-མི་ཉག་ཀུན་དགའ་བཀྲ་ཤིས།
གྲྭ་བ་གྲྭ་གོ་མ་ཆོད།།
སྐྱ་བོའི་ས་ལ་བབས་སོང་།།
འགྲོ་འདུག་ཉལ་གསུམ་མ་ཤེས།།
ང་ཚོའི་སྤྱི་ཚོགས་དཀྲུཊ་སོང་།།
གྲྭ་ལོག་དད་པ་ཁ་རེད།།
གྲྭ་ལོག་ཡོན་ཏན་ང་རྒྱལ།།
གྲྭ་ལོག་འབུ་ལས་མང་བས།།
སྤྱི་ཚོགས་ཟང་ཟིང་བཟོས་སོང་།།
གྲྭ་ལོག་སེམས་པ་དུག་རེད།།
དུག་གི་བྱེད་ལས་གནོད་རེད།།
གང་ལ་གྲྭ་ལོག་མང་ས།།
དེ་རུ་འཆམ་མཐུན་མི་འདུག །
གྲྭ་ལོག་གྲྭ་བ་མ་རེད།།
གྲྭ་ལོག་མི་སྐྱ་མ་རེད།།
གཉིས་ཀ་མིན་པའི་བར་དོར།།
སྐྱོ་གར་འཁྲབ་ནས་བསྡད་འདུག །
གྲྭ་ལོག་གཞན་ལ་མི་བཀུར།།
གཞན་གྱིས་གྲྭ་ལོག་མི་རྩིས།།
སྙིང་རྗེའི་ཡུལ་གྱུར་གྲྭ་ལོག །
གཅིག་ཀྱང་མང་བའི་སྐྱོན་རེད།།
གྲྭ་ལོག་ཀླད་པ་ལྗང་ཁུ།།
ཆབ་སྲིད་པ་ཚོའི་ལག་ཆ།།
ལག་ཆ་རང་མགོ་རང་རྡུང་།།
དགོས་མཁོ་སྤུ་ཙམ་མི་འདུག །
གྲྭ་ལོག་ལྟ་བ་བྲག་རེད།།
ལམ་བུ་བཀག་པའི་བྲག་རེད།།
བྲག་འདི་མ་གཏོར་བར་དུ།།
མདུན་ལ་སྐྱོད་ཐབས་མི་འདུག །
མ་གཞི་གྲྭ་ལོག་ཟེེར་དུས།།
ལྟ་བ་ལོག་པའི་མི་རེད།།
དགེ་ཚུལ་སློང་གི་སྡོམ་ཁྲིམས།།
དོར་མཁན་གྲྭ་ལོག་རེད་པ།།
ཝ་ཡེ་ནག་ཅན་གྲྭ་ལོག །
ཕུ་དཀྲོག་མདའ་དཀྲོག་བྱ་བ།།
བོད་རིཊ་བསད་པའི་རྒྱུ་རེད།།
ད་ནས་ཁ་རོག་སྡོད་རོགས།།
བསམ་བློ་ཡོད་ན་གཏོང་རོཊ།།
སེམས་ཤུཊ་ལྡན་ན་འགྱུར་རོཊ།།
ནུས་པ་ཡོད་ན་འདོན་རོགས།།
ཅི་ཡང་མེད་ན་འགྲོ་རོགས།།
སྤྱི་ལོ་༢༠༡༦ ལོའི་ཟླ་བ་༠༡ ཚེས་༢༥ ཉིན་གྱི་ཞོགས་པར་སློབ་ཆེན་ལ་སྐྱོད་པའི་ལམ་བར་དུ་བྲིས་པ་”གྲྭ་ལོག་ཚོར་གཤེ་བ་”འདི་ཡིས་རང་ཚོད་མི་ཟིན་པའི་རང་རེའི་སྤྱི་ཚོགས་དེ་དང་འདི་ཚོའི་ནང་གི་གྲྭ་ལོག་ཐབས་སྐྱོ་པོ་ཚོའི་སྐྱོན་མཚང་ལ་རབ་ཏུ་ཕོག་ནས་ཁོ་དག་དགེ་ལེགས་ཀྱི་ཕྱོགས་སུ་འགྱུར་བའི་རྒྱུ་རུ་གྱུར་ཅིག།
གྲ་བ་ལོག་ན་གྲ་ལོག་ཟེར་།
སྤྲུལ་སྐུ་ལོག་ན་སྐྱ་ཕབ་ཟེར་།
དེ་བོད་པ་ཚང་གི་བཤད་སྲོལ་རེད་།
གྲྭ་ལོག་གྲྭ་ལོག་ཟེར་མཁན།
རང་ཉིད་གྲྭ་ལོག་ཡིན་རྟགས།
ལྟ་ལོག་ལྟ་ལོག་འབྲི་མཁན།།
སོ་སོ་ལྟ་ལོག་རེད་འདུག
གྲྭ་ལོག་ཟེར་ན་གང་རེད། །
སྐྱ་ལོག་མེད་དོན་ཅི་རེད། །
ན་རོ་ཏི་ལོ་གཉིས་ཀྱང་། །
གྲྭ་ལོག་རེད་ཅེས་དམོད་དམ། །
གྲུབ་ཆེན་དྲིལ་བུ་པ་དེ། །
དགེ་སློང་ཚད་ལྡན་ཡིན་ཡང་། །
དགེ་སློང་སྡོམ་པ་བཞག་ནས། །
ནམ་མཁའི་མཐོང་ལ་ཕུར་འདུག །
འབར་མ་ཐ་ལེན་ཡུལ་གྲུར། །
ཐེག་དམན་ཙམ་ཞིག་དར་ཡང་། །
བཙུན་པ་སྐྱ་བོར་བབ་ཀྱང་། །
ཆོས་པ་རེད་ཅེས་བསྟོད་བགྱིད། །
བོད་ནང་།
དགེ་སློང་ཟེར་ན་དགེ་འདུན། །
དགེ་ཚུལ་ཟེར་ན་བཙུན་པ། །
དགེ་སློང་དགེ་ཚུལ་མིན་པའི། །
གྲྭ་པ་ཟེར་ན་གང་རེད། །
སྡོམ་པ་ཚད་ལྡན་མེད་པའི། །
ཕར་རྒན་གྲྭ་པ་དེ་ཚོ། །
ལུས་ཆས་བཙུན་གཟུགས་ཡིན་ཡང་། །
ལུས་སྨད་བུད་མེད་འབྲེལ་བགྱིད། །
ཡང་།
ཆོས་བྱས་ནས་ཆོས་དྲི་ཚུ་ཚུབ་ཅིག་མ་བྱུང་ན།
རྒྱོ་བརྒྱབ་ནས་རྒྱོ་དྲི་ཚུབ་ཚུབ་ཅིག་དགོས་རེད།
་
ཧ་ཧ་ཀུ་རེ་ཡིན་ནོ། །
དྲ་གྲོགས་དགོངས་པ་མ་འཚོམས། །
ཡར་ལོག་བསྟན་པའི་སྲོག་ཤིང་།།
མར་ལོག་སྟུ་ཡི་སྒོ་སྲུང་།།
ང་ཡི་གཡས་གཡོན་གང་སར།།
གྲྭ་ལོག་སྐྱིད་པོས་ཁེངས་ཡོད།།
གྲྭ་ལོག་ཟེར་ན་ཨ་ཁུ་མི་དགའ།།
གྲྭ་ལོག་ཟེར་ན་གྲོགས་པོ་མི་དགའ།།
གྲྭ་ལོག་ཚོ་ཡི་དགའ་ཕྱོགས་ཤེས་ན།།
གྲྭ་ལོག་ཡན་ན་སྐྱིད་ཤོས་སུ་ཡོད།།
སྔོན་གྱི་བསྐལ་པ་དང་པོ་ལ།།
ཨུ་རྒྱན་པད་མ་འབྱུང་གནས་དང་།།
ཟ་ཧོར་མཁན་པོ་ཞི་བ་འཚོ།།
བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས།།
བོད་ཀྱི་ཡུལ་དུ་སྤྱན་དྲངས་ནས།།
མདོ་སྔགས་བསྟན་པ་དར་བར་མཛད།།
རབ་ཏུ་བྱུང་བའི་སྡེ་བཙུགས་ནས།།
བཙན་པོ་ཡིས་ཀྱང་གཙུག་ཏུ་བཀུར།།
དེ་དུས་གྲྭ་བ་ཉུང་ལ་བཟང་།།
མཐོ་དམན་ཀུན་གྱིས་གོང་དུ་བཀུར།།
ཆེན་པོ་ཆེན་པོ་མ་གཏོགས་པའི།།
བུ་རྒྱུད་གྲྭ་བར་ཆུད་པར་དཀའ།།
བཟང་བའི་ནང་ནས་ཡང་རྩེ་ཞིག།
བདམས་ནས་དགོན་པར་བསྐྱལ་བ་ཡིན།།
ད་ལྟའི་བསྐལ་པ་ཐ་མ་ལ།།
ཐམས་ཅད་དེ་ལས་ལྡོག་པ་སྟེ།།
མི་དྲག་བུ་རྒྱུད་སློབ་གྲྭར་བསྐྱལ།།
ཉམ་ཐག་བུ་རྒྱུད་དགོན་པར་འཇུག།
ཁྱིམ་ལ་བུ་སྤུན་འགའ་ཡོད་ན།།
ངན་པ་བདམས་ནས་དགོན་པར་བསྐྱལ།།
དགོན་གྲོང་གཉིས་ཀ་གྲྭ་བས་གང་།།
གྲྭ་བ་མེད་པའི་ས་ཕྱོགས་མེད།།
ཟ་ཁང་ཚོང་ཁང་གྲྭ་བས་གང་།།
རྒྱ་སྲང་བོད་སྲང་གྲྭ་བས་གང་།།
གྲྭ་བ་མང་ཞིང་སྤུས་ཀ་ཞན།།
སྤྱོད་ངན་སྣ་ཚོགས་གྲྭ་བས་བྱེད།།
ཚོང་དང་ཁེ་སྤོགས་གྲྭ་བས་བྱེད།།
རྫུན་དང་ཕྲ་མ་གྲྭ་བས་བྱེད།།
ཆེ་ཆུང་མཐོ་དམའ་ཐམས་ཅད་ཀྱིས།།
གྲྭ་བ་གྲྭ་བ་ཟེར་ཞིང་དམོད།།
གྲྭ་བའི་ངོ་སོ་དམའ་བར་གྱུར།།
གྲྭ་བའི་གོང་ཐང་ཆུང་བར་གྱུར།།
འདི་དག་དེང་གི་སྤྱི་ཚོགས་ནང་།།
གྲྭ་ལོག་མང་བའི་རྒྱུ་རྐྱེན་ཡིན།།
གྲྭ་བ་འཕེལ་བའི་གོ་རིམ་ནང་།།
གྲྭ་ལོག་དེ་བཞིན་འཕེལ་བར་གྱུར།།
གྲྭ་ལོག་རྣམ་པ་གསུམ་ཡོད་དེ།།
ཕྱི་ལོག་ནང་མ་ལོག་པ་དང་།།
ནང་ལོག་ཕྱི་མ་ལོག་པ་དང་།།
ཕྱི་ནང་གཉིས་ཀ་ལོག་པ་འོ།།
རྩ་བའི་དམ་ཚིག་མ་ཉམས་ཀྱང་།།
གྲོང་པའི་བྱ་བར་མོས་པ་འགའ།།
གྲྭ་ཆས་མི་གྱོན་སྐྱ་ཆས་གྱོན།།
བུད་མེད་ལ་ནི་ཤིན་ཏུ་དུང་།།
ཕྱི་ལོག་ནང་ནི་མ་ལོག་ཀྱང་།།
མྱུར་དུ་གཉིས་ཀ་ལོག་པར་འགྱུར།།
ལུས་ལ་གྲྭ་ཆས་གྱོན་བཞིན་དུ།།
གཞན་གྱི་རྒྱུ་ནོར་ཐབས་ཀྱིས་ལེན།།
བུད་མེད་སྦས་པའི་ཚུལ་དུ་སྟེན།།
ལྷ་མཐོང་འདྲེ་མཐོང་འཛེམས་མེད་སྨྲ།།
འདི་དག་ནང་ནི་ལོག་ཚར་ཡང་།།
ཕྱི་ཚུལ་ད་དུང་མ་ལོག་སྟེ།།
འགའ་ཞིག་ཇི་སྲིད་འཚོ་ཡི་བར།།
འདི་ལྟར་གནས་པའང་ཡོད་པར་སྣང་།།
ངུར་སྨྲིག་བླ་གོས་ལྟེབ་བརྩེགས་བརྒྱབ།།
ཆང་དང་ཐ་མག་རྒྱན་དུ་ངོམ།།
ལྕེ་རྩེ་བུད་མེད་འདོམས་ན་བསྣད།།
འདི་དག་གཉིས་ཀ་ལོག་པ་ལགས།།
རང་རེ་བོད་ཀྱི་སྤྱི་ཚོགས་ནང་།།
ཕྱི་མ་འདི་ལ་གྲྭ་ལོག་ཟེར།།
སྔ་མ་གཉིས་ལ་གྲྭ་ལོག་གི།
ཐ་སྙད་ཡོངས་གྲགས་མི་བྱེད་ཀྱང་།།
དོན་གྱིས་འདི་དག་གསུམ་པོ་ནི།།
གྲྭ་ལོག་ཡིན་མིན་ཁྱད་པར་མེད།།
ད་དུང་གད་མོ་བྲོ་བ་ནི།།
ཁྱིམ་ན་ཆུང་མ་ཉར་བཞིན་དུ།།
ལུས་ལ་གྲྭ་ཆས་གྱོན་པ་རྣམས།།
གྲྭ་བའི་གྲས་ལ་འཇོག་པར་འདུག།
ཚངས་སྤྱོད་ཙམ་ཞིག་མ་ཉམས་ན།།
གཞན་དག་གསུམ་པོ་སྟོངས་ཟིན་ཀྱང་།།
གྲྭ་ལོག་གྲས་ལ་མི་བརྩི་བ།།
རང་རེ་བོད་ཀྱི་ལུགས་སྲོལ་ཡིན།།
སྔོན་གྱི་ཚེ་ན་བོད་མི་ཚོས།།
གྲྭ་ལོག་ཟེར་ནས་ངན་པར་བརྩིས།།
ད་ནི་བོད་ཀྱི་སྤྱི་ཚོགས་ནང་།།
གྲྭ་ལོག་མང་ཞིང་གྲྭ་ལོག་བཙན།།
གྲྭ་ལོག་རྣམས་ལ་གྲྭ་ལོག་ཅེས།།
བརྗོད་པས་ཉེས་རྡུང་བཏང་རབས་ཡོད།།
གྲྭ་ལོག་ཅེས་པ་དམའ་འབེབས་ཀྱི།།
ཚིག་ཅིག་གཏན་ནས་མ་ཡིན་མོད།།
རང་གཞན་ཀུན་གྱིས་གྲྭ་ལོག་ཅེས།།
མི་འབོད་དེང་སང་གྲྭ་ཟུར་ཟེར།།
ཟུར་དང་ལོག་ལ་བཟང་ངན་གྱི།།
ཁྱད་པར་ཡེ་ནས་མེད་མོད་ཀྱང་།།
གསར་ངས་ཆེ་བའི་སྐྱེ་བོ་ཚོའི།།
བློ་ངོར་ཁྱད་ཅིག་ཡོད་ཚོད་གདའ།།
ནམ་ཞིག་གྲྭ་ཟུར་ཞེས་པ་ཡི།།
མིང་འདིས་རྣ་བ་སུན་པ་ན།།
སླར་ཡང་ཐ་སྙད་སྙན་པོ་ཞིག།
གྲྭ་ལོག་དག་གིས་འབད་པས་ཚོལ།།
རང་ཅག་མི་རུ་སྐྱེས་པ་ཀུན།།
ཐོག་མར་མ་ལས་སྐྱེས་པའི་ཚེ།།
སྐྱ་བོ་རང་དུ་སྐྱེས་པ་ལས།།
གྲྭ་བར་སྐྱེས་པ་སུ་ཡང་མེད།།
སྐྱ་བོར་སྐྱེས་པ་སྐྱ་བོ་ལས།།
གཞན་དུ་ལོག་པ་མི་ངན་ན།།
སྐྱ་བོ་གྲྭ་བ་ལས་ལོག་པ།།
ངན་པའི་རྒྱུ་མཚན་ཅི་ཞིག་ཡོད།།
དཔེར་ན་ཐང་ལ་གནས་པའི་མི།།
རི་ཡི་རྩེ་མོར་འཛེགས་པ་ལས།།
སླར་ཡང་ཐང་ལ་ལོག་པ་ནི།།
རང་གི་གནས་སུ་ལོག་པ་བཞིན།།
རང་གི་གནས་སུ་ལོག་པ་དེ།།
ལྟས་ངན་ཞིག་ལ་བརྩིས་ན་ནི།།
འཇིག་རྟེན་ཁམས་ན་ལྟས་ངན་ལས།།
གཞན་ཞིག་བཙལ་བས་མི་རྙེད་དོ།།
ངས་ནི་སེམས་ལ་གང་ཤར་བ།།
སྦ་གསང་མེད་པར་བརྗོད་པ་ཡིན།།
ཁྱེད་ཀྱི་ཐུགས་ལ་འབབ་མི་འབབ།།
དེ་ནི་ང་ལ་ཇུས་གཏོགས་མེད།།
མངོན་བརྗོད་བརྡ་རྙིང་ལ་སོགས་པའི།།
གོ་དཀའི་ཚིག་སྦྱོར་སྤང་བྱས་ནས།།
བསྟན་འཛིན་མིང་ཅན་བསྟན་བཤིག་གིས།།
གནའ་གྲོང་ཡམ་བུར་སྦྱར་བ་འོ།།
་་་་་་་་་ #8 ལྷ།བྱ་འཕུར་མ། ་ལགས་ཀྱིས་སྤེལ་དོན།:
January 25th, 2016 at 4:46 pm
་
ད་དུང་གད་མོ་བྲོ་བ་ནི།།
ཁྱིམ་ན་ཆུང་མ་ཉར་བཞིན་དུ།།
ལུས་ལ་གྲྭ་ཆས་གྱོན་པ་རྣམས།།
གྲྭ་བའི་གྲས་ལ་འཇོག་པར་འདུག།
ཞེས་སོགས་དང་།
ངས་ནི་སེམས་ལ་གང་ཤར་བ།།
སྦ་གསང་མེད་པར་བརྗོད་པ་ཡིན།།
ཁྱེད་ཀྱི་ཐུགས་ལ་འབབ་མི་འབབ།།
དེ་ནི་ང་ལ་ཇུས་གཏོགས་མེད།། ་་་་་་་་་་
མི་ཉག་ལགས་ངས་ལྟས་ན་གྲ་ལོག་ཚོས་སྤྱི་ཚོགས་དང་མི་མཐུན་པའི་ལས་ཀ་ཞིག་བྱས་པ་མཐོང་མ་སོང་ལ་ཁོ་རང་ཚོ་གྲ་པའི་ཚོགས་ནས་དོན་པ་དེ་ཡང་ཡག་པོ་རེད་བསམ་གྱི་འདུག། དེ་མིན་གྲ་མིན་སྐྱ་མིན་བྱས་ནས་བསྡད་ན་ངོ་མ་སྤྱི་ཚོགས་དཀྲུགས་མཁན་དང་བསྟན་དགྲ་ཞིག་རེད་བསམ།།
རྩོམ་གཞི་ཨ་མར་གོ་རྒྱུ་མིན་འདུག་་་་་བོད་མི་རིགས་ཀྱི་འགན་འཁུར་་་་་་བོད་ཀྱི་ཆབ་སྲིད་ཀྱི་དཀའ་གནད་བཅས་ཕྱོགས་གང་ལའང་མ་གཞིག་པའི་་་་་རང་མཐོང་སྣང་བར་མ་ཕྱིན་པའི་སྡུག་སྐད་ཙམ་དུ་མཆི།
ངོ་མ་བྱས་ན་བོད་མི་རིགས་ཀྱི་འཕེལ་རྒྱས་ལ་གྲྭ་ཟུར་དང་ཇོ་ཟུར་མང་དགོས་ལ་་་་་་ནང་པའི་གཞི་རྒྱ་ཆེ་བའི་ཆོས་སྲོལ་བཙུགས་འདོད་ནའང་གྲྭ་བཙུན་མང་བར་རེམ་མི་ཉན་དེ་ནི་དོན་དངོས་ནང་པའི་མི་རྒྱུད་ཀྱི་ཆུ་མགོ་བཀག་པ་ཞིག་ཡིན་པས་་་་གྲྭ་བཙུན་ཁ་བཤད་དོན་ཐོག་ཏུ་འཁེལ་བ་རེ་གཉིས་རེ་ཆོག།
དེང་སྐབས་གྲྭ་བཙུན་གང་མང་གསོག་འཇོག་འགྲན་འདུར་འུར་ཟིང་གི་རྣམ་པ་དེར་ལྟོས་དང་་་་་ལས་ཐོག་ཆོས་དཔོན་ཆོས་མདུན་ལམ་བསྒྲུབ་ཆེད་ཕལ་ཆེ་བ་ཡིན་ཞིང་་་་་་དེས་ནང་པའི་མི་རྒྱུད་སྟོང་དུ་འཇུག་རྒྱུའི་ཐབས་ངན་ཞིག་ཏུའང་ཅི་ཕྱིར་མི་གཤེ་་་་་ད་དུང་བཙན་འབྱོར་དུ་ཧི་མ་ལ་ཡི་ཕྲུ་གུ་གང་མང་རག་ཐུབ་ཚད་་་་་གྲྭ་བཙུན་དུ་འཇོག་གང་ཐུབ་བྱེད་པ་རྣམས་ཀྱིས་་་་ནམ་ཞིག་ཧི་མ་ལ་ཡི་ནང་པའི་མི་རྒྱུད་སྟོང་པར་བཟོ་རྒྱུའམ་ཡང་ན་་་་་་་ཧི་མ་ལ་ཡ་རང་སར་ནང་པ་གྲངས་ཉུང་ཆགས་རྒྱུར་གཏན་ནས་མི་སེམས་པར་་་་་་་ནང་ཆོས་ཀྱི་གནས་བབ་སྤྱི་ལས་་་་་་རང་དགོན་རང་གི་མདུན་ལམ་དུ་བཀོལ་བའི་ཕྱིར་རང་དགོན་གལ་ཆེ་བར་འཛིན་བཞིན་པའི་སྣང་བརྙན་ལེབ་མོར་གཟིགས།