གླུ་གཞས་གསར་པ་༼ བོད་པའི་ཁྱད་ཆོས།༽ Posted on 2013-02-262013-02-26 By ཁ་བརྡ་ 8 Comments on གླུ་གཞས་གསར་པ་༼ བོད་པའི་ཁྱད་ཆོས།༽ གཞས་གཏོང་མཁན། ཤེར་བསྟན་དང་སེར་ཤུལ་བཅོ་ལྔ་ལྷ་མོ། གླུ་གཞས།
མོ་ཊ་རྫིག་པོ་ལུག་རྫིའི་སྣ་ལོ་མིན། རྒྱུ་ངོམ་ཟས་ངོམ་ཡ་རབས་བཟང་སྤྱོད་མིན། གཡོ་སྒྱུའི་འགྱུར་ཁུག་མི་རིགས་ལ་རྒྱ་མིན། འདི་གསུམ་བོད་ལ་མི་མཁོ་རྣམ་གསུམ་ཡིན། གཡག་རྒན་སྣ་ལོ་ལུག་རྫིའི་མོ་ཊ་ཡིན། ཉམ་ཆུང་ཚུལ་མཐུན་བོད་མིའི་བཟང་སྤྱོད་ཡིན། དྲང་བདེན་གཤིག་ཀ་བོད་ཀྱི་རིག་གཞུང་ཡིན། འདི་གསུམ་བོད་ལ་དགོས་པ་རྣམ་གསུམ་ཡིན། ཆེ་བསྟོད་མཐོ་བསྟོད་བོད་ཀྱི་ཆིག་སྒྲིལ་མིན། ལུག་རྫིའི་ལོག་སྐད་ཕ་སྐད་གཙང་མ་མིན། ཕག་ཤ་ལ་རོང་བོད་ཀྱི་ཁ་ཟས་མིན། འདི་གསུམ་བོད་ལ་མི་མཁོ་རྣམ་གསུམ་ཡིན། དྲང་བདེན་གཏན་ཚིགས་བོད་ཀྱི་སྤོབས་པ་ཡིན། ཐོན་མིའི་ཡིག་སྐད་བོད་ཀྱི་ཕ་སྐད་ཡིན། གཡག་ཤ་རྩམ་པ་བོད་ཀྱི་ཁ་ཟས་ཡིན། འདི་གསུམ་བོད་ལ་དགོས་པ་རྣམ་གསུམ་ཡིན།།
བོད་རིགས་ཡངས་ལ་ཞུ་རྒྱུར། འདས་པའི་ལོ་ཤས་ནས་གཞིས་གཞུགས་བོད་མའི་གཞས་པ་དང་གཞས་མ་ཚོས་མི་རིགས་ཀྱིས་བདེ་སྡུག་གླུ་དབྱངས་སུ་གྱེར་བས་བཀའ་དྲིན་ལ་བརྟེན་ནས་ད་ཆར་བོད་རིགས་ནང་ཁུལ་དུ་གནའ་དེང་གིས་ལོ་རྒྱུས་དང་། ཆབ་སྲིད། དཔལ་འབྱོེར། དེ་བཞིན་མི་རིགས་ཀྱི་ལ་རྒྱ་དང་། ལྟ་བ། མཐུན་སྒྲིལ། རིགས་གནས་སོགས། ཕྱོགས་གང་ཐད་ནས་ལེགས་སྐྱེས་ཟབ་མོ་རེ་དང་། བག་ཆགས་ཟབ་མོ་རེ་བཞག་སོང་བ་མ་ཟད། ལྷག་པར་དུ་ཡང་མདོ་བསྟོད་སྨད་གཉིས་དང་། དེའི་ནང་ནས་ཀྱང་མདོ་སྨད་ས་ཁུལ་དག་ནས་གླུ་བ་རྒན་གཞོན་ཕལ་མོ་ཆེའི་ངག་ནས་མི་རིགས་བདེ་སྡུག་གླུ་དབྱངས་སུ་གྱེར་བས་ནུས་པ་དེའི་མི་རིགས་ལ་གསོན་ཤུགས་ཆེས་ཆེར་རྒྱས་པ་གནང་སོང་བས་ཁོང་ཚོས་བཀའ་དྲིན་ནམ་ཡང་བརྗེད་མི་རུང་། །
ཨ་མའི་བུ་དང་བུ་མོས་བོད་ས་ཡོངས་རྫོགས་བཀབ་པ་འདི་ངོ་སོ་བསྟོད། བདེན་གཏམ་བདུད་བརྩིའི་ཐིགས་པ་མང་བ་ངོ་སོ་བསྟོད། གླུ་བའི་སྐད་ངག་གདངས་དབྱངས་སྙན་པས་ངོ་སོ་བསྟོད། ཡིད་སེམས་གསོ་བའི་གདམ་ངག་འདི་ཚོ་ངོ་སོ་བསྟོད། གང་གནང་གངས་རིའི་ཕོ་ཉ་ཡིན་པས་ངོ་སོ་བསྟོད།
མདོ་སྨད་ས་ཁུལ་ནས་གཞས་པ་དང་གཞས་མ་རྣམ་ནས་རང་བོད་མི་རིགས་གཞུང་དང་། མཐུན་སྒྲིལ། ལ་རྒྱ་ སོགས་ཧ་ཅང་ཕན་ཐོགས་འདུག། རྗེས་སུ་ཡི་རང་ཡོད་ཚེ་རིང་ནད་མེད་བེད་སྐྱིད་ཕུན་གསུམ་ཚོགས།
ཧྲ་གི། ཡག་གི། ངར་གི།
མོ་ཊ་རྫིག་པོ་ལུག་རྫིའི་སྣ་ལོ་མིན།
རྒྱུ་ངོམ་ཟས་ངོམ་ཡ་རབས་བཟང་སྤྱོད་མིན།
གཡོ་སྒྱུའི་འགྱུར་ཁུག་མི་རིགས་ལ་རྒྱ་མིན།
འདི་གསུམ་བོད་ལ་མི་མཁོ་རྣམ་གསུམ་ཡིན།
གཡག་རྒན་སྣ་ལོ་ལུག་རྫིའི་མོ་ཊ་ཡིན།
ཉམ་ཆུང་ཚུལ་མཐུན་བོད་མིའི་བཟང་སྤྱོད་ཡིན།
དྲང་བདེན་གཤིག་ཀ་བོད་ཀྱི་རིག་གཞུང་ཡིན།
འདི་གསུམ་བོད་ལ་དགོས་པ་རྣམ་གསུམ་ཡིན།
ཆེ་བསྟོད་མཐོ་བསྟོད་བོད་ཀྱི་ཆིག་སྒྲིལ་མིན།
ལུག་རྫིའི་ལོག་སྐད་ཕ་སྐད་གཙང་མ་མིན།
ཕག་ཤ་ལ་རོང་བོད་ཀྱི་ཁ་ཟས་མིན།
འདི་གསུམ་བོད་ལ་མི་མཁོ་རྣམ་གསུམ་ཡིན།
དྲང་བདེན་གཏན་ཚིགས་བོད་ཀྱི་སྤོབས་པ་ཡིན།
ཐོན་མིའི་ཡིག་སྐད་བོད་ཀྱི་ཕ་སྐད་ཡིན།
གཡག་ཤ་རྩམ་པ་བོད་ཀྱི་ཁ་ཟས་ཡིན།
འདི་གསུམ་བོད་ལ་དགོས་པ་རྣམ་གསུམ་ཡིན།།
ངོ་མ་་སྙན་མོ་ཞིག་འདུག་ལ་ཡག་པོ་ཡང་འདུག །
བོད་རིགས་ཡངས་ལ་ཞུ་རྒྱུར། འདས་པའི་ལོ་ཤས་ནས་གཞིས་གཞུགས་བོད་མའི་གཞས་པ་དང་གཞས་མ་ཚོས་མི་རིགས་ཀྱིས་བདེ་སྡུག་གླུ་དབྱངས་སུ་གྱེར་བས་བཀའ་དྲིན་ལ་བརྟེན་ནས་ད་ཆར་བོད་རིགས་ནང་ཁུལ་དུ་གནའ་དེང་གིས་ལོ་རྒྱུས་དང་། ཆབ་སྲིད། དཔལ་འབྱོེར། དེ་བཞིན་མི་རིགས་ཀྱི་ལ་རྒྱ་དང་། ལྟ་བ། མཐུན་སྒྲིལ། རིགས་གནས་སོགས། ཕྱོགས་གང་ཐད་ནས་ལེགས་སྐྱེས་ཟབ་མོ་རེ་དང་། བག་ཆགས་ཟབ་མོ་རེ་བཞག་སོང་བ་མ་ཟད། ལྷག་པར་དུ་ཡང་མདོ་བསྟོད་སྨད་གཉིས་དང་། དེའི་ནང་ནས་ཀྱང་མདོ་སྨད་ས་ཁུལ་དག་ནས་གླུ་བ་རྒན་གཞོན་ཕལ་མོ་ཆེའི་ངག་ནས་མི་རིགས་བདེ་སྡུག་གླུ་དབྱངས་སུ་གྱེར་བས་ནུས་པ་དེའི་མི་རིགས་ལ་གསོན་ཤུགས་ཆེས་ཆེར་རྒྱས་པ་གནང་སོང་བས་ཁོང་ཚོས་བཀའ་དྲིན་ནམ་ཡང་བརྗེད་མི་རུང་། །
ཨ་མའི་བུ་དང་བུ་མོས་བོད་ས་ཡོངས་རྫོགས་བཀབ་པ་འདི་ངོ་སོ་བསྟོད།
བདེན་གཏམ་བདུད་བརྩིའི་ཐིགས་པ་མང་བ་ངོ་སོ་བསྟོད།
གླུ་བའི་སྐད་ངག་གདངས་དབྱངས་སྙན་པས་ངོ་སོ་བསྟོད།
ཡིད་སེམས་གསོ་བའི་གདམ་ངག་འདི་ཚོ་ངོ་སོ་བསྟོད།
གང་གནང་གངས་རིའི་ཕོ་ཉ་ཡིན་པས་ངོ་སོ་བསྟོད།
མདོ་སྨད་ས་ཁུལ་ནས་གཞས་པ་དང་གཞས་མ་རྣམ་ནས་རང་བོད་མི་རིགས་གཞུང་དང་། མཐུན་སྒྲིལ། ལ་རྒྱ་ སོགས་ཧ་ཅང་ཕན་ཐོགས་འདུག། རྗེས་སུ་ཡི་རང་ཡོད་ཚེ་རིང་ནད་མེད་བེད་སྐྱིད་ཕུན་གསུམ་ཚོགས།
དངོས་ནས་ཡག་ཅིང་སྙན་མོ་ཞིག་རེད།
ལེགས