ས་འཛིན་དཀར་པོ།
ཆེན་པོས་ཁྱོད་ལ་དོ་སྣང་མེད་ནས་སྐྱུར།།
ཉམ་ཆུང་ནུས་མེད་ང་ནི་ཁྱོད་རང་དྲན།།
ལོ་དང་ཟླ་བའི་དབར་ནས་སྐྱིད་སྡུག་དེ།།
སུས་ཀྱང་གོ་རིག་མེད་པས་གང་ན་ཡོད།།
ཐོག་མར་ཁྱོད་ལ་ཡག་སྡུག་བཤད་མཁན་མང་།།
བར་དུ་ཁྱོད་རང་བཙོན་ལ་དཀའ་སྡུག་མྱངས།།
མཐའ་མ་ཁྱོད་ཀྱིས་རྐང་འཕྲུལ་འདྲུད་ནས་ཉིན།།
མཐོང་ཐོས་མེད་པས་འཆི་གསོན་གང་ན་ཡོད།།
ངལ་བའི་དཀའ་སྡུག་འཕྲང་ལ་སྐྱོད་པའི་དུས།།
ཟུངས་ཁྲག་རྔུལ་ཆུའི་ཐིག་པ་བཞུར་བའི་དུས།།
རོགས་མེད་ཁེར་རྐྱང་ལམ་ནས་སྙེག་པའི་དུས།།
དྲིན་ཆེན་སྐྱེས་མར་དྲན་གདུང་མ་འཁོར་རམ།།
ཆོལ་གསུམ་མི་རིགས་དོན་དུ་གོམ་བགྲོད་བྱས།།
མ་འོངས་སོན་རྩའི་ཆེད་དུ་ཤི་གསོན་བདམས།།
ལོ་ཟླ་མང་པོར་རྐང་མཐིལ་བརྡོལ་བའི་དུས།།
སྙིང་གིས་གཅེས་ཕྲུག་ཡིད་ལ་མ་འཆར་རམ།།
གཞན་གྱི་ཁྱིམ་མི་ལམ་ནས་ཐུག་པའི་དུས།།
ཨ་མས་བུ་ཕྲུག་བྱམས་བརྩེ་སྐྱོང་བའི་དུས།།
ཁྱིམ་ཚང་བདེ་སྐྱིད་དགོད་སྒྲ་གོ་བའི་དུས།།
ལྷག་ཏུ་ཁྱོད་རང་བཟའ་མིར་མ་དྲན་ནམ།།
ཁྱོད་རང་ལྟ་བུའི་སྙིང་སྟོབས་སུ་ལའང་མེད།།
མཐོ་དང་དཔོན་པོའི་རྒྱབ་གཉེར་ཁྱོད་ལ་མེད།།
རང་སྲོག་བོད་དོན་གཉེར་བའི་རྟུལ་ཕོད་ཁྱོད།།
མ་བཅོས་རུས་པའི་སྙིང་ནས་དྲན་གདུང་ཤོར།།
གསུམ་བཅུའི་དུས་དྲན་ཚེས་པའི་ཉིན་མོ་དེར།།
ཁྱོད་དང་སྐྱེས་མ་གྱེས་བྲལ་གདུང་སེམས་དྲན།།
ལོ་ཟླའི་བག་ཕྲེང་བརྩིག་པའི་ཁུགས་ཟུར་ནས།།
ཁྱོད་རང་དྲན་གསོ་སྟོང་མིན་ཙམ་ཞིག་བྲིས།།
10-03-2014
བདེན་པའི་རྒྱལ་ཁ་ཕུགས་ཀྱི་གཏིང་ན་ཡོད། སུ་ཡིས་ཁྱེད་ལ་ཅི་ཡང་མ་རོགས་ཀྱང་། སེར་པོ་གསེར་གྱི་འོད་མདངས་འཆར་དུས་ཤིག མི་ཕྱེད་སྙིང་གི་དབུས་ན་རྟག་རེར་ཡོད། དཔའ་གླིང་རྒྱལ་གྱུར་ཅིག
མི་ཆོད་སེམས་བརྟན་པོ། ལ་རྒྱ་ཅན། སྡུག་སྦྱོང་མྱོང་ཐུབ་པ་དེ་ལྟ་བུ་ཞིག་བྱུང་བ་རེད། དེ་ལ་སྣང་ཆུང་འདི་ལྟ་བུ་བྱེད་ན་མ་འོངས་པར་སུས་མདུན་ལ་ཐོན་འདོད་བྱེད་ཀྱི་རེད་དམ། མདོར་ན། བོད་མི་རིགས་ནི་མར་མེ་སྣུམ་ཟད་ཀྱི་དུས་ལ་སླེབས་པ་ལྟ་བུ་ཞིག་ཆགས་ཡོད། ཨ་ཛི་། བློ་ཕམ་པ་ལ། མི་དེ་ཡི་སེམས་ཤུགས་ལ་རྗེས་སུ་ཡིད་རངས་ཡོད། ཁོང་གི་བློས་གཏོང་གི་བྱ་བ་དེ་བེད་མེད་དུ་མ་འགྲོ་བར་ཤོག ཁོང་གི་བྱེད་རྗེས་ལ་སེམས་འཁུར་ཞུ་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད་དོ།
གླིང་ཚའི་མིང་ཐོག་ནས་སྒོར་ལྟོ་སློང་མཁན། བོད་མི་དེ་འདྲ་ཕྱི་གླིང་ཡུ་རོབ་སོགས་རྒྱལ་ཁབས་མང་པོ་ནས་བྱུང་ཡོད་པ་གོ་ཐོས་ཡོད། མི་དེ་ཚོའི་ངོ་ན་སྐྱི་མོ་ཞིག་ཡོད་ན། གླིང་ཚ་འཚོལ་དུ་འགྲོ་དགོས་བ་རེད། དེ་མིན། ནུས་པ་ཞིག་མི་འདུག།
བོད་སྐྱོད་གོམ་བགྲོད་པ་གླིང་ཚ་གང་ན་འདུག གོ་ཚོར་རེ་ཨེ་བྱུང་། མགོ་ནག་བོད་པ་ཚོ། ཁོང་གི་གོམ་བགྲོད་ཐེངས་གཉིས་པ་དབུ་འཛུགས་གནང་ནས་ལོ་ངོ་གཅིག་ཟིན་སོང་། གོ་ཐོས་མེད་པར་ཟླ་ངོ་བཅུ་ལྷག་ཕྱིན་སོང་། ཁོང་གིས་སུ་ཚང་ལ་གནས་ཚང་གཡར་ཡོད་དམ། ཁོང་གི་ཤི་གསོན་ལ་གོ་ཚོར་རེ་ཨེ་ཡོད། བོད་པ་ཚོ། འཚོལ་དགོས། གླིང་ཚ་འཚོལ་དགོས། གླེང་དགོས། གླིང་ཚ་གླེང་དགོས། ཁོང་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་ཆས་སོང། ཁོང་ནི་ཡུལ་སྐོར་བ་མིན་ལ། ཕ་ཡུལ་ལ་གཉེན་འཕྲད་དུ་བསྐྱོད་པ་དེ་བས་མིན། དེར་བརྟེན། འཚོལ་དགོས། གླེང་དགོས།
གླིང་ཚ་ནི་བོད་པའིདཔའ་བོ་ཡིན། ཁོང་གི་སྙིང་སྟོབས་དང་། ལྷག་བསམ་དང། ལ་རྒྱ་སོགས་གསེར་ཡིག་ལ་བཀོད་ནས་རྗེས་དྲན་འོས། སུམ་དུས་ལ་འཛིན་སྐྱོང་བཀའ་ཤག་དང། ཁྲིམ་བཟོ་གྲོས་ཚོགས་ནས་གླིང་ཙམ་མ་བྱེད་པ་དེ་བློ་ཕམ་དང་། མ་འོངས་པ་དེའི་རིགས་ལ་སེམས་ཤུགས་་ལ་ཡང་དོ་ཕོག་ཆེན་པོར་ཕྱིན་སོང།
དེ་དངོས་གནས་རེད་དཔའ་བོ་ཁོང་གི་མཚན་ཙམ་སྨོན་ན་ཡང་འགྲིག་འདི་ལོ་སུམ་དུས་མཛད་སྒོའི་སྟེང་ཟུར་ཙམ་ཡང་མ་གླེང་པར་དངོས་གནས་བློ་ཕམ་བྱུང་ཡིན་ཡང་བོད་ཀྱི་གཏམ་དཔེར་ཁ་དང་ཞལ་ཐུབ་ཟེར་བ་ལྟར་འགྲེལ་བཤད་ཞུ་དཀའ་བར་རྒྱུར་
བློ་ཡུལ་ལས་འདས་པའི་དོན་དག་དེ་འདྲ་མང་པོ་འདུག ཅི་ཞིག་གིས་དོན་དག་དེ་ཚོ་འབྱུང་གིན་ཡོད་དམ་ཟེར་བ་དེ། དཔའ་གླིང་རྟོགས་ཀྱི་མེད་མཁན་ཏེ་འུ་ཚོ་ཚང་མས་ལན་འདེབས་དགོས་སའི་དྲི་བ་ཞིག་རེད། ཇི་སྲིད་འུ་ཚོས་ལན་མ་བཏབ་བར་དེ་སྲིད་དོན་ངན་དེ་འབྱུང་རྒྱུ་ཞིག་ལས་ཚར་རྒྱུ་ཞིག་རྩ་ནས་མ་རེད་འདོད། མདོར་དེད་ན། རང་རེའི་སུས་ཀྱང་དོན་ངོ་མ་ཞིག་ནས་དཔའ་གླིང་ཤེས་ཐུབ་ཀྱི་མེད་ཐོག་གླེང་ཡང་ཐུབ་ཀྱི་མེད་པ་དེ་གས་རེད་འདོད། བཀའ་དྲིན་ཆེ། དཔའ་གླིང་རྒྱལ་བར་ཤོག།