ལོ་ལོན་གྱིས།
མཚན་ཉིད་མཁན་པོས་གཏན་ལ་མ་ཕབ་པའི་དངོས་པོ་དག་ལ་ཡང་རང་གི་ངོ་བོ་མཚོན་བྱེད་འམ། འགྲེལ་བྱེད་ཀྱི་མཚན་ཉིད་ཞིག་ཡོད་པ་ནི་འཇིག་རྟེན་འདིའི་ཐོག་གི་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་རེད། བརླན་ཞིང་གཤེར་བ་ཆུ་ཡི་མཚན་ཉིད། ཞེས་གཞུང་ལུགས་པ་དག་ནས་བཤད་ཡོད། དེ་བཞིན་དུ་། ཕ་མ་གང་རུང་བོད་མི་ཡིན་པ་ལ། བོད་སྐད་བོད་ཡིག་ཤེས་བ་བོད་མིའི་མཚན་ཉིད་དུ་འདོད། འདིའི་ཐད་མི་མང་པོ་ཞིག་ལ་འདོད་པ་མེད་ཀྱང་། འདོད་ན་མ་འདོད་ན་དེ་ནི་དོན་དངོས་རེད། སྒྲུབ་བྱེད་འདི་སྤྱིའི་ཆ་ནས་ཚང་མས་ཁས་ལེན་གྱི་ཡོད་པ་རེད། དཔེར་ན། ང་ཚོ་བོད་མི་རྣམས་རྩ་མེད་དུ་འགྲོ་བར་ཉེན་ཁ་འདུག་ཞེས་ཀུན་གྱིས་གླེང་གི་ཡོད་ཀྱང་། གོང་གི་མཚན་མཚོན་དེ་སྒྲུབ་བྱེད་དུ་ལེན་ན་མ་གཏོགས། བོད་མི་རྩ་མེད་དུ་འགྲོ་ཚུལ་གྱི་རིགས་པ་ཅི་ཡང་མེད། སྤྱིར་ན་ང་ཚོ་གྲངས་འབོར་ཉུང་ཉུང་ཡིན་ཡང་། ད་ལྟ་བོད་ཕྱི་ནང་གཉིས་ན་ཡོད་པའི་བོད་མི་དག་གིས་གཉེན་སྒྲིག་བྱས་ནས་བུ་ཕྲུག་སྐྱེས་གིན་ཡོད། ཕྲུ་གུ་དེ་དག་གིས་ཀྱང་མ་འོངས་བར་བུ་ཕྲུག་མང་པོ་སྤེལ་གི་རེད། ཁྲག་གི་རྒྱུད་པ་དེ་ཇི་སྲིད་མིའི་འཇིག་རྟེན་འདི་གནས་བ་དེ་སྲིད་དུ་གནས་ཐུབ། ནམ་རྒྱུན་སྐད་ཆ་འདི་ལ་རྐྱེན་བྱས་ནས་གྲོགས་པོ་ནང་ཁུལ་བར་ཐག་རིང་དུ་སོང་བ་ཡང་འགའ་རེ་ཡོད། མཉམ་མྱོང་འདི་དང་འབྲེལ་ནས། ངའི་སེམས་ཁྲལ་ཆེ་ཤོས་ནི། སྤུན་ཟླ་ཕན་ཚུན་ནང་དབྱེ་འབྱེད་དམ། ནང་དཀྲུགས་ལྟ་བུར་འགྱུར་མི་ཡོང་ངམ་བསམ་ནས། སྐད་ཆ་འདི་ཁོག་ལ་བཅུག་ནས་བསྡད་པ་ཡིན། ཡིན་ཡང་། ངའི་གྲོགས་པོ་ཞིག་ནས། ངེས་པར་དུ་བཤད་དགོས་བ་ཞིག་བཤད་ན་ཕན་ཚུན་ཕོག་ཐུག་ཡོང་བའི་རིགས་ཆ་སྙོམས་སུ་བཤད་ན་ཡག གང་ཡིན་ཟེར་ན། སང་ཉིན་ཕོག་ཐུག་བྱུང་བ་དག་ལ་ཡང་བཅོས་ཐབས་ཅུང་ཙམ་ཡོད། གསུངས་བར་བརྟེན། ངས་ཀྱང་འདི་ལྟར་བཤད་ཀྱིན་ཡོད། བོད་མི་ཡིན་ན་བོད་ཡིག་དང་བོད་སྐད་ཤེས་དགོས་ཞེས་པའི་རྩོད་གཞི་འདི་ལ་བརྟེན་ནས། ཆང་དམ་གྱིས་ཅོག་ཙེར་བསྡབས་པ་ཡང་གྲངས་མེད་ཡིན།
ཕྱི་ཉིན་ཁ་བཏགས་བསྐྱལ་བ་དང་དགོངས་སེལ་ཞུས་བ་ཡང་གྲངས་མེད་ཡིན།
བོད་ལྷ་ྐླུ་གཉེན་གསུམ་གྱིས་འདིའི་སྐོར་ལ་རྩོམ་ཡིག་ཁ་གསལ་ཞིང་ཞིབ་ཚགས་པ་ཞིག་ཁ་བརྡའི་ཐོག་ཟླ་སྔོན་གོང་མའི་ནང་བྲིས་ཡོད་པས། གསེར་གྱི་ཕོར་བ་ལ་ངས་ཤིང་གི་ལྷན་པ་རྒྱག་མི་དགོས་ཀྱང་། དེ་རིང་འདིར་སླར་ཡང་ཐེངས་གཅིག་ཞུ་འདོད་པ་ནི།
བོད་མི་མཚན་ཉིད་ཚང་བ་ཞིག་ཡིན་ན། བོད་ཡིག་དང་བོད་སྐད་ཤེས་དགོས་ཞེས་༧གོང་ས་མཆོག་གིས་ཁ་སང་ཨ་རིའི་ནང་གསལ་བོར་གསུངས་སོང་། ད་དུང་དེས་མ་ཚད། ༧གོང་ས་མཆོག་ནས། ཁྱེད་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་བོད་ཀྱི་སྐད་ཡིག་ལ་དོ་སྣང་མ་བྱས་བ་ཡིན་ན། ད་ལྟ་དཀའ་ངལ་གང་མང་ཞིག་གདོང་ལེན་བྱས་ནས་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་མཁན་གྱི་བོད་ནང་གི་བོད་མི་དེ་དག་ལ་སེམས་ཤིག་ཆགས་གཞི་ཞིག་ཏུ་འགྱུར་རྒྱུ་རེད། ཞེས་གསུངས་ནས་ཉེན་བརྡ་ཞིག་ཀྱང་གནང་སོང་།
ད་ནི། གླ་རྩི་བླངས་ནས་གླ་རོ་འདོར་བ་ལྟར། ༧གོང་ས་མཆོག་གི་བཀའ་གསུངས་འདོར་གི་ཡིན་ན་མ་གཏོགས། བོད་མི་ཡིན་ན་བོད་ཡིག་དང་བོད་སྐད་ངེས་པར་དུ་ཤེས་དགོས་བ་རེད། གལ་སྲིད་ཕ་མ་གང་རུང་བོད་ཡིན་པ་ལ་བོད་སྐད་དང་བོད་ཡིག་མི་ཤེས་མཁན་དག བོད་མི་མ་རེད་ཟེར་ན་ཐལ་དྲགས་ཀྱི་ཡོད་ན། བོད་མི་ཙམ་པོ་བ། ཞེས་མཚན་འབུལ་ན་ག་འདྲ་འདུག
kherang kyis sung pa la gab kor yoe.
གོང་ས་མཆོག་གི་བཀའ་སློབ་སྙན་པ་ལ། །
བཀའ་འདི་གསུང་སའི་མི་མང་སྐྱོ་བ་ལ། །
བོད་ཡིག་ཕར་ཞོགས་བོད་སྐད་མི་ཤེས་པའི། །
མི་རབས་རྗེས་མའི་རྐུབ་ལ་ཕྱག་འཚལ་ལོ། །
གུས་པས་བོད་མི་རིགས་ཀྱི་སྐད་ཡིག་སྐོར་ལ་བསམ་ཚུལ་ཐོལ་བྱུང་རེ་གླེང་ན།
༡》བོད་ཀྱི་སྐད་ཡིག་འཐུས་ཚང་དང་ནུས་ཤུགས་ཅན་དུ་བསྒྱུར་པ་ལ། སྤྱི་སྐད་ཚད་ལྡན་ཞིག་ཆགས་དགོས།
༢》 བྱ་དངོས་གསར་པ་མང་པོའི་ཁྱད་ཆོས་དང་རྣམ་འགྱུར་སོགས་ལ་གཞིགས་ཏེ། ཐ་སྐད་གསར་བཟོ་བྱ་དགོས།
༣》འཛམ་གླིང་སྤྱི་བྱེའི་གནས་ཚུལ་དང་། ལྷག་པར་དུ་ཆབ་སྲིད་དང་དཔལ་འབྱོར། རྒྱུན་ཤེས་དང་ཚན་རིག་ལ་སོགས་པའི་སྐོར་གྱི་མཁས་པ་དང་ཉམས་ཞིབ་པའི་གསུང་རྩོམ་དང་ལེགས་བཤད་གཅེས་བཏུས་བྱས་ནས་བསྒྱུར་ཐབས་སུ་འབད་དགོས།
༤》བོད་མི་སྤྱི་ཡོངས་ཀྱི་རང་རེའི་སྐད་ཡིག་ལ་འདུ་ཤེས་འཛིན་སྟངས་དེ། བེད་མེད་ནུས་མེད་རེད་སྙམ་པའི་མ་དག་རྒྱུན་འབྱམས་པའི་འདུ་ཤེས་གཙང་མ་བཟོ་དགོས།
༥》གོ་བདེ་ཞིང་ཀློག་སླ་བའི་སྒྱུར་རྩོམ་རིན་ཐང་ལྡན་པ་གང་མང་ཞིག་བོད་རང་གི་སྐད་ཡིག་ཐོག་ཏུ་བསྒྱུར་ནས། མི་མང་གི་འདོད་འདུན་ཚིམ་ཐབས་སུ་འབད་པ་བྱ་དགོས།
༦》བོད་རིགས་ཤེས་ལྡན་པ་རྣམ་པས་སྣེ་ཁྲིད་བྱས་ནས། སྒྲ་གདངས་དང་ཐ་སྙད་གཅིག་གྱུར་ཡོང་ཐབས་སུ་ཤེས་དཔྱོད་ཡོད་རྒུ་འདོན་དགོས།
༧》ཐབས་ལམ་དང་བརྒྱུད་ལམ་སྣ་ཚོགས་ནས་སྐད་ཡིག་གཅིག་གྱུར་གྱི་དོན་སྙིང་དྲིལ་བསྒྲགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ཤེས་རྟོགས་དང་ལག་ལེན་ནུས་པ་མཐོ་རུ་གཏོང་དགོས།
༨》རང་རེའི་སྐད་ཡིག་གི་གནད་ལ་མཁས་ཤིང་བརྡ་སྤྲོད་རིག་གནས་ལ་བྱང་ཆ་ཡོད་པའི་མཁས་པ་དང་ཉམས་མྱོང་ཅན། ཤེས་ཡོན་ཅན་ལ་སོགས་པའི་གྲུབ་པའི་སྤྱི་སྐད་ལྷན་ཁང་ཞིག་རྩ་འཛུགས་བྱ་དགོས།
༩》ཡུལ་ལུང་སོ་སོའི་སྐད་ཆ་བཤད་ལུགས་ཀྱི་ལེགས་ཆ་རྣམས་འཚོལ་སྡུད་བྱས་ནས། སྤྱི་སྐད་འགྲུབ་བྱད་ཀྱི་རྨང་གཞི་འདང་དགོས།
༡༠》བོད་ཀྱི་སྐད་ཡིག་གིས་ཕབ་པའི་གློག་བརྙན་དང་རྒྱང་བསྒྲགས། བརྙན་འཕྲིན་དང་རླུང་འཕྲིན་སོགས་ཇེ་མང་ཇེ་ལེགས་སུ་གཏོང་དགོས།
དེང་རབས་རིག་གནས་སྣ་ཚོགས་ལ་འབད་པ་བྱེད་བཞིན་པའི་བོད་མི་དག་གི་ཆེས་ཐོག་མའི་ལས་འགན་ནི་རང་ཉིད་ཀྱི་སྐད་དང་ཡི་གེ་ཚད་ལྡན་ཞིག་སྦྱངས་རྒྱུ་འདི་རེད། རང་རིགས་ཀྱི་སྐད་དང་ཡི་གེ་ཐོགས་མེད་དུ་ཤེས་པའི་ཐོག་དེང་རབས་ཀྱི་རིག་གནས་སྣ་ཚོགས་ཕྱིའི་སྐད་ཡིག་གང་འདྲ་ཞིག་གི་སྟེང་ནས་སྦྱངས་ན་ཡང་མི་དེ་བོད་མི་རྣལ་མ་ཞིག་གི་རང་གཤིས་སུ་སྔོན་ནས་གྲུབ་ཡོད་ཕྱིར་མི་རིགས་ཀྱི་ཁྱད་ཆོས་དང་མཐུན་པའི་ཁེ་ཕན་ཆེན་པོ་ཡོད་པར་འདོད།
བོད་མི་ཙམ་པོ་བ། ཞེས་མཚན་ཕུལ་ན་ཏག་ཏག་རེད་འདུག
རྨེའུ་ དཀོན་རྒྱམ་ ལགས་ཀྱིས།
གུས་པས་བོད་མི་རིགས་ ཀྱི་སྐད་ཡིག་སྐོར་ལ་བསམ་ཚུལ་ཐོལ་བྱུང་རེ་གླེང་ན།
༡》བོད་ཀྱི་སྐད་ཡིག་འཐུས་ཚང་དང་ ནུས་ཤུགས་ཅན་དུ་བསྒྱུར་པ་ལ། སྤྱི་སྐད་ཚད་ལྡན་ཞིག་ཆགས་དགོས།
༢》 བྱ་དངོས་གསར་པ་མང་པོའི་ཁྱད་ཆོས་དང་རྣམ་འགྱུར་སོགས་ལ་གཞིགས་ཏེ། ཐ་སྐད་གསར་བཟོ་བྱ་དགོས།
༣》འཛམ་གླིང་སྤྱི་བྱེའི་གནས་ཚུལ་ དང་། ལྷག་པར་དུ་ཆབ་སྲིད་དང་དཔལ་འབྱོར། རྒྱུན་ཤེས་དང་ཚན་རིག་ལ་སོགས་པའི་སྐོར་གྱི་མཁས་པ་དང་ཉམས་ཞིབ་པའི་གསུང་རྩོམ་ དང་ལེགས་བཤད་གཅེས་བཏུས་བྱས་ནས་བསྒྱུར་ཐབས་སུ་འབད་དགོས།
༤》བོད་མི་སྤྱི་ཡོངས་ཀྱི་རང་རེའི་ སྐད་ཡིག་ལ་འདུ་ཤེས་འཛིན་སྟངས་དེ། བེད་མེད་ནུས་མེད་རེད་སྙམ་པའི་མ་དག་རྒྱུན་འབྱམས་པའི་འདུ་ཤེས་གཙང་མ་བཟོ་དགོས།
༥》གོ་བདེ་ཞིང་ཀློག་སླ་བའི་སྒྱུར་ རྩོམ་རིན་ཐང་ལྡན་པ་གང་མང་ཞིག་བོད་རང་གི་སྐད་ཡིག་ཐོག་ཏུ་བསྒྱུར་ནས། མི་མང་གི་འདོད་འདུན་ཚིམ་ཐབས་སུ་འབད་པ་བྱ་དགོས།
༦》བོད་རིགས་ཤེས་ལྡན་པ་རྣམ་པས་སྣེ་ ཁྲིད་བྱས་ནས། སྒྲ་གདངས་དང་ཐ་སྙད་གཅིག་གྱུར་ཡོང་ཐབས་སུ་ཤེས་དཔྱོད་ཡོད་རྒུ་འདོན་དགོས།
༧》ཐབས་ལམ་དང་བརྒྱུད་ལམ་སྣ་ཚོགས་ ནས་སྐད་ཡིག་གཅིག་གྱུར་གྱི་དོན་སྙིང་དྲིལ་བསྒྲགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ཤེས་རྟོགས་དང་ལག་ལེན་ནུས་པ་མཐོ་རུ་གཏོང་དགོས།
༨》རང་རེའི་སྐད་ཡིག་གི་གནད་ལ་མཁས་ ཤིང་བརྡ་སྤྲོད་རིག་གནས་ལ་བྱང་ཆ་ཡོད་པའི་མཁས་པ་དང་ཉམས་མྱོང་ཅན། ཤེས་ཡོན་ཅན་ལ་སོགས་པའི་གྲུབ་པའི་སྤྱི་སྐད་ལྷན་ཁང་ཞིག་རྩ་འཛུགས་བྱ་དགོས།
༩》ཡུལ་ལུང་སོ་སོའི་སྐད་ཆ་བཤད་ ལུགས་ཀྱི་ལེགས་ཆ་རྣམས་འཚོལ་སྡུད་བྱས་ནས། སྤྱི་སྐད་འགྲུབ་བྱད་ཀྱི་རྨང་གཞི་འདང་དགོས།
༡༠》བོད་ཀྱི་སྐད་ཡིག་གིས་ཕབ་པའི་ གློག་བརྙན་དང་རྒྱང་བསྒྲགས། བརྙན་འཕྲིན་དང་རླུང་འཕྲིན་སོགས་ཇེ་མང་ཇེ་ལེགས་སུ་གཏོང་དགོས།
གོང་གསལ་ ནི། བོད་པས་ བོད་ཀྱི་ སྐད་ཡིག་ལ་ གཅེས་ཞེན་གྱི་ སྙིང་གཏམ་ ཞིག་ཏུ་ མཐོང་།