གསལ་ལེ་རྒྱལ།
སྐད་ཆ་འདི་གསལ་ལེ་རྒྱལ་ཞིག་གིས་བཤད་དགོས་བ་ཞིག་མིན་ནའང་། འདིའི་སྐོར་གྱི་སྐད་ཆ་འགས་ངའི་དོགས་པ་ཇེ་ཆེར་བཏང་ཞིང་ངའི་རྣམ་ཤེས་དེའི་ཕྱོགས་སུ་དྲངས། ངའི་སེམས་སུ་གྲྭ་བའི་ཕོ་མཚན་དེ་གཅིན་པ་གཏོང་བྱེད་ཙམ་ལས་བེད་མེད་དུ་ལུས་བའི་ཤ་ལྷག་ངོ་མ་ཞིག་ཡིན་པའི་ཡིད་ཆེས་བྱས་ཡོད། སྔོན་མ་ཞིག་ལ་གྲོགས་པོ་གྲྭ་བ་ཞིག་ཡོད་པ་དེས་ཆུ་རྐྱལ་རྒྱག་སྐབས་ངས་ཁོང་གི་ཁོང་གི་ཕོ་མཚན་ལ་བལྟས་བ་ཡིན། ཁོའི་ཕོ་མཚན་ནི་ད་དུང་བྱིས་དུས་ཀྱི་ཆུ་སྦུ་བཞིན་སྐྱི་མོས་ཡོངས་སུ་བཏུམ་ནས་འདུག་པ་མ་ཟད། ཕོ་མཚན་གྱི་མགོ་ན་སྐྱི་མོ་མཛུབ་ཆུང་ཙམ་ཞིག་གནར་འདུག་པ་དེས་ངའི་སེམས་སུ་ཁོ་རང་འདི་ལ་ལག་པའང་ཐུག་མྱོང་མེད་པ་འདྲའང་བསམ་པའི་སྣང་བ་བྱིན། དེ་དུས་ངས་གྲྭ་རྟ་ཞེས་བའི་མིང་ཚིག་འདི་གོ་ཐོས་ཙམ་ཡང་བྱུང་མེད་པས་གྲྭ་བ་ཚང་མ་ཁོ་དང་གཅིག་མཚུམས་ཡིན་པའི་བསམ་པ་བཟུང་ཡོད། མགོ་སེར་མ་ཞིག་གིས་བོད་པའི་གྲྭ་བ་ཚོས་ཕོ་རྒྱོའམ་མཚན་མཐུན་ཆགས་སྤྱོད་བྱེད་ཀྱིན་ཡོད་པའི་སྐད་ཆ་ཞིག་ང་ལ་བཤད་དེ་ངས་མཐའ་གཅིག་ཏུ་ངོ་རྒོལ་བྱས་བ་ཡིན་ལ་ངོ་རྒོལ་དེ་ནི་མི་རིགས་དང་ཆོས་ལུགས་ཀྱི་ཕྱོགས་རུས་བཟུང་བ་མིན་པར་སེམས་བསམ་པའི་སྟེང་ནས་ངོ་རྒོལ་བྱས་བ་ཡིན།
ཕྱིས་སུ་གྲྭ་བ་དང་གྲྭ་ལོག་ངོ་ཤེས་ཚོར་འགྲོག་ནས་ཡུན་གྱིས་རྒྱུས་ལེན་བྱས་བ་ལྟར་ན་དེ་ནི་ངས་མ་ཤེས་བའི་གསང་བ་ཞིག་ཡིན་པ་ལས་གཏན་དུ་མེད་པ་ག་ལ་ཡིན་ཏེ། དེ་ནི་ཆགས་སེམས་ཀྱི་མགོ་བོ་གནོན་མ་ཐུབ་པའི་གྲྭ་རྒོད་ཚོའི་ཉིན་རེའི་འཚོ་བའི་ནང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་བྱ་བ་ཞིག་རེད། གྲྭ་ཟུར་ཞིག་གིས༼ ང་གྲྭ་བ་ལོག་དོན་ཆགས་པའི་མགོ་གནོན་མ་ཐུབ་པས་མིན། ཆགས་པ་ཁོ་ན་ཡིན་ཚེ་གྲྭ་ཕྲུག་ཚོ་ཕུར་ཕུར་འདྲ་བཏང་ནས་བསྡད་ནའང་ཆགས་པའི་མགོ་གནོད་མི་ཐུབ་པ་ཅང་མི་འདུག ཡིན་ནའང་། གྲྭ་བའི་སྤྱི་ཚོགས་དེ་ལ་ཡིད་ཆད་སོང་བས་གྲྭ་སར་འདུག་འདོད་མ་བྱུང་བས་ཡིན༽་ཟེར། ཡང་གྲྭ་ཟུར་གཞན་ཞིག་གིས་ང་ལ། ༼ཁྱོད་ཀྱིས་དྲང་མོར་དྲིས་བ་ཡིན་པས་ངས་རང་གིས་ཤེས་བའི་དོན་དག་ཅིག་ཁྱོད་ལ་གསང་བ་བྱེད་དགོས་དོན་མི་འདུག དེ་ནི་ང་རང་མཚོན་ནས་བཤད་ན་བྱུང་ཟིན་པ་ཞིག་དང་སྤྱི་ཚོགས་ལ་བལྟས་ཏེ་བཤད་ན་བྱུང་བཞིན་པ་ཞིག་རེད། ང་རང་གྲྭ་ཕྲུག་ཡིན་དུས་གྲྭ་རྒན་ཚོས་བེད་སྤྱད་བཏང་ནས་ཡོང་བ་ཞིག་ཡིན་ལ་ཕྱིས་སུ་རང་གིས་ཀྱང་དེ་བཞིན་ལག་ལྟར་བྱས་མྱོང་༽ ཟེར། ཡང་ཁོང་གིས་༼ང་རང་གྲྭ་ཕྲུག་ཡིན་དུས་ཀྱི་ཉིན་མོ་ཞིག་ལ་གྲྭ་བ་ཕོ་གསར་ཞིག་གིས་ང་ལ་ཁྱོད་ཀྱིས་ཐབས་མཁས་སྨོན་ལམ་ཨེ་ཤེས་ཞེས་དྲིས་བྱུང་། ངས་མི་ཤེས་ཞེས་བཤད་པར་ཁོས་དེ་ནི་གྲྭ་བའི་སྔོན་འགྲོ་རེད། ངས་ཁྱོད་ལ་བསླབ་ཆོག་ཟེར། དེ་དུས་ངས་ཐབས་མཁས་སྨོན་ལམ་ཞེས་བའི་དོན་ཅི་ཡིན་མི་ཤེས་བས་དགོང་མོ་ཨ་ཁུའི་ནང་ལ་སོང་བ་ཡིན། ཨ་ཁུས་ཁ་འདོན་བྱེད་བཞིན་འདུག་ལ་ཁོའི་དགེ་ཕྲུག་གིས་ཟ་མ་ལས་བཞིན་འདུག ང་རང་ཨ་ཁུའི་ཉེ་སར་བཅར་ནས། ཨ་ཁུ། ཁྱོད་ཀྱིས་ཐབས་མཁས་སྨོན་ལམ་ཨེ་ཤེས་ཞེས་དྲིས་བ་ན། ཨ་ཁུས་སྐད་མགོ་ཇེ་མཐོར་བཏང་ནས་ཁ་འདོན་སྐྱོར་བཞིན་འདུག་ལ་ཕར་ཕྱོགས་ན་ཁོང་གི་དགེ་ཕྲུག་གིས་ང་ལ་མིག་ལོག་གིས་ལྟ་བཞིན་འདུག ངས་རྣམ་འགྱུར་དེའི་སྟེང་ནས་འདྲི་མི་ཉན་པ་ཞིག་དྲིས་ཟིན་པ་ཚོར་སོང་། དེ་ནས་ངས་ཅི་ཡང་མ་བཤད་པར་ཕྱིར་ལོག་ཡོང་བ་ཡིན། གང་ལྟར་ཉིན་ཞིག་གྲྭ་བ་ཕོ་གསར་དེས་ང་ལ་དེ་དགོང་ཁྱོད་རང་ངའི་ནང་ལ་ཤོག་དང་ངས་ཁྱོད་ལ་ཐབས་མཁས་སྨོན་ལམ་འཁྲིད་ཆོག་ཟེར། དགོང་དེར་ང་རང་སྐྲག་ཞོར་སྐྲག་ཞོར་ལ་ཕྱིན་པ་ཡིན། ཁོས་ང་ལ་ཐབས་མཁས་སྨོན་ལམ་མ་ཤེས་ན་ཁྱོད་རང་ཕྱིས་སུ་གྲྭ་བ་ལོག་གི་རེད། དེ་བས་ཤེས་དགོས་བ་རེད། ཐབས་མཁས་སྨོན་ལམ་ནི་ཁྱོད་ཀྱི་རླིག་པ་ནས་འཐེན་དགོས་བ་རེད་ཟེར། ངས་ཚ་གི་རེད་དམ་ཞེས་བར་ཅུང་ཙམ་ཚ་ནའང་སྐྱོན་ཡོད་བ་མ་རེད། གྲྭ་བ་ཚང་མ་དེ་འདྲ་རེད་ཟེར། དེ་ནས་ཁོས་ང་ལ་ཁྱོད་ཀྱིས་ཤམ་ཐུབ་ཡར་བརྫེས་ནས་ཁ་སྦུབ་ཀྱིས་ཉོལ་ཟེར། ངས་ཁོས་བཤད་པ་ལྟར་བྱས་བ་ཡིན། ཁོས་ངའི་བརླ་བར་ལ་ཁ་ཆུ་བཏབས་ནས་ཅི་ཞིག་ལས་བཞིན་འདུག ངའི་སེམས་སུ་ཁོའི་ཕོ་མཚན་མ་རེད་དམ་བསམ་པ་ཞིག་བྱུང་སོང་ཡང་ད་ནི་ན་ཟུག་ཡོང་གི་རེད་བསམ་ནས་སྒུག་བསྡད་པ་ཡིན། བར་སྐབས་ཤིག་ལ་ཁོའི་ཁ་ནང་ནས་ཁུན་སྒྲ་ཞིག་གྲགས་པ་དང་མཉམ་དུ་ངའི་བརླ་བར་ལ་ཚ་སོབ་སོབ་ཀྱི་ཚོར་བ་ཞིག་བྱུང་སོང་། དེ་ནས་ཁོ་ཅུང་ཙམ་རིང་འགུལ་མེད་དུ་བསྡད་རྗེས་ཡར་ལངས་ནས་ད་ཚར་སོང་བ་རེད་ཟེར། དེ་ནི་ངའི་མི་ཚེའི་ནང་གི་སློབ་སྦྱོང་ཐོག་མ་ཡིན༽་ཟེར། འདི་དང་འདི་ལྟ་བུའི་གཏམ་རྒྱུད་མང་བོ་འདུག་ལ་དེ་ནི་མི་རུང་བ་ཞིག་ཡིན་མིན་ཡང་བཤད་དཀའ་བའི་ཚད་རེད། ཁོ་ཚོས་བཤད་ན་ཁོ་ཚོ་འདུལ་ཁྲིམས་དང་འགལ་མེད་པའི་རྒྱུ་མཚན་དུ་འདུལ་བ་རུང་མཐུན་ཞེས་བ་ཞིག་འདྲེན་རྒྱུ་འདུག་མོད། དེ་ཚང་མ་ངས་འདིར་བཤད་དོན་མི་འདུག ངས་འདིར་བཤད་འདོད་པ་ནི་ཁ་སང་དེ་རིང་དྲ་ཐོག་ན་གྲག་གིན་པའི་གྲྭ་སའི་བཙན་གཡེམ་ཞེས་བའི་ཀ་ལུ་རིན་པོ་ཆེའི་ཡང་སྲིད་ཀྱི་སྐད་ཆ་དེའི་མཇུག་ཡིན།
གྲྭ་སའི་གྲྭ་རྒོད་ཚོའི་བར་ལ་རྒྱག་རེས་ཤོར་བཞིན་པ་དེ་ནི་ཆོལ་ཁ་ཆོས་ལུགས་དང་ཆབ་སྲིད་གང་ལའང་འབྲེལ་བ་མི་འདུག དེ་ནི་བརླ་བར་གྱི་འབྲེལ་བ་ཞིག་རེད། འབྲེལ་བ་དེ་ལ་རིགས་འགའ་འདུག་ཏེ། གཅིག་ནི་བཙན་པོས་དབང་ཤུགས་བཀོད་དེ་ཁྱོད་ངའི་གྲྭ་ཕྲུག་རེད། ང་ཁྱོད་ཀྱི་དགེ་རྒན་ནམ་བླ་མ་རེད། བླ་མས་ཅི་གསུངས་ཆོས་ཡིན། བླ་མས་གར་བསྟན་ཤར་ཡིན་ཞེས་བ་དེ་རེད། ཁ་ཕར་འཁོར་ཞེས་ན་ཕར་རེད། ཁ་ཚུར་སྒྱུར་ཞེས་ན་ཚུར་རེད། དེ་ལ་བཙན་པོས་དབང་ཡོད་བྱས་ཟེར་བ་རེད། གཞན་ཞིག་ནི་གཉིས་མཐུན་གྱི་འབྲེལ་བ་ཞིག་རེད། གཉིས་མཐུན་གྱི་འབྲེལ་བ་དེའི་ནང་ནའང་གནང་སྦྱིན་ཟེར་བ་ཞིག་དང་བག་ལེབ་སྲེག་ཅེས་བ་ཞིག་འདུག གནང་སྦྱིན་ནི་གཅིག་གིས་རང་གི་འདོད་མོས་བཞིན་གྲྭ་བ་གཞན་པ་ཞིག་ལ་བརླ་གཡར་བ་དེ་ལ་ཟེར་ཞིང་། བག་ལེབ་སྲེག་པ་ནི་གཉིས་ཀས་ཕར་སྤྱོད་ཚུར་སྦྱོད་བྱེད་པ་དེ་ལ་ཟེར། ཆོས་འདུལ་བར་མཐུན་མིན་མི་ཤེས་མོད་གཉིས་མཐུན་གྱི་ཆགས་སྤྱོད་འདིའི་རིགས་ཡོད་ཆོག་པ་ཞིག་མ་རེད་ཅེས་བཤད་མི་ཐུབ་པ་ཞིག་ཡིན་པ་འདྲ།
དེ་ལས་ཀྱང་ཡ་ང་ཞིང་ཡིད་འཆད་པ་ཞིག་ནི་ལུས་ཤུགས་ལ་བརྟེན་ནས་བཙན་གཡེམ་བྱེད་པ་དེ་རེད། དེ་ནི་ཕོ་གསར་གཉིས་ཀྱིས་ཕན་ཚུན་གྱི་ཐུང་རྩའི་བཟུང་ནས་ཤེད་ཤུགས་འགྲན་རྒྱུ་དེ་མ་ཡིན་པར། སྤྱང་ཚོགས་ཀྱིས་ར་ལུག་བཟུང་བ་དང་ཨ་ན་མ་ན་རེད། དེའི་སྐོར་ལ་ཡང་གྲྭ་ཟུར་ཞིག་གིས་འདི་ལྟར་བཤད། ༼དགོང་མོ་ཞིག་ལ་ང་ཚོའི་གྲྭ་ཤག་གི་གྲྭ་བ་ཞིག་བསླེབས་མ་སོང་། ཅུང་ཙམ་བསྒུགས་ཀྱང་ཡོང་རྒྱུ་མི་འདུག དེ་ནས་ང་ཚོས་ཁྲིད་སོང་བ་ཤེས་སོང་། ང་ཚོ་ཚང་མ་འཚོལ་དུ་ཕྱིན་པ་ཡིན། ང་ཚོས་ས་ཕྱོགས་ཤེས་ཀི་རེད། ང་ཚོར་ཆ་རྒྱུས་ཡོད་པ་རེད། དེ་ནས་དགོན་པའི་འདབས་ཀྱི་ནགས་གསེང་ལ་སོང་བ་ན་ཁོ་དམར་ཧྲེང་ངེར་བསྡད་འདུག ཁོའི་གཟན་དང་ཤམ་ཐུབ་ཚང་མ་རློན་པ་རློན་ནག་རེད་༽ཟེར། སྐབས་དེར་ངས་ཁོའི་བཤད་མཚམས་བཀག་ནས་གཟན་དང་ཤམ་ཐུབ་ག་རེ་བྱས་ནས་རློན་པ་ཆགས་པ་རེད་ཅེས་དྲིས་བ་ན། ཁོ་གད་མོ་དགོད་བཞིན། ༼གཅིག་གིས་བརྒྱབས་རྗེས་ཁོའི་གཟན་གྱིས་དེའི་ཁུ་བ་ཕྱིས། དེ་ནས་ཡང་གཅིག་གིས་བརྒྱབས། དེ་ནས་ཡང་གཟན་གྱིས་ཁུ་བ་ཕྱིས་ཏེ་གཞན་པ་ཞིག་གིས་བརྒྱབས། དེ་ལྟར་བྱས་ནས་གཟན་དང་ཤམ་ཐུབ་གཉིས་ཆ་ཁུ་བས་རློན་པ་བཟོས་བཞག་པ་རེད། ང་ཚོའི་གཅིག་གིས་ཁོ་ལ་གཟན་ཞིག་གཡར་ནས་དེས་བཏུམ་ནས་ང་ཚོ་ནང་ལ་ཡོང་བ་ཡིན། ནང་ལ་ཡོང་ནས་ཁོས་རྒྱུད་རིམ་བཤད་སོང་། གར་ཡོང་འདིར་ཡོང་མེད་པར་གྲྭ་བ་བཅུ་ཁ་ཞིག་ཡོང་ནས་ང་རང་སྒྱེ་མོ་འགྱོག་སྟངས་བྱས་ནས་ཁྲིད་སོང་། ནགས་གསེང་ནས་ཚང་མས་རྒྱོ་ཡི་འདུག ཁ་ཤས་གསར་བ་ཡིན་ས་རེད། སྐྲག་ནས་མཇེའང་ལང་གིན་མི་འདུག རྒན་པ་དག་ནི་ཉམས་མྱོང་ཅན་ཤ་རྟགས་རེད་ཟེར༽ཞེས་ཟེར། ང་རང་ཧང་སངས་ནས་དེ་འདྲའི་སྤྱི་ཚོགས་ཤིག་དངོས་སུ་ཡོད་པ་རེད་དམ་ཞེས་བར་ཁོས་ཅི་མི་སྙམ་པར། ༼ཁྱོད་ཀྱིས་ཤེས་ཀི་མ་རེད། བཀའ་བསྟན་འགྱུར་གན། ཞེད་སྣང་སྐྱེས་ཀི་རེད། ནང་དགོང་གཉིས་ལ་གྲྭ་རྐྱང་ཞིག་དགོན་པའི་མཐའ་ནས་ཁེར་འགྲོ་བྱེད་ཐུབ་ཀི་མ་རེད་དྭ་༽ཟེར། ཡང་གྲྭ་ཟུར་ཞིག་གིས་མཇུག་མཐུད་ནས་བཤད་རྒྱུར། ༼ཞོགས་པ་ཞིག་ལ། ནམ་ཅུང་ཙམ་མ་ལངས་བའི་སྔོན་ཏག་ཏག་དེར་གྲྭ་བ་འགས་ངའི་མིག་གི་རིག་ས་ནས་གྲྭ་ཕྲུག་ཅིག་གིས་དཔེ་ཀློག་བྱེད་བཞིན་པ་བཟུང་ནས་ཕྱིན་སོང་། དཀོན་མཆོག་མཁྱེན། མི་བཟུང་ནས་བྱང་ཆ་ཅན་ཏག་ཏག་རེད། ཤན་ཐུབ་ཀྱི་མཐའ་ནས་བཀྱགས་ཏེ་མགོ་ལ་བསྐོན་རྗེས་ཕྲག་ཁར་བཟུང་ཏེ་གྱང་ཁར་མཆོང་ནས་ཕྱིན་སོང་། གྲྭ་བ་གཞན་ཁ་ཤས་འདུག་མོད་དེ་དག་སྲུང་དམག་འདྲ་བོ་ཡིན་ས་རེད། ཡར་ཕྱོགས་མར་ཕྱོགས་བྱས་ཏེ་ལག་ལ་རྡོ་བཟུང་ནས་བལྟས་བསྡད་འདུག ང་ལ་ཁ་ཚུམས་ཞེས་བའི་རྣམ་འགྱུར་སྟོན་གྱིན་འདུག་པས་ང་རང་སྐྲག་སོང་༽ཟེར།
འདི་ནི་གྲྭ་རྒོད་ཚོས་རྒྱག་རེས་བྱེད་སའི་རྩོད་གཞི་ངོ་མ་དེའང་རེད་ཟེར། གཉིས་མཐུན་ཆགས་སྤྱོད་པ་ཚོས་རྒྱག་རེས་མི་བྱེད་ནའང་མི་སྐྱ་ཚོ་ལྟར་ཕན་ཚུན་ལ་ཕྲག་དོག་ཆེན་པོ་ཡོད་པ་རེད་ལ་དེས་མཚམས་རེར་མ་བདེ་བ་བཟོ་ཡི་རེད་ཟེར། དེ་ནི་འགྲོག་འདྲིས་ཆེ་བའི་གྲྭ་ཟུར་ཚོས་ང་ལ་རང་རང་གི་མྱོང་བ་བཤད་པ་ཡིན་ཕྱིར་རང་སྐྱོན་གྱི་རིགས་ཅུང་ཙམ་བཀབ་ཡོད་པ་འདྲ། ངས་གྲྭ་བ་དང་གྲྭ་ཟུར་མང་བོར་བཅར་འདྲི་བྱས་བའི་བཤད་དོན་ཕལ་ཆེར་གཅིག་མཚུམས་ཡིན་པས་འདིར་དཔེར་མཚོན་འགའ་ལས་དྲངས་མེད།
གང་ཞིག་རུང་བ་དང་ཅི་ཞིག་མི་རུང་བ་དེ་ཆོས་འདུལ་བའི་གཞུང་ལ་གཏུག་མི་དགོས་བར་ང་དང་ང་ལྟ་བུའི་ཆོས་མེད་སྐྱ་བྷ་ཚོས་འཇིག་རྟེན་པའི་འགྲོ་ལུགས་དང་བསྡུར་ནས་བལྟས་ཀྱང་གསལ་བོ་ཡིན་པས། གྲྭ་སའི་དགེ་བསྐོས་ཞེས་བའི་མི་བོ་རྟ་ལྕག་ཅན་དེ་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་དམ་ཞེས་བ་འདི་ངས་རྒྱང་རིང་ནས་བཏབས་པའི་དྲི་བ་ཡིན།
གྲྭ་བ་བརྒྱའི་ནང་ན་ཚུལ་ཁྲིམས་གཙང་མའི་དྲི་མ་ཁ་བའི་གྲྭ་བ་ལྔ་ཙམ་ཡོད་པར་བཤད་པས། གནོང་ལ་མ་ཕོག་ན་ཐུགས་ལ་གནོད་དགོས་དོན་མེད་པས་དེ་དག་གིས་ཐུགས་སེམས་ལྷོད་ལྷོད་གནོངས།
གསལ་ལེ་རྒྱལ་ལགས། ཁྱེད་ཀྱིས་གོ་ཐོས་བྱུང་བའི་གྲྭ་རྒན་འགའ་རེའི་ཕྱིའི་དཔྱོད་པ་མ་དག་པ་འགའ་ཞིག་ཙམ་མཐོང་བ་ལས། ཁྱོན་ཡོངས་ནས་བསམ་ཤེས་མེད་པར་དོན་མེད། བ་མོ་གཅིག་གིས་མི་ཡིས་ཞིང་བཟས་ཏེ། བ་མོ་ཡོངས་ཀྱི་འགྲོ་བའི་ལམ་བཀག་ཟེར་བ་ལྟར། བྱེ་བྲག་ཞིག་གཞིར་བཟུང་ཏེ་སྤྱི་ལ་མ་ཉེས་ཁག་གཡོགས་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་ཡིན་ཀྱང་། དེ་ནི་གསལ་ལེ་རྒྱལ་ཚོའི་གཤིས་ཀ་ཡིན་དུས་སུས་ཀྱང་འགོག་ཐབས་མེད་པ་ཤེས་དགོས། གང་ལྟར་ཡང་། གསལ་ལེས་བརྗོད་པ་ནས་མང་ཆེ་བར་བདེན་ཁ་སྦྱིན་ཆོག་ཀྱང་། དགེ་འདུན་བརྒྱ་ཆ་བགོས་པའི་འཐོབ་ཨང་དེས་ངོ་མ་ཁྱེད་ཀྱིས་མ་ཤེས་པར་དོན་མེད་སྨྲ་འབེབས་བྱེད་པར་བསམ་ཡོད།
ཨ་ཁ་ཁ་དེང་སྐབས་མི་ངན་ཁ་ཤས་ཀྱི་བྱ་ངན་ལ་རྟེན་ནས་དགེ་འདུན་སྤྱི་ལ་ཁ་གཏོང་སྐུར་འདེབས་བྱེད་པ་ནི་ངེད་སྐྱ་བོ་ཚང་གི་ལས་ངན་མ་རེད་དམ། དེ་བས་གནས་ཚུལ་ཡོང་གཞི་ཀ་ལུ་སྤྲུལ་སྐུ་ཟེར་བའི་འཆལ་པོ་དེ་རེད་འདུག་ཁོའི་སྐོར་ཅུང་ཞིག་བཤད་ན། མི་ངན་ཁོ་ནི་ཤངས་པ་བཀའ་བརྒྱུད་ཀྱི་བླ་འཚོང་པ་ངོ་མ་རེད། ཁོ་པ་ལོ་ཤས་སྔོན་ཤངས་པའི་སྐྱབས་མགོན་ཡིན་རབ་བཤད་ཡོད། དེ་རྗེས་བླ་མ་དང་། དགེ་རྒན། མ་རྒན་སོགས་ལ་དགྲ་རུ་ལྟས་ནས་ཕོ་གསར་པག་རླགས་གྲྭ་ཆས་གྱོན་མཁན་འགའ་ཁྲིད་ནས་ཕྱི་རྒྱལ་ལ་སྐུ་གོང་མའི་མཚན་བེད་སྤྱོད་བྱས་ནས་སོང་སོང་བ་རེད། དེ་རྗེས་བུ་མོ་ཞིག་ལ་སྤུ་གུ་བཟོས་ནས་འབུམ་ཁ་ཤས་ཤོར་རབས་འདུག དེ་དག་ནི་མཛད་པ་ཡིན་ཟེར་ཀྱང་ཆོག་དེང་སང་དེ་འདྲ་བ་མང་པོ་ཡོད་ཚོད་འདུག དེས་ཀྱང་ག་ལ་ཚད་ཆོས་ལུགས་གཞན་ལ་ཁ་གཏོང་སྐུར་འདེབས་བྱེད་པ་དང་། བོད་པའི་གྲྭ་བ་བླ་མ་དགོན་པ་ཁག་ལ་སྡང་གཟུགས་ཆེན་པོ་བྱེད་ཀྱི་ཡོད། ཞབས་འདྲེན་རེད་ཁོ་བོད་པ་མེད་ན་འོ་མ་འཚོང་མཁན་གྱི་ཕྲུ་གུ་ཡིན་པས་ད་ལྟ་གང་བྱེད་ཀྱི་ཡོད་ན། དེང་སྐབས་དྲ་གྲོགས་ཚོ་ལ་འབོད་སྐུལ་ཞུ་རྒྱུ་ལ་ཁོ་པ་ནི་ཀ་ལུ་རིན་པོ་ཆེའི་ཡང་སྲིད་ངོ་མ་མ་རེད། ཕ་ར་རྟག་རྒྱལ་མཚན་ཡང་མ་རེད། ཕ་འབྲུག་པའི་གྲྭ་བ་གོང་མའི་ཞབས་པྱི་ཞིག་རེད། དངུལ་དང་། སློབ་མ་ལ་དམིགས་ནས་རྒྱལ་མཚན་དང་། བླ་ཆེན་འགས་བཟོས་པ་ཞིག་ཡིན་པ་ལས་ཀ་ལུ་རིན་པོ་ཆེ་ངོ་མ་མིན་པ་མཁྱེན་དགོས། ཀ་ལུ་རིན་པོ་ཆེ་ངོ་མ་དེ་འདྲ་ཡིན་ན་ཆོས་བྱས་དང་མ་བྱས་གཅིག་པ་ཡིན་པའི་ཚོར་བ་ཞིག་ཚང་མ་ལ་སྟེར་སྲིད། གང་ལ་ཞེ་ན་བླ་མ་ཀ་ལུ་ནི་རིས་མེད་བསྟན་པ་ལ་དག་སྣང་དང་ཕྱག་རྗེས་ཅན། ༧གོང་ས་༧མཆོག་གི་དབུས་རིས་མེད་བླ་ཆེན་ཡོངས་ཀྱི་བླ་མར་བསྟེན་མྱོང་བའི་བླ་མ་དེ་ལྟ་བུ་ཞིག་སླར་ཡང་སྲིད་པ་ཉེ་བར་བཟུང་ནས་ཕེབས་པ་དེས་བྱ་སྤྱོད་དེ་ཡིན་ན་ད་ནི་ཆོས་ཀྱི་ཅི་ཞིག་བྱ། །
གསལ་ལེ་རྒྱལ་དང་ཀ་ལུའི་གོང་མའི་ཞབས་འདྲེན་བླ་གཙོང་སྤྲུལ་རྫུན་འདི་གཉིས་ཀྱིས་ ཁོ་རང་གཉིས་གྲྭ་བའི་སྐབས་དང་རྗེས་སུ་གྲྭ་མགོ་ཆོས་མགོ་གང་ཡང་མ་ཐོན་ནས་ངོ་ཚ་དང་ཁ་སྐྱེང་དགོས་པའི་གནས་ཚུལ་བྱུང་རིམརྣམས་རང་སྐྱོན་འགེབས་སྲུང་དང་། ལེ་ལན་གཞན་ལ་གདབ་ཆེད་དུ་གསལ་བཤད་བྱས་པ་འདིས། དོན་ངོ་མ་ཅི་ཞིག་མཚོན་གྱི་ཡོད་པ་ཞུས་ན། ཁོ་རང་གཉིས་པོར་བསམ་ཤེས་དང་ལྷག་བསམ་གྱི་དྲི་ཙམ་ཡང་མེད་པ་མ་ཟད། སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་པར་གདམས་པའི་བསྟན་པ་རིན་པོ་ཆེ་དང་དེར་འཛིན་གྱི་སྐྱེས་བུ་དམ་པ་སྤྱིད་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་དེར་འཛིན་གྱི་སྐྱེས་བུ་སྤྱི་དང་༧གོང་ས་སྐྱབས་མགོན་རིན་པོ་ཆེས་དབུས་བསླབ་གསུམ་ངུར་སྨྲིག་གིས་བླུབས་པའི་དགེ་འདུན་གྱི་སྡེ་དང་བཅས་པར་མཚན་སྨད་བླ་ན་མེད་པ་ཞིག་བཟོས་པ་འདིས། འཛམ་གླིང་ཕྱི་ནང་གི་དད་ལྡན་བརྒྱ་ཕྲག་མང་པོས་སེམས་ནང་དུ་ལོག་ལྟའི་བག་ཆགས་ངན་པ་འཇོག་པའི་རྒྱུ་རུ་འགྲོ་ཞིང་། ཁོ་རང་གཉིས་པོ་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་འོག་ནས་འོག་ཏུ་ལོག་པའི་ལམ་མཐའ་མེད་པ་ལ་འགྲོ་བའི་རྒྱུ་རུ་འགྲོ་ངེས་པས། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ལྡན་ཞིང་། དད་དང་སྙིང་རྗེས་ཕྱུག་པའི་གྲྭ་གྲོགས་རྣམ་པས་ སྙིང་རྗེའི་ཡུལ་གྱུར་ལས་ངན་གཉིས་པོ་ལ་ཐུགས་གཟབ་དང་ལྟ་ངན་རྒྱུན་འཇགས་སུ་མི་འགྲོ་བའི་སྨོན་ལམ་ཡང་མཛད་གནང་གྲུབ་པ་ཞུ།། །།
ད་དུང་བཤད་རྒྱུ་ཡོད་ཁོ་པ་དགོན་པ་ནས་བཙན་གཡེམ་བྱས་བྱུང་ཟེར། མི་ངན་དམ་ཉམས་ཁོ་ཅི་ཟེར་ར་གཟི་ནས་དེ་ལྟར་བཤད་པ་ལས་བདེན་པ་མེད་པ་ཤེས་དགོས་ཁོ་རང་དགོན་པར་སྡད་འདོད་མེད་པའི་རྐྱེན་གྱིས་དེ་ལྟར་བཤད་པ་རེད། ད་ནས་བཟུང་ཁོ་ལ་ཀ་ལུ་རིན་པོ་ཆེའི་ཡང་སྲིད་མ་གསུང་རོགས། འབྲུག་པའི་ཁྱི་འཁྱམས་ཟེར་ན་ཡག་པོ་འདུག དེ་མིན་དེ་ལ་རྟེན་ནས་དགེ་འདུན་པ་སྤྱི་ལ་སྨ་འབེབས་བྱེད་མཁན་ཚོ་ཡང་དགོངས་པ་བཞེས་ནས་དེ་ལྟར་མ་བྱས་ན་ཡག་པོ་འདུག ངོས་རང་གྲྭ་པ་ཡང་མིན་ལ་གྲྭ་ཟུར་ཡང་མིན། སྐྱ་བོ་ཞིག་གི་ངོས་ནས་བོད་རིགས་སེར་སྐྱ་ཡོངས་ལ་ཞུ་བཞིན་ཡོད་སྐྱབས་གནས་གསུམ་པ་དགེ་འདུན་ལ་སྐུར་བ་འདེབས་པ་རང་ངོས་ནས་ལས་ངན་རྣམ་སྨིན་ལུས་ངན་ལེན་རྒྱུ་ལས་ཁོང་རྣམས་ལ་ཕན་གནོད་གང་ཡང་མེད། དེ་འདྲ་མཚན་མཐུན་གྱི་ཆགས་སྤྱོད་གནང་བའི་དབང་དུ་བྱས་ནའང་འཛམ་གླིང་སྤྱི་འགྲོ་རེད་ཧ་ལས་ཡས་གང་མི་འདུག དེ་བས་དྲ་ཐོག་ལ་མཆན་བཀོད་མཁན་དགེ་འདུན་པ་དང་། སྐྱ་མིན་སེར་མིན། གྲྭ་ཟུར། སྐྱ་བོ་སྐྱ་མོ་ཚང་མ་ལ་ལས་ངན་གསོག་པའི་མཆན་མ་འབྲི་རོགས་ཞུ་ཞུ། །
ཨ་ཁ་ད་བོང་བུའི་ནང་ཆ་ཕྱིར་བཏོན་ཡོང་བཞིན་འདུག དགྲ་ཕྱི་དགྲ་མ་ཡིན། ནང་དགྲ་ཡིན། ཞེས་པ་ལྟར་རེད།
དེང་དུས་ཀྱི་བླ་མ་སྤྲུལ་སྐུ་དེ་ཚོ་ཁོང་རང་ཚོས་ཁོག་སྟོད་ལ་སྡོམ་པ་མེད།
ཁོག་སྨད་ལ་ཡོན་ཏན་མེད་མདོར་ན་མདོ་རྒྱུད་ནས་བཤད་པའི་ཕྱི་སྟོང་ནང་སྟོང་རེད།
སྤྱིར་སྐྱོན་མེད་པའི་མི་བུ་ཞིག་སྐྱ་སེར་གང་གི་ནང་དུའང་མེད་པས་སྐྱོན་ཐམས་ཅད་འདོན་དགོས་ན་དཀའ་སེ་མ་རེད་དམ། འདི་འདྲའི་བྱ་སྤྱོད་ནི་ཆོས་མེད་ལས་རྒྱུ་འབྲས་ཁས་མི་ལེན་པའི་རྒྱ་གུང་ཁྲན་གྱིས་བཙན་གྱིས་ཆོས་ལུགས་མེད་པ་བྱེད་སྟངས་དང་དགེ་འདུན་གྱི་སྡེ་ལ་དམའ་འབེབས་དང་དགེ་འདུན་གྱི་སྡེ་མེད་པ་བཟོ་འདོད་ལས་ཀྱང་ཐུ་བ་ཡིན། འདི་ལྟའི་བརྗོད་བབས་ཀྱིས་ཆོས་ལུགས་དད་འདུན་པ་ཚོ་ཡི་སེམས་ཁམས་ཡོངས་སུ་འཁྲུགས་ཏེ་ཆོས་ལ་མི་དད་པ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཏེ་ཉིན་གཅིག་ཡེ་ཤུའི་དགོན་པ་མང་པོ་ཞིག་ཕྱི་སྟོང་ནང་སྟོང་ཆགས་པ་དང་ནུབ་ཕྱོགས་པ་མང་པོ་ཞིག་ཡེ་ཤུའི་ཆོས་ལུགས་ལ་ལྟ་བ་ལོག་པའང་རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་བྱུང་བས། ད་བོད་ཀྱི་ནང་ཆོས་ལའང་འདི་ལྟའི་གནས་ཚུལ་ཞིག་མི་འབྱུང་བའི་ངེས་པའང་མེད། དེ་ཡི་བྱས་ཉེས་ཀྱི་ཁག་རྒྱ་གུང་ཁྲན་ལ་མི་འགེལ་བར་འདི་ལྟར་སྨྲ་བ་པོ་དག་གིས་ཡིན་པར་ཀུན་གྱིས་ཤེས་དགོས་ངེས་རེད།
་ད་ལྟ་བོད་ཀྱི་དགེ་འདུན་པ་ཚོར་མི་དམངས་ཀྱིས་ལྟ་སྣང་མཐོང་ཚུལ་ལེགས་པོ་མེད་པ་དེའང་ཕྱི་རོལ་སུ་གཅིག་གིས་བྱས་པ་མིན་པར་བོད་ཀྱི་ནང་ཆོས་བྱེད་མི་སྐྱ་མིན་སེར་མིན་འགའ་ཟིག་གིས་བྱེད་བབས་ལས་བྱུང་བ་ཡིན་པར་མཁྱེན་དགོས།
གཏམ་རྣམས་ཕལ་ཆེ་འདོད་པའི་ཕྱོགས་ནས་འོངས།།ཞེས་པ་ལྟར་སོ་སོས་གྲྭ་ས་རྒྱ་མཚོ་ནས་ནོར་བུ་ལེན་མ་ཤེས་བར་གྲྭ་བའི་ནང་ཁུལ་གྱི་ལོག་གཡེམ་སྐོར་ལ་སློབ་སྦྱོང་ཡག་པོ་ཞིག་བྱས་ཞག །གཟན་ཤམ་གྱོན་ནས་བུད་མེད་དང་འགྲོགས་པ་ལས་ཅུང་ཟད་དགའ་མི་ཡོང་སྙམ། ཡིན་ཡང་བཙན་གཡེམ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེའི་རྐྱེན་བྱས་ནས་སྤྱི་ཚོགས་དང་དགོན་པ་ལ་ཤུགས་རྐྱེན་ངན་པ་བཟོས་ན་ཉེས་པ་ཚབས་ཆེན་རེད། གནའ་སྔ་མོ་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་དུས་ནས་དགེ་སློང་འཆར་ཁ་དང་སྦོམ་དགའ་མོ་སོགས་ཀྱི་གླེང་གཞི་འདི་ལྟ་བུ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་བཅས་ཁྲིམས་མང་པོ་ཞིག་མཛད་དགོས་བྱུང་བ་དང་། ད་ལྟའི་དུས་འདིར་གོང་ས་མཆོག་གིས་འགྱུར་བཅོས་གཏོང་མ་ཐུབ་ན་གཞན་སུ་གང་གིས་འགྱུར་བཅོས་གཏོང་རྒྱུ་ཁག་པོ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་དེ་འདྲའི་སྐྱོན་ཆེན་པོ་ཞིག་མཐོང་གི་མི་འདུག །སོ་སོའི་སྒེར་གྱི་གནད་དོན་ཞིག་རེད། མི་ཡིན་པ་འདྲ་འདྲ་རེད། གྲྭ་བའི་སྤྱི་ཚོགས་ཀྱི་བསྒྲུབ་བྱ་གལ་ཆེ་བ་ནི་སྡེ་སྣོད་གསུམ་ལ་སློབ་སྦྱོང་བྱ་རྒྱུ་དེ་རེད། དེའི་དགོངས་དོན་དར་སྤེལ་གཏོང་རྒྱུ་དེ་རེད། རྩ་བ་བཞིས་མ་གོས་ན་གྲྭ་བ་རེད། ལྷག་མས་གོས་ན་ཡང་གསོ་སྦྱོང་ནས་བཤགས་ཐུབ་ཀྱི་ཡོད་པ་རེད། །འབྲུག་པ་ཀུན་ལེགས་ཀྱིས། སྐྱོ་རོགས་བཙུན་ཆུང་ལ་མ་བཅོལ་ན་དགེ་ལུགས་པ་ཡིན་པ་བུད་ཞེས་པ་ལྟར་དགེ་ལུགས་པའི་གྲྭ་བ་ཕལ་ཆེ་བ་ལམ་འདི་བརྒྱུད་ནས་ཡོང་བ་གསལ་བོ་རེད། གནའ་སྔ་མོ་ནས་དར་སྲོལ་ཡོད་པ་འདྲ། ང་རང་ཡུལ་ལུང་འདྲ་མིན་འཁྱམས་ནས་གྲྭ་ས་ནས་ལོ་ཉི་ཤུ་ལྷག་ལ་བསྡད་ནས་ཉམས་མྱོང་གི་སྐད་ཆ་བཤད་ན་སྐྱོན་དང་ཡོན་ཏན་ལས་ཡོན་ཏན་ཡོད་པ་མང་དུ་མཐོང་སོང་། མཁས་དབང་དགེ་ཆོས་ཀྱིས་དེའི་སྐོར་ལ་ཚིག་གཅིག་གསུངས་མེད་པ་དེས་ཀྱང་ཤེས་ཐུབ། དེ་བཞིན་དུ་བཙུན་པ་འཇུ་མི་ཕམ་པས་ཀྱང་འདོད་པའི་བསྟན་བཅོས་ཡིད་དུ་འོང་བ་ཞིག་བརྩམས་ཟིན་མོད། དེའི་སྐོར་ལ་སྐྱོན་དུ་བརྗོད་པ་གཅིག་ཀྱང་མཐོང་མ་སོང་།
གནས་ཚུལ་འདི་ལ་ཡག་ཉེས་གང་ཡང་བརྗོད་རྒྱུ་མེད། རྩ་བའི་གནས་ཚུལ་འདིའི་སྐོར་ནས་གུས་མོར་ཆ་རྒྱུས་གང་ཡང་མེད། འོན་ཀྱང་མིང་ཚིག་གཅིག་ལ་འགྲེལ་ཞིག་རྒྱག་འདོད་བྱུང་། དེ་ནི་ཐབས་མཁས་སྨོན་ལམ་རེད། གལ་སྲིད་གྲྭ་རྟ་དེ་ཐབས་མཁས་སྨོན་ལམ་ཡིན་ཚེ་ཐབས་མཁས་ཞེས་པ་ནི་ནག་སྡོམ་སྲུང་བའི་ཐབས་ལ་འགྲོ་ཞིང་མཁས་པས་རྒྱུ་མཚན་གྱིས་ཐབས་མཁས་དང་། སྨོན་ལམ་ཞེས་པ་ནི་ཐབས་ཁྱད་པར་ཅན་དེ་སྤྱད་པས་དག་པ་ལྔ་ལྡན་གྱི་ཞིང་དུ་འཁྲིད་ཐུབ་པའི་སྨོན་ལམ་ཡང་ཞོར་ཏུ་ཐེབས་ཀྱི་ཡོད་སྟབས་སྨོན་ལམ་ཞེས་ལབ་པ་མིན་འགྲོ་བསམ་སོང་། །