དྲི་མེད་ལྷག་བསམ་དད་བརྩོན་འགྱུར་མེད་ཀྱི།། སེམས་ཀྱི་བདེ་སྡུག་བོད་མིའི་ལས་དབང་དེ།། སྙན་མོའི་གདངས་སུ་གྱེར་ནས་བོད་ཡུལ་ནས།། རྒྱང་རིང་༧སྐྱབས་མགོན་མཆོག་ལ་ཕུལ་བ་དེ།། ལན་གཅིག་ཉན་པས་སེམས་འདི་གྲང་འདར་བརྒྱབ།།
ལྷག་བསམ་་སྙིང་ནས་ཕུལ་བའི་གླུ་སྙན་མོ། ཚིག་དོན་གཟབ་ལ་གོ་སླའི་དོན་སྙིང་ལྡན། གཞིས་ཞུགས་གཞས་པ་གཞས་མའི་སྙིང་སྟོབས་ལ། རྗེས་སུ་ཡི་རངས་ཞུ་བཞིན་དགའ་བསུ་ཞུ། གླུ་གཞས་སྙིང་སྟོབས་ཕ་ཡུལ་ཕྱོགས་ནས་ཐོན། དེ་འདྲའི་སྙན་པའི་གདངས་དང་བཅུད་ལྡན་ཚིག་འདི་དག རྩོམ་པའི་རྩོམ་པ་པོ་ལའང་བསྟོད་པར་འདོད། བོད་རྒྱལ་ལོ།
༄༅།། དགུང་ཨ་སྔོན་དབྱིངས་ན་རྒྱུ་བའི།། སྤྲིན་དཀར་པོའི་འདབ་མ་མཉེན་པོ།། བྱང་ཁ་བ་ཅན་གྱི་ལྗོངས་ལ།། ཚིག་འདི་གསུམ་ལན་དུ་སྐྱེལ་རོགས།། ལྷ་ཐུགས་རྗེ་ཆེན་པོའི་གདུལ་བྱ། བོད་མགོ་ནག་རྩམ་ཟན་ཀུན་གྱི།། སེམས་བསམ་པ་གཅིག་ཏུ་མཐུན་ཞིང།། དཔའ་བློ་ཁོག་ཞུམ་པ་མེད་པའི།། གཏམ་བཙན་པོ་གླུ་ལ་གྱེར་བ།། སྤྲིན་དཀར་པོས་ཁྱེར་ནས་སླེབས་བྱུང།། ཕྱིའི་སྤུན་ཟླ་ཡོངས་ཀྱིས་གོ་སོང།། མགོན་ཡིད་བཞིན་ནོར་བུས་གསན་ཡོད།། སྐྱབས་རྗེས་འཛིན་ཟབ་མོ་གནང་གི། ཁོང་འཛུམ་ཞལ་ཟུམ་པ་མེད་ཅིང།། ཐུགས་དམ་བཅའ་འགྱུར་བ་མེད་གསུང།། ཁྱེད་གཞིས་ལུས་སྤུན་ཟླ་ཕོ་མོས།། བཙན་གནམ་ལྕགས་འབར་བའི་འོག་ཏུ།། རང་སོ་སོའི་ལུས་སྲོག་སྲུང་བཞིན།། ཐབས་མཁས་པོས་བདེན་པ་བདོར་གསུང།། ཀྱེ་ཚུ་འཛིན་གྱི་འདབ་མ་དཀར་པོ།། གངས་ཏི་སེ་ཡི་རྩེ་ལ་ཐོན་དུས།། ངལ་ཅུང་ཟད་ཅིག་གསོས་པའི་རྗེས་སུ།། འདི་ཆོལ་གསུམལ་ལྷང་ངེར་སྒྲོག་རོགས།།
དྲི་མེད་ལྷག་བསམ་དད་བརྩོན་འགྱུར་མེད་ཀྱི།།
སེམས་ཀྱི་བདེ་སྡུག་བོད་མིའི་ལས་དབང་དེ།།
སྙན་མོའི་གདངས་སུ་གྱེར་ནས་བོད་ཡུལ་ནས།།
རྒྱང་རིང་༧སྐྱབས་མགོན་མཆོག་ལ་ཕུལ་བ་དེ།།
ལན་གཅིག་ཉན་པས་སེམས་འདི་གྲང་འདར་བརྒྱབ།།
ལྷག་བསམ་་སྙིང་ནས་ཕུལ་བའི་གླུ་སྙན་མོ། ཚིག་དོན་གཟབ་ལ་གོ་སླའི་དོན་སྙིང་ལྡན། གཞིས་ཞུགས་གཞས་པ་གཞས་མའི་སྙིང་སྟོབས་ལ། རྗེས་སུ་ཡི་རངས་ཞུ་བཞིན་དགའ་བསུ་ཞུ། གླུ་གཞས་སྙིང་སྟོབས་ཕ་ཡུལ་ཕྱོགས་ནས་ཐོན། དེ་འདྲའི་སྙན་པའི་གདངས་དང་བཅུད་ལྡན་ཚིག་འདི་དག རྩོམ་པའི་རྩོམ་པ་པོ་ལའང་བསྟོད་པར་འདོད། བོད་རྒྱལ་ལོ།
༄༅།། དགུང་ཨ་སྔོན་དབྱིངས་ན་རྒྱུ་བའི།།
སྤྲིན་དཀར་པོའི་འདབ་མ་མཉེན་པོ།།
བྱང་ཁ་བ་ཅན་གྱི་ལྗོངས་ལ།།
ཚིག་འདི་གསུམ་ལན་དུ་སྐྱེལ་རོགས།།
ལྷ་ཐུགས་རྗེ་ཆེན་པོའི་གདུལ་བྱ།
བོད་མགོ་ནག་རྩམ་ཟན་ཀུན་གྱི།།
སེམས་བསམ་པ་གཅིག་ཏུ་མཐུན་ཞིང།།
དཔའ་བློ་ཁོག་ཞུམ་པ་མེད་པའི།།
གཏམ་བཙན་པོ་གླུ་ལ་གྱེར་བ།།
སྤྲིན་དཀར་པོས་ཁྱེར་ནས་སླེབས་བྱུང།།
ཕྱིའི་སྤུན་ཟླ་ཡོངས་ཀྱིས་གོ་སོང།།
མགོན་ཡིད་བཞིན་ནོར་བུས་གསན་ཡོད།།
སྐྱབས་རྗེས་འཛིན་ཟབ་མོ་གནང་གི།
ཁོང་འཛུམ་ཞལ་ཟུམ་པ་མེད་ཅིང།།
ཐུགས་དམ་བཅའ་འགྱུར་བ་མེད་གསུང།།
ཁྱེད་གཞིས་ལུས་སྤུན་ཟླ་ཕོ་མོས།།
བཙན་གནམ་ལྕགས་འབར་བའི་འོག་ཏུ།།
རང་སོ་སོའི་ལུས་སྲོག་སྲུང་བཞིན།།
ཐབས་མཁས་པོས་བདེན་པ་བདོར་གསུང།།
ཀྱེ་ཚུ་འཛིན་གྱི་འདབ་མ་དཀར་པོ།།
གངས་ཏི་སེ་ཡི་རྩེ་ལ་ཐོན་དུས།།
ངལ་ཅུང་ཟད་ཅིག་གསོས་པའི་རྗེས་སུ།།
འདི་ཆོལ་གསུམལ་ལྷང་ངེར་སྒྲོག་རོགས།།