དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་མ་དང་། དགེ་བཤེས། དཔོན་པོ་སོགས་ལ་དགོན་པའི་གྲྭ་བ་རྣམས་དང་། མི་མང་ལ་སློབ་གསོ་རྒྱག་ཏུ་འཇུག་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་ལྟར། ད་ལོའི་སྤྱི་ཟླ་གསུམ་པའི་ནང་ས་གནས་འཐབ་ཕྱོགས་གཅིག་གྱུར་ཁང་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་ཨ་མདོ་བླ་བྲང་དགོན་པའི་དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ལགས་སུ་དགོན་པའི་གྲྭ་མང་ལ་སློབ་གསོ་རྒྱག་དགོས་པའི་རེ་འདུན་བཏོན་པ་ལྟར། དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གྲྭ་མང་ལ་སློབ་གསོ་རྒྱག་རྒྱུའི་ཚབ་ཏུ། རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་འབྲེལ་སྲིད་གཞུང་ལ་རེ་འདུན་མང་པོ་ཞིག་བཏོན་ཡོད་པའི་གནས་ཚུལ་ཕྱོགས་བསྒྲིགས།
http://www.paldengyal.com/?p=1941
ཕོ་ལྷ་བསོ་གཞིས་བསྡོད་བོད་པ། ཡང་འདིར་ལོག་འགྲེལ་མ་གནང་རོགས། གཞིས་བསྡོད་བོད་པ་ཚོར་སེམས་སྟེང་ནས་དད་གུས་ཡོད། གདུང་སེམས་མཉམ་བསྐྱེད་ཙམ་ལས་གཞན་ག་རེ་བྱེད།
ངེད་ཚོའི་བློ་ཡུལ་ལས་འདས་པ་ཞིག་ལ་སྲིད་གཞུང་གི་རེ་འདུན་ལྟར་མ་སོང་བར་དགེ་བཤེས་ཁོང་གིས་གཏམ་བཤད་དེ་སྤེལ་རྗེས་ས་གྲགས་གནམ་གྲགས་སུ་གྱུར་སོང་ལ། དེ་ནི་དགེ་བཤེས་ཁོང་གིས་དོན་དག་ངོ་མ་བོ་བློ་ཐག་ཆེན་པོས་གསུངས་པ་ཙམ་ལས་ཆེད་མངགས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་པ་ཙམ་མིན་པར་སེམས། རྒྱ་རིགས་རིང་ལུགས་ཀྱི་ལྟ་བ་དགོན་པའི་ནང་སྤེལ་བ་དང་གཉའ་གནོན་དང་རྒྱུ་དངོས་བཙན་འཕྲོག་བྱས་པ། ཉིས་སྟོང་བརྒྱད་ཀྱི་ལོ་བོད་མིའི་ཐོབ་ཐང་གི་ཞི་བའི་གྱེན་ལངས་སྐབས་འཛིན་བཟུང་བྱས་པའི་གྲྭ་རྐྱང་འགའ་ད་དུང་བཙོན་འཇུག་བྱས་ཡོད་པ་དང་། །གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བ་འཕྲལ་དུ་མཚམས་འཇོག་མ་བྱས་བར་མི་རིགས་མཐུན་སྒྲིལ་ཡོང་ཐབས་མེད་པའི་སྐོར་ཁོང་གི་གཏམ་བཤད་ཀྱི་བརྗོད་གཞི་གཙོ་བོ་ཆགས་འདུག །གང་ལྟར་རྒྱ་གཞུང་ལ་སྤྲེལ་ལད་འཁྲོབ་མཁན་ཞིག་གཏན་ནས་མིན་པས་གྲྭ་མང་ལ་སེམས་ཤུགས་འཕར་བཅུག་ཡོད་པ་རེད། དགེ་བཤེས་ཁོང་གི་གསལ་བཤད་དེ་གནད་ལ་འཁེལ་ཞིང་མི་མང་པོ་ཞིག་གཉིད་སད་བཅུག་ཡོད་པ་རེད། །
དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ནི་ཨ་མདོ་རྡོ་སྦིས་སྤེལ་ལུང་སྡེ་བར་སྐུ་འཁྲུངས་ཤིང་དགུང་ལོ་བཞི་པའི་ཐོག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། ཅང་མ་འགོར་བར་རིག་གནས་གསར་བརྗེ་ཟེར་བའི་རླུང་ནག་འཕྱུར་ཏེ་གྲྭ་བ་རྣམས་གྲོང་ཁྱིམ་དུ་ཕབ། དེ་དུས་ཁོང་དགུང་ལོ་ཧ་ཅང་གཞོན་པས་ཁོང་གི་ཨ་ཁུ་ཧྲེ་བོ་ཚང་གིས་དངུལ་རའི་ལྷ་སྡེར་ཁྲིད་ནས་གཉོར་སྐྱོང་གང་ལེགས་བྱས། དོན་དགུ་ལོར་སླར་ཡང་དགོན་པ་སོ་སོར་ཆོས་སྒོ་ཕྱེ་སྐབས་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་སློབ་གཉེར་གནང་། དགེ་བའི་བཤེས་གཉེན་ཨ་ཁུ་འགུ་ལོག་ཚུལ་རོ་དང་ཨ་ཁུ་དཔལ་ལྡན་ཚང་། ཨ་ཁ་གྲགས་པ་སོགས་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་མཛད་པས་ཁོང་གི་རིགས་སྟོབས་ལ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། མཚན་སྙན་རྒྱས་ཤིང་དཔེ་ཆ་བ་ཡག་ཤོས་ཀྱི་གྲས་སུ་བསླེབས་ཡོད། མདོ་སྔགས་རིག་གནས་དང་བཅས་པ་སྦྱང་བ་བྱས་མཐར་དགེ་བཤེས་རྡོ་རམས་པའི་དམ་བཅའ་བཞག །སློབ་བུ་མང་པོར་དཔེ་ཁྲིད་གནང་ཞོར་ཀུན་མཁྱེན་རིན་པོ་ཆེའི་བཀའ་བཀོད་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་མ་གཞུང་ལས་པ་དང་ཤིས་ཚང་སྒར་གསར་གྱི་ཁྲི་བ་རིམ་པར་མཛད། མདོ་སྨད་ཀྱི་དགོན་ཁག་མང་པོར་ཕེབས་ནས་དཔེ་ཁྲིད་གནང་བ་དང་ཆབས་ཅིག་ལམ་རིམ་བློ་སྦྱོང་དང་བསླབ་བྱ་སོགས་ཡང་ཡང་གནང་མཁན་ཞིག་ཡིན་ཟེར།།
དཔལ་ལྡན་རྒྱལ་ལགས། དགེ་བཤེས་ཁོང་གིས་གྲྭ་མང་ལ་སློབ་གསོའི་ཚབ་ཏུ་རྒྱ་གཞུང་ལ་སྐྱོན་བརྗོད་ཞེས་པ་དོན་དངོས་དང་མི་མཐུན་པའི་དཀྲུགས་ཤིང་གི་བརྗོད་ཐབས་ཤིག་རེད། དགེ་བཤེས་ཁོང་གི་བདེ་འཇགས་ལ་བསམ་བཞིན་གནོད་འཚེ་བྱས་པ་ཞིག་ཏུ་མཐོང་གི་འདུག ཁོང་གིས་གྲྭ་མང་ལ་སློབ་གསོ་དང་སྦྲགས་གཞུང་ལའང་རེ་འདུན་ཞུ་གི་འདུག་མ་གཏོགས་སྐྱོན་བརྗོད་བྱེད་ཀྱི་མི་འདུག སྐུ་མཁྱེན་ཁྱེད་ཚོར་བཙོན་པ་གཅིག་སྐྱོབས་པའི་ནུས་པའང་མེད་བཞིན་དུ། བོད་མི་མང་པོ་མུ་མཐུད་བཙོན་ཁང་དུ་གཡུག་ཨེ་ཐུབ་ལ་མ་ལྟ་རོགས། དགེ་བཤེས་ཁོང་གིས་གཞུང་ལ་ ༢༠༠༨ སོགས་ཀྱི་གནས་སྟངས་གསལ་བཤད་དང་སྦྲགས་རེ་བ་ཞུ་གི་འདུག་མ་གཏོགས། སྐྱོན་བརྗོད་དང་ངོ་ལོག་བརྒྱག་གི་མི་འདུག ཁྱེད་ཚོས་རང་གི་ལས་ཀའི་ཆེད་དུ་མི་ཉེས་མེད་བཙོན་དུ་འཕེན་རྒྱུར་འཛེམས་ཟོན་མི་བྱེད་པའི། བདུད་ཀྱི་སྙིང་ཁམས་ཆེན་པོ་དེར་བཟོད་སྒོམ་བྱེད་ཐབས་བྲལ་ཡོང་གི་འདུག དགོངས་པ་བཞེས་རོགས། ཁྱོད་ཚོས་འདི་འདྲ་བྱས་ན་ཨ་རིའི་བོད་སྐད་རླུང་འཕྲིན་སྒོ་བརྒྱག་གི་རེད་ཟེར་བ་དེ་གཏམ་བཟང་རེད། གང་མགྱོགས་སྒོ་བརྒྱབ་ན་བོད་མི་ཁ་ཤས་བཙོན་དུ་ལྷུང་མ་དགོས་པའི་དགེ་མཚན་མཐོང་གི་འདུག ཁོང་ཚོ་བཙོན་དུ་མ་སོང་བར་གནས་དུས་དང་བསྟུན་ནད་བོད་ལ་ཕན་པ་བསྒྲུབ་ཀི་རེད།
གསལ་བཤད་དང་རེ་འདུན་ཞུ་བ་ལ་སྐྱོན་བརྗོད་ཞེས་འཁྱོག་བཤད་མ་བྱེད།
དངོས་ཡོད་གནས་ཚུལ་དགེ་བཤེས་ལགས་ཀྱིས་གསུངས་པ་ལས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པ་མ་རེད། དེ་འདྲ་སོང་གྲྭ་མང་ལ་སློབ་གསོའི་ཚབ་ལ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་ཞེས་བྲིས་ན་གཞིས་བཞུགས་བོད་མིའི་བདེ་འཇགས་ལ་བསམ་ཤེས་མ་བྱས་པའི་ལོག་འགྲེལ་ཞིག་ཏུ་མཐོང་། མ་འོང་པར་པར་གནས་ཚུལ་འདི་རིགས་མི་ཡོང་གནང་གལ་ཆེ་ཞེས་ཞུ་རྒྱུ་ཡིན།།
བསམ་ཚུལ་གསུངས་བར་བཀའ་དྲིན་ཆེ།
གོང་དུ་སྟག་སྨྱོན་དང་བོད་དགའ་གཉིས་ཀྱིས་གནད་འགག་གི་སྐད་ཆ་ཞིག་བཤད་འདུག ཚང་མས་དེར་དོ་སྣང་བྱེད་དགོས། དུས་བབ་ནང་བློ་བཟང་བཀྲ་ཤིས་ཀྱིས་བྱ་བྲལ་རིན་པོ་ཆེའི་སྐོར་བྲིས་འདུག
ང་ཚོས་བྱ་བྲལ་རིན་པོ་ཆེ་འདས་གསོན་ག་རེ་ཡིན་མིན་ཀྱང་ཤེས་པའི་ནུས་པ་ཡོད་མ་རེད། ཐུགས་རྗེ་གཟིགས། གསར་འགྱུར་སྤེལ་ཕྱོགས་ཀྱི་འུར་སྒྲས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་སྟག་འདྲ་བ་དེ་བཙོན་དོང་ནང་མ་བརྫངས་རོགས།
དྲ་གྲོགས་ལགས། བླ་བྲང་དགོན་པའི་དགེ་བཤེས་བཀྲ་ཤིས་རྒྱ་མཚོ་ལགས་ཁོང་གི་གསུངས་བཤད་དེ་ཉན་འདོད་ཆེ་ཡང་ཨམ་སྐད་མི་ཤེས་པས་གོ་གི་མི་འདུག ཨམ་སྐད་ཤེས་པའི་དྲ་གྲོགས་ཤིག་གིས་ཁོང་གི་གསུངས་དེ་ཆ་ཚང་སྒྲ་ཕབ་གནང་ནས་དྲ་ཐོག་འདིར་འཇོག་གནང་ཡོད་པ་ཞུ།
ལོག་འགྲེལ་མ་བྱེད་ཅེས་གསུང་པ་བདེན་ཆེ་ཡང༌། མ་བྱེད་གསུང་མཁན་ཁྱེད་ཀྱི་ལོག་འགྲེལ་བྱས་འདུག་་སྙམ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཞེས་པའི་ཚིག་དེ་འགྲེལ་བརྗོད་བྱས་ན་ཁོང་ཚོ་ལ་ཉེན་ཁ་ཡོད་པ་ཧ་གོ་གི་ཡོད་པས། ཁོང་གིས་རྒྱ་ནག་གཞུང་གི་ཆབ་སྲིད་ལང་ཕྱོགས་གསར་བཤད་དང་རྒྱ་གཞུང་ལ་འབོད་བསྐུལ་དངོས་ཡོད་བདེན་པ་གསུང་པ་རེད་ན་ག་འདྲ་འདུག
ཡིག་ཐོག་འབྲི་ཐུབ་ན་ཕན་ཐོགས་ཆེན་པོ་འདུག་ཐུགས་རྗེ་ཆེ།
དོ་དམ་ཁང་གི་ཁོང་རྣམ་པ་གཉིས་ནས་གྲྭ་པ་མང་ཚོགས་ལ་གཏམ་བཤད་ཅིག་གནང་རོགས་གསུང་པ་ལྟར་ང་ལ་དམིགས་བསལ་བཤད་རྒྱུ་ཅང་མེད་ན་ཡང་། གོང་གི་འགོ་འཁྲིད་རྣམ་པའི་གསུང་སུ་ཡིན་ན་ཡང་བརྩི་དགོས་པ་རེད། དེ་མ་རྩིས་ན་འགྲིག་གི་མ་རེད། བརྩི་དགོས་པ་རེད། གསུང་རྩིས་པ་མ་གཏོགས་བཤད་རྒྱུ་གཞན་པ་ཅིང་ང་ལ་ཡོད་པ་རེད། སྤྱིར་ན་སྤྱི་ཚོགས་གི་འགྲོ་སྲོལ་ཡང་ཅང་ཤེས་གི་མེད། དེ་ཡིན་ཡང་། དམ་པའི་ཆོས་གི་ཉམས་སུ་ལེན་ཚུལ་དང་། སྤྱོད་སྟངས་སོགས་ཕར་ཞོག་ཤེས་གི་མེད།ཡིན་ཡང་གོང་གི་བཀའ་རེད། གོང་གི་བཀའ་སུ་ཡིན་ན་ཡང་ཁྱོག་གི་མ་རེད། དེ་འདྲ་ཡིན་དུས་སྙན་སེང་ཙམ་ཞུ་དགོས་སོང་བ་རེད།
དཔེར་ན་རྒྱལ་ཁབ་འདིར་མཚོན་ན་ཡང་སྔོན་ཆད་ནས་གུང་ཁྲན་ཏང་གི་མཐར་ཐུག་གི་དམིགས་ཡུལ་ག་རེ་རེད་ཟེར་ན་གུང་ཁྲན་རིང་ལུགས་ཡིན་ཟེར་པ་རེད། ཁ་སང་དེ་རིང་གུང་ཁྲན་ཏང་གི་ཁ་ནང་ན་གུང་ཁྲན་རིང་ལུགས་བཤད་རྒྱུ་མེད་འདུག དེ་འདྲ་ཡིན་ཙང་དེ་རིང་ཁ་སང་གི་ལམ་ལུགས་འདི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིན་ཟེར་པ་རེད། དེ་ཡིན་དུས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཀྱི་བར་བརྒལ་འདི་ཧ་ཅང་རིང་པོ་ཞིག་ཡིན་ཟེར་རྒྱལ་ཁབ་ཀྱི་སྒྲིག་ལམ་སོགས་ན་གསུང་ཡོད་པ་རེད། དེ་ཡིན་ན་ཡིན། སྔོན་ཆད་ཁོ་ཚོས་བཤད་པ་ལྟར་ལ་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ལ་བསླེབས་ན་ག་འདྲ་ཞིག་ཡིན་ཟེར་པ་རེད་ཟེར་ན་མིས་མི་ལ་ཞུ་བཞོག་མི་བྱེད་པ་དང་མིས་མི་ལ་བཙན་གནོན་མི་བྱེད་རྒྱུ་དེ་འདྲ་ཞིག་གི་མིང་ལ་གུང་ཁྲན་རིང་ལུགས་ཡིན་ཟེར་པ་རེད། འོན་ཀྱང་དེ་རིང་སང་ཉིན་སྐད་ཆ་དེ་ཁ་ན་མིན་འདུག མེད་ན་ཡང་རྒྱལ་ཁབ་འདིར་མཚོན་ན་རྒྱལ་ཁབ་ཀྱི་སྤྱིའི་ལམ་ཕྱོགས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་རེད། སྤྱི་ཚོགས་རིང་ལུགས་ཡིན་ན་མཐར་ཐུག་གི་དམིགས་ཡུལ་
གོང་གི་འཕྲོད་མཐུད།
མཐར་ཐུག་གི་དམིགས་ཡུལ་ཞིག་དགོས་པ་རེད། ཁ་སང་དེ་རིང་ཅང་ཤོད་རྒྱུ་མི་འདུག་ཡང་། ཏིན་ཤོ་ཕེང་གིས་དང་རབས་ཅན་མངོན་འགྱུར་བྱེད་རྒྱུ་དང་། བདེ་འཐགས་མཐུན་སྒྲིལ། རྒྱལ་འབངས་དཔལ་འབྱོར་གོང་འཕེལ་སོགས་ལ་བརྟེན་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་ཞེས་གསུང་པ་ལྟར་ན་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་དེ་མཐར་ཐུག་གི་དམིགས་ཡུལ་ཡིན་དང་ནི་མིན་ནམ། དེ་ཡིན་དུས་རྒྱལ་ཁབ་འདི་ལ་མཚོན་ན་མཐར་ཐུག་གི་དམིགས་ཡུལ་གུང་ཁྲན་རིང་ལུགས་ཡིན་ཟེར་པ་རེད། གུང་ཁྲན་རིང་ལུགས་གི་ངོ་བོ་ནི་མིས་མི་ལ་ཞུ་གཞོག་མ་བྱེད་པ་དང་། མིས་མི་ལ་བཙན་གནོན་མི་བྱེད་རྒྱུ་དེ་ཡིན་ཟེར་པ་རེད། ད་དེ་འདྲ་ཡིན་པ་འདྲ། དེ་འདྲ་ཡིན་པ་ཡིན་ན་རྒྱལ་ཁབ་འདིར་མཚོན་ཡང་མི་རིགས་མཐུན་སྒྲིལ་དེ་གཙོ་བོ་བྱེད་དགོས་པ་རེད། མི་རིགས་མཐུ ན་སྒྲིལ་གཙོ་བོ་མ་བྱེད་ན་མའི་ཀྲུའུ་ཞིས་ནས་ཀྱང་སྔོན་ཆད་གནམ་སྡེ་སྒཽ་མོ་ཆེ་གི་ཐང་ཆེན་ནས་ཐོག་མར་གསུང་པ་ཡང་༼ ཆན་གོ་རིན་མིན་ཏ་ཀྲུང་ཞིས་ཝན་སེ་༽ ཞེས་རྒྱལ་ཡོངས་མི་མང་གི་མཐུལ་སྒྲིལ་ཆེན་མོ་ཁྲི་ལོར་ཤོག་ཟེར་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་ནས་དེ་ལྟར་གསུང་ཡོད་པ་རེད།
མོའོ་ཀྲུའུ་ཞི་གིས་ཡང་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱང་མི་དགོས་ལ་ས་གནས་མི་རིགས་རིང་ལུགས་ཡང་མི་དགོས་ཟེར་བཤད་ཡོད་པ་རེད། ཁ་སང་དེ་ཡིང་ངས་ལྟ་ཕྱོགས་མིན་ན་རྒྱ་རིགས་ཆེན་པོའི་རིང་ལུགས་འདི་གཙོ་བོ་བྱས་ནས་ས་ནས་མི་རིགས་རིང་ལུགས་འདི་ལ་མཐོང་ཆུང་བྱེད་པའི་རྣམ་པ་དེ་འདྲ་ཞིག་རེད། དེ་འདྲ་མ་བྱེད་ན་བཟང་གི རྒྱལ་ཡོངས་མི་མང་གི་མཐུན་སྒྲིལ་གཙོ་བོ་ཡིས་ནས་རྒྱལ་ཡོངས་མི་མང་ལ་མི་རིགས་ལྔ་བཅུ་ང་དྲུག་ཡོད་པ་ཚང་མས་མཐུན ་སྒྲིལ་གཙོ་བོ་བྱས་ནས་གཅིག་གིས་གཅིག་ལ་གནོད་པ་མི་བྱེད་རྒྱུ་དེ་གཙོ་བོ་རེད། མོའོ་ཀྲུའུ་ཞིས་གིས་ཀྱང་མཁས་རྒྱ་འགྲན་གླེང་། མེ་ཏོག་མཉམ་བཞད་ཟེར་ཡོད་པ་རེད། མཁས་པ་བརྒྱ་ཐམ་པས་མཉམ་གཅིག་ཏུ་བགྲོ་གླེང་བྱས་ན་གྲུབ་འབྲས་བཟང་པོ་ཞིག་འབྱུང་ཐུབ་རྒྱུ་རེད་ཟེར་པ་རེད། མེ་ཏོག་ཡིན་ན་ཡང་དཀར་པོ་དམར་པོ་སེར་པོ་ལ་སོགས་པ་ཐམས་ཅད་པོ་མཉམ་བཞད་ཡིས་ན་བཟང་གི་ཟེར་པ་རེད། ངས་བལྟས་ན་ནིང་དོ་ཚིགས་གི་་༼་་ཀྲིན་ཚེ༽་་་སྲིད་ཇུས་ལ་བལྟས་ཡོང་ན་མཚོ་སྔོ ན་གྱི་ཆིང་ལིས་ཡིན་དེས་སྐད་ཆ་བཤད་པར་བལྟས་ན་བོད་མི་རིགས་ཀྱི་རིག་གནས་འདི་ཐུར་དུ་ཕབ་ནས་རྒྱ་མི་རིགས་ཀྱི་རིག་གནས་དར་སྤེལ་བྱ་རྒྱུ་གཙོ་བོ་བྱ་རྒྱུ་བྱས་ནས་དེ་འདྲ་བྱས་ན་མི་ཏོག་ཡིན་ཡང་ས་ཆ་ཚང་མ་སྔོན་པོ་རྐྱང་རྐྱང་ཡིན་ན་མི་མཛེས་པ་རེད། མེ་ཏོག་རྣམ་པ་སྣ་ཚོགས་དཀར་དམར་སེར་བཞད་ན་ས་ཆ་ཡང་མཛེས་པ་རེད། དེ་ཡིན་དུས་མི་རིགས་མཐུན་སྒྲིལ་ལ་ཡང་ག་འདྲ་བྱས་འདུག རྒྱལ་ཁབ་ཀྱིས་ཀྱང་མཉམ་འཇོག་བྱེད་དགོས་པ་འདུག
ཉིས་སྟོང་བརྒྱད་ཀྱི་ལོར་ཡར་ལངས་ཏོག་ཙམ་ཏོག་ཙམ་བྱས་ཡོད་པ་རེད། དེ་ལ་ཁག་བཞག་ཏེ་གྲྭ་བ་མང་ཚོགས་གི་ཐོག་ལ་རྒྱལ་ཁབ་ཡིན་ན་ཡང་ལྟ་ཚུལ་དེ་ཙམ་མི་ལེགས་པ་འདུག རྒྱ་མི་རིགས་དང་བོད་མི་རིགས་གཉིས་ལོ་ངོ་སྟོང་ཚོ་དུ་མའི་སྔོན་ནས་ད་ལྟའི་བར་དུ་འབྲེལ་བ་རྒྱུན་མ་ཆད་པར་འབྲེལ་བ་བཤང་བོ་ཡོད་པ་དེ་འདྲ་རེད། མི་གཅིག་གཉིས་ཤིག་དང་རེ་ཟུང་གིས་མི་རིགས་དབར་ལ་གཏོར་བརླག་མ་བྱེད་ན་བཟང་པོ་ཡོད་རེད། ང་རང་ཉིད་ཀྱི་རང་གི་༼ཡོ་ཆུག་༽རེ་འདུན་ཡིན་ན་བདེ་འཇགས་མཐུ ་སྒྲིལ་དང་མི་རིགས་མཐུན་སྒྲིལ་གཙོ་བོ་བྱེད་རྒྱུ་དང་། རྒྱ་མི་རིགས་ཀྱི་རིག་གནས་གཙོ་བོ་བཞག་ནས་བོད་མི་རིགས་དང་མི་རིགས་གྲངས་ཉུང་གི་རིག་གནས་སོགས་རྩ་མེད་དུ་བཏང་ན་གཏན་ནས་མི་འགྲིག་པ་མ་དང་འཐད་པ་རེད། དེ་འདྲ་བ་རྒྱལ་ཁབ་ཅིག་གིས་བྱེད་རྒྱུ་ཞིག་མ་རེད། མཁས་རྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཕར་གཡུག་ཏེ་རང་རང་གི་་གང་དྲན་དྲན་ལས་ན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིག་ཡིན་ན་ཡང་མི་ལེགས་པ་རེད།
མི་རིགས་མཐུན་སྒྲིལ་ཡིས་ན་བཟང་བ་རེད་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བཏང་ན་མི་བཟང་གི མི་རིགས་གྲངས་ཉུང་གིས་རྒྱ་མི་རིགས་ལ་བརྩི་བཀུར་དང་། རྒྱ་མི་རིགས་ཀྱིས་མི་རིགས་གྲངས་ཉུང་ལ་བརྩི་བཀུར། མཐུན་སྒྲིལ་ཆེན་པོའི་སྒོ་ནས་དེང་རབས་ཅན་བཞི་མངོན་འགྱུར་བྱས་ན་རྒྱལ་ཁབ་འདི་བདེ་འཇགས་མཐུན་སྒྲིལ་ཡོང་བ་དང་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་རེད། དེ་འདྲ་མ་ཡིན་པར་ཡིན་གཅིག་མིན་གཅིག་སྣ་འཐེན་ནས་ཁ་ནང་དུ་ཨེ་ཡོང་གི་བལྟས་ནས་བོད་མི་རིགས་གཡོག་པོ་དང་རྒྱ་མི་རིགས་དཔོན་པོ་བྱེད་རྒྱུའི་ལྟ་ཚུལ་དེ་འདྲ་མ་བཟུང་ན་ཡག་གི་རེད་བསམ། དེ་ལྟར་རྒྱལ་ཁབ་ལ་རང་གི་རེ་འདོད་ཞུས་པ་ཡིན། གཞན་གྱི་ཚབ་བྱས་པ་ཡང་མིན། རང་ཐད་ནས་ཡིན།
དེ་ནས་ཅིག་ཅིག་ཅིག་གཏོར་བརླག་བྱེད་ཁུལ་དང་མིག་མིག་མིག་ལཏོར་བརླག་བྱས་ཁུལ་ལ་ཁ་གཡར་ཏེ་གྲྭ་བ་མང་པོ་འཛིན་བཟུང་བྱེད་པ་དང་། ཁ་སང་དེ་འདྲ་ཞིག་ལ་ཡང་ཤོག་བུ་སྦྱར་པར་ཁག་གཡོག་ཤོག་བུ་སྦྱར་མཁན་སུ་ཡིན་མ་ཤེས་པར་གྲྭ་ཤག་ལ་ལ་ནས་མཉམ་དུ་འཛོམས་ཡོད་པའི་གྲྭ་བ་ཁ་ཤས་འཇུས་ནས་རྡུང་རྡེག་ཚོད་མེད་གཏོང་བ་དེ་འདྲ་བྱས་ནས་ཕན་ཐོགས་ག་རེད་འདུག དེ་རང་གི་ས་ཆ་གི་ལས་བྱེད་པ་ཡིན་རྒྱུ་མ་རེད། རྒྱ་མི་རིགས་ཀྱི་ཁེ་ཕན་དང་རྒྱ་མི་རིགས་ཀྱི་ཕྱོགས་ཞེན་བཟུང་བའི་དཔོན་པོ་རེ་ཟུང་གིས་བཀའ་བཏང་ནས་འཛིན་བཟུང་དེ་འདྲ་བྱས་ན་ཡག་པོ་མ་རེད། སྐྱོན་ཆ་ཡོད་ན་ཁག་མེད་མོད། སྐྱོན་ཆ་མེད་མཁན་ཞིག་ཡིན་ན་བཏང་བཏང་ན་ཡག་པོ་རེད། ད་ལོ་བོད་ཀྱི་ལོ་སར་ལ་གྲ་བ་ཁ་ཤས་ཀྱིས་ཤོག་སྦག་སྤར་པ་བདེན་པ་རེད། དེ་དུས་ཡང་གྲྭ་བ་ཆུང་ཆུང་ཞིག་བཟུང་ནས་འཁྲིད་པ་རེད། དེ་བོད་ཀྱི་ལོ་སར་རེད་མོད། བོད་ཀྱི་ལོ་སར་ལ་ཤོག་སྦག་སྤར་ཤག་ཟེར་ནས་གྲྭ་བ་ཞིག་འཛིན་བཟུང་བྱེད་རྒྱུ་ངོ་ཡང་མི་ཚའམ། གྲྭ་བ་ཞིག་གིས་རྒྱལ་ཁབ་ལ་གཏོར་བརླག་ཆེན་པོ་ཞིག་བྱེད་ཀྱི་མེད་པ་རེད། ང་བརྒྱལ་ལོར་མཚོན་ན་ཡང་དགོན་པ་འདི་ལ་ག ྲྭ་བ་སུམ་སྟོང་ལྷག་ཡོད་པ་ནས་གྲྭ་བ་གཅིག་གིས་ཀྱང་རྒྱལ་ཁབ་ལ་གཏོར་བརླག་ངོ་རྒོལ་བྱས་ན ས་གུང་ཁྲན་ཏང་གི་དམག་མི་གཅིག་ཀྱང་བསད་རྒྱུ་ཕར་ཞོགས་རྨས་མྱོང་ཙམ་ཡོད་པ་མ་རེད། ང་རང་ང་བརྒྱད་ལོ་སྔོན་གི་གྲྭ་བ་རེད། ད་ལྟ་ཡིན་ན་ཡང་གྲྭ་བ་ཞིག་གིས་ཀྱང་བྱེད་ཀྱི་ཡོད་པ་མ་རེད། བོད་ཀྱི་ལོ་སར་ལ་ཤོག་སྦག་ཞིག་སྤར་ཤག་ཟེར་ནས་འཛིན་བཟུང་བྱས་ན་ངོ་རེ་ཚ་རེད། རྒྱལ་ཁབ་ཞིག་གིས་དེ་འདྲ་བ་ཙམ་འཛིན་དགོས་དོན་ཡོད་པ་མ་རེད།
དགོན་པ་དང་ས་ཆ། མི་རིགས་ཀྱི་ཞེན་ཁོག་ཙག་གེ་ཙིག་གེ་བཟུང་བ་ཙམ་རེད། དེ་འདྲ་སུ་ཡིན་ཡང་ཡོད་པ་རེད། དེ་འདྲ་རྒྱའི་ལས་བྱེད་པ་ཡིན་ན་ཡང་རྒྱའི་ཕྱོགས་ཞེན་འཛིན་པ་རེད། བོད་ཀྱི་ལས་བྱེད་པ་ཡིན་ཡང་བོད་ཀྱི་ཕྱོགས་ཞེན་ཡོད་པ་རེད། དེ་འདྲ་ཡོད་པ་རེད། གྲྭ་བ་མང་ཚོགས་ཡིན་ན་ཡང་ཡོད་པ་རེད་ལ་རྒྱ་ཆེའི་མང་ཚོགས་ཡིན་ན་ཡང་ཡོད་ཡོད་པ་རེད། ཡོད་ན་ཡང་། མི་རིགས་མཐུན་སྒྲིལ་དེ་གཙོ་བོ་བྱེད་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡོང་ན་རྒྱལ་ཁབ་ཀྱི་བྱ་བ་འགྲུབ་རྒྱུ་དང་། གྲྭ་བ་མང་ཚོགས་ཡིན་ཡང་རྒྱབ་ཁབ་ལ་བརྩི་འཇོག་བྱེད་རྒྱུ། རྒྱལ་ཁབ་ཡིན་ཡང་གྲྭ་བ་མང་ཚོགས་ལ་ལྟ་ཚུལ་ཡག་པོ་ཞིག་འཛིན་རྒྱུ། དེ་ལྟར་ངས་ཡང་དང་ཡང་གིས་ཤོད་ཀྱང་མི་དགོས་མོད། མཐུན་སྒྲིལ་ཆེན་པོ་ཞིག་ཡོང་ན་ཡག་པོ་འདུག རྒྱལ་ཁབ་ཡིན་ན ་ཡང་ལྟ་ཚུལ་ཡག་པོ་ཞིག་འཛིན་ན་ཡག་པོ་འདུག རྒྱ་ཆེའི་མང་ཚོགས་དང་གྲྭ་བ་མང་ཚོགས་ལ་ལྟ་ཚུལ་ཡག་པོ་བཟུང་སྟེ་ཙ་གེ་ཙིག་གེ་ཙམ་ལ་མ་བལྟས་པར་འཛིན་བཟུང་བྱས་པའི་གྲྭ་བ་དེ་ཚོ་གློད་ན་ཡག་པོ་འདུག
ཉིས་སྟོང་བརྒྱད་ཀྱི་ལོར་ཡང་གཅིག་རེ་གཉིས་རེ་བཟུང་བ་ཡོད་པ་རེད། སྐྱོན་ཆ་ཆེན་པོ་ཆེན་པོ་ཡོད་མ་རེད། སྐྱོན་ཆ་ག་རེ་ཡོད་རེད། མི་རིགས་ཀྱི་ཕྱོགས་ཞེན་ཙམ་བཟུང་ཡོད་ན་ཐང་། མི་རིགས་ཀྱི་རང་དབང་ཙམ་ཁ་ནས་བརྩད་ཡོད་ན་ཐང་། རང་དབང་ཡོད་ཟེ་རྒྱལ་ཁབ་ཡིན་ན་ཡང་བཤད་ཡོད་པ་རེད། དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་། མཐུན་མོང་ལ་དབང་བའི་ལམ་ལུགས། སྒེར་ལ་དབང་བའི་ལམ་ལུགས། དབང་བའི་ལམ་ལུགས་དང་དབང་བའི་ལམ་ལུགས་ཞེས་ལམ་ལུགས་གསུམ་གསུངས་ཡོད་པ་རེད། དེ་ཡིན་དུས། དམངས་ཡོངས་ལ་དབང་བའི་ལམ་ལུགས་ཤིག་ཀྱང་ཡོད་རྒྱུ་རེད། མཐུན་མོང་ལ་དབང་བའི་ལམ་ལུགས་ཤིག་ཀྱང་ཡོད་རྒྱུ་རེད། དབང་བའི་ལམ་ལུགས་ཤིག་ཡོད་པ་ཡིན་ན་རང་དབང་ཙམ་ཤོད་ཡོད་ན་ཐང་། ད་མིན་ཧ་ལས་པའི་ཆེན་པོ་གྲྭ་བ་ཞིག་གིས་བྱས་ཡོད་པ་མ་རེད།
གོང་གི་འཕྲོད།
བཟུང་ཡོད་པའི་གྲྭ་བ་དེ་ཚོ་ཡང་གློད་རོགས་བྱས་ན་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གློད་ན་ཡག་པོ་རེད། དེ་ཚོས་ག་རེ་བརྩད་པ་རེད་ཟེར་ན། ས་ཆ་ཞིག་དང་སྡེ་བ་ཞིག་ཡིན་ན་ཡང་སྡེ་བའི་ཕྱོགས་ཞེན་ཡོད་པ་རེད། ས་ཆ་ཞིག་ཡིན་ན་ཡང་ས་ཆའི་ཕྱོགས་ཞེན་འཛིན་རྒྱུ་རེད། དགོན་པ་འདི་ལ་མཚོན་ན་ཡང་དགོན་པའི་ཕྱོགས་ཞེན་འདྲ་བོ་དང་མི་རིགས་ཀྱི་ཕྱོགས་ཞེན་བཟུང་བ་ཙམ་རེད། ཡར་ལངས་ཟེར་ན་མི་ཤེས་མོད། གྲྭ་བ་འགའ་འཛི ན་བཟུང་བྱས་ཡོད་པ་དེ་ཚོ་ཡང་གློད་གྲོལ་གཏང་རོགས་ཞེས་རེ་འདོད་ཙམ་བཏོན་པ་དེ་ཡིན།
སྐྱོན་ཆ་ཆེན་པོ་ཆེན་པོ་ཡོད་པ་མ་རེད། སྔོན་ཆད་ལོ་རྒྱུས་གི་ཐོག་ནས་སྐྱོན་ཆ་ཆེན་པོ་མེད་པ་རེད། ཡོད་ན་ང་བརྒྱད་ལོར་སྐྱོན་ཆ་ལས་དགོས་པ་རེད་མོད་དེ་དུས་ལས་ཡོད་པ་མ་རེད། དེ་རིང་ཁ་སང་སྐྱོན་ཆ་ཞིག་ལས་ཐུབ་རྒྱུ་ཨ་རེད། ཙ་གེ་ཙིག་གེ་ཙམ་ཡོད་སྲིད། ཙ་གེ་ཙིག་གེ་ཙམ་གི་ཐོག་ནས་ད་ལོ་ཉིས་སྟོང་བརྒྱད་རེད། ལོ་བཞི་ཕྱིན་པ་རེད། དེ་འདྲ་ཞིག་གི་རིང་ལ་འཛི ན་བཟུང་བྱས་ནས། ཉིན་ལྟར་རེ་བཞིན་སྐྱོན་ཆ་ཆེན་པོ་ཆེན་པོ་ཡོད་པ་རེ་ཟེར་ཆེན་པོ་ཆེན་པོའི་བཏང་ན་ཡོད་པ་རེད། དེ་དེ་འདྲ་ཞིག་ཡོད་པ་མ་རེད། དེ་ཚོ་ཡང་མང་ཚོགས་ཀྱི་དོན་དུ་མ་གཏོགས་རང་སྒེར་གི་དོན་དུ་མ་རེད། རང་དོན་ཁོ་ན་ཞིག་མ་རེད། འཛིན་བཟུང་བྱས་པའི་གྲྭ་བ་ཚོ་ཡིན་ན་ཡང་རྩམ་པ་ཟ་རྒྱུ་ཡོད་མེད་ཙམ་རེད། གྲྭ་རྐྱང་ཏག་ཏག་ཡིན་པ་རེད། སྒོར་ཁྲི་གཅིག་ཡང་ལག་ན་ཡོད་མཁན་དེ་འདྲ་མ་རེད། སྔོན་མ་ང་བརྒྱད་ལོ་ལ་ཡང་གྲྭ་རྐྱང་རྩམ་པ་ཟ་རྒྱུ་མེད་པ་རྐྱང་རྐྱང་འཇུས་ནས་ཕྱི ན་པ་གང་མང་མང་ཡོད་པ་རེད།
དེ་འདྲ་ཞིག་མི་བྱེད་པར་སྲིད་ཇུས་ཡག་པོ་ཞིག་གི་སྒོ་ནས་ལྷོད་ཡངས་ཞིག་ཕྱིན་ནས་དེ་ཚོ་ཅིག་གློད་ན་ཡག་པོ་རེད། གྲ་བ་དེ་ཚོ་ཕྱུག་པོ་ཡང་མ་རེད། ཚོང་རྒྱག་མཁན་དེ་འདྲ་ཡང་མ་རེད། ལག་ཏུ་སྒོར་མོ་ཁྲི་གཅིག་ཙམ་ཡང་ཡོད་མཁན་དེ་འདྲ་མ་རེད། འཛིན་བཟུང་བྱས་ནས་ཕན་ཐོགས་ཅིང་ཡོད་མ་རེད། དངོས་ནས་ཞེ་པོ་ཅིག་ཡིན་ན་བཟུང་རུང་ཡང་། དེ་འདྲ་གང་ཡང་མ་རེད། དེ་ཚོ་ཡང་གློད་ན་ཡག་པོ་རེད།
གྲྭ་བ་རྣ མས་ཡིན་ན་ཡང་རྒྱལ་ཁབ་ཀྱི་སྒྲིག་ལམ་ཡག་པོ་ཞིག་བརྩི་དགོས་རྒྱུ། རྒྱལ་ཁབ་ཡིན་ན་ཡང་རྒྱ་ཆེའི་མང་ཚོགས་ལ་ཡིན་ནའང་འདྲ་། གྲྭ་བ་མང་ཚོགས་ལ་ཡིན ་འང་འདྲ་ལྟ་ཚུལ་ཡག་པོ་ཞིག་འཛིན་དགོས་རྒྱུ། དེ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཡིན།
དྲ་གྲོགས་ལྷན་རྒྱས་ལ་དགོངས་དག མཆན་ ༡༡ དང་ ༡༢ ༡༣ བཅས་ནི་གོང་དུ་སྟག་མའི་མེ་ཏོག་ཞེས་པའི་རེ་བ་བཏོན་པ་ལྟར་གུས་ནས་དགེ་བཤེས་ཆེན་པོ་བཀྲ་ཤིས་རྒྱ་མཚོ་ཚང་གི་གསུང་ཡིག་ཐོག་ཏུ་ཕབ་པའི་ཁུལ་ཡིན།
ཐད་ཀར་ཉན་ཞོར་དང་ཡི་གེར་གཏགས་ཞོར་དྲ་ཐོག་ཏུ་ཕབ་པ་ཡིན་པས་གོ་བ་གཞན་དུ་བྲིས་པ་དང་གསུང་ཚིག་ལོག་འགྲེལ་སོགས་ཡོད་སྲིད་པས་མཁྱེན་ཡང་དྲ་གྲོགས་རྣམ་པས་ནོར་བཅོས་ལྷུག་སྩོལ་ཡོད་པ་ཞུ།