ཨ་ནས།
མི་ལོ་ཉི་ཤུའི་རིང་ལ་བསམ་བསམ་ནས།
རང་གི་མི་ཚེ་བོད་པར་གནང་མཁན་ཏེ།
འཇིག་རྟེན་འདི་ཡི་རིན་ཆེན་བསམ་བློ་བ།
གླིང་ཚ་ཁྱེད་ནི་ང་ཚོའི་སྙིང་སྟོབས་ཡིན།
ཚེ་འདི་བློས་བཏང་དེ་བཞིན་དམ་བཅའ་ཡི།
སྔོན་མེད་ཞི་བའི་འཐབ་རྩོད་འདི་དང་དེའི།
ཆ་ཤས་ཇུས་བཟང་མང་པོ་གསར་གཏོད་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་དར་ཆ་ཡིན།
གོང་ས་མཆོག་གི་ཐུགས་རྗེའི་དྲོད་སྐྱིབས་དང་།
སྒྲིག་འཛུགས་ཅེས་པའི་ཕྱག་གི་བདེ་བ་ནས།
ཟ་འཐུང་གཉིད་ལ་ཞེ་ནས་འཇིགས་པ་ཅན།
གླིང་ཚ་ཁྱེད་ནི་ང་ཚོའི་རྟོགས་སད་ཡིན།
བོད་མི་ཁྲི་ཕྲག་འདུས་པའི་ར་བ་ནས།
ཀུན་ལས་ཁྱད་འཕགས་མི་བུ་རིན་པོ་ཆེ།
ཕ་ཡུལ་བོད་ལ་ཞི་བའི་གོམ་བགྲོད་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་ང་རྒྱལ་ཡིན།
གཞིས་ཡུལ་བོད་ཀྱི་ཕ་མའི་ས་ཆ་ན།
སྲེག་བཙོན་གསོད་རྡུང་སྡུག་གིས་བཀང་ཡོང་དུས།
གཞན་ཡུལ་འདི་ནས་ལུས་སེམས་གདོང་མཆོང་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་ལ་རྒྱ་ཡིན།
ཁ་ནས་བོད་ཅེས་སྙན་པའི་གླུ་གྱེར་ཡང་།
བོད་དོན་བྱ་བ་བར་སྣང་སྟོང་པ་ཡི།
ཁ་ཁོག་སོ་སོར་ནམ་ཡང་མི་བྱེད་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་སྒལ་ཚིགས་ཡིན།
གཉེན་ཉེ་ལོངས་སྤྱོད་གནས་མལ་ཕུན་ཚོགས་ཀྱི།
འཁོར་བ་འདི་ཡི་རང་དོན་དཔལ་ཡོན་རྣམས།
བོར་ནས་གཞན་དོན་སྒྲུབ་ལ་རྩལ་འདོན་མཁན།
གླིང་ཚ་ཁྱེད་ནི་ང་ཚོའི་དཀོན་མཆོག་ཡིན།
གླིང་ཚ་ཁྱེད་ནི་ང་ཚོའི་ནམ་ཡང་བརྗེད་མི་རུང་བའི་དཔའ་བོ་ངོ་མ་རེད། ཁྱེད་ལྟ་བུ་དངོས་གནས་བོད་ཁ་བ་ཅན་པའི་ཆེད་དུ་དཀའ་ལས་རྒྱབ་བཞིན་པའི་སྐབས་འདིར་བོད་མི་ཉུང་ཤས་ཞིག་གིས་ཞབས་འདྲེན་ཞུ་བཞིན་འདུག། སུ་སི་ལ་བོད་པ་ཁ་ཤས་ཞིག་རྒྱ་དམར་གྱི་གཞུང་ཚབ་མཉམ་དུ་ལོ་གསར་གཏང་བ་དང་ ནེ འུ་ཡོག་ལ་དེ་བཞིན་བྱེད་འདུག་། ལྷ་པར་ནེའུ་ཡོག་བོད་གཞུང་དོན་གཅོད་རྒྱ་སྐད་སྡེ་ཚན་གྱི་ལས་བྱེད་པ་ཀུན་དགའ་ལགས་ནས་རྒྱ་དམར་གྱི་གཞུང་ཚབ་ཀྱི་ལས་བྱེད་པ་མཉམ་དུ་ཁ་ལག་ཟས་པ་དང་ཤོག་ཁུག་དམར་པོ་ལན་པའི་སྐོར་འདུག། མེ་གསོད་བྱེད་ཆུ་ཡིན་ཡང་ཆུ་ལ་མེ་འབར་ན་ཉེས་ཁ་ཆེད་པོ་རེད་བོད་གཞུང་ལས་བྱེད་པ་ཞིག་གིས་དེ་ལྟར་བྱེད་ན་མི་བཅོས་མ་ཚོས་རྒྱ་དམར་གཞུང་ཚབ་མཉམ་དུ་ལག་འབྲེལ་བྱེད་་པ་ལ་ག་འདྲ་ཞིག་བྱེད་ནས་ཁ་གཏད་བཅའ་དགོས་སམ། ཡིན་ན་ཡང་དཔའ་བོ་ཁྱེད་ལྟ་བ་ནི་སེམས་ཤུགས་ཆག་མི་སྲིད་ལ་མ་ཆག་རོག།
ཧོབ་དེ་ཁ་ལ་ང་ཚོར་ཚོར་བ་དེ་འདྲ་རེ་ངོ་མ་འོང་རུང་། དཀྱིལ་ཡངས་ས་ནས་བསམ་བློར་བཏང་ན། ཁྱེད་ཀྱིས་གླེངས་པའི་གོང་གི་མི་འབྲེལ་ཕན་ཚུན་གྱི་གནས་ཚུལ་དེ་ཚོ། ངན་པ་ཞིག་རེད་བདག་གིས་མི་འདོད་ལགས། འུ་ཚོས་བཙལ་དགོས་པ་དེ་གླིང་ཚ་དང་གླིང་ཚའི་འཐབ་རྩོད་ཀྱི་རིན་ཐང་དེ་མ་རེད་དམ།
དངུལ་ནག་ཚ་བོ་ལག་པས་འཕྱི་བཞིན་དུ།།
རེག་པའི་ཚ་རླུང་འགྲམ་སྐྱག་བྱེད་བཞིན་དུ།།
ལྕི་མོའི་གོམས་ཁ་འདེགས་འཇོག་བྱེད་བཞིན་དུ།།
དཔའ་རྒོད་གླིང་ཚ་བོད་ཀྱི་ཕྱོགས་ལ་ཆོས།།
གངས་སེང་རྒྱལ་དར་རླུང་གཡབ་བྱེད་བཞིན།།
རེ་བའི་མིག་ཟུང་སྒྲོད་ལམ་གཅེར་བཞིན་དུ།།
ལམ་གྲོགས་ལུས་ཀྱི་གྲིབ་ལས་མེད་བཞིན་དུ།།
དཔའ་རྒོད་གླིང་ཚ་བོད་ཀྱི་ཕྱོགས་ལ་ཆས།།
མེར་བསྲེགས་བརྒྱ་ཡི་རྣམ་ཤེས་ཁུར་བཞིན་དུ།།
ས་ཡ་དྲུག་གི་བདེ་སྡུག་བསམ་བཞིན་དུ།།
རང་གི་ཡོད་ཚད་བློས་གཏངས་བྱེད་བཞིན་དུ།།
དཔའ་རྒོད་གླིང་ཚ་བོད་ཀྱི་ཕྱོགས་ལ་ཆས།།
ང་དང་ང་ཚོ་གཉིད་བསྡད་ཡོད་པའི་སྐབས་འདིར། དཔའ་གླིང་ཡ། ཁྱེད་རང་གང་ཞིག་ལ་གཅིག་པོར་འགྲོ་བཞིན་ཡོད། ཨ་་་་་ཁྱེད་ཀྱི་རྐང་སྒྲ་དེས་ང་སུན་བྱུང། ད་རུང་འགའ་ཤས་རེ་ང་ལྟར་སུན་གྱིན་ཡོད་པ་འདྲ། འོན་ཀྱང་མང་པོ་ཞིག་གཉིད་ཀྱི་གཏིང་ན་ཡོད་ཕྱིར། ཅི་ཡང་ཚོར་གྱིན་མེད་ཚོད་རེད། ཨ་ཡ་་་ང་ཡང་ཁོང་ཚོ་བཞིན་གཉིད་ཀྱི་གཏིང་དུ་ཡོད་ན་སྐྱིད་དམ། རེད། ང་ཚོ་གཉིད་བསྡད་ཡོད་རུང་། ངས་ཁྱེད་ཀྱི་གོམ་སྒྲ་ཐོས་ཀྱི་འདུག ད་དུང་ལང་ཚོའང་མཐོང་གི ངར་མཚོན་ན་འདི་དག་ཡོད་ཚད་ན་ཟུག་རེད། ན་ཟུག་གི་རྐྱེན་གྱིས། ངས་འདི་ལྟར་སྐད་ཆ་འཆད་ཀྱིན་ཡོད། སེམས་པ་འགུལ་གྱིན་ཡོད། ང་མིན་རུང་ཁྱེད་ལ་འདི་བཞིན་སྡུག་བསྔལ་འདོན་མཁན་ཡོད་ལ་ཡོད་དགོས།