འོད་ཟེར་གྱི་དྲ་རྒྱ་དང་ཕ་ཡུལ་དྲ་རྒྱ་གཉིས་ཀྱི་ཐོག་བཀོད་པ་ལྟར་ན། ༢༠༠༨།༡༡།༤ གཟའ་མི་དམར་ཉིན་བླ་བྲང་གི་གྲྭ་འཇིསག་མེད་ཡང་སྐྱར་འཛིན་བཟུང་བྱས་འདུག འཇིགས་མེད་ནི་དེ་སྔོན་བླ་བྲང་དགོན་པའི་དགོན་པའི་བདག་གཉེར་ཁང་གི་འགོ་གཙོ་གཞོན་པ་ཡིན་འདུག ༢༠༠༦ ལོར་ལག་ཁྱེར་བཟོས་ནས་རྒྱལ་དབང་རིན་པོ་ཆེའི་མདུན་ནས་དུས་འཁོར་དབང་མོ་ཆེའི་དབང་ཞུས་ནས་ཕར་ལོག་པ་དང་ཉིན་༤༠ རྒྱ་གཞུང་ནས་བཀག་བསྐྱིལ་བྱས་རྗེས་དཔང་རྟགས་ཀྱིས་ཕོངས་ཏེ་གློད་དེ་ཡང་སྐྱར་དགོན་པར་ལོག་འདུག
ད་ལོ་ཕྱི་ཟླ་༩།༣ ཉིན་ཁོང་ནས་སྐུ་ངོ་མ། གསུང་ངོ་མ། མཚན་ངོ་མའི་ཐོག་ནས། ད་ལོ་ཕྱི་ཟླ་༣ ནས་བྱུང་བའི་བོད་ནང་གི་གནས་ཚུལ་ངོ་མ་དང་རང་ཉིད་ལ་ཉེན་རྟོག་པས་མནར་གཅོད་ཅི་བཏང་འཛམ་གླིང་ཡོངས་སུ་འཇིགས་པ་སྤུ་ཙམ་མེད་པའི་ངང་ཁྱབ་བསྒྲགས་བྱས་པ་ལྟར་རེད། (http://www.voanews.com/tibetan/archive/2008-09/2008-09-03-voa1.cfm)
སྤྱིར་ཁོང་ཉིད་ ༣།༡༥ ཉིན་གྱི་བླ་བྲང་གི་ཞི་རྒོལ་ཁྲོམ་སྐོར་ནང་ཞུགས་མེད་ན་ཡང་ཁོང་ཉིད་ངོ་རྒོལ་གྱི་ཇུས་འགོད་པར་དྭོགས་ནས་ ༣།༢༡ ཉིན་རྒྱུ་མཚན་གང་ཡང་མེད་པར་འཛིན་བཟུང་གིས་ཟླ་གཉིས་ཀྱི་རིང་ཡ་ང་བའི་གཅར་རྡུང་འདྲི་གཅོད་བྱས་ཤིང་ཅུང་ཟད་མིན་ན་འདྲི་གཅོད་ཁང་དུ་ཤི་བར་ཐུག་འདུག
ཕྱི་ཟླ་༡༡།༤ གཟའ་མི་དམར་ཉིན་རྒྱབ་ཆུ་ཚོད་དང་པོར་རང་གི་གཟིམ་ཤག་ནང་བཞུགས་སྐབས། ཉེན་རྟོག་དམག་མི་༧༠ལྷག་གིས་ཁང་པའི་མཐའ་སྐོར་ཏེ་འཟིན་བཟུང་བྱས་ཏེ་ཁྲིད་འདུག དངོས་སུ་མཐོང་མཁན་ཞིག་ནས་བརྗོད་པར། ཁང་པའི་ཕྱི་ལོགས་སུ་དམག་མིའི་རླངས་འཁོར་ཆེན་པོ་དང་ཉེན་ཁའི་གློག་བརྡ་སྒྲོགས་བཞིན་པའི་སྐོར་སྲུང་བའི་མོ་ཊ་འདུག ཉེ་སྔོན་ཁོང་གར་སོང་ཆ་མེད་དུ་གྱུར་པ་རེད། མ་འོངས་པར་ཡང་ཅི་ཆགས་ཤེས་ཡ་ཡོད་མ་རེད་ཅས་བརྗོད་འདུག་པའི་གནས་ཚུལ།
ཁོང་ཚོ་སྟག་འཛུམ་དྲུག་ཉི་ལེར་ཤི་གིན་འདུག
ང་ཚོ་ཝ་རྔ་མ་ཤ་ལེར་འབྲོ་གིན་འདུག
ཨ་ཁ་ཁ། ད་ཐེངས་ད་ཁོང་ངོ་མ་སྟག་འཛུམ་དྲུག་ཉི་ལེར་ཤི་རྒྱུའི་ཉེན་ཁ་ཡོད་པ་རེད། གལ་ཏེ་བཙན་བྱོལ་བོད་གཞུང་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་ཚོགས་པ་ཁག་ལ་ནུས་པ་རེ་ཡོད་ན། ད་འདོན་པའི་དུས་ལ་བབ་ཡོད། གངས་རིའི་བུ་རྒོད་ཚོ། ད་ང་ཚོས་ཁོང་སྟག་འཛུམ་དྲུག་ཉི་ལེར་བལྟས་བལྟས་རིག་རིག་ལ་ཤི་གི་འཇུག་རྒྱུ་ཡིན་ནམ། ཡང་ན་ང་ཚོར་ཁོང་གི་སྐུ་སྲོག་སྐྱོབས་པའི་ནུས་པ་རེ་ཡོད་དམ།
ཐོབ་བཞིན་པའི་ཨ་རིའི་སྲིད་འཛིན་ཨོཽ་འབར་མ་Obamaལགས་སུ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག་འཛམ་གླིང་འདིར་ཞི་བདེ་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐོང་། འདྲ་མཉམ་ལ་བརྩི་སྲུང་གིས་ཨ་རི་འདི་རྣམ་པར་རྒྱལ་བར་སྨོན། བོད་རྒྱལ་ལོ།
མེ་རི་ནས་།
གྲྭ་རྒན་ཁོང་ནི་བོད་མི་རིགས་ཀྱི་དཔའ་རྒོད་ཞིག་ཡིན་མོད། འོན་ཀྱང་བཙན་བྱོལ་བོད་གཞུང་ནས་རྒྱ་ནག་གིས་མནར་གཅོད་གཏོང་དང་གཏོང་བཞིན་པའི་བོད་མི་དེ་དག་ལ་བལྟད་མོ་བལྟ་ནས་སྡོད་པ་ལས་ལས་འགུལ་གང་ཡང་མི་སྤེལ།
ཟམ་གདོང་གིས་ལས་འགུལ་དེ་འདྲ་སྤེལ་མཁན་དེ་མཚོ་ ༧གོང་ས་མཆོག་གི་བཀའ་མི་བརྩི་མཁན་མཚོ་ཡིན་ཞེས་དུས་རྒྱུན་དུ་བཤད་བཞིན་ཡོད། ཁོང་ལ་ཁག་མེད་གང་ཡིན་ཞེ་ན་གལ་སྲིད་ཁཽས་འདི་ལྟར་མ་བཤད་ཚེ་བོད་རྒྱ་འབྲེལ་མོལ་ཟེར་བ་འདི་ཆད་འགྲོ་གི་ཡོད། ད་ནི་ང་ཚོའི་བསམ་བློ་ཡག་པོ་བཏང་སྟེ་ལས་དོན་ལ་འབད་བརྩོན་བྱེད་པའི་དུས་ལ་བབས་ཡོད།
བོད་ཀྱི་གཞོན་ནུ་དང༌། བུད་མེད། དགུ་བཅུ་གསུམ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྣམས་ལ་འདི་ལྟ་བུ་མི་རིགས་ཀྱི་རྒྱལ་གཅེས་པ་འདིའི་ཚེ་སྲོག་ལ་ཉེན་ཁ་མི་ཡོང་ཆེད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སྙན་ཞུ་དང༌། རྒྱ་གཞུང་ཁྲིམས་མེད་ལུགས་མིན་གྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་ན་བྱེད་རན་རེད།
འཇིགས་མེད་དང་འོད་ཟེར་གཉིས་ལ་འདི་འདྲའི་ཁྱད་པར་ཞིག་ཡོད་པ་ཅི་ཡིན་ནམ། འོད་ཟེར་པེ་ཅིན་ནས་བསྡད་དེ་ཕྱི་རྒྱལ་གྱི་རླུང་འཕྲིན་ཐོག་ཏུ་འཆར་ཅན་བོད་ཀྱི་གནད་དོན་བཤད་ན་ཁོ་མོ་བདེ་འཇགས་རེད། ཡིན་ནའང་ཁོ་མོར་ལྷ་སར་སོང་བ་ཙམ་གྱིས་མོ་རང་གི་བདེ་འཇགས་ལ་ཉེན་ཁ་ཇེ་ཆེར་འགྲོ་སོང་། ཀྲུང་གོའི་སྤྱི་ཚོགས་གསར་བ་ཟེར་བ་འདི་འདྲ་ཞིག་ཡིན་རྒྱུ་རེད། རྐུན་ཇག་ཚོས་མང་ཚོགས་ཀྱི་ཟོག་ལུག་དང་རྒྱུ་ནོར་འཕྲོག་བཅོམ་བྱས་ན་དེ་ལ་ར་མདའ་མེད་པར། ༧རྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་མཁན་ཚོར་བརྡ་འདེད་རྗེས་འདེད་གཏོང་བ་འདིར་བལྟས་ཚེ། ཀྲུང་གོ་གསར་བའི་གཞུང་འདི་སེམས་གཙོ་རེད་མ་གཏོགས་དངོས་གཙོ་མིན་པ་གསལ་བོ་རེད།
༄༅།། སྙིང་སྟོབས།
དམར་གསོད་འཁོར་ལོའི་བར་མཚམས་འདི་ནས།།
འཇིགས་པ་མེད་པའི་སྙིང་སྟོབས་གསོན་པོ།།
ཝ་ལེར་ཡིད་ངོར་འཆར་ཐེངས་རེ་ལ།།
ནམ་ཡང་བསྟོད་ཚིག་དགུང་ལ་སྒྲོག་འདོད།།
འདས་པའི་ལོ་ཕྱེར་ཟུར་སྣེ་འདི་ནས།།
རང་དོན་སེམས་སུ་ཉར་མྱོང་མེད་པའི།།
གངས་རིའི་ལས་ལ་འབད་མཁན་ཁྱོད་ཚོར།།
སྐྱོ་བའི་མིག་ཆུ་ཡང་ཡང་བཞུར་སོང་།།
ཐག་ཐག་དུས་ཚོད་བསྐྱོད་སྒྲའི་ཁྲོད་དུ།།
མཐོ་སྒང་བོད་མིའི་བདེ་སྐྱིད་བསམ་བཞིན།།
དུང་བའི་སེམས་པ་ཁྲག་ཏུ་འགྱུར་རུང་།།
ལན་ཞིག་གནང་མཁན་གང་ན་ཡང་མི་འདུག།
༢༠༠༨ ༡༡ ༤ ནུབ་མོ། བླ་བྲང་ནས།
མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་འདི་རང་རེ་མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་སུ་མ་གཏོགས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོ་པེ་ཅིན་དང་ཧྲང་ཧེ་ལྟ་བུ་རུ་ལག་ལེན་བསྟར་རྒྱུ་དེ་འདྲའི་ལས་སླ་བོ་ཞིག་མ་རེད། པེ་ཅིན་གྱི་ཟ་ཁང་ཚོའི་ནང་དུ་རྒྱ་རྒན་ཚོས་སྐད་མགོ་མཐོན་པོས་ཅང་ཙེ་མིན་གྱི་ཨ་མའི་རྐུབ་ན་རྒྱོ་གི་ཡིན་ཟེར་ནས་འདོད་དགུར་སྒྲོག་བཞིན་འདུག་ཟེར། གལ་སྲིད་ཁྱོད་ཀྱིས་ལྷ་སའི་ཇ་ཁང་ཞིག་ནས་དེ་ལྟར་སྒྲོགས་དང་ཁྱོད་ལམ་སེང་ཅིག་ལ་ཁྲིད་འགྲོ་གི་རེད། བོད་ཡུལ་དུ་གྲྭ་པས་གྲྭ་པ་ཤི་མིན་རོ་མིན་དུ་རྡུང་ཆོག་གི་འདུག ཡིན་ན་ཡང་གལ་སྲིད་པེ་ཅིན་གྱི་ནང་བསྟན་སློབ་གྲྭ་རུ་ཁྱོད་ཀྱིས་གྲྭ་པ་ཞིག་ལ་ཁུ་ཚུར་ཞིག་གཞུས་དང་སང་ཉིན་ཁྱོད་བཙོན་ཁང་དུ་འཁྲིད་ཀྱི་རེད། གང་ཡིན་ཞེ་ན་ཁྱོད་ཀྱིས་མི་ལ་གནོད་འཚེ་བཏང་བས་སོ། །