ཤིན་ཏུ་བཀུར་འོས་རང་དབང་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས།
ཁྱེད་རང་ཁམས་བདེ།
ཉིན་ཤས་སྔོན་ཁྱེད་ཀྱིས་གོམ་བགྲོད་ཐེངས་གཉིས་པ་གང་ནས་ཇི་ལྟར་འགོ་འཛུགས་མིན་དང་ས་མཚམས་གང་ནས་བརྒལ་ཏེ་གོམ་བགྲོད་གནང་མིན་སྐོར་ལ་བགྲོ་གླེང་ཚོགས་རྒྱུ་ཡིན་པ་བདག་གིས་སྔ་ས་ནས་ཤེས་རྟོགས་བྱུང་ནའང་ལས་དོན་ཞིག་གིས་ཁྱེད་ཀྱི་བགྲོ་གླེང་ལ་ཉན་རྒྱུའི་གོ་སྐབས་མ་བྱུང་ཙང་། ད་ལྟ་བདག་གིས་ཁྱེད་ལ་བཤད་འདོད་པའི་སྐད་ཆ་ཚིག་ཀ་འགའ་ཁུ་སིམ་མེར་འཕྲིན་ཡིག་ཏུ་འབྲི་བཞིན་ཡོད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་ཀྱིས་ཡང་བསྐྱར་གོམ་བགྲོད་ཐེངས་གཉིས་པ་འགོ་རྩོམ་རྒྱུར་ཉིན་ཤས་ལས་མེད་པའི་སྐབས་འདིར་བདག་གིས་ཁྱེད་ཀྱི་དེ་ལྟའི་སེམས་ཤུགས་དང་བློ་སྟོབས་བཅས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།
ན་ནིང་ད་ཚོད་ཁྱོས་དྲོ་སྐྱིད་ཀྱིས་ཁེངས་པའི་རང་གི་ཁྱིམ་ཚང་དང་། མཛའ་ཞིང་བརྩེ་བའི་རང་གི་བཟའ་ཟླ། བྱམས་ཤིང་དུང་བའི་རང་གི་བུ་ཕྲུག་བཅས་ཕྱི་རྒྱལ་དུ་བཞག་ནས་བོད་དོན་ཆེད་བློས་གཏོང་ཆེན་པོ་དང་བློ་སྟོབས་ཆེན་པོས་བཞེངས་ནས་ཕེབས་དུས་ངས་ཁུ་སིམ་མེར་ཁྱེད་ལ་བཀའ་དྲིན་ཆེ་གྲངས་མེད་ཞུས་མྱོང་ནའང་། ཁྱེད་ཀྱིས་རྡི་ལི་གསར་པ་ནས་གློ་བུར་དུ་རྒྱའི་རྒྱལ་དར་དེ་རང་གི་སྤྱི་གཙུག་ཏུ་བསྒྲེངས་ནས་ཕེབས་པ་དེས་བདག་གི་སེམས་ལ་སྐྱོ་བ་ཚད་མེད་བྱིན་མྱོང་།
ད་ལོ་ཁྱེད་ཀྱིས་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་གནང་སྐབས། སྔར་བཞིན་ཁྱེད་ཀྱིས་རང་གི་སྤྱི་གཙུག་ཏུ་རྒྱའི་རྒྱལ་དར་དེ་མ་སྒྲེང་རོགས། བདག་གིས་ཁྱེད་ཀྱིས་རྒྱའི་རྒྱལ་དར་དེ་རང་གི་སྤྱི་གཙུག་ཏུ་ཐོན་པོར་བསྒྲེངས་ནས་གོམ་བགྲོད་གནང་བའི་རྒྱུ་མཚན་དང་དེའི་ཐད་ལ་དགོངས་པ་བཞེས་སྟངས་བཅས་གསལ་པོ་ཤེས་ཀྱི་ཡོད། ཁྱེད་ཀྱིས་བོད་གཞུང་གི་ལངས་ཕྱོགས་ནི་བོད་རྒྱའི་བར་གྱི་གནད་དོན་འདི་དབུ་མའི་ལམ་ལ་བརྟེན་ནས་ཐག་གཅོད་གནང་རྒྱུ་དང་། དེ་ལ་བརྟེན་ནས་འབྱུང་འགྱུར་བོད་འདི་རྒྱའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ངོ་མ་ཞིག་གི་ངོ་བོར་གནས་རྒྱུ་ཡིན་སྟབས། རྒྱའི་རྒྱལ་དར་རང་གི་སྤྱི་གཙུག་ཏུ་བསྒྲེངས་བ་ལ་འགལ་བ་མེད་པའི་ལྟ་ཚུལ་བཟུང་བ་རེད། འོན་ཀྱང་བདག་གིས་བསམ་ན། འབྱུང་འགྱུར་བོད་འདི་རྒྱའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ངོ་བོར་གནས་དགོས་པ་དབུ་མའི་ལམ་གྱི་དགོས་དམིགས་སམ་མཐར་ཐུག་གི་འབབ་ས་གཅིག་པུ་དེ་ཡིན་པ་བདེན་ནའང་། རྒྱའི་རྒྱལ་དར་ལ་འཕྱར་ལུགས་ཤིག་ཡོད་པ་རེད་སྙམ། ཁྱེད་ཀྱིས་བསམ་གཞིག་ཡག་པོ་གནོངས་དང་། ཅིའི་ཕྱིར་བཀའ་ཤག་གི་མདུན་ལྕོག་ཆེན་པོ་དེའི་སྟེང་ལ་རྒྱའི་རྒྱལ་དར་ཞིག་མ་བཙུགས་པ་རེད། ཅིའི་ཕྱིར་བཀའ་ཤག་ཐོག་ཁང་སྟེང་ལའང་རྒྱའི་རྒྱལ་དར་ཞིག་མ་བཙུགས་པ་རེད། ཅིའི་ཕྱིར་གྲོས་ཚོགས་ཀྱི་ཚོགས་རའི་ནང་ལོགས་ལའང་རྒྱའི་རྒྱལ་དར་ཞིག་མ་བཙུགས་པ་རེད། ཁོང་ཚོའི་མདུན་ལྕོག་སྟེང་ལ་འཛུགས་རྒྱུའི་རྒྱའི་རྒྱལ་དར་ཞིག་མ་རག་པ་རེད་དམ།
ངས་བལྟས་ན་། ཁྱེད་ཀྱིས་ཐུགས་བསམ་གནང་སྟངས་དེ་ནི། གཤམ་གསལ་གྱི་སྐད་ཆ་འདི་དང་སྒོ་གང་ས་ནས་གཅིག་པ་གཅིག་རྐྱང་འདུག ཁྱོད་དང་ང་ལྟ་བུའི་མི་འདི་ཚོ་ཚང་མ་མཐའ་མཇུག་འགྲོ་ས་གཅིག་རང་ཡོད་པ་དེ་ནི་འཆི་ལམ་ཡིན་སྟབས། ང་ཚོ་ཚང་མ་ད་ལྟ་རང་རང་ཤི་རྒྱག་དགོས་ཟེར་བ་དང་འདྲ་བོ་མི་འདུག་གམ། ཧ་ཅང་དྲང་མོར་དང་ལྷག་བསམ་ཟོལ་མེད་ཀྱིས་བཤད་པའི་སྐད་ཆ་འདིས་ཁ་ཕོག་སྣ་ཕོག་རེ་བྱུང་ཚེ་སེམས་གཏིང་ནས་བཟོད་གསོལ་ཞུ་བ་ཡིན། ཐུགས་རྗེ་ཆེ།
ཕྱི་ལོ་༢༠༡༣ ལོའི་ཟླ་༣ ཚེས་༦ལ། མི་འཇིགས་པས་ཕུལ།
སེམས་གཏིང་གི་སྐད་ཆ་ཞིག་རེད་སྙམ་པའི་སྐུ་ཉིད་ཀྱིས་ཐུགས་སེམས་བཞེས་རོགས།
ཉེ་ཆར་ངས་སྤྱི་ཡི་ཆ་ནས་བསམ་བློ་གཏངས་ནས་ཁྱེད་རང་གི་དར་དམར་ཁུར་བ་ལ་དགགས་བྱ་མེད་པའི་རྩོམ་ཐུང་ཞིག་བྲིས་ཀྱང་ད་ཁྱེད་ལ་ཤ་ཞེན་ཆེན་པོའི་སྒོ་ནས་ཞིབ་ཏུ་བསམ་བློ་གཏངས་ནས་ཞུས་ན། ཉེ་བའི་ཆར་ཁྱེད་ཀྱི་གོམས་བགྲོད་གཉིས་པའི་གསལ་བསྒྲགས་སྐབས་སུ་རྫིག་གཏམ་ཆེན་པོའི་ངང་ནས་ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་ཞེས་བྲིས་གནང་འདུག ངེས་པ་དོན་གྱི་གཞིས་བྱེས་ས་ཡ་དྲུག་གི་བུ་ངོ་མ་ཞིག་བྱེད་བསམ་ན་བུ་དེ་ཉིད་ཀྱིས་ཕ་མའི་དགོངས་པ་དང་མཐུན་པ་ཡོང་དགོས་ཕ་མའི་དགོངས་པ་མ་བབས་ན་ཁྱེད་ཀྱིས་བུ་ཡིན་ཟེར་བ་ཙམ་ལས་ཁྱེད་ལ་བུ་ཡི་ཐོབ་ཐང་སྤྲོད་རྒྱུ་ཧ་ཅང་དཀའ། སོང་ཙང་ད་རེས་ཁྱེད་ཀྱི་རླབས་ཆེན་གྱི་བློས་གཏོངས་དང་རླབས་ཆེན་གྱི་ལས་འགུལ་འདི་ལམ་སློང་དང་གྲུབ་འབྲས་ཡང་དག་པ་ཞིག་ཡོང་དགོས་ན་དར་དམར་དེ་གཡུགས་ནས་ཕེབས་རོགས། ཁྱེད་ཀྱི་དར་དམར་ཁུར་བའི་དགོས་པ་དང་དམིགས་ཡུལ་སོགས་ཚང་མ་ངས་ཤེས་ཀྱང་ད་རེས་ཁྱེད་ཀྱི་དར་དམར་དེ་མ་ཁུར་རོགས།
ངོ་མའི་རེད་རྒྱ་མའི་རྒྱལ་དར་དེ་མ་ཁུར་རོགས།
མི་འཇིགས་པའི་དྲང་པོ་འབྲི་འདུག་ཐུགས་རྗེས་ཆེ་། གླིང་ཚང་ཚེ་རྟེན་རྡོ་རྗེ་བོད་མི་ས་ཡ་དྲུག་གི་བུ་རྩ་བར་ནས་མ་རེད་། ཨ་མ་སྡོམ་པོ་སྐྱིད་བུ་ངོ་མ་རེད་། ཨ་མ་སྡོམ་པོ་སྐྱིད་ཀྱི་བུ་ཚེ་བརྟེན་རྡོར་རྗེ་ཁྱེད་རང་བོད་དང་བོད་མིའི་ཆེད་གོམ་འགྲོ་གནང་གི་ཡོད་ན་བོད་པའི་རྒྱལ་དར་རང་གི་སྤྱི་གཙུག་འཕྱར་དགོས། ཨ་མ་སྡོམ་པོ་སྐྱིད་ཀྱི་བུ་ཁྱེད་རང་རྒྱ་དམར་གྱི་ཆེད་གོམ་འགྲོ་འགྲོ་གྱི་ཡོད་ན་རང་གི་སྤྱི་གཙིག་རྒྱ་དམར་གྱི་རྒྱལ་དར་འོས་ཤོག་རེད། རྒྱ་འདོད་ན་རྒྱ་རེད་བོད་འདོད་ན་བོད་རེད། མི་མཐུན་རྟ་གཡག་མགོ་དྲེལ་པེ་ལྟར་རེད། རྒྱལ་དར་གཉིས་མཉམ་དུ་ཡོང་མི་སྲིད་།བོད་ནང་གི་ད་ལྟའི࿒གནས་རྟང་དཀའ་སྡུག་མ་ཟོད་པ་སྐུ་ལུས་མེ་སྲེག་བརྒྱ་དང་བདུན་གཏང་ཡོད་། འོན་ཀྱང་ཨ་མ་སྡོམ་པོ་སྐྱིད་ཀྱི་བུ་ཚེ་རྡོར་གོམ་འགྲོ་གཉིས་པ་ཡང་སྐྱར་རྒྱ་དམར་རྒྱལ་དར་འཕྱར་ནས་བོད་མི་འདས་སྲོན་ཚང་མ་རྙེས་བཅོས་རང་རེད་། མི་ཚང་མ་ཧང་སང་དགོས་མ་བཟོས་རོགས།
གོང་གི་འཕྲིན་ཡིག་དེ་དངོས་འབྲེལ་བསམ་གཞིགས་བྱེད་དགོས་ངེས་ཞིག་བཏང་འདུག་ཀྱང་། མི་དེ་ཚོ་ཀོ་བ་སྐམ་པོ་ལྟར་ཧ་ཅང་གྱོང་བས་ཉན་མི་སྲིད། མ་ཟད་ཆབ་སྲིད་ཀྱི་དམིགས་ཡུལ་ངོ་མ་གང་ཞིག་ཁྱེར་ཡོད་ཤོད་ཚོད་དཀའ་བ་ཞིག་རེད། དེར་བརྟེན་གཞུང་དང་ཚོགས་པ་སོགས་གང་གིས་ཀྱང་རྒྱབ་སྐྱོར་མི་བྱེད་པའི་རྒྱུ་མཚན་ཡང་དེ་རང་ཡིན་པར་སེམས།
སེམས་གཏམ་ངོ་མ་གླེང་འདུག བཀའ་དྲིན་ཆེ།
གླིང་ཚས་རྒྱ་ཡི་དར་དམར་གནམ་ལ་བསྒྲིངས་ནས་བོད་དོན་གོམ་བགྲོད་བྱེད་ཟེར་བ་དེ་ལ་ངོས་ལེན་གཏན་ནས་མེད་། ཁོ་རང་གིས་ག་ཚད་བཤད་ཀྱང་དར་དམར་འཁྱེར་དགོས་པའི་རྒྱུ་མཚན་ཀྱིས་མདངས་ཀྱི་མི་འདུག་ལ་། བོད་མི་བསམ་ཡོད་བརྒྱ་ཆ་བརྒྱ་ཡིས་དགའ་པོ་གནང་གི་མི་འདུག་པས་། རྒྱ་དམར་གྱི་དར་དམར་མ་འཁྱེར་རོགས་། ཐུགས་རྗེ་ཆེ་།།
རེད། ངས་ཀྱང་མཆན་བུ་མང་པོ་བརྒྱུད་ནས་ཁྲག་གིས་འཚོས་པའི་དར་དེ་མ་འཕྱར་རོགས་ཞེས་རེ་སྐུལ་ཞུས་པ་ཡིན། བོད་མི་དམངས་ཀྱི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ན་བོད་མི་དམངས་ཀྱི་ཐུགས་དང་མཐུན་པའི་སྒོ་ནས་རྒྱ་དར་མ་འཕྱར་རོགས།།
རྩ་བའི་ཆ་ནས་བཤད་ན། ཚེ་རྡོར་གྱི་བསམ་བློ་གཏོང་སྟངས་དང་ཀུན་སློང་ཁུར་སྟངས་སོགས་གསལ་པོ་ཡིན་ཡང་། རང་གཞུང་གིས་བོད་ནི་རྒྱ་ནག་མི་མང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་འདུག་གི་ཡིན་པར་གླེང་གི་ཡོད་ཀྱང་། རང་གཞུང་གི་མ་ལག་ལས་ཁུངས་གང་དུ་ཡང་རྒྱའི་དར་དམར་ཤར་མེད། དེར་བརྟེན། འཕྲིན་ཡིག་འདི་ཡང་དངོས་གནས་བདེན་སྣང་དུ་མཐོང་། ཁོ་བོའི་བསམ་པར་རྒྱའི་དར་དམར་ཤར་བ་ནི་དགོས་ངེས་མིན་པར་མཐོང་། འདི་ནི་དེ་སྔ་ནས་བདག་ལ་ཡོད་པའི་བསམ་ཚུལ་ཡིན།
ངེད་ཀྱང་དར་དམར་དེ་མ་ཁྱེར་རོགས་ཞེས་འབོལ་སྐུལ་ཞུ་བཞིན་ཡོད། དར་དམར་དེ་དམར་བཞུང་གི་རེད། དམར་བཞུང་དེ་ཇག་ཚོགས་ཙམ་ལས་ཚད་དང་ལྡན་པའི་རྒྱའི་བཞུང་ཞིག་ཀྱང་མ་རེད། དེ་ན་དར་དམར་དེ་འཁྱེར་དགོས་དོན་མི་འདུག།
བདེན་པ་རེད།ངས་སྔོན་མ་ཤར་ཁུའི་རྩོམ་ཞིག་ལ་མཆན་བརྒྱབ་ཡོད།གླིང་ཚས་རྒྱའི་དར་དམར་མ་ཁྱེར་ན་ཕལ་ཆེར་ཤར་ཁུས་ཁོང་གི་མདུན་ཅོག་གི་སྟེང་དུ་རྒྱའི་དར་དམར་ཞིག་འཇོག་གི་ཡོད་རྒྱུ་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིས་དར་དམར་འཁྱེར་བ་ནི་དབུ་མའི་ལམ་གྱི་དགོངས་གཞི་ལ་དགའ་སྣང་ཙམ་ལས་དེ་ཡིས་ཐབས་ཇུས་མ་མཁྱེན་པའི་རྟགས་གསལ་བོ་རེད། ལས་འགུལ་སྤེལ་དུས་དར་དམར་འཁྱེར་རྒྱུ་དེ་དབུ་མའི་ལམ་གྱི་ཐབས་ཇུས་དང་དགོངས་གཞི་ལ་འབྲེལ་བ་ཡོད་ན། ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་དང་པོའི་སྐབས་སུ་ཆོལ་གསུམ་གྱི་ཚབ་ལ་བོད་རིགས་ཡོངས་རྫོགས་དང་རྒྱ་དམར་གྱི་ཚབ་ལ་རྒྱ་ནག་སོགས་བེད་སྤྱོད་གཏོང་དགོས་བའི་རྒྱ་བསྟུན་གྱི་ཐབས་ཇུས་དེའི་ཁོངས་སུ་དར་དམར་འཁྱེར་རྒྱུ་མ་བཞག་པ་ཅི་རེད།
དབུ་མའི་ལམ་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་མཁན་དབུས་བོད་མའི་སྒྲིག་འཛུགས་རེད། སྒྲིག་འཛུགས་འདིའི་ལས་ཁུངས་མ་ལག་དང་བཅས་བའི་གང་དུ་རྒྱ་དར་བཤམས་འདུག
མི་སྒེར་གྱི་ངོས་ནས་དབུ་མའི་ལམ་ལ་ཡིད་ཆེས་རྩེ་གཅིག་ཏུ་བཅོལ་མཁན་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་བླ་རྒན་གཉིས་རེད། འདི་གཉིས་ཀྱིས་གང་དུ་དར་དམར་བཀལ་འདུག
གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་ཞི་བའི་གོམ་བགྲོད་ལ་ཚང་བ་གཅིག་དང་མི་ཚང་བ་གསུམ་འདུག
ཚང་བ་དེ།
༡) མི་སྒེར་གྱི་བཅོས་མིན་སེམས་ཤུགས་དེ་རེད།
མི་ཚང་བ་གསུམ་དེ།
༡) དབུ་མའི་ལམ་གྱི་དགོངས་གཞི་ལ་རྒྱུས་མངའ་ཡག་པོ་མེད་པ།
༢) དབུ་མའི་ལམ་གྱི་ཐབས་ཇུས་ལ་མཁྱེན་རྟོགས་ཏིལ་འབྲུ་ཙམ་ཡང་མེད་པ།
༣) བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དང་གནས་སྟངས་མཁྱེན་གྱི་མེད་པ་བཅས་རེད།
དབུ་མའི་ལམ་ལས་འགུལ་ཁང་ནི་རང་གི་ལྟོ་ཕོགས་ཀྱི་ཆེད་དུ་བཟོས་བའི་བཙན་བྱོལ་གྱི་ཚོགས་པ་གཅིག་པོ་དེ་རེད། ཚོགས་པ་འདི་བཙུགས་ནས་བཟུང་བོད་མིའི་འཐབ་རྩོད་དང་བོད་དོན་ལ་ཕན་པའི་ལས་འགུལ་སྣ་གཅིག་སྤེལ་མེད་པར་ནང་འཁྲུགས་རྐྱང་རྐྱང་གི་ལས་བྱས་ཡོད། ཤར་ཕྱོགས་ཁུག་རྟ་ནི་ཟླ་བ་ཚེ་རིང་སོགས་ཀྱི་ཆབ་སྲིད་ཀྱི་དབྱུག་པ་ཕྲ་མོ་དེ་རེད།
ཡ་གླང་རྒན་ད་ཐུགས་བསམ་ཡག་པོ་ཞིག་གཏོངདང་། ཁྱོད་རང་གི་དོན་ཆེན་པོ་དེ་དོན་མེད་བྱེད་པ། བྱ་བ་རླབས་ཆེན་དེ་ནུས་མེད་དུ་གཏང་བའི་གོ་བ་མེད་པའི་མི་ངན། ཁྱོད་རང་ཅི་ཙམ་རྒྱ་མིའི་ཁྲག་དར་དེ་ལ་གཞེན་པ་ཆེ་རུང་དྲ་ཐོགས་གི་གྲོགས་པོ་ཚངས་མ་ལ་ཉན་རོག། :-(
སྙིང་ཉེ་བའི་དྲ་གྲོགས་དག ཕུན་ཚུན་ལ་དམའ་འབེབ་དང་གཤེ་གཤེ་མ་གཏང་རོགས། ང་ཚོ་ཚང་མས་བོད་ཀྱི་རྩ་དོན་འདི་ཡག་པོ་ཞིག་བྱུང་ན་བསམས་ནས་འཐབ་རྩོད་བྱེད་ཀྱིན་ཡོད་པ་རེད། གླིང་ཚ་ཚེ་བརྟན་རྗེ་ལགས་ཀྱང་དེའི་རང་བཞིན་རེད། ང་ཚོས་ཁོང་གི་སྙིང་སྟོབས་དང་བློ་སྤོབས་ལ་གུས་བཀུར་བྱ་འོས། མི་སུ་ལའང་སྐྱོན་ཡོད་ཡོད་པ་རེད། སྐྱོན་ནི་ད་གཟོད་མིའི་མཚནཉིད་ངོ་མ་བོ་དེ་རེད། གལ་སྲིད་སྐྱོན་མེད་ན་དེ་ནི་མི་ཞིག་མ་ཡིན་པའི་རྟགས་རེད། དེ་བས་འདིར་བསམ་ཚུལ་ཤོད་མཁན་ཚང་མས་ཕན་ཚུན་ལ་གུ་ཡངས་གནང་རོགས་ཞེས་ཞུ་བ་ཡིན།
སྤྱིར་བཏང་བྱས་ན་དབུ་མའི་ལམ་མམ་རང་སྲིད་རང་སྐྱོང་རྒྱ་ནག་གི་སྒྲིག་ཁུངས་སུ་སྡོད་རྒྱུ་ཁས་ལེན་བྱས་པ་མ་ཟད་འཆར་ཟིན་ཀྱང་རྒྱ་ནག་ལ་ཕུལ་ཚར་དུས་གླིང་ཚས་རྒྱ་དར་འཁྱེར་ན་ཁྱད་ག་རེ་ཡོད་པ་རེད། གོང་དུ་རང་རེའི་སྒྲིག་འཛུགས་དང་ལས་ཁུངས་ཁག་གིས་རྒྱ་དར་མ་བཙུགས་པར་རྒྱུ་མཚན་ཡོད་རྐྱེན་རེ་བཤད་ཀི་འདུག་ནའང་དོན་ངོ་མས་ལམ་ཁ་དེ་འགྲོ་ན་རྒྱ་དར་བཀལ་ན་མ་ཆོག་པ་ག་རེ་ཡོད་པ་རེད།
ཁྱུང་དཀར་ལགས། གནས་ཚུལ་དེའི་ཐད་ནས་དཔེས་གསལ་སྟོན་བྱས་ཡོད་སྙམ། འཐབ་རྩོད་ཅིག་ཡིན་ན་དེ་ལ་གོ་རིམ་ཞིག་ཡོད་པ་རེད། ད་དུང་གོ་སླ་རུ་བཏང་ན། ༧ གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཟེར་ནས་རང་སྲོག་བློས་གཏོང་གནང་མཁན་ཚོས་རྒྱ་ནག་གི་རྒྱལ་དར་གཏེད་ནས་མེ་ལ་སྲེག་གི་འདུག ང་ཚོས་འདི་ནས་རྒྱ་ནག་གི་རྒྱ་དར་སྒྲེང་རྒྱུ་ཡིན་ན་ཟེར་ན། དེ་ལ་འོས་འཚམ་ཞིག་རེད་དམ། དེས་འཛམ་གླིང་མི་མང་ལ་བརྡ་ཅི་ཞིག་སྟོན་གྱི་ཡོད་པ་རེད། འཛམ་གླིང་གིས་དེ་ལ་གོ་བ་ག་རེ་ལེན་ཀི་རེད། ཧ་ཅང་གནད་འགག་གི་སྐབས་འདིར་ང་ཚོས་ཅིས་ཀྱང་གཟབ་གཟབ་གནང་དགོས་པ་གལ་ཆེན་པོ་མ་རེད་དམ།
ཁྱེད་ཀྱིས་བོད་མི་རིགས་ཀྱི་བདེ་དོན་དུ་བདེན་དོན་ཞི་བའི་འཐབ་རྩོད་གནང་གིན་ཡོད་པས། འཐབ་རྩོད་ཀྱི་ཐབས་ཚུལ་དང་རྣམ་འགྱུར་ཅི་ཞིག་གནང་ཡང་རྒྱབ་སྐྱོར་ཡོད་དོ། ནང་མི་དང་བཅས་པར་གུས་འདུད་ཞུའོ། བཀའ་དྲིན་ཆེ་ཆེ་ཞུའོ། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
ཡཡཡ་་གླིང་ཚ་བུ་་བཀྲིས་བདེ་ལེགས་ཡོད་་་་གོང་གི་གནས་ལུགས་ཞིབ་གསལ་ལྟར་་བརྟག་མཐའ་ལ་མི་ལྷུང་བ་གཟབ་པ་མཛད་ན་ལེགས་སོ་་་་་་་་་་
ད་མི་ཤས། གླིང་ཚའི་བུ་རྒྱལ་ལོ། བོད་རྒྱལོ།
ངོ་མ་ཤ་ཚ་དང་སེམས་ཁུར་ཡོད་པའི་ཞུ་ཡིག་རེད་ངས་ཀྱང་འབྲི་མ་ཤེས་བ་མ་གཏོག་འདི་འདྲ་ཁ་སྔོན་བསམ་ཡོད། གླིང་ཚ་ལགས་ཁྱེད་ཀྱི་རླབས་ཆེ་བའི་བློས་གཏོང་དང་བྱ་བཞག་དེའི་ཆེད་དུ་སེམས་གཏམ་དྲོན་མོ་འདི་ཚོ་ངེས་པར་དུ་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན།