་འདུག་གང་ཡིན་མགོ་ཚོས་མ་སོང་།་
ཕྲག་དོག་ཁྲག་གིས་མྱོས་པའི་སྐད་ཆ་ལས་སྙིང་པོ་ཅང་མ་མཐོང་། འདི་འབྲི་མཁན་ཁོ་རང་མེཀ་ལོ་དང་དཔེ་མཛོད་གཡས་གཡོན་ནས་དབྱིན་མོ་རེ་ཨེ་རེག་བལྟས་ནས་ཡོད་མཁན་ཞིག་མ་རེད་པེ།
བར་བྱུང་གི་སྡོམ་པ་མེད་པ་རབ་བྱུང་གི་ཆ་ལུགས་བྱེད་མི་ཆོག་གི་ཟེར་ན་བདེན་སྲིད་པ་རེད་མོད། དེང་སང་གི་གཏམ་ལ་ཉན་རྒྱུ་ཅང་མེད། དམར་པོ་གྱོན་ཚད་རབ་བྱུང་གི་ན་བཟའ་ཡིན་མི་དགོས་། མཁས་གྲུབ་ཀར་མ་ཆགས་མེད་ལ་སོགས་པས་བཤད་པའི་བོད་སྔགས་པའི་གདུང་འཛིན་དང་ཁྱིམ་སྔགས་པ་གོས་ངུར་སྨྲིག་གྱོན་མཁན་མང་པོ་ཡོང་གི་ཡོད། དེ་ཚོ་ལ་དགེ་མཚན་ཆེན་པོ་ཡོད་རེད་ལ་་སྲོལ་དེ་གནའ་ནས་ད་བར་དུ་ཡོད་ཡོད་པ་རེད། དེང་སང་གི་རྟོགས་སད་པ་དེ་ཁ་ལ་ཉན་རྒྱུ་ཅང་མེད་་་་པ་མོག་དེ་ཚོ། མ་རབ་དེ་ཚོ།
རྡ་སར་གྲྭ་པར་སྡང་མཁན་རིགས་གཉིས་ཡོད། གཅིག་ནི་རང་གིས་མི་འཇོན་པའི་བྱ་བ་དཔེར་ན། སློབ་སྦྱོང་། མིའི་འབྲེལ་བ། ཐ་ན་ཆབ་སྲིད་ཀྱི་ལས་དོན་སོགས་གྲྭ་པས་བྱས་དུས་སྙིང་ལ་སྐྲན་ཏུ་ཆགས་ནས་སྡང་ཟུག་བྱེད་བཞིན་ཡོད། གཉིས་པ་ནི་ཆོས་དང་གྲ་པར་འདོད་པ་མེད་མདོག་བྱེད་པའི་དེང་གི་གསར་བུ་སྣང་མཐོ་ཁོག་ན་ཡོན་ཏན་སྤུ་ཙམ་མེད་ཀྱང་ང་རྒྱལ་གྱི་སྒང་བུ་གནམ་ལ་འཕུར་བསྡད་པའི་རིགས་དེ་ཡིན། དེ་གཉིས་ཀའི་གནད་འགག་ལྟ་དུས་ཕྲག་དོག་ཟེར་བ་འདི་ལས་བྱུང་བ་རེད།
གོང་གི་ཚིགས་བཅད་དེ་ཚོ་འབྲི་མཁན་ཡང་ཕྱོགས་གཉིས་ཀར་གཏོགས་པའི་མི་ཞྀག་རེད། རྡ་སའི་མི་ཚཽས་ཕན་ཚུན་ཤེས་ཀྱི་ཡོད་པ་རེད། རང་གིས་མི་འཇོན་པའི་སྙིང་ནད་བསྟན་པ་ལ་ཤ ཞེན་ཡོད་མདོག་གིས་མི་ལ་སྡིགས་དམོད་བྱེད་པ་སྙིང་རྗེའི་གནས་རེད།
འདི་ལ་ཕྱོགས་གཅིག་ནས་བཤད་ན། རིག་འཛིན་ཚངས་དབྱངས་རྒྱ་མཚོའི་ཞལ་ནས། ་
བན་དེ་་སྐྱ་་མིན་སེར་མིན། །
སངས་རྒྱས་བསྟན་པའི་དགྲ་བོ། །
སྤྲིན་པ་ཁ་སེར་གཏོང་ནག །
སད་དང་སེར་བའིསྣ་འདྲེན། །
ཞེས་གསུང་ཡོད་པས་ལྟ་ཚུལ་དེ་འདྲ་སྔར་ནསཡོད་མོད་་་དེའི་དགོངས་པ་ཞིབ་ཏུ་བསམ་ན་དེ་འདྲ་རྩ་བ་རང་ནས་མིན་། བུད་མེད་ཅན་ཡིན་ན་འདུལ་བའི་ལག་ལེན་བྱེད་མི་རུང་བར་བསྟན་པ་ཡིན་་་འདུལ་བའི་ལས་བརྒྱ་རྩ་ལྟ་བུ་ཡིན་ན་རབ་བྱུང་ཚད་ལྡ་ཅིག་གི་ལས་ཀ་ཡིན་དགོས་པར་བསྟན་ཡོད།
བོད་ཀྱི་བན་དེ་ཡོད་ཚད་རབ་བྱུང་མིན་ལ་རབ་བྱུང་གི་ཆ་ལུགས་ཟེར་ན་ཆོསགོསརྣམ་གསུམ་ལྟ་བུ་རེད་མོད་་་། ངུར་སྨྲིམ་ཙམ་ལ་དགག་བྱ་གང་ཡང་མེད་པ་གསོལ་བོ་རེད་། བན་སྔགས་ངུར་སྨྲིག་་གི་ན་བཟའ་ཅན་ཡིན་ན་བུད་མེད་དང་འབྲེལ་བ་རྩ་བ་ནས་བྱེད་མི་ཆོག་པའི་དགག་བྱས་ཅང་མེད་། ད་རུང་འདི་་ལ་ཞིབ་ཏུ་འབེལ་ན་རིས་མེད་མཁས་པའི་དབུས་སུ་ངོ་་་གནོང་མི་དགོས་པ་ཙམ་བཤད་ཤེས་ཀི་ཡོད། དེ་རིང་དེ་ཙམ་ཡིན་ནོ།
༦༠ མགོན་པོའི་ལན་དུ། ཚིག་མཛོད་ཆེན་མོ།
བྱ་བ་གང་ཡང་རུང་བ་ཞིག་བྱེད་སའི་གནས་སམ་སྡེ་ཚན། སློབ་གྲྭ།འཛིན་གྲྭ།ཆོས་གྲྭ།རྩོད་གྲྭ།ལས་གྲྭ།བཟོ་གྲྭ།སྨན་གྲྭ།རྩིས་གྲྭ།ཀློག་གྲྭ།འདོན་གྲྭ།སྒོམ་གྲྭ།སྔགས་གྲྭ།འདུལ་གྲྭ།ཟུར།ཁང་པའི་གྲྭ།གོས་ཀྱི་གྲྭ། དེ་དག་ལས་སྔ་མོ་འཛིན་གྲྭ་ཆོས་གྲྭ་ལས་གྲྭ་སོགས་ཕལ་མོ་ཆེར་རབ་ཏུ་བྱུང་བ་དང་སྔགས་པ་ཁོ་ན་མང་བར་གྱུར་པས་ཕྱིས་སུ་སྡེ་གཉིས་པོར་ཁྱད་མེད་གྲྭ་པ་ཞེས་གྲགས། དེ་ལས་ཕྱིས་སུ་དགེ་ལུགས་པའི་བསྟན་པ་དར་རྗེས་སྡེ་གཉིས་ལས་རབ་ཏུ་བྱུང་བའི་སྡེ་ལ་གྲྭ་པ་ཞེས་འབོད་པའི་སྲོལ་དོད། དེའི་ཤུགས་ཀྱིས་བོད་མི་བྱིངས་ནང་གྲྭ་པ་དང་རབ་བྱུང་དབྱེ་མི་ཤེས། ཡིན་ནའང་དགེ་ལུགས་པའི་དགོན་ཆེན་ལྷོ་ཕྱོགས་ན་ཡོད་པ་དག་གི་ནང་གྲྭ་ཆུང་བྱ་རོག་སྤྲོད་མི་ནུས་པ་དུ་མ་མཆིས་པ་དེ་དག་རབ་ཏུ་བྱུང་ཡང་སྡོམ་པ་མི་ཆགས། ཡིན་ནའང་དེ་དག་ལའང་གྲྭ་པ་ཞེས་སུ་འབོད། དོན་ལ་གྲྭ་པ་དང་རབ་བྱུང་སོ་སོ་ཡིན་པ་དེས་ཤེས། ད་དུང་རབ་བྱུང་གི་སྡོམ་པ་ཆགས་སུ་རུང་བའི་གྲྭ་རྒོད་མང་དག་ཅིག་རབ་བྱུང་གི་སྡོམ་པ་ཞུས་མྱོང་མེད། དེ་དག་ཀྱང་གྲྭ་པ་རང་དུ་འབོད།
འོན་ཀྱང་ཆོས་བརྒྱུད་གཞན་གྱི་ནང་ན་དེང་དུས་ཀྱི་གྲྭ་པར་འབོད་པ་དེའི་ནང་དགེ་བསྙེན་དང་དགེ་ཚུལ། དགེ་སློང་གི་སྡེ་ཞེས་ཁྱད་པར་ཡོད་པ་རྟོགས། གྲྭ་པ་དང་རབ་བྱུང་དོན་གཅིག་ཡིན་ན། ཨོ་རྒྱན་སངས་རྒྱས་གཉིས་པ། སོ་ཟུར་གནུབས། ལྷོ་བྲག་མར་པ། མི་ལ་རས་པ། ཀུན་དགའ་སྙིང་པོ་དང༌། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ཕྱིས་སུ་༧པཎ་ཆེན། བདུད་འཇོམས། ༧གོང་ས་མཆོག་གི་དབུ་བླ་དིལ་མགོ་མཁྱེན་བརྩེ་སོགས་གྲྭ་པ་མ་རེད་ཟེར་དགོས་ཐུག་ཡོངས་པས་དེ་ལས་ཡ་ང་བ་ཞིག་དང་ལས་ངན་པ་ཞིག་ག་ན་ཡོད།
དག་ཡིག་གསར་བསྒྲིགས་ལས།
༡ ཟུར་གྱི་ མིང་ལ་འཇུག་པ་ནི་ ཁང་ བ འི་གྲྭ ་བཞི། གོས་ཀྱི་གྲྭ་ཞེས་པ་ལྟ་བུ། ༢ ར་བའི་མིང་ལ་འཇུག་པ་ནི་བཟོ་གྲྭ སློབ་གྲྭ་ཞེས་པ་ལྟ་བུ།
གྲྭ་པ་ཡིན་ལ་རབ་འབྱུང་མིན་ན། དེ་འདྲའི་གྲྭ་པ་ཆོས་ཅན། གྲྭ་པ་ལོག་རྒྱུ་མེད་པར་ཐལ། རབ་འབྱུང་སྡོམ་པ་མེད་པའི་ཕྱིར། ཟེར་ན་ཅི་ལོབ།
རེབ་ཐོག་ལགས། ཐུགས་རྗེ་ཆེ་རང་རེའི་བསྟན་པ་དང་རིག་གཞུང་ལ་རང་མིས་གཅེས་སྤྲས་མ་བྱས་ན། གཞནསུས་བྱུས་གཏོགས་བྱེད། ལས་དོན་འདིའི་ཐད་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་དོ།
༥༧༽ མུན་འཇོམས་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༣ གི་ཆུ་ཚོད་ ༡༨ སྐར་མ་ ༤༩
སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡུན་ཚད་དང་རྒྱལ་བ་བྱམས་པ་འཇིག་རྟེན་དུ་འབྱོན་རྒྱུའི་སྐོར། ་་་་་་
་་་་་་་་ ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔ་ཕྱིན་པའི་རྗེས་ལ་རྒྱལ་བ་བྱམས་པ་འཇིག་རྟེན་དུ་འབྱོན་རྒྱུ་ཡིན་ཟེར། ་་་བ་འདིའི་ཁུངས་དང་བརྩི་སྟངས་ཅིག་ཁ་གསལ་ཙམ་གསུང་སུས་ཐུབ་བམ།
མེ་དཀར་གྱི་དགོངས་ཚུལ་ཡག་པོ་འདུག །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས།།ཞེས་པ་ལྟར་རང་སྐྱོན་རང་གིས་ངོས་ཟིན་པའི་མཁས་པ་ལ་གུས་ཕྱག་འོས། གཞན་སྐྱོན་འཚོལ་བ་ལ་རང་ཉིད་སྐྱོན་བྲལ་དང་གཞན་དོན་ལྷག་བསམ་ཅན་ཡིན་དགོས་པ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་དགོངས་དོན་ཡིན། སྤྱིར་ན་གཞན་གྱི་ཡོན་ཏན་སྒྲོག ། རང་གི་སྐྱོན་སྒྲོག་པ་ནི་སྐྱེས་བུ་དམ་པའི་ཁྱད་ཆོས་ཡིན། དེ་མིན་པར་སྤྱི་ཚོགས་ཤིག་གི་གནས་བབས་ལ་བསམ་ནས་འགན་འཁྲིའི་བསམ་བློ་ཐོག་ནས་གཞན་སྐྱོན་གླེང་ན་མི་འགྲིག་པ་མེད། ཆོས་རྗེ་ཀུན་ལེགས་ཀྱིས། ལས་འབྲས་མི་བསམ་པའི་བླ་མ་ཡང་བདུད་ཡིན་གསུངས་པ་ལྟར། རང་རྒྱུད་སྐྱོན་རྟོག་གི་བསླད་པའི་ཚུལ་འཆོས་མཁན་པོས་ཆོས་ཚུལ་བཤིགས་པ་ནི་བདུད་ལས་ཀྱི་བྱ་བ་ཡིན། སྤྱིར་ན་སྐྱོན་ལྟར་དུ་སྣང་ནའང་སྐྱོན་མ་ཡིན་པ་ཡང་དུ་མ་ཡོད་པ་རེད། དེང་སང་རབ་བྱུང་བ་ཚོ་ཚུལ་འཆོས་ཙམ་ལས་མི་མཐོང་བ་ནི་རང་གི་སྐྱོན་རེད། སྐྱབས་འགྲོའི་བསླབ་བྱ་ལས་རྟགས་ཙམ་འཛིན་པའི་དགེ་སློང་ལ་དགེ་འདུན་དཀོན་མཆོག་གི་འདུ་ཤེས་འཛིན་དགོས་པར་གསུངས་ཡོད་པ་རེད། འདི་གནད་འགག་ཅིག་རེད། ཡིན་ཡང་དགེ་སློང་གིས་རྟགས་ཙམ་འཛིན་ན་འགྲིག་པར་གསུངས་ཡོད་པ་མ་རེད། མདོར་ན་རང་སྐྱོན་འཚོལ་བ་ནི་ལེགས་ཚོགས་ཐམས་ཅད་ཀྱི་སྒོ་གཅིག་བུ་ཡིན། རེད་མ་རེད་དཔྱད་པར་བྱ།
མེ་ཏོག་དཀར་པོ་ལགས། ཚིག་མཛོད་དང་དག་ཡིག་གསར་སྒྲིག་ཙམ་རིག་མ་་མྱོང་། མཐོང་མ་མྱོངབའི་་མགོན་པོ་ཞིག་མིན། མགོན་པོ་ནི་་རང་དང་གཞན་གྱི་་་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་སོན་པའི་ལྔ་རིག་སྨྲ་བ་ཞིག་ཡིན།
བན་དེ་་དང་་བཙུན་པ་་་་ཇོ་མོ་དང་་་བཙུན་མ། རབ་བྱུང་ཕོ་མོ་་སོགས་སྔོན་གྱི་མཁས་པའི་གཞུང་དང་གངས་ཅན་རིག་པའི་གཞུང་ལུགས་ཀྱི་ཐ་སྙད་རྨ་མེད་པ་དེ་ཟུར་འཇོག་བྱས་ནས་གློ་བུར་བའི་ཚིག་གསར་་ལྟས་ངན་འདྲ་བོ་བེད་སྤྱོད་བྱས་ཡོང་ན་ཡག་པོ་མ་རེད་ལོ།
རྟེན་རབ་བྱུང་མིན་ན་ཡང་་་གོས་ངུར་སྨྲིག་ཙམ་གྱོན་མི་ཆོག་་ཟེར་བའི་ཁྲིམས་སུ་བཅས་ན་ཁས་མི་ལེན།
རབ་བྱུང་ཡིན་ན་ཆོས་གོས་རྣམ་གསུམ་པོ་ཡོད་རེད། ཆོས་གོས་ཙམ་ཐབས་ལ་མཚོན་ན་རབ་བྱུང་གི་ཤམ་ཐབས་གྲས་ཤིང་གྲུབ་པ་འམ་ཡང་ན་ཀླན་གྲུབ་གང་རུང་ཡིན་ལ། སྔགས་ཤམ་མེ་ལོང་་མ་ཟེར་བའི་ཤམ་ཐབས་ཡང་ཡོད། ངེད་ཀྱི་ཡུལ་ནས་ཤམ་ཐབས་ལ་ལེའུ་མེད་ན་སྡོམ་པའི་རྟགས་སུ་འཛིན་སྲོལ་ཡོད། འོན་ཀྱང་འདུལ་བ་ལས་་་་ཐང་ཐང་པོ་ཡང་ངོ་་་་་ཞེས་ཐང་ཐང་པོ་ལ་བྱིན་རླབས་འཇུག་པར་བཤད་པ་ཡོད་རེད།
དོན་ཀུན་གྲུབ་པས་འཁོར་བ་སྤངས་པ་དང་།།
དེང་དུས་བླ་གྲྭས་འཁོར་རྒྱུར་འབད་པ་འདིས།།
རིགས་པས་མི་རིགས་ཁྱད་པར་ཕྱེ་ཟིན་པས།།
ད་དུང་བྱེ་བྲག་མང་པོ་དགོས་དོན་མེད།།
དོན་ཀུན་གྲུབ་པས་སྲིད་དོན་དོར་བ་དང་།།
དེང་དུས་བླ་གྲྭས་སྲིད་དོན་འབད་པ་འདིས།།
རིགས་མི་མི་རིགས་ཁྱད་པར་ཕྱེ་ཟིན་པས
ད་དུང་བྱེ་བྲག་མང་པོ་དགོས་དོན་མེད།།
དོན་ཀུན་གྲུབ་པས་ཆོས་བརྒྱད་དོར་བ་དང་།།
དེང་དུས་བླ་གྲྭས་ཆོས་བརྒྱད་སྒྲུབ་པ་འདིས།།
རིགས་དང་མི་རིགས་ཁྱད་པར་ཕྱེ་ཟིན་པས།།
ད་དུང་བྱེ་བྲག་མང་པོ་དགོས་དོན་མེད།།
དོན་ཀུན་གྲུབ་པས་འཚེ་བ་སྤངས་པ་དང་།།
དེང་དུས་བླ་གྲྭས་ཤ་ཁྲག་རོལ་པ་དེས།།
རིགས་དང་མི་རིགས་ཁྱད་པར་ཕྱེ་ཟིན་པས།།
ད་དུང་བྱེ་བྲག་མང་པོ་དགོས་དོན་མེད།།
དོན་ཀུན་གྲུབ་པས་གོས་རྙིང་གསོལ་བ་དང་།།
དེང་དུས་བླ་གྲྭས་གོས་གསར་ཚོལ་བ་དེས།།
རིགས་དང་མི་རིགས་ཁྱད་པར་ཕྱེ་ཟིན་པས།།
ད་དུང་བྱེ་བྲག་མང་པོ་དགོས་དོན་མེད།།
དོན་ཀུན་གྲུབ་པས་ངེས་འབྱུང་བསྐྱེད་པ་དང་།།
དེང་དུ་བླ་གྲྭར་ངེས་འབྱུང་མེད་པ་འདིས།།
རིགས་དང་མི་རིགས་ཁྱད་པར་ཕྱེ་ཟིན་པས།།
ད་དུང་བྱེ་བྲག་མང་པོ་དགོས་དོན་མེད།།
དོན་ཀུན་གྲུབ་པར་སྦྱར་བའི་ཁྱད་ཆོས་རྣམས།།
འདུལ་བའི་གཞུང་ནས་རབ་ཏུ་བྱུང་རྣམས་ལ།།
ངེས་པར་དགོས་པར་གསུངས་པའི་དོན་རྣམས་ཡིན།།
དེ་དོན་ཐུགས་ལ་ངེས་ནས་དགྱེས་དགྱེས་མཛོད།།
དག་ཡིག་གསར་སྒྲིག་གྲོགས་སུ་མ་བསྟེན་ཅིང་། །
ཚིག་མཛོད་ཆེན་མོ་གམ་དུ་མ་ཉར་བར། །
ཚིག་དུམ་ཞིག་ཀྱང་འབྲི་བར་མི་ནུས་མོད། །
ད་དུང་ལྔ་རིག་སྨྲ་བ་ཡིན་ནོ་ལོ། །
སྔོན་གྱི་ཡིན་ན་མཁས་པའི་ཡིན་དོན་ཅི། །
ཕྱིས་ཀྱི་ཡིན་ན་བལྟས་ངན་ཡིན་རྟགས་གང་། །
ལྔ་རིག་སྨྲ་བ་མགོན་པོས་མེ་ཏོག་ངར། །
བློ་ཁ་ཚིམས་པའི་ལན་ཞིག་གསུངས་པར་རིགས། །
གྲྭ་ལོག་གྲྭ་པའི་ཞབས་འདྲེན་རེད། །
ཨ་ལོག་ཨ་ནིའི་ཞབས་འདྲེན་རེད། །
སྤྲུལ་ལོག་སྤྲུལ་སྐུའི་ཞབས་འདྲེན་རེད། །
བླ་ལོག་བླ་མའི་ཞབས་འདྲེན་རེད། །
བསྟན་པ་བཤིགས་མཁན་འདི་ཚོ་རེད། །
ལྟ་བ་ལོག་མཁན་འདི་ཚོ་རེད། །
དགེ་སུན་འབྱིན་མཁན་འདི་ཚོ་རེད། །
དབྱིན་མོའི་མག་པ་འདི་ཚོ་རེད། །
ཡུག་སའི་རྐུབ་འབྱར་འདི་ཚོ་རེད། །
ཕུང་གསུམ་དམ་ཉམས་འདི་ཚོ་རེད། །
འཆལ་རྩོམ་འབྲི་མཁན་འདི་ཚོ་རེད། །
དགོན་པར་སྨད་མཁན་འདི་ཚོ་རེད། །
བླ་མར་རྩོད་མཁན་འདི་ཚོ་རེད། །
བསྟན་པ་བཤིགས་མཁན་འདི་ཚོ་རེད། །
དཀྲུག་ཤིང་རྒྱག་མཁན་འདི་ཚོ་རེད། །
དྷ་སའི་རི་ན་འདི་འདྲ་མང་། །
བྷོ་དྷའི་ཟུར་ལ་འདི་འདྲ་མང་། །
ཁ་བརྡའི་སྒང་ལ་འདི་འདྲ་མང་། །
གྲྭ་ལོག་ལྟ་ལོག་བརྗོད་པ་འདི། །
ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །
ལྟ་ལས་དེ་ལྟར་མ་ཡིན་ནོ། །
ཞེས་པ་མིག་གིས་མ་མཐོང་ཟད། །
སྔ་མོ་འཛེ་མེད་ཅེས་པ་དེས། །
ཕ་རྒོད་བླ་མའི་ཞལ་ལུང་ལས། །
ཆེད་དུ་ཚངས་སྤྱོད་དོར་བ་རྣམས། །
ནང་པ་མིན་པར་འགྱུར་ཞེས་སྨྲ། །
མུ་འགོད།
དེང་དུས་མི་དཀར་མིང་ཅན་དེས། །
མུན་ནག་མདའ་བྱེད་འདིར་ལྟོས། །
གྲྭ་པ་བྱས་པའང་རང་གི་དོན། །
གྲྭ་པ་ལོག་པའང་བདེ་བའི་དོན། །
དེ་ནི་སྟོན་པས་བཀག་མི་ཆོག །
དེ་ལ་གུ་རུས་བརྡིག་མི་ཆོག །
བསོད་ཟད་མི་དཀར་མིང་ཅན་གྱིས། །
འགྲིག་མིན་བཤད་པ་དགྲ་ལ་ཟློག །
རྩོམ་སྒྲིག་པ་ལགས khabdha@gmail.comགློག་འཕྲིན་ཁ་བྱང་འདིའི་ནང་རྩོམ་ཡིག་མང་པོ་ཞིག་བསྐུར་བ་ཡིན་གཅིག་ཀྱང་བཀོད་མ་སོང་། ཁ་སང་ང་ནོར་འདུག ་དགོངས་དག་ཞུ
དྲ་འབུ་ཚོར་ཞུ་རྒྱུར། རྡ་སར་གྲྭ་པ་འགས་བུ་མེད་དང་མཉམ་དུ་འགྲོ་འདུག་བྱེད་པ་དེ་བོད་མི་རིགས་གྲང་ཉུང་ཡར་རྒྱས་གཏོང་ཡག་གི་ཆེད་དུ་གཞན་དོན་ཁུར་ལེན་ཡིན་པས་སྡིག་པ་གསོག་པ་དང་ཀུན་སྤྱོད་ངན་པ་ཡིན་པར་གཏན་ནས་མ་བསམ།
རབ་དུ་བྱུང་གི་རྟགས་སུ་འཆང་རྒྱུས་གོས་ལ་ཆོས་གོས་རྣམ་གསུམ་པོ་དགོས་ཟེར་བ་དང། ཤམ་ཐབས་གྲྭ་ཅན་དགོས་ཟེར་བ་ནི། འདུལ་བའི་གཞུང་ལུགས་ཐམས་ཅད་ལས་མ་གསུང་ལ། ཆོས་གོས་འབྲལ་སྤང་བྱེད་པ་དང་ཤམ་ཐབས་གྲྭ་ཅན་གོན་པ་ནི་དགེ་སློང་ཁོ་ན་མ་གཏོགས་དགེ་ཚུལ་ཕ་དང་བར་མ་རབ་བྱུང་སོགས་ལ་མེད་པ་ནི་དེང་སེང་ཡང་མཐོང་ཐོས་མངོན་སུམ་གྱིས་གྲུབ་པ་འདི་ཡིན་ནོ།
གང་ལྟར་ཚང་མ་མཉམ་རུབ་ཀྱིས་བོད་པའི་མི་འབོར་འཕེལ་རྒྱས་སུ་གཏོང་རྒྱུ་གལ་ཆེན་པོ་རེད་དྲན།