བསོད་ནམས་ནོར་བུ།
ལུས་པོ་བདེ་རྩལ་གྱིས་ཁེངས
ང་ནི་གླག་རྒོད་ཅིག་ཡིན
ས་ལ་འདུག་འདོད་མེད་དེ
རྒྱབ་ལ་གཤོག་པ་སྐྱེས་ཡོད
ཐང་དཀར་གྱི་གཤོག་ལྕག་ལ་ང་མི་ཞེད
རྔོན་པའི་དུག་མདའ་ལ་ང་མི་སྐྲག
བར་སྣང་ཡོད་ཚད་ལ་འཕུར་མི་འདོད
གཤོག་སྒྲོ་ཡངས་མོ་རྡེབ་སའི་ནམ་མཁའ་སྔོན་པོ་ཞིག་ལ་ལྡིང་དགོས
འཕུར་ཡ འཕུར་ཡ
རི་མཐོན་པོའི་མགོ་བོའི་ཀླད་ནས་འཕུར་ཡ
རླུང་བསེར་བུ་ངར་མ་གཤོག་ནས་འཕུར་ཡ
སྤྲིན་དཀར་པོའི་མཆོང་ལྡིང་མཉམ་དུ་འཕུར་ཡ
གསེར་ཉི་མའི་འོད་སྣང་སྒྲིབ་མི་སྲིད མིག་ལ་འཚེར་ཡོད
བྲག་སྟོད་ཀྱི་ཚང་མལ་བརྗེད་མི་སྲིད ཡིད་ལ་ཟུག་ཡོད
19/ 9/ 2013/