འབའ་སྲས།
གླིང་ཚ། གླིང་ཚ། དཔའ་བོ་ཚེ་བརྟན་རྡོ་རྗེ།
མུན་པའི་སྨག་དང་བསྡོངས་ནས།
རྒྱང་རིང་ཡུལ་ལ་ཆས་སོང་།
ཁྱེད་ཀྱི་རྐང་རྗེས་རེ་རེ།
ཉི་མའི་འོད་ཟེར་རེ་རེ།།
གླིང་ཚ། གླིང་ཚ། དཔའ་བོ་ཚེ་བརྟན་རྡོ་རྗེ།
ཁ་བའི་ལས་དབང་འཁུར་ནས།
ས་གཞི་རྐང་པས་བརྫིས་སོང་།
ཁྱེད་ཀྱི་རྐང་རྗེས་རེ་རེ།
བོད་པའི་གདུངས་དབྱངས་རེ་རེ།
གླིང་ཚ་། གླིང་ཚ། དཔའ་བོ་ཚེ་བརྟན་རྡོ་རྗེ།
བུ་ཕྲུག་ཆུང་མ་བཞག་ནས།
རང་ཉིད་གཅིག་བུ་ཆས་སོང་།
ཁྱེད་ཀྱི་རྐང་རྗེས་རེ་རེ།
མཛའ་བོའི་དུངས་སེམས་རེ་རེ།
དངོས་གནས་དཔའ་བོ་ཟེར་ན་ཁོ་རེད་།
རྗེས་སུ་ཡི་རངས་ཡོད་།
སྐྱོ་གཞས་འདི་ངས་ར་ཐེངས་གཅིག་གྱེར་ཡིན་དེ།
སེམས་པ་སྐྱོ་དྲག་པས་དབྱངས་ལ་འགུགས་མི་ཐུབ་ཀི