གླིང་མཆོག་སྤྲུལ་རིན་པོ་ཆེར་དམིགས་བསལ་བཅར་འདྲི། Posted on 2016-01-072016-01-07 By ཁ་བརྡ 30 Comments on གླིང་མཆོག་སྤྲུལ་རིན་པོ་ཆེར་དམིགས་བསལ་བཅར་འདྲི། བཅར་འདྲི།
༧སྐྱབས་རྗེ་ཡོངས་འཛིན་རྡོ་རྗེ་འཆང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་མཆོག་སྤྲུལ་རིན་པོ་ཆེས་གཙོ་འགན་བཞེས་ཏེ། ཇི་སྐད་༧རིན་པོ་ཆེ་མཆོག་གིས་གསུང་བ་བཞིན་ཕུན་ཚོགས་བཞི་ལྡན་གྱི་ཆོས་ཀྱི་འཁོར་ལོ་རླབས་པོ་ཆེ་ལེགས་པར་བསྐོར་གྲུབ་པར་རྟེན་འབྲེལ་ཞུ།
ཡོངས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་བསྟན་འགྲོར་སྨན་པའི་མཛད་པ་དང་། འཕྲིན་ལས་རྒྱས་པ་དང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུའོ། ཀུན་གླེང་གི་སྒྲོགས་བྱང་། “གླིང་མཆོག་སྤྲུལ་རིན་པོ་ཆེར་དམིགས་བསལ་བཅར་འདྲི།” ཞེས་པ་ན།” བཅར་།”ཞེས་པ་བོད་སྔ་རབས་པ་དང་། བོད་ཡུལ་དབེན་པར་གནས་པ་དག་གི་ཁ་སྐད་དུ་ཡོད་པའི་”མཇལ།” ཞེས་པ་གྱྲར་ནས། “བཅར་”ཞེས་པ་ཆགས་པ་སེམས་ལ་ཤར། འདི་ཉིད་བདེན་པ་ཡིན་མིན་ལ་བརྟག་དཔྱད་འབྲི་བར་ཞུའོ།
མཇལ་དང་བཅར་གཉིས་མི་འདྲ། བཅར་འདྲི་ཞེས་པ་ཉེ་སར་བཅར་ཏེ་འདྲི་བ་ལ་ཟེར། མཇལ་བ་ནི་མཐོང་བ་དང་ཐུག་པའི་ཞེ་ས་ཙམ་རེད།
ཀརྡོ་ལགས། ལམ་རིམ་ཁྲིད་ཆེན་བརྒྱད་ནི། ༡ བྱང་ཆུབ་ལམ་རིམ་ཆེ་མོ། ༢ ལམ་རིམ་འབྲིང་པོ། ༣ ལམ་རིམ་ཉམས་མགུར། ༤ ལམ་རིམ་གསེར་ཞུན་མ། ༥ ལམ་རིམ་འཇམ་དཔལ་ཞལ་ལུང་། ༦ ལམ་རིམ་བདེ་ལམ། ༧ ལམ་རིམ་མྱུར་ལམ། ༨ ལམ་རིམ་ལེགས་གསུངས་དང་བརྒྱད། བཅོ་བརྒྱད་ནི། དེའི་ཁར། ༩ བྱང་ཆུབ་ལམ་སྒྲོན། ༡༠ ལམ་གཙོ་རྣམ་གསུམ། ༡༡ ཡོན་ཏན་གཞི་གྱུར་མ། ༡༢ རྟོགས་བརྗོད་མདུན་ལེགས་མ། ༡༣ ལྷོ་བརྒྱུད་ལམ་རིམ། ༡༤ ལམ་རིམ་བདུད་རྩི་སྙིང་པོ། ༡༥ ཞྭ་དམར་ལམ་རིམ། ༡༦ ལྷག་མཐོང་དཀའ་འགྲེལ། ༡༧ རྣམ་གྲོལ་ལག་བཅངས། ༡༨ ལམ་རིམ་འབྲིང་པོའི་ས་བཅད་བཅས་ཁྲིད་ཆེན་བཅོ་བརྒྱད་དོ། །
ཕྲན་གྱིས་ལམ་རིམ་རྒྱས་འབྲིང་བསྡུས་གསུམ། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ལམ་རིམ་གསུམ། བདེ་ལམ་དང་གུང་ཐང་ཟིན་བྲིས་སྦྲགས་མ་ཚར་གཅིག་བཅས་ཉན་པའི་བསྐལ་བ་བྱུང་ཡང་སྣོད་ངན་པས་ཞབས་རྡོལ་གྱི་ཆུ་བཞིན་ཟགས་སོང་། ལམ་རིམ་ཁྲིད་ཆེན་བརྒྱད་སྤྱི་ལ་གྲགས། བཅུ་རྗེས་སུ་བསྣན། ༡༦ལྷག་མཐོང་དཀའ་འགྲེལ། ༡༧ རྣམ་གྲོལ་ལག་བཅངས། ༡༨ ལམ་རིམ་འབྲིང་པོའི་ས་བཅད་འདི་དག་ཉེ་བའི་ལོ་ཤས་སྔོན་གྲགས་པ་རེད། བོད་སྤྱི་ལ་གྲགས་པ་ལོ་གསུམ་བཞིའི་ནང་རེད། དུས་ནམ་ཞིག་ལ་མཁས་གྲུབ་སུ་ཞིག་གིས་ཁ་སྣོན་གནང་བ་ཡིན་ནམ། །
བླ་མ་ཙོང་ཁ་པས། ༡ བྱང་ཆུབ་ལམ་རིམ་ཆེ་མོ། ༢ ལམ་རིམ་འབྲིང་པོ། ༣ ལམ་རིམ་ཉམས་མགུར། ། ༡༠ ལམ་གཙོ་རྣམ་གསུམ། ༡༡ ཡོན་ཏན་གཞི་གྱུར་མ། ༡༢ རྟོགས་བརྗོད་མདུན་ལེགས་མ། འདི་ལྟར་ཡིན་ནམ། ཡང་། ༥ ལམ་རིམ་འཇམ་དཔལ་ཞལ་ལུང་། འདི་རྒྱལ་དབང་ལྔ་པ་དང་། ༡༧ རྣམ་གྲོལ་ལག་བཅངས། འདི་༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་མཛད་པ་རེད་སྙམ་ཡང་་་་་་་
༸གོང་ས་མཆོག་གིས། གླིང་སྤྲུལ་མཆོག་ལ། https://www.facebook.com/DalaiLamaAwakening/videos/553942088096461/?theater
མཇལ་དང་བཅར་གཉིས་མི་འདྲ། བཅར་འདྲི་ཞེས་པ་ཉེ་སར་བཅར་ཏེ་འདྲི་བ་ལ་ཟེར། མཇལ་བ་ནི་མཐོང་བ་དང་ཐུག་པའི་ཞེ་ས་ཙམ་རེད། ལྟ་བ་དང་མཐོང་བ་གཉིས་ཀ་ལ་མཇལ་ཞེས་པ་ཡོད་ངེས། དེ་ལྟར་ཡིན་ན། བཅར་བ། ཞེས་པ་སྔར་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དག་ན་ཡོད་དམ། དག་ཡིག་ཟ་མ་ཏོག་ན། ཉེས་པ་བཅབས་དང་མིག་སོགས་བཅར། མིག་བཅར་ཞེས་པ་བདག་གི་ལུང་པའི་ཁ་སྐད་དུ་ཡང་ཡོད། ངག་སྒྲོན་དུ་ལོགས་བཅར། ཞེས་པ་ཡང་མཇལ་བ་གྱུར་ནས་བཅར་བ་ཞེས་སོ་སྙམ། ལ་དྭགས་པའི་ཁ་སྐད་དུ། སྔོ་ལོ་བཅར་ཞེས་པ དཔེ་བསགས་ཞེས་པའི་དོན་དུ་བཀོལ་ཡང་། དོན་དག་ཅི་ཡིན་པ་གོ་མ་སོང་། སྔོ་ལོ་བཅར་ཞེས་པའི་དོན་དག་མཁྱེན་འདྲ་ཡོད་དམ། སྔོ་ལོ་ཕྱར་སོང་ཞེས་བོད་རྒྱ་ཚིག་མཛོད་ན་ཡོད་ཀྱང་།་དེ་ཉིད་བཅར་ཞེས་པ་ནོར་ནས། ཕྱར་བྲིས་པར་མངོན། ཞེས་ཞུ་བ་ལགས་སོ།
མཆན་གསར་བ་རེ་མཐོང་དུས་དགའ་སྤྲོ་སྐྱེས་སོང་། ཞིབ་ལྟ་བྱས་ཚེ་ཀརྡོ་ལས་གཞན་མིན། མི་འདིའི་མཆན་ལ་དངོས་གནས་ཉོབ་སྣང་ཤར་སོང་། །
དྲི་མེད་ལྷག་བསམ་ལགས། དགེ་ལུགས་ལ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཐ་སྙད་འདི་གསར་པ་རེད། ཕལ་ཆེར་འདོགས་མཁན་༧གོང་ས་མཆོག་ཡིན་རྒྱུ་རེད་སྙམ། སྔོན་ཆད་སྐྱབས་རྗེ་ཕ་བོང་ཁར་ལམ་རིམ་བསྟན་པའི་བདག་པོ་ཞེ་འབོད་སྲོལ་ཡོད་ས་རེད། ༧གོང་ས་མཆོག་ནས་ལོ་རྟག་པར་ལམ་རིམ་ཆེ་མོ་འཆད་ཁྲིད་གལ་ཆེན་དུ་རྩིས་ནས་གནང་གི་འདུག ༧གོང་ས་མཆོག་ནས་ལམ་རིམ་ཀྱི་ཁྲིད་ཕ་བོང་ཁ་ལས་ལྷག་ཅིག་གནང་ཟིན་འདུག དེར་བརྟེན་༧གོང་ས་མཆོག་ནི་དངོས་གནས་ལམ་རིམ་བསྟན་པའི་བདག་པོ་རེད། །
སྔོ་ལོ་བཅར་མ་རེད་་་་སྔོ་ལོ་ཕྱར་ཟེར་བ་རེད། བདག་གི་ལུང་པའི་ཁ་སྐད་དུ། བཅར་ཟེར་བ་མ་གཏོགས་ཕྱར་ཞེས་པ་མེད་པ་བཤད་ཟིན་པ་ལྟར་ཡིན། ་འོན་ཀྱང་། སྔོ་ལོ་ཕྱར་ཟེར་བ། ཞེས་པར་རིགས་པ་དང་མཐུན་པའི་བཤད་པ་ཞིག་ཡོད་དམ།
ལམ་རིམ་ཁྲིད་ཆེན་དེ་དག་ཡག་པོར་མཇལ་ན། ངོ་མ་བྲོ་བ་འདུག ལྷག་དོན་འགྲོ་ཤོར་འདུག་ཤོར། ཐ་ན་འགྲུལ་བཞུད་བྱེད་ཤོར་ལ་མི་རྟག་པ་དང་སྙིང་རྗེ་ཕྲན་བུ་རེ་སྒོམ་ཐུབ་ན། གཏན་གཏན་ཤི་རྒྱུ་ཡིན་པ་དྲན་གསོས། ནམ་འཆི་ངེས་མེད་དྲན་གསོས། དེ་ལྟར་ཆོས་ལ་བློ་ཁུག་ནས། དུས་ཚོད་ལ་གཅེས་སྤྲས་བྱེད་པར་ཕན།
དྲི་མེད་ལགས་སུ་དྲི་བ་ཞིག་ལ། གསང་སྔགས་རྙིང་མའི་ཆོས་སྐོར་ནང་ལ། ལམ་རིམ་ཡེ་ཤེས་སྙིང་པོ་ཞུ་བ་ཞིག་ཡོད་ཅེས་གོ་མྱོང་། དེའི་སྐོར་ལ་འགྲེལ་བཤད་དང་བླ་མ་སུའི་གསུང་འབུམ་ནང་ལ་དེ་བཞུགས་ཡོད་པ་གསུངས་རོགས།
སྔོ་ལོ་བཅར་ཅེས་བཤད་ན་སྔོ་ལོ་མེད་པར་བྱས་པའི་དོན་རེད། བཅར་ཅེས་པ་ནི་མེད་པར་བྱས་པ་སོགས་ལ་གོ་དཔེར་ན་མིག་བཅར་ཅེས་པ་ལྟ་བུའོ། ཕྱར་ཅེས་པ་ནི་དར་མཁའ་དབྱིངས་སུ་ཀུན་གྱིས་མཐོང་སར་ཕྱར་བ་ལྟར་སྔོ་ལོའམ་ཞབས་འདྲེན་མི་རྣམས་ཀྱི་མིག་ངོར་དར་ཕྱར་བ་ལྟ་བུ་ཡིན་པས་ནའོ
སྔོ་ལོ་འཕྱར་བ་ནི། མཐའ་མ་རང་གིས་སྦས་པའི་རང་གི་སྐྱོན་དེ་མི་གཞན་གྱི་མིག་ལམ་དུ་མི་འདོད་བཞིན་དུ་བསྟན་པའི་དོན་རེད། དེ་ལ་ང་ཆུང་དུས་སྐབས་ལ་ལོ་རྒྱུས་ཅིག་ཀྱང་ཤོད་སྲོལ་འདུག
xxའདི་ལྟར་༡ བྱང་ཆུབ་ལམ་རིམ་ཆེ་མོ། ༢ ལམ་རིམ་འབྲིང་པོ། ༣ ལམ་རིམ་ཉམས་མགུར། ༤ ལམ་རིམ་གསེར་ཞུན་མ། ༥ ལམ་རིམ་འཇམ་དཔལ་ཞལ་ལུང་། ༦ ལམ་རིམ་བདེ་ལམ། ༧ ལམ་རིམ་མྱུར་ལམ། ༨ ལམ་རིམ་ལེགས་གསུངས་དང་བརྒྱད། བཅོ་བརྒྱད་ནི། དེའི་ཁར། ༩ བྱང་ཆུབ་ལམ་སྒྲོན། ༡༠ ལམ་གཙོ་རྣམ་གསུམ། ༡༡ ཡོན་ཏན་གཞི་གྱུར་མ། ༡༢ རྟོགས་བརྗོད་མདུན་ལེགས་མ། ༡༣ ལྷོ་བརྒྱུད་ལམ་རིམ། ༡༤ ལམ་རིམ་བདུད་རྩི་སྙིང་པོ། ༡༥ ཞྭ་དམར་ལམ་རིམ། ༡༦ ལྷག་མཐོང་དཀའ་འགྲེལ། ༡༧ རྣམ་གྲོལ་ལག་བཅངས། ༡༨ ལམ་རིམ་འབྲིང་པོའི་ས་བཅད་བཅས་ཁྲིད་ཆེན་བཅོ་བརྒྱད་པོ་xxདེ་དག་རེད་ཀོ།
ཕྱར་རམ་འཕྱར། བཅར་གྱི་དོན་ཤེས་སླ། འོན་ཀྱང་། སྔོ་ལོ། ཞེས་པའི་དོན་དཔྱིས་ཕྱིན་པ་མཁྱེན་པ་ཡོད་ན།གསུང་གྲོགས། འཕྱར། ཞེས་པ་ལ་དྭགས་གཤམ་དུ། ཕ་དང་ཡ་ཡིག་གཉིས་ཀ་འཕཡར་ཞེས་འབོད། པྱ། ཕྱ། བྱ། ལ་དྭགས་སྟོད་ཕྱོགས་སུ་ཅ་ཆ་ཇ་ཞེས་འདོན།། གཤམ་མས་པཡ། ཕཡ། བཡ། ཞེས་འབོད། ཞེས་ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོའི་གསུང་དང་མཐུན་ནོ།
ལོ་རྒྱུས་སམ་སྒྲུང་དེ་ཆ་ཚང་བློ་ལ་མི་འཆར་བས། ཤོད་ཐབས་བྲལ་ཡང་། སྒྲུང་དེའི་ནང་ལ་མི་ངན་འགའ་ཤས་ཅིག་གིས། གཡོ་བྱུས་ལམ་ལྷོང་སོང་བ་མཐར། མི་མཁས་པའམ་གྲུབ་ཐོབ་ཅིག་གིས། མི་ངན་དེ་དག་གི་ལག་ཏུ་རྩ་ལྗང་ཁུའམ། ལོ་མ་སྔོན་པོ་ཐུམ་རེ་རེར་ལག་ཏུ་འཕྱར་དུ་བཅུག་ནས། ཁྱད་ཚོས་བཤད་པ་དང་བྱས་པ་དག་དངོས་གནས་མ་ཡིན་པར། རྫུན་རྐུབ་བཏོན་པ་ནས་བཟུང་། དུས་དེ་ནས་སྔོ་ལོ་ལངས་ནས་འཕྱར་ཞེས་པའི་ཚིག་དེ་དེ་བྱུང་བ་ཅིག་དྲན་ལམ་དུ་ལྷག་འདུག འདིར་སྔོ་ནི། སྔོ་ཚོོད་དང་། ལོ་ནི། ལོ་མའི་དོན་ལ་གོ་བའོ།།
ཀརྡོ་གཉེར་ཕྱག་པ་མཆོག་གི་བརྩོན་འགྲུས་ལ་རྗེས་ཡི་རང་། ང་ལ། སྔོ་ལོ་བཅར། ཞེས་པའི་སྔོ་ལོ། དེ་བོད་ཚིག་འདད་རྒྱལ་དང་རྗེས་སྒྲུབ་གཉིས་ལས། ཕྱི་མ་ཡིན་པར་སེམས། ད་དུང་ཞིབ་དཔྱོད་དགོས་སོ་སྙམ།
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང་ཐུགས་ཀྱི་བཞེད་དགོངས་ཐ་དག་འགེག་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུ། །
གླིང་མཆོག་སྤྲུལ་རིན་པོ་ཆེ་ལ་བཅར་འདྲི།
ལ།
གླིང་མཆོག་སྤྲུན་རིན་པོ་ཆེ་ལ་བཅར་འདྲི།
ཟེར།
ལམ་རིམ་ཁྲི་ཆེན་བརྒྱད་དང་། བཅོ་བརྒྱད་ཀྱི་མཚན་གང་དང་གང་ཡིན་ནམ། ལགས།
གླིང་མཆོག་སྤྲུལ་རིན་པོ་ཆེ་ནི། དགེ་ལུགས་པའི་མི་རབས་གསར་པ། ཧཧཧཧ།
དངོས་གནས་ལམ་ཁྲིད་ཆེན་བཅོ་བརྒྱད་ཟེར་བ་གང་གང་རེད། གསུངས་རོགས་ཞུ།
༧སྐྱབས་རྗེ་ཡོངས་འཛིན་རྡོ་རྗེ་འཆང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་མཆོག་སྤྲུལ་རིན་པོ་ཆེས་གཙོ་འགན་བཞེས་ཏེ། ཇི་སྐད་༧རིན་པོ་ཆེ་མཆོག་གིས་གསུང་བ་བཞིན་ཕུན་ཚོགས་བཞི་ལྡན་གྱི་ཆོས་ཀྱི་འཁོར་ལོ་རླབས་པོ་ཆེ་ལེགས་པར་བསྐོར་གྲུབ་པར་རྟེན་འབྲེལ་ཞུ།
དངོས་གནས་བྱས་ན། ཕུན་ཚོགས་ལྔ་ལྡན་བྱུང་ན་ཡག་པོ་ཡོད་རེད།
ཡོངས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུའོ།།
སྙན་ངག་འབྲི་སྟངས་གསར་པ།
གླིང་སྤྲུལ།
མི་རབས།
དེང་རབས།
གསར་པ།
མཆོག་སྤྲུལ།
གང་མཚོན་ནམ།
ཡོངས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་བསྟན་འགྲོར་སྨན་པའི་མཛད་པ་དང་། འཕྲིན་ལས་རྒྱས་པ་དང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུའོ།
ཀུན་གླེང་གི་སྒྲོགས་བྱང་། “གླིང་མཆོག་སྤྲུལ་རིན་པོ་ཆེར་དམིགས་བསལ་བཅར་འདྲི།” ཞེས་པ་ན།” བཅར་།”ཞེས་པ་བོད་སྔ་རབས་པ་དང་། བོད་ཡུལ་དབེན་པར་གནས་པ་དག་གི་ཁ་སྐད་དུ་ཡོད་པའི་”མཇལ།” ཞེས་པ་གྱྲར་ནས། “བཅར་”ཞེས་པ་ཆགས་པ་སེམས་ལ་ཤར། འདི་ཉིད་བདེན་པ་ཡིན་མིན་ལ་བརྟག་དཔྱད་འབྲི་བར་ཞུའོ།
མཇལ་དང་བཅར་གཉིས་མི་འདྲ། བཅར་འདྲི་ཞེས་པ་ཉེ་སར་བཅར་ཏེ་འདྲི་བ་ལ་ཟེར། མཇལ་བ་ནི་མཐོང་བ་དང་ཐུག་པའི་ཞེ་ས་ཙམ་རེད།
ཀརྡོ་ལགས། ལམ་རིམ་ཁྲིད་ཆེན་བརྒྱད་ནི། ༡ བྱང་ཆུབ་ལམ་རིམ་ཆེ་མོ། ༢ ལམ་རིམ་འབྲིང་པོ། ༣ ལམ་རིམ་ཉམས་མགུར། ༤ ལམ་རིམ་གསེར་ཞུན་མ། ༥ ལམ་རིམ་འཇམ་དཔལ་ཞལ་ལུང་། ༦ ལམ་རིམ་བདེ་ལམ། ༧ ལམ་རིམ་མྱུར་ལམ། ༨ ལམ་རིམ་ལེགས་གསུངས་དང་བརྒྱད། བཅོ་བརྒྱད་ནི། དེའི་ཁར། ༩ བྱང་ཆུབ་ལམ་སྒྲོན། ༡༠ ལམ་གཙོ་རྣམ་གསུམ། ༡༡ ཡོན་ཏན་གཞི་གྱུར་མ། ༡༢ རྟོགས་བརྗོད་མདུན་ལེགས་མ། ༡༣ ལྷོ་བརྒྱུད་ལམ་རིམ། ༡༤ ལམ་རིམ་བདུད་རྩི་སྙིང་པོ། ༡༥ ཞྭ་དམར་ལམ་རིམ། ༡༦ ལྷག་མཐོང་དཀའ་འགྲེལ། ༡༧ རྣམ་གྲོལ་ལག་བཅངས། ༡༨ ལམ་རིམ་འབྲིང་པོའི་ས་བཅད་བཅས་ཁྲིད་ཆེན་བཅོ་བརྒྱད་དོ། །
#11 རྟ་བདུན་དབང་བོ ་ལགས་སུ་བཀའ་དྲིན་ཆེའོ།།
ཕྲན་གྱིས་ལམ་རིམ་རྒྱས་འབྲིང་བསྡུས་གསུམ། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ལམ་རིམ་གསུམ། བདེ་ལམ་དང་གུང་ཐང་ཟིན་བྲིས་སྦྲགས་མ་ཚར་གཅིག་བཅས་ཉན་པའི་བསྐལ་བ་བྱུང་ཡང་སྣོད་ངན་པས་ཞབས་རྡོལ་གྱི་ཆུ་བཞིན་ཟགས་སོང་། ལམ་རིམ་ཁྲིད་ཆེན་བརྒྱད་སྤྱི་ལ་གྲགས། བཅུ་རྗེས་སུ་བསྣན། ༡༦ལྷག་མཐོང་དཀའ་འགྲེལ། ༡༧ རྣམ་གྲོལ་ལག་བཅངས། ༡༨ ལམ་རིམ་འབྲིང་པོའི་ས་བཅད་འདི་དག་ཉེ་བའི་ལོ་ཤས་སྔོན་གྲགས་པ་རེད། བོད་སྤྱི་ལ་གྲགས་པ་ལོ་གསུམ་བཞིའི་ནང་རེད། དུས་ནམ་ཞིག་ལ་མཁས་གྲུབ་སུ་ཞིག་གིས་ཁ་སྣོན་གནང་བ་ཡིན་ནམ། །
ད་དུང་། ལམ་རིམ་རེ་རེར་ལ་མཛད་པ་པོའི་མཚན་རེར་སུས་གསུངས་ཐུབ་བམ། ལགས། ཐུགས་རྗེས་གཟིགས།
བླ་མ་ཙོང་ཁ་པས།
༡ བྱང་ཆུབ་ལམ་རིམ་ཆེ་མོ།
༢ ལམ་རིམ་འབྲིང་པོ།
༣ ལམ་རིམ་ཉམས་མགུར། །
༡༠ ལམ་གཙོ་རྣམ་གསུམ།
༡༡ ཡོན་ཏན་གཞི་གྱུར་མ།
༡༢ རྟོགས་བརྗོད་མདུན་ལེགས་མ། འདི་ལྟར་ཡིན་ནམ།
ཡང་།
༥ ལམ་རིམ་འཇམ་དཔལ་ཞལ་ལུང་། འདི་རྒྱལ་དབང་ལྔ་པ་དང་། ༡༧ རྣམ་གྲོལ་ལག་བཅངས། འདི་༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་མཛད་པ་རེད་སྙམ་ཡང་་་་་་་
༸གོང་ས་མཆོག་གིས། གླིང་སྤྲུལ་མཆོག་ལ།
https://www.facebook.com/DalaiLamaAwakening/videos/553942088096461/?theater
མཇལ་དང་བཅར་གཉིས་མི་འདྲ། བཅར་འདྲི་ཞེས་པ་ཉེ་སར་བཅར་ཏེ་འདྲི་བ་ལ་ཟེར། མཇལ་བ་ནི་མཐོང་བ་དང་ཐུག་པའི་ཞེ་ས་ཙམ་རེད། ལྟ་བ་དང་མཐོང་བ་གཉིས་ཀ་ལ་མཇལ་ཞེས་པ་ཡོད་ངེས།
དེ་ལྟར་ཡིན་ན། བཅར་བ། ཞེས་པ་སྔར་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དག་ན་ཡོད་དམ། དག་ཡིག་ཟ་མ་ཏོག་ན། ཉེས་པ་བཅབས་དང་མིག་སོགས་བཅར། མིག་བཅར་ཞེས་པ་བདག་གི་ལུང་པའི་ཁ་སྐད་དུ་ཡང་ཡོད། ངག་སྒྲོན་དུ་ལོགས་བཅར། ཞེས་པ་ཡང་མཇལ་བ་གྱུར་ནས་བཅར་བ་ཞེས་སོ་སྙམ། ལ་དྭགས་པའི་ཁ་སྐད་དུ། སྔོ་ལོ་བཅར་ཞེས་པ དཔེ་བསགས་ཞེས་པའི་དོན་དུ་བཀོལ་ཡང་། དོན་དག་ཅི་ཡིན་པ་གོ་མ་སོང་། སྔོ་ལོ་བཅར་ཞེས་པའི་དོན་དག་མཁྱེན་འདྲ་ཡོད་དམ། སྔོ་ལོ་ཕྱར་སོང་ཞེས་བོད་རྒྱ་ཚིག་མཛོད་ན་ཡོད་ཀྱང་།་དེ་ཉིད་བཅར་ཞེས་པ་ནོར་ནས། ཕྱར་བྲིས་པར་མངོན། ཞེས་ཞུ་བ་ལགས་སོ།
སྔོ་ལོ་བཅར་མ་རེད་་་་སྔོ་ལོ་ཕྱར་ཟེར་བ་རེད།
མཆན་གསར་བ་རེ་མཐོང་དུས་དགའ་སྤྲོ་སྐྱེས་སོང་། ཞིབ་ལྟ་བྱས་ཚེ་ཀརྡོ་ལས་གཞན་མིན། མི་འདིའི་མཆན་ལ་དངོས་གནས་ཉོབ་སྣང་ཤར་སོང་། །
དྲི་མེད་ལྷག་བསམ་ལགས། དགེ་ལུགས་ལ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཐ་སྙད་འདི་གསར་པ་རེད། ཕལ་ཆེར་འདོགས་མཁན་༧གོང་ས་མཆོག་ཡིན་རྒྱུ་རེད་སྙམ། སྔོན་ཆད་སྐྱབས་རྗེ་ཕ་བོང་ཁར་ལམ་རིམ་བསྟན་པའི་བདག་པོ་ཞེ་འབོད་སྲོལ་ཡོད་ས་རེད། ༧གོང་ས་མཆོག་ནས་ལོ་རྟག་པར་ལམ་རིམ་ཆེ་མོ་འཆད་ཁྲིད་གལ་ཆེན་དུ་རྩིས་ནས་གནང་གི་འདུག ༧གོང་ས་མཆོག་ནས་ལམ་རིམ་ཀྱི་ཁྲིད་ཕ་བོང་ཁ་ལས་ལྷག་ཅིག་གནང་ཟིན་འདུག དེར་བརྟེན་༧གོང་ས་མཆོག་ནི་དངོས་གནས་ལམ་རིམ་བསྟན་པའི་བདག་པོ་རེད། །
སྔོ་ལོ་བཅར་མ་རེད་་་་སྔོ་ལོ་ཕྱར་ཟེར་བ་རེད།
བདག་གི་ལུང་པའི་ཁ་སྐད་དུ། བཅར་ཟེར་བ་མ་གཏོགས་ཕྱར་ཞེས་པ་མེད་པ་བཤད་ཟིན་པ་ལྟར་ཡིན། ་འོན་ཀྱང་། སྔོ་ལོ་ཕྱར་ཟེར་བ། ཞེས་པར་རིགས་པ་དང་མཐུན་པའི་བཤད་པ་ཞིག་ཡོད་དམ།