རླུང་དམར།
ཁྱོད་ཀྱིས་རུས་བཅག་རྐང་བཅག་པ་འེ་ཡིན
ལམ་གྱི་རྐང་རྗེས་སུ་མེ་ཏོག་ཤི་རོ་བཏབ་པ་འེ་ཡིན
སེམས་བསྲེག་པའི་གནམ་གྱི་མྱ་ངན་དང་དེའི་གདལ་ཆབ་འེ་ཡིན
མིག་བཙུམ་པའི་ཁོག་འདང་གི་རོ་ལངས་སྐྱ་རིས་མ་བཙོན་ནག་ལ་བུད་སོང
ས་བརྡར་བརྡར རྡོ་བརྡར་བརྡར
ཟུག་རྔུ་སྐྱེས་པའི་ཁྱུང་ཆེན་གྱི་གཤོག་པ་རྨས་གཟེར་ལ་བཏང་འདུག
དེའང ང་དང་ངའི་རུ་དར་གྱི་རྣམ་ཤེས་སུ་ཡིས་བརྐུས་སོང་ངམ
སྡུག་གིས་བརྡུང་བའི་གློ་མཆིན་བར་གྱི་གཏམ་ལྕེ་དམར་པོ
བདུད་རྩིའི་རོ་བཅུད་འཐུང་བའི་མཚན་སྨག་གི་དཔའ་སྐྱེས་རྒོད་པོ་མཐུར་མེད་ཅིག
དངངས་འདེད་ཀྱིས་བསླུས་པའི་ཁྱོད་ཀྱི་ཤ་དང་རུས་པའི་སྐྱོ་དབྱངས་ལས
ང་ཚོ་དང་ང་ཚོའི་བར་གྱི་དད་གཙུག་གི་རི་མོ་སླར་གསོན་ཡིན
འེ ཡོད་ཚད་ཀྱི་གདུང་ལྕི་དོར་དབང་མེད་ཀྱང
དེབ་ངོགས་ཁྲོད་ན་ནུར་བཞིན་པའི་ཁ་ལྐུགས་སྣ་གླེབ་ཀྱི་བྱ་སྤྱོད་ཆད་པོ
ནག་པོ་མ་ཎི་རུ་གྱེར་ན་ངུ་ཆོར་བའི་གླུ་ཞིག
གླུ་ནང་གི་བདག་པོའི་ངུ་ངག
མཁོ་ཆེ་བའི་གཟི་བྱིན་ནོ་་་
༢༠༡༩/༠༩/༢༠ཉིན།