དེ་རིང་རྐྱེན་ཅིག་ལ་བསྡོངས་ནས་ང་ལ་དོན་གྲུབ་རྒྱལ་འདས་པོའི་ “ལང་ཚོའི་རྦབ་ཆུ་”ལ་ཉན་འདོད་ཅིག་བྱུང་། ང་ལ་ཐབས་ཤེས་ཤིག་ཡོད་པ་ནི་དྲ་རྒྱ་དག་ནས་འཚོལ་རྒྱུ་དེ་ཡིན། བོད་ཡིག་དང་དབྱིན་ཡིག་གི་དྲ་རྒྱ་དག་ན་ཁོང་གི་ལང་ཚོའི་རྦབ་ཆུ་དང་བཅས་པའི་རྩོམ་ཡིག་དང་དེའི་འཕྲོས་བཤད་མང་ཙམ་རྙེད་བྱུང་། འོན་ཀྱང་ཉན་ས་ཞིག་རག་མ་སོང་། ངེད་ཀྱི་དྲན་ཚོད་ལྟར་ན། ཁོང་གིས་ལང་ཚོའི་རྦབ་ཆུ་དེ་གྱེར་འདོན་བྱས་པ་མཚོ་སྔོན་རླུང་འཕྲིན་ཁང་གིས་རྒྱང་བསྒྲགས་བྱས་ཤིང་། སྐབས་དེའི་རྒྱབ་ལྗོངས་ཀྱི་རོལ་ཆ་དེ་ལའང་རྦབ་ཆུའི་བཞུར་སྒྲ་ཡོད་པ་ཞིག་དྲན་གྱི་འདུག ཏན་ཏན་མ་ཤེས། སྔོན་མ་ཚེ་ཏན་ཞབས་དྲུང་ཚང་གི་སྙན་ངག་སློབ་འཁྲིད་བྱས་པ་དང་། དེ་བཞིན་དམུ་དགེ་བསམ་གཏན་ཚང་གིས་སུམ་རྟགས་སློབ་འཁྲིད་གནང་བ་སོགས་ཀྱི་སྒྲ་འཛིན་འཁོར་ཐག་ཡོད་པ་དང་ཁ་ཤས་ཐོས་ཀྱང་མྱོང་། འདི་རིགས་དྲ་རྒྱའི་ཐོག་དང་དཔེ་མཛོད་ཁང་སོགས་ན་ཡོད་མེད་མཁྱེན་མཁན་ཡོད་དམ། ལ་རྩེ་དཔེ་མཛོད་ཁང་ན་ཡོད་དམ།
http://www.tibettl.com/teach/index.htm
འདི་ན་དཔེ་ཁྲིད་སྐོར་ཞིག་ཡོད་ཀྱང་གློག་ཀླད་ཀྱི་སྐྱོན་ཡིན་ནམ་སྐབས་རེར་འབེབ་མི་ཐུབ་ཀི
དོན་གྲུབ་རྒྱལ་གྱི་རྐང་ལམ་ཕྲ་མོ་དེ་རེག་ཐབས་རེ་མེད་ལ། དྲ་གྲོགས་འདི་ཚོས་གཅིག་གིས་གཅིག་ལ་རོགས་རམ་ཁྱོན་ནས་མི་བྱེད་ནོ་ཅི་རེད།
རྐང་ལམ་ཕྲ་མོ་འདི་ན་འདུག
http://www.tibettl.com/blog/u/hrjabay/archives/2008/1219.html
པད་མ་ཡང་སངས་ལགས་ སྙིང་ནས་བཀའ་དྲིན་ཆེ།
རིག་འབྱུང་ལགས། སྐད་རྒྱག་གི་མ་འདུག རྩོམ་ཡིག་དེ་ས་ར་སློབ་གྲའི་སློབ་ཕྲུག་ཅིག་ལ་འབྲེལ་བ་བྱོས་དང༌། ཁོ་ཚོའི་རྩོམ་རིག་སློབ་དེབ་ན་ཡོད་པ་རེད། དེ་མིན་གཟའ་ཟླ་བའི་ཉིན་ངས་ཁྱོད་ལ་འཁྱེར་ཡོང་ཡ།
ད་དུང་དྲ་གྲོགས་ཚོས་འདི་དང་འདི་འདྲ་བའི་སྙན་དབྱངས་ཁག་ངོ་སྤྲོད་གནང་རོགས།
ཚེར་མ་ལགས། བཀའ་དྲིན་ཆེ། རྩོམ་ཡིག་དེ་ངེད་ལ་རེག་སོང་། གཟའ་ཉི་མའི་ཉིན་ཁྱེད་ཀྱིས་ངེད་ལ་འཁྱེར་ཡོང་ཐུབ་ན། ལྗང་བུའི་འབྲོང་གི་ཤི་རྐྱེན་ཞེས་བའི་སྙན་ངག་དེ་འཁྱེར་ཡོང་མི་ཐུབ་བ། སྐུ་མཁྱེན།
ཨ་རོད་དོན་གྲུབ་བཀྲ་ཤིས། རྩོམ་ཡིག་མཁོ་འདོན་བྱས་པར་དབུ་ཆང་རྒྱ་མ་གང་དགོས་ནི་རེད་ཀོ་ བརྗེད་སོང་ན་འཁྲེལ་གཞུང་མེད་ནི་ཡིན།
ལྗང་བུའི་སྙན་རྩོམ། བདམས་བཀོད།
འབྲོང་ཤི་རྐྱེན།
ཡང་ན ནོར་འཁྲུལ་དེ་བདེན་ལུགས་སུ་བཟུང་བས
རྒྱུ་སྐར་གྱི་ཉམ་ང་བའི་འོད་མདངས་འཚེར་དཀའ་ལ
ཁུ་བྱུག་གི་བླ(བློ)ཕམ་པའི་འབེལ་གཏམ་ཡང་འཚོལ་དཀའ
ཡང་ན སྐྱ་རེངས་ཀྱི་སྔ་རོལ་ཏུ་མུན་པའི་སྦུབས་ན
ཁ་བ་ཉིལ དལ་བ་དལ་བུར
གྲག་མེད་འགུལ་མེད་ངང་ཁ་བ་ནག་པོ་ཉིལ
ཡུན་རིང་སྒུག་པའི་འབྲོང་རྒོད་དེ
བྲག་ལྕིབས་སུ
ཉལ་བའམ་ཤོག་དཀར་ངོས་ལ་ཡིག་འབྲུའི་འགྲོས་དང་བསྟུན་ཏེ
ངའི་འདུན་པས་ཁྲིད་ནས་ཐག་རིང་དུ་བསྐྱལ་ལ
སླར་ཡང་སུ་ཡི་སེམས་ཁོང་དུ་ཞུགས
ཕྱོགས་གང་རུང་ནས་འོང་བའི་ལྷགས་པ་སྤུ་རྩེ་ན་འཕྱོ
རི་ཚོགས་ཀྱི་རྣོ་དབལ་འཕྱོ་བའི་རྒྱབ་ལྗོངས་ངོས་སུ
མཚམས་སྤྲིན་གྱི་རྫི་མ་སྐད་ཅིག་གྱེན་ལ་བརྫེས་དུས
མེ་ལྕེ་མཆེད་ཀྱིན་པའི་རྭ་ཟུང་བར་དུ
ཉི་གཞོན་ནི་ནམ་མཁའི་འདྲེན་བྱེད་ཀྱི་རྒྱལ་མོ
འབྲོང་རྒོད་ཧར་གྱིས་བསྡད་ནས
བར་སྣང་ལ་རྭ་རྩེ་དང་སྤོབས་པ་བརྡར
གངས་ཐང་གི་རྨིག་རྗེས་མོག་པོའི་ཤུགས་བསྟན་དང
ཚེ་སྲོག་གི་མཚོན་དོན་ཟབ་པའི་འགྱིངས་སྟབས་ནི
ངའི་ཡུལ་ལྗོངས་སུ
རྒས་ཟིན་པའི་འབྲོང་རྒོད་ཁེར་རྐྱང་དུ་ཤི
འཆི་བདག་གི་འཛུམ་ཟེར་རྗེས་སུ
གངས་ཀྱིས་བྱུག་པའི་སྒང་གཞོང་ཀུན་ལ
གཡོ་འགུལ་ཐེངས་ཤིག་ཐེབས
1996 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན་པའི་ (ལྗང་བུའི་རྩོམ་བཏུས།)
ཤོག་ངོས 126 ལ་གསལ།
དྲ་གྲོགས་ཚེར་མ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།
རེད། དབུ་ཆང་རྒྱ་མ་གང་ལོས་སྤྲོད། ཁྲེལ་གཞུང་ཟེར་རྒྱུ་འདི་གལ་ཆེ། ལྷག་པར་དུ་གྲོགས་པོ་ནང་ཁུལ་ལ་དེ་བས་ཀྱང་གལ་ཆེ།
ཁྱེད་རང་སྡོད་ས་ཅིག་གསུངས་རོགས། ཁྱོད་ང་དང་ཐག་ཉེ་ཞིག་ན་ཡོད་ན། ངས་དབུ་ཆང་རྒྱ་མ་གང་བསྐུར་ཆོག
འུ་གཉིས་བར་ཐག་རིང་ན། ངས་སོ་སོའི་ཟླ་རེའི་སློབ་མའི་ལག་ཁུག་ནས་ཆང་རིན་དེ་སྦྲགས་ཁང་ངམ་དྲ་ཐོག་བརྒྱུད་དེ་གཏོང་།
གཞན། དེ་ལྟར་ཡང་མི་ཡོང་ན། ལྗང་བུའི་སྙན་རྩོམ་འདི་ཁྱེད་ཀྱིས་་ངེད་ལ་སྤྲད་པའི་ལེགས་སྐྱེས་ལ་བརྩིས། ངས་ཀྱང་རྗེས་མར་ཁྱོད་ལ་དྲ་ཐོག་ནས་ལེགས་སྐྱེས་ཤིག་སྤྲོད་ཨེ་ཐུབ་བལྟ།
མ་རེད་དམ། གྲོགས་པོའི་མཛའ་བརྩེ་གསེར་ལས་ལྷག
ཨ་རོ་དགེ་རབ་ལགས།
ངས་དྲན་པ་ལྟར་ན།དོན་གྲུབ་རྒྱལ་གྱིལང་ཚོའོ་རྦབ་ཆུ་དེ་རྩོམ་པ་པོ་ཁོང་རང་གིས་གྱེར་འདོན་བྱས་པ་མིན་པར་མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་གི་མི་ཞིག་གིས་གྱེར་འདོན་བྱས་ཡོད།་་རྐང་ལམ་ཕྲ་མོ་ནི་རྩོམ་པ་པོ་རང་གིས་གྱེར་འདོན་གནང་ཡོད།
ང་ལ་རྩེ་དཔེ་མཛོད་ཁང་ལ་སོང་བ་ཡིན།་་་དེ་ན་ཨ་ཁུ་དམུ་དགེ་བསམ་གཏན་ཚང་གི་སུམ་རྟགས་ཀྱི་དཔེ་ཁྲིད་དང་སྙན་འགྲེལ་ཡང་གསལ་སྣང་མཛོད་ཀྱི་དཔེ་ཁྲིད་གཉིས་ཀའི་སྒྲ་ཐག་ཆ་ཚང་རེ་འདུག་་་སྒྲ་ཐག་གི་གྲངས་ཀ་བགྲང་རྒྱུ་མ་བྱུང་ཡང་ཕལ་ཆེར་ལྔ་བཅུ་དྲུག་ཅུ་ཙམ་ཞིག་མེད་དམ་སྙམ།
ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་སྙན་ངག་གི་དཔེ་ཁྲིད་དང་དོན་གྲུབ་རྒྱལ་གྱིསྙན་རྩོམ་གྱེར་ཀློག་གི་སྒྲ་ཐག་དེ་འདྲ’ི་མཐོང་མ་སོང་།
ལང་ཚོའི་རྦབ་ཆུ་གྱེར་འདོན་བྱེད་མཁན་དེ་མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་གི་ཕག་མོ་བཀྲ་ཤིས་རེད།
འདིར་མཆན་བུ་འདེབས་མཁན་ཚང་མ་ལ་ཐུགས་རྗེ་ཆེ།
ཕག་མོ་བཀྲ་ཤིས་དང་གཞན་སུས་གྱེར་འདོན་བྱས་ཡོད། དོན་གྲུབ་རྒྱལ་ཁོ་རང་གིས་གྱེར་འདོན་བྱས་པ་ཞིག་མེད་དམ།
ང་ཚོ་མང་པོ་ཞིག་གིས་ཐོས་མྱོང་བའི་ལང་ཚོའི་རྦབ་ཆུའི་གྱེར་འདོན་དེ་ནི་ཕག་མོ་བཀྲ་ཤིས་ཀྱིས་གྱེར་བ་དེ་རེད། དེ་ནི་ཤག་ཤག་ཏུ་བཞུར་བའི་ཆུ་སྒྲ་ཞིག་དང་བསྡོངས་ནས་གྱེར་ཡོད། དོན་གྲུབ་རྒྱལ་དང་འདྲིས་མྱོང་ཡོད་པའི་མི་ཞིག་གིས་བཤད་ན། ཉིན་ཞིག་དོན་གྲུབ་རྒྱལ་མཚོ་སྔོན་པོའི་འགྲམ་དུ་སོང་སྟེ། དེ་ནས་ཁོང་གིས་ལང་ཚོའི་རྦབ་ཆུ་གྱེར་བ་དང་། དེ་སྒྲ་ཐག་འཁོར་ལོ་ཞིག་གི་ནང་བཅུག་ཡོད་པ་དང་། ལང་ཚོའི་རྦབ་ཆུའི་གྱེར་འདོན་དེ་ནི་ཕག་མོ་བཀྲ་ཤིས་ཀྱི་གྱེར་འདོན་དེ་ལས་ཡག་ཡིན་ཟེར། ཡིན་ན་ཡང་། རལ་གྲོལ་གྱིས་གྱེར་བའི་སྒྲ་ཐག་དེ་ད་ལྟ་རྙེད་ཀྱི་མེད་ཚོད། གཞན་ཁྱེད་ཅག་གིས་སྙན་ངག་གྱེར་འདོན་ལ་ཉན་འདོད་ཚེ། ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན་ཟེར་བའི་སྒྲ་ཐག་འཁོར་ལོ་ཞིག་ཡོད། བྱེས་སུ་སྒྲ་ཐག་དེ་བཙོང་རྒྱུ་འདུག
ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན་དེ་ང་དགའ་སའི་སྙན་ངག་གི་གྲས་ཤིག་ཡིན། དེ་དོན་འགྲུབ་དབང་འབུམ་གྱིས་རྒྱ་ཡིག་ནང་དུ་བྲིས་པ་དང་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་ནས་བོད་ཡིག་ཏུ་བསྒྱུར་བ་རེད། ངའི་གོ་ཚོད་ཡིན་ན་ཁ་སང་དེ་རིང་དོན་འགྲུབ་དབང་འབུམ་གྱིས་རྒྱ་དགའི་སྐད་ཆ་དེ་འདྲ་བཤད་ཀྱི་ཡོད་སྐད་འདུག
རེད་ཡ་མགོན་པོ། འགག་ལ་ཐུག་དུས་ན་བོད་ཀྱི་མཁས་དབང་པོ་ཧྲི་དང་ཧྲོ་ཧྲི་ཟེར་བ་དེ་ཚོ་མི་འདུག་ལ། ནམ་རྒྱུན་གསོལ་མཆོད་བྱས་པའི་ལྷ་སྲུང་འཇིགས་པོ་གྲངས་དེས་ཡང་མི་འདུག འདི་ལྟར་བསམས་ཚེ་བོད་ནང་གི་གཞི་རིམ་མང་ཚོགས་དེ་རྣམས་ཅི་འདྲའི་མགོན་མེད་སྐྱབས་མེད་ཅིག་རེད་ཨང་། གལ་ཏེ་ཚེ་རིང་འོད་ཟེར་ལྟ་བུའི་ཤེས་ཡོན་པའི་དཔུང་སྡེ་ཞིག་ང་ཚོར་ཡོད་རྒྱུ་ན་གུང་ཁྲན་ཞེ་སྣང་མེད་རུང་མཚར་སྣང་ལོས་བྱེད་ཨང་། ཨོ་་་་དེ་ནས་ཡོའོ་ཐྲའོ་(YouTube)ནང་ལ་སོང་དང་སེ་སེ་ཏྲེ་ཝེས་(CCTV)དགེ་ལེགས་སོགས་བོད་མི་སྐོར་ཞིག་ལ་ན་ནིང་གི་དོན་རྐྱེན་སྐོར་དྲི་བ་བྱས་ཡོད་ཐལ། ཁ་ཉིན་ངས་བལྟས་པ་ཡིན། དེ་རིང་ལག་སོན་མ་བྱུང་ཐལ། རྒྱ་སྐད་ཀྱི་དྲུག་བཞི་དོན་རྐྱེན་སྐོར་ཤོད་ས་དེ་བ་ནས་ཡར་རྒྱུགས་མར་རྒྱུགས་བྱས་དང་སྙིང་ན་བའི་འཆལ་གཏམ་དེ་དག་མཐོང་ཐོས་ཡོང་གི་རེད།
འབྲོང་བུ་དང་ནོར་སྡེ་སོགས་ཀྱིས་རྒྱ་མིའི་རྗེས་བརྗོད་བྱེད་ཀྱིན་འདུག ཡིན་ན་ཡང་བོད་ནང་ལ་ཁག་མེད་ཁུལ་བྱས། འདི་ན་ཡང་ཤེས་ཡོན་ཅན་ཟེར་མཁན་ཁ་ཤས་རེས་རང་རང་གི་ལྟོ་གོས་གཏམ་གསུམ་རེ་འགྲུབ་མ་འགྲུབ་ལ་རྐྱེན་བྱས་ནས་བཙན་བྱོལ་བོད་གཞུང་དང་ཟམ་གདོང་བླ་མ་ཟེར་ནས་ནག་ཉེས་འགེལ་ཨེ་ཐུབ་ལྟ་མཁན་མཐོང་དུས་དེ་ལས་ཀྱང་ཞེན་པ་ལོག་གིན་འདུག ཟམ་གདོང་བླ་མས་ཤེས་ཡོན་སྲིད་ཇུས་གསར་པ་དབུ་བཙུགས་ནས་སྔོན་འགྲོ་ནས་བཟུང་བོད་ཡིག་གཙོ་བོ་དང་རིམ་བཞིན་སྐད་ཡིག་གཞན་པ་བསླབ་རྒྱུ་བྱས་པ་དེར་ཡང་ཁ་ནས་གང་ཐོན་དུ་སྨྲ་མཁན་ལ་ལས་ཟམ་གདོང་གིས་བོད་ཕྲུག་གི་མདུན་ལམ་ལས་བོད་ཡིག་གལ་ཆེ་བར་བརྩིས་སོང་ཟེར་བའི་སྐྱོན་བརྗོད་བྱེད་ཁུལ་བྱེད། དེ་བཞིན་ཟམ་གདོང་སྤྲུལ་སྐུས་གཞུང་ཞབས་གསར་པ་བསྡུ་སྟངས་ཐད་ཀྱང་སྔོན་མ་བཞིན་གཅིག་གིས་གཅིག་ངོ་སྦྱོར་བྱས་ནས་བསྡུ་བ་མ་ཡིན་པར་མཐོ་རིམ་སློབ་གྲྭ་ཐོན་པ་གཞིར་བཞག་ཐོག་བོད་ཡིག་གི་ཡིག་ཚད་ངེས་པར་དུ་འཕྲོད་དགོས་པ་བཟོས་པ་དེར་ཡང་མི་ངན་ལ་ལས་ཟམ་གདོང་གིས་མི་ཡག་པོ་དེ་ཚོ་གཞུང་ཞབས་ལ་འཛུལ་རྒྱུའི་ལམ་ཁ་བཀག་སོང་ཟེར་ཁུལ་བྱེད། དེ་བཞིན་གཞུང་ལ་འབྲེལ་གཏུག་གི་སྐབས་སུ་བོད་ཡིག་གི་སྙན་ཞུ་འབྲི་དགོས་པ་དང་ལས་བྱེད་ཚང་མར་དག་ཡིག་གསར་བསྒྲིགས་རེ་རེ་སྤྲད་ནས་བོད་ཡིག་བཀོལ་རྒྱ་ཆེ་ཙམ་ཡོང་ཐབས་སོགས་ལ་ཡང་ཧ་མི་གོ་མཁན་ཚོས་དོན་མེད་ཀྱི་རྙོགས་དྲ་རེད་དང་དམངས་གཙོ་དང་མི་མཐུན་ཚུལ་སོགས་ཀྱི་སྐྱོན་བརྗོད་བྱེད་པ་འདི་ཚོ་དངོས་གནས་ངོ་ཚ་དགོས་པ་དང་རྒྱ་མིའི་སྐད་ཆ་ལས་ཀྱང་སྡུག་པ་རེད། ཟམ་གདོང་ལ་ནོར་འཁྲུལ་ལོས་ཡོད། ནོར་འཁྲུལ་ཡོད་པ་དང་ནོར་འཁྲུལ་ཡོ་བསྲངས་ཆེད་སྐྱོན་བརྗོད་བྱེད་དགོས་པ་ཁོ་རང་གིས་ཀྱང་ཁས་ལེན་གྱིན་འདུག ཡིན་ན་ཡང་དེ་ག་ཙམ་དུ་ཚིག་ངན་ཟུར་ཟ་བྱས་ན་རང་རང་གི་ལས་ངན་པ་འཕེལ་སྤྱད་དང་རྒྱ་མི་དགའ་སྤྱད་ལས་གང་ལ་ཡང་ཕན་གྱི་མ་རེད་དོ། །
ས་སྒང་སྔས་སུ་བྱས་པའི་སྐར་མ་འོད་ཆེན་ཟེར་བའི་སྒྲ་ཐག་དེ་དྲ་ལམ་ནས་ཉན་རྒྱུ་ཡོད་དམ།