ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་ཅིང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ཀྱང་ཁ་སང་རྔ་པ་ཁུལ་འབར་ཁམས་ནས་སྐུ་གྲོངས་ཡོད་འདུག་ལ། ཉིན་དེ་རང་རྒྱ་གཞུང་གིས་ཁོང་གི་ཕུང་པོ་འབར་ཁམས་ནས་མེར་བསྲེགས་བཏང་སྟེ། རུས་ཐལ་ཞིག་ནང་མིར་སྤྲད་དེ་ཚེས་ ༡༩ ཉིན་གྱི་མཚན་མོ་རྔ་པ་ཀིརྟི་དགོན་པའི་ཉེ་འགྲམ་གྱི་དུར་སའི་ནང་བསྐྱལ་དགོས་བྱུང་ཡོད་འདུག
གཞན། འདས་པོ་བློ་བཟང་ཚུལ་ཁྲིམས་ལགས་ནི་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་རང་ལུས་མེར་བསྲེགས་བཏང་སྟེ་ ༢༠༡༢ ཟླ་ ༡ ཚེས་ ༥ ཉིན་རྔ་པ་ཁུལ་འབར་ཁམས་ནས་སྐུ་གྲོངས་པ་རྒྱལ་གཅེས་དཔའ་བོ་ནོར་བུ་དགྲ་འདུལ་དང་ཕ་མ་མིང་སྲིང་གི་བུ་སྤུན་ཡིན་འདུག
བློ་བཟང་ཚུལ་ཁྲིམས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས་ཀྱི་ཉིན་གསུམ་རིང་རྔ་པ་མི་མང་གིས་བོད་པའི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་ནས་མྱ་ངན་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་དང་། ཕྱི་ཚེས་ ༡༩ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་མང་གིས་དང་བླངས་སྒོས་གཞུང་ཆེན་ཁག་སྐྱོར་སྦྱོང་གནང་སྟེ་མཚན་ཕུད་བྱས་ཡོད་འདུག
འདི་ནི་རྔ་པའི་ནང་གཅིག་པོར་བྱུང་བའི་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་ཐེངས་ ༡༩ པ་དང་། དེའི་ཁྲོད་ནས་སྐུ་སྲོག་ཤོར་བ་ ༡༤ པ་དེ་ཆགས་ཡོད།
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
འདས་པོ་དམ་པ་གང་ཉིད་སྐྱེ་བ་ཐམས་ཅད་དུ་གོངས་ས་མཆོག་གིས་རྗེས་སུ་འཛིན་པའི་སྨོན་འདུན་དང་གུས་འདུད་དང་མྱ་ངན་གྱི་མཚམ་འདྲིའི་ཆེད་བུ་ང་ཡིས་སྙན་ངག་སྡེབ་སྦྱོར་མི་ཤེས་ཀྱང་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱིར་མྱ་ངན་གྲངས་མེད་ཞུ
འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །
འོད་དཔག་མེད་ཀྱི་ཞིང་ཁམས་ཡོད། །
སུ་ཞིག་དེ་ཡི་མཚན་བརྗོད་པ། །
ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། །
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ། བདེ་བ་ཅན་ལ་སྐྱེས་བར་ཤོག
སངས་རྒྱས་ཀུན་གྱི་ངོ་བོ་བཀའ་དྲིན་ཅན། །
ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །
ནམ་ཞིག་ཚེ་ཡི་འཕེན་པ་ཟད་པའི་ཚེ། །
པདྨ་འོད་དུ་སྐྱེ་བར་བྱིན་གྱིས་རློབས། །
ཡང་རྒྱ་གཞུང་གིས་་བློ་བཟང་ཚུལ་ཁྲིམས་ལགས་བཙན་གསོད་བྱས་ནས་ཁོག་གི་དོན་ལྔ་སྣོད་དྲུག་སོགས་གང་འདོད་ཀྱི་ཁྱེར་ཡོད་པ་ཤ་སྟག་ཡིན། དེ་མི་སྐུ་ཕུང་ནང་མི་ལ་མི་སྤྲོད་པའི་རྒྱུ་མཚན་མི་འདུག་ག་་་་་་་་་
དཔའ་བོ་དམ་ལགས་་་་་་་་་་་་་ཨོཾ་མ་ཎི་པདྨེ་ཧཱུཾ
ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ།ཨོཾ་མ་ཎི་པ་དྨེ་ཧཱུྃ། བདེ་བ་ཅན་ལ་སྐྱེས་བར་ཤོག
དཀོན་མཆོག་མཁྱེན
རྒྱལ་གཅེས་དཔའ་བོ་བློ་བཟང་ཚུལ་ཁྲིམས་ལགས། ཁྱེད་ལ་གུས་འདུད་ཞུ།